རིན་ཆེན་གྱིས་ཕུལ།
ད་ཅིག་གསུངས་རོགས་གནང་། ད་ནི་ཐུགས་རྗེས་གཟིགས་ཅིག་གསུངས་རོགས་གནང་། ད་སེམས་ཀྱིས་བཟོད་པ་མི་འདུག ད་ནི་པར་ཆས་དེའི་ནང་ལ་ཐད་ཀར་གཟིགས་ནས། “བརྩེ་བའི་དོན་གྱི་བདག་པོ་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་” ཞེས་བོས་ནས་ཅིག་གསུངས་རོགས་གནང་། འབར་བའི་པར་རིས་དེ་ཚོ་ངས་སྙིང་ལ་ཟུག་སོང་། ང་ངུས་ནས་མིག་ཆུ་ཡང་ཟད་སོང་། ད་ཅིག་གསུངས་རོགས་གནང་། ཐུགས་རྗེས་གཟིགས། “བོད་རིགས་སྤུན་ཟླ་རྣམ་པ་བདེ་བ་ཅན་ནས་སྐྱེ་བར་ཤོག་”ཅེས་སྨོན་ལམ་དང་བཅས་ཅིག་གསུངས་རོགས་གནང་། ད་འདི་ཆབ་སྲིད་ཀྱི་ལག་ཆ་ཞིག་མ་གནང་རོགས། འཐབ་རྩོད་བྱེད་དགོས་རེད། འཐབ་རྩོད་བྱེད་པའི་ལམ་ཁ་གཞན་ཡང་ཡོད་པ་རེད། ད་འདི་འདྲ་མ་གནང་རོགས། ད་པར་ཆས་དེ་ལ་གཟིགས་ནས་ཅིག་གསུངས་རོགས་གནང་། “མེ་ལ་རང་སྲེག་བྱེད་པ་འདི་མཚམས་འཇོག་གནང་རོགས་”ཞེས་གསུངས་རོགས། ཐུགས་རྗེས་གཟིགས། བཀའ་བློན་ཁྲི་པ་ལགས། ད་ཅིག་གསུངས་རོགས་གནང་། ཁྱེད་ཀྱིས་ལོ་སར་ལ་མཚམས་འདྲིའི་གློག་བརྙན་བཟོས་པ་དེ་ཅི་བཞིན་པར་ཆས་ལ་གཟིགས་ནས་གསུངས་རོགས་གནང་། ཁྱེད་ཀྱིས་རྩ་བའི་བླ་མ་ལ་གསོལ་བ་བཏབ་ནས་ཅིག་གསུངས་རོགས་གནང་། འདི་མིའི་ཚེ་སྲོག་རེད། གསོན་པོ་འབར་བཞིན་པ་རེད། སྙིང་སྟོབས་ལ་བསྔགས་བརྗོད་གནང་རོགས། ལས་འགུལ་འདི་མཚམས་འཇོག་གནང་རོགས་ཞེས་གསུངས་རོགས། ཁྱོད་ལ་སྙིང་གསོན་པོ་དང་ཁྲག་དྲོན་པོ་ཞིག་ཡོད་ན། ཅིག་གསུངས་རོགས། ཐུགས་རྗེས་གཟིགས།
གསུང་མཁན་དེ་སྲིད་སྐྱོང་བྱས་ན་འགྲིག་གི་ཨེ་ཡོད། ཁོང་ལ་ཁག་ཡོད་མ་རེད་སྔོན་མ་གསར་འགོད་ལྷན་ཚོགས་སར་བླ་ཆེན་རྣམ་པ་ཁ་ཤས་ནས་རང་ལུས་མེར་སྲེག་དེ་ཡག་པོ་མིན་ཚུལ་ཤུགས་ཀྱིས་བཀའ་སློབ་ཕེབས་པར་དེ་འགྲིག་མ་སོང་ལབ་མཁན་སུ་རེད། སྲིད་སྐྱོང་མ་རེད་ཁོང་རྣམ་དཔྱོད་དང་སློབ་སྦྱོང་ཡོད་ཀྱང་མིང་གཅིག་པོ་ལས་དབང་ཆ་མེད་པ་ཤེས་གསལ་རེད། གསུང་དགོས་ན་༧གོང་ས་མཆོག་དང་ཟམ་གདོང་བླ་མ་རྣམ་གཉིས་ཀྱི་གསུང་དགོས་དེ་མིན་ཁོང་རྣམ་གཉིས་ཀྱི་བཀའ་འཁྲོལ་དགོས།
ཟམ་གདོང་བླ་མས་གསུངས་དགོས་དོན་ཅི་རེད།
རིན་ཆེན་ལགས། ཁྱེད་ཀྱི་ངུ་འབོད་། གདུང་འབོད། འོ་དོད། རེ་འབོད་ཀྱི་དོན་རྟོགས་སོང་། བོད་པའི་ཁྲག་རྒྱུན་གཞུར་འདུག་མཁན་ཞིག་ཡིན་ཕྱིན་ཆད་བསམ་བློ་ཞིག་གཏོང་དགོས་ཚོད་རེད།
བཤད་པའི་ཚིག་ལ་བདེན་པ་ཡོད་པ་ལྟ་བུ་རེད།
གསུང་རྒྱུ་སུ་ལ་རེག་ལས་ཡོད་རེད། ཞིབ་དུ་བསམ་ན་བཀའ་ཁྲི་བཀའ་ཟུར་དང་རྒྱལ་བ་རིན་པོ་ཆེ་སོགས་ཀྱིས་གསུང་ན་ཉན་གི་ཨེ་ཡོད། ཁོང་ཚོས་གསུང་ནས་ཉན་པར་བྱས་ན་རྒྱ་ནག་གིས་གང་འདྲ་ཞིག་ཟེར་ཡོང་།
ད་སྲིད་སྐྱོང་མཆོག་དང་སྤྱི་འཐུས་རྣམ་པ། ཚོགས་པ་ཁག་གི་འགནའཛིན་སོགས་ཀྱི་སྣེ་ཁྲིད་ཀྱི་སྒོ་ནས་གཞིས་ལུས་མི་མང་གི་རྗེས་ལ་ལག་ལེན་དང་དངོས་སུ་མ་ཞུགས་ཚེ། ང་ཚོའི་མི་མང་དཀྱུས་མ་ཚོ་འདུག་ནས་བཟོད་ཐབས་མི་འདུག་ངེས།
མེར་བསྲེགས་ཀྱི་གནད་དོོན་འདུའི་འབྱུང་རྩ་ནི་རྒྱ་གཞུང་གི་དྲག་གནོན་ལ་ཐུག་ཡོད་པས། འདི་མཚམས་འཇོག་བྱེད་དང་མི་བྱེད་ནི་རྒྱ་གཞུང་ལ་ཐུག་ཡོད་པ་ལས། གཞན་སུ་གང་གིས་འདི་ལ་སྟང་འཛིན་བྱེད་རྒྱུའི་འོས་བབ་མེད་པ་རེད།
འདི་ལྟ་བུའི་སྐོར་ལ་ལབ་གླེང་ཤུག་ཆེར་མ་བྱས་ན་མི་བཟང་ངམ། བོད་ནང་གི་བོད་མི་ཚོར་འདི་བྱོས་དང་དེ་མ་བྱེད་ཟེར་བའི་ཐོབ་ཐང་དེ་སུ་ལའང་མེད་པ་རེད། དེ་བས་ཕྱི་ནས་འདུག་མཁན་རང་གི་གང་ནུས་ཀྱིས་རྒྱལ་ཚོགས་དང་ཚོགས་གཙོས་གཞུང་སྒེར་ཚོགས་སྡེ་ཁག་ལ་ཞུ་སྐུལ་རོགས་རམ་འཚོལ་རྒྱུ་དེ་ལས་འགན་དང་སྐབས་བབ་ཀྱི་དོན་ཆེན་རེད་སྙམ། དེ་མིན་བོད་ནང་ནས་སྤེལ་བའི་ལས་འགུལ་རྣམས་འཚེ་བ་ཡིན་མིན་དང་ཕན་གནོན་གང་ཡོད་སྐོར་ལ་དཔྱད་གཏམ་རེ་སྤེལ་ནས་ལངས་ཕྱོགས་འཛིན་པ་ནི་ཆེས་ཆེར་མི་འོས་སྙམ།
ལྷག་པར་སྐབས་འདི་འདྲ་ཞིག་ལ་༸གོང་ས་མཆོག་དང་ཁྲི་ཟུར་སོགས་ཀྱིས་གསུང་འྱབོན་ལ་རྒྱའི་འདོད་ཐོག་ལ་མི་འགྲོ་བའི་ངེས་པ་མེད་ཅིང་། དེ་ནི་རྒྱ་གཞུང་གིས་རྒྱུན་དུ་ལབ་བསྡད་པ་དང་གཅིག་མཚུངས་མ་ཡིན་ནམ།
བསམ་གཞིགས་ཕུགས་རྒྱང་རིང་པོ་ཐོངས་དགོས་སྙམ།
རྒྱ་མི་ཚོས་ཁྱེད་ཚོ་ལ་སྡུག་པོ་ག་ཚད་གཏང་ན་ཡང་། གཅེར་རྡུང་ག་ཚད་བྱས་ན་ཡང་། རང་དབང་ག་ཚད་མ་སྤྲད་ན་ཡང་། མཐོང་ཆུང་དང་ཁྱད་གསོད་ག་ཚད་བྱས་ན་ཡང་། འགྲོ་བ་མའི་ཐོབ་ཐང་ག་ཚད་འཕྲོག་ན་ཡང་། རང་གི་རིག་གཞུང་སྦྱང་ལ་བབཀག་འགོག་ག་ཚད་བྱས་ན་ཡང་། ཆོས་དད་རང་དཔང་ག་ཚད་མ་སྤྲད་ན་ཡང་། བོད་མི་རིགས་འདི་དང་འདིའི་ཡོད་ཚད་རྩ་མེད་དུ་ག་ཚོད་གཏང་ན་ཡང་། ཕ་ས་ཕ་ཡུལ་ནས་རྒྱ་བོད་བར་གྱི་འཐབ་རྩོད་མ་བྱེད་ཟེར་ན་ག་རེ་ཟེར་གི་ཡོད་པ་རེད། འདི་ནི་རྒྱ་དམར་ཁྱི་སྤྱང་ཚང་གི་ལག་ན་ཡོད་པའི་བདེ་སྡུག་ཞིག་ཡིན་པ་ལས་རྒྱ་ཁྱི་ཞིག་མིན་ན་དེ་ལྟར་ནམ་ཡང་ཟེར་མི་སྲིད།
ཁྱོས་ངོ་མས་བཟོད་པ་མི་འདུག་ན། གངས་རིའི་དབའ་རྒོད་རྣམ་གྱི་ཁ་ཆེམས་རེ་རེ་སེམས་ལ་བཟུང་ནས། ཚེ་སྲོག་ཕུལ་བའི་བདེན་དཔང་གི་ལག་ཆ་རེ་རེ་ལག་ལ་བཟུང་ནས་དོན་ཤོག་དང་། དེ་ནས་ཁྱོད་ཨ་མའི་བུ་རེད། རིན་ཆེན་ཟེར་བའི་ཨ་ཕོ་ཁྱོད། དེ་མིན་ཤ་ཚ་མདོག་དང་ཐུགས་ཞི་མདོག་གི་རྫུན་བག་ཕུད་ན་དགའ། བོད་ཀྱི་དབའ་བོ་དབའ་མོ་ཚོས་ཚེ་སྲོག་ལ་ཕངས་བ་མེད་པར་བོད་རྒྱ་ཆའི་བདེ་སྡུག་ལ་ཉིན་རེ་ནས་ཉིན་རེར་བཅིངས་བའི་བརྩེ་བ་དང་རིན་ཐང་ནི་མི་གཅིག་གི་ཁ་ཚིག་རྐམ་པོ་ཞིག་ལ་རྗེ་མདོག་མེད། རྒྱ་གཞུང་ལ་འགྱུར་བ་མེད་ན་བོད་མི་ལ་གསོན་སྐལ་མེད་པ་ད་དུང་མ་ཤེས་སམ།
ངུ་དགོས་ན་རྒྱ་རྒན་ཚང་ལ་ངུས། ཞི་བ་འཐེན་དགོས་ན་རྒྱ་རྒན་ཚང་ལ་ཐོན། ཁོང་ཁྲོ་ལང་ན་རྒྱ་རྒན་ཚང་ལ་ལོངས། མི་བྱེད་དགུ་བྱེད་བྱས་ནས་འདུག་གི་མི་འཇུག་ནོ་རྒྱ་རྒན་ཚང་རེད། ཁོ་རེ།
༨༽ མེ་སྟག་ནས། ཁྱེད་རང་གི་མཆན་བུ་དག་མཆན་ཐོབ་རྒྱུ་ལ་སྒུག་ཡོད།
སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ གི་ཆུ་ཚོད་ ༩ སྐར་མ་ ༣༢
འདི་ལྟ་བུའི་སྐོར་ལ་ལབ་གླེང་ཤུག་ཆེར་མ་བྱས་ན་མི་བཟང་ངམ། བོད་ནང་གི་བོད་མི་ཚོར་འདི་བྱོས་དང་དེ་མ་བྱེད་ཟེར་བའི་ཐོབ་ཐང་དེ་སུ་ལའང་མེད་པ་རེད། དེ་བས་ཕྱི་ནས་འདུག་མཁན་རང་གི་གང་ནུས་ཀྱིས་རྒྱལ་ཚོགས་དང་ཚོགས་གཙོས་གཞུང་སྒེར་ཚོགས་སྡེ་ཁག་ལ་ཞུ་སྐུལ་རོགས་རམ་འཚོལ་རྒྱུ་དེ་ལས་འགན་དང་སྐབས་བབ་ཀྱི་དོན་ཆེན་རེད་སྙམ། དེ་མིན་བོད་ནང་ནས་སྤེལ་བའི་ལས་འགུལ་རྣམས་འཚེ་བ་ཡིན་མིན་དང་ཕན་གནོན་གང་ཡོད་སྐོར་ལ་དཔྱད་གཏམ་རེ་སྤེལ་ནས་ལངས་ཕྱོགས་འཛིན་པ་ནི་ཆེས་ཆེར་མི་འོས་སྙམ།
ལྷག་པར་སྐབས་འདི་འདྲ་ཞིག་ལ་༸གོང་ས་མཆོག་དང་ཁྲི་ཟུར་སོགས་ཀྱིས་གསུང་འྱབོན་ལ་རྒྱའི་འདོད་ཐོག་ལ་མི་འགྲོ་བའི་ངེས་པ་མེད་ཅིང་། དེ་ནི་རྒྱ་གཞུང་གིས་རྒྱུན་དུ་ལབ་བསྡད་པ་དང་གཅིག་མཚུངས་མ་ཡིན་ནམ།
བསམ་གཞིགས་ཕུགས་རྒྱང་རིང་པོ་ཐོངས་དགོས་སྙམ།
བོད་མི་མང་པོའི་ཚེ་སྲེོག་ཉིན་རེ་བཞིན་མེ་ལ་སྲེག་འགྲོ་དུས་རང་ཉིད་བོད་པ་ཞིག་ཡིན་པས་ཆ་ནས་
དེ་ལ་ཤ་ཚ་དང་སྡུག་བསྔལ་བའི་རྣམ་པ་ཡོད་ཚད་རྫུན་འབག་ཁོ་ནར་བརྩིས་ན་ཆེས་འགྲིག་མིན་མི་ཤེས
རང་ལུས་མེར་བསྲེགས་ཀྱི་འབྱུང་རྩ་རྒྱ་དམར་ཚང་ཡིན་པ་བསྙོན་མེད་རེད།་ཡིན་ན་ཡང་ང་ཚོས་ཕྱི་ལོག་ནས་ཅི་ཡང་བྱེད་རྒྱུ་ཡོད་པ་མ་རེད་ཅེས་རང་གིས་རང་ལ་ལྷོད་གཡེང་དང་དབང་བསྒྱུར་བྱས་ན་བདེན་པར་མི་མཐོང་། གཞིས་ལུས་བོད་མིས་རང་ལུས་མེར་བསྲེགས་གཏོང་བར་རེ་ལྟོས་ང་ཚོ་ལ་བཅིངས་ཡོད་པ་རེད།ང་ཚོས་ད་དུང་ཕྱི་ལོག་ན་བྱེད་རྒྱུ་ཡོད་པ་མ་རེད་ཟེར་ནས་ཉམས་ཆུང་བྱས་ནས་བསྡད་ན་རྒྱུ་འབྲས་ལ་འགྲོ་གི་མ་རེད།སྲིད་སྐྱོང་དང་རྐུབ་ཀྱོག་བསྲུངས་བསྡད་ནས་བོད་དོན་ཁ་ཟས་ལ་རོལ་མཁན་ཚོས་མི་མང་སྣེ་ཁྲིད་དགོས་རེད། དུས་ལ་བབ་འདུག
ད་ཅིག་གསུངས་རན་རེད། དེ་རིང་བར་དུ་དཔའ་བོ་དཔའ་མོ་༦༩ཡིས་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་སྲོག་མཆོད་མེ་རུ་འབུལ་སོང་། ཁོང་ཚོའི་སྙིང་སྟོབས་དང་ཁོ་ཚོའི་བཀའ་དྲིན་བོད་མིའི་མི་རབས་ནས་མི་རབས་བརྗེད་ཐབས་བྲལ་བ་ཞིག་ཡིན་པ་མ་ཟད་བོད་ཀྱི་ལོ་རྒྱུས་དང་ཡང་ན་འཛམ་གླིང་ལོ་རྒྱུས་སུ་ད་བར་བྱུང་མྱོང་མེད་པའི་འཚེ་མེད་ཞི་བའི་ལམ་ནས་རང་མི་རིགས་ཀྱི་རང་དབང་འདི་ལྟར་འཐབ་པ་དང་བོ་ཡིན་པའང་ཕྱི་གསལ་ནང་གསལ་རེད་མོད། འོན་ཀྱང་དཔའ་བོ་དཔའ་མོ་རེ་རེའི་འོད་སྟོང་དང་ལང་ཚོ་དར་ལ་བབས་པའི་ཚེ་སྲོག་རེ་རེ་མཆོད་འབུལ་བྱས་ཟིན་པའི་པར་དང་གནས་ཚུལ་རྣམས་མཐོང་ཐེངས་རེ་རེ་བརྗོད་ཐབས་བྲལ་བའི་སྡུག་བསྔལ་དང་རྫོགས་མཐའ་མེད་པའི་མཆི་མ་ཤོར། སྤུན་ཟླ་ཚོ་ད་ཅིག་གསུངས་རན་མ་རེད་དམ། ཁྱེད་རྣམས་པ་ཁོང་ཁྲོ་དང་ཚིག་པ་མ་ཟ་ནས་བསམ་བློ་ཞིབ་མོ་ཞིག་གཏོང་དང་། ངོས་ནས་ད་ཅིག་གསུངས་རན་མ་རེད་ནས??????
མངའ་རིས་འཕྲིན་ལགས། སྲིད་སྐྱོང་བ་མེ་བསྲེག་མཚམས་འཛོག་གནང་རོགས་ཞུ་བའི་དབང་ཆ་མེད་པའི་རྒྱུ་མཚན་གང་རེད་དམ། ཁོང་སྲིད་སྐྱོང་བ་མ་རེད་དམ། ཁོང་ལ་དབང་ཆ་མེད་ན་སུ་ལ་ཡོད། རྒྱུ་མཚན་མེད་པའི་སྐད་ཆ་བཤད་མ་ཡོང། ག་དུས་ཡིན་ན་གོང་ས་མཆོག་དང་ཟམ་གདོང་གཉིས་ལ་སྐྱོནབརྫོད་བྱེས་ནས་ཕན་ཐོག་ཞིག་འདུག࿒གམ། དངོས་ཡོད་གནས་ཚུལ་ལ་ཡུད་ཆེ་ཞིག་བྱེས་དང་། གོ་ས་མཆོག་གི་ཆབ་སྲིད་གྱི་སྐུ་དབང་ནས་སྒེར་ཡོལ་ཕེབས་དུ་ཕེབས་ནས་ག་ཚོད་ཞིག་འགྲོ་གི་ཡོད་མེད་སྐུ་ཉིད་གྱི་ཤེས་ཡོད་གསལ། ད་དུང་ཤེས་བཞིན་དུ་གོ་དུ་ཁྱེད་གྱི་འདི་འདྲ་ཞིག་བཤད་དགོས་དོན་གང་ཡིན་ནམ།
རེབ་སྐྱིད་མ་སྤོ་མ་ལང་། ཤ་ཚ་ཡོད་ཡོད་པས་རྫུན་པགས་གོན་ག་ལ་ཡོད། དཔེར་ན་ཁྱོད་ལྟ་བུ། སྤྱིར་བོད་རིགས་ཡིན་ཚད་དང་ཡོད་ཚད་ལ་དེ་འདྲ་ཞིག་ཞུ་ག་ལ་ཉན། ཡིན་ན་ཡང་སྐབས་རེར། བྱ་བ་ལམ་ལ་མི་འགྱོ་རྒྱུའི་རྒྱ་འདྲེ་ཁ་ཤས་འདིར་ཡོད་པར་འདྲ།
གོང་དུ་མཆན་བཅུ་བ་འདེབས་མཁན་བསོད་ནམས་ཀྱི་བསམ་ཚུལ་ལ་རྒྱབ་བསྐྱོར་ཡོད་དངོས་གནས་བདེན་པ་རེད། ང་ཚོ་བཙན་བྱོལ་བ་རྣམས་འདི་འདྲ་ཞིག་བསྡད་ན་ངོ་མ་ངོ་ཚ་རང་རེད། ཚང་མ་ལངས་དགོས་ཀྱི་འདུག།
དྲ་གྲོགས་ལགས། བོད་པའི་ཞུ་བའི་མེ་རྒོལ་གྱི་ལས་གནས་སྟངས་འདིའི་འབྱུང་རྩ་རྒྱ་དམར་དྲག་གཞུང་ཡིན་པ་ངོས་ཟིན་པའི་སྒོ་ནས་སྐད་ཆ་ཤོད་ན་བཟང་། ཐབས་རྡུག་འུ་ཐུག་པའི་ལས་འགུལ་འདི་རྒྱ་དམར་གྱི་དྲག་གནོན་སྲིད་བྱུས་ཁོ་ན་ལས་བྱུང་པ་ཡིན་པ་མ་གཏོགས། འདིའི་ཐད་གཞན་སུ་གང་གིས་བརྒྱུད་བསྐུལ་སོགས་མེད་པས་མཚམས་འཇོག་བྱེད་དང་མི་བྱེད་ནི་དངོས་གནས་རྒྱ་གཞུང་ལས་གཞན་སུ་དང་གང་ལ་ནུས་ཤུགས་དང་འོས་བབ་མེད་པ་མཁྱེན་དགོས།
དེ་བས་རང་དབང་ལུང་བར་སྡོད་མཁན་ནང་ཁ་ཙམ་མ་ཡིན་པར་དོན་གྱི་སེམས་ཤུགས་ཅན་དང་རྣམ་དཔྱོད་ཅན་ཡོད་ན་གང་ཟག་རང་སྟེང་ནས་ཅི་དང་གང་སྒྲུབ་ན་རང་དབང་རེད། དེ་མིན་མགོ་མ་འཚོས་པར་མྱོ་ཁ་མ་བླས་ན་བཟང་པར་སྙམ།
བཀུར་འོས་པདྨ་ཕྲིན་ལས་ལགས་ཁོང་རྣམ་གཉིས་ལ་སྐྱོན་བརྗོད་མིན་དངོས་ཡོད་ཞུས་པ་ཡིན། གང་ལ་ཟ་ཞེ་ན་རང་ལུས་མེར་སྲེག་གནང་མཁན་མང་ཆེ་བས་ཁ་ཆེམ་༧གོང་ས་མཆོག་བོད་དུ་ཕེབས་དགོས་ཟེར་བ་ཕལ་ཆེར་གཅིག་མཚུངས་རེད། དེར་རྟེན་༧གོང་ས་མཆོག་ནས་གནས་སྐབས་མེར་སྲེག་མ་བྱེད་རོགས་གལ་སྲིད་ཁོང་ཕེབས་རྒྱུར་རྒྱ་ནག་ནས་མུ་མཐུད་ངོས་ལེན་མ་བྱས་ན་བཀག་ཐབས་མེད་པའི་རྣམ་པ་ཞིག་བསྟན་གནང་ན་ཕན་ཚོད་རེད། དཔེར་ན་པགས་རིགས་རྒྱན་གོས། མཚོན་ཆ་གཏན་སྤང་སོགས་ཀྱི་བཀའ་སློབ་ཤུགས་ལས་དཔོག་ནུས། ཟམ་གདོང་ཁོང་རྒྱ་ནག་མཉམ་དུ་གང་ཤེས་བཙན་བྱོལ་ནང་ཤུགས་ཆེན་པོ་ཡོད་པ་ཉེ་སྔོན་ལ་དྭགས་དང་བོད་རིགས་དབར་འབྲུག་པ་བཀའ་བརྒྱུད་ཀྱི་གནས་སྟངས་ལས་ཤེས་ནུས། ཟམ་གདོང་ཡར་ཞུས་༧གོང་ས་མཆོག་ནས་ཆོས་ལུགས་གི་དར་ཆའི་སྐོར་བཀའ་གཅིག་གནང་དགོས་བྱུང་། དེས་རྐྱེན་པས་དེང་སྐབས་ལ་དྭགས་ནང་སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་གང་གནང་བཞིན་འདུག་ལྟེ་མོ་རྗེས་ནས་ཡོང་། བྱས་ཙང་ཆོས་ལུགས་འཐེན་འཁྱེར་གྱིས་སྔར་ཡང་འཕུང་ལ་ད་ལྟ་ཡང་འཕུང་བཞིན་པ་ཕྱིས་ཀྱང་འཕོང་རྒྱུ་རེད་འདུག་དེ་བས་མཐོ་དམན་ཚང་མས་ཁ་ནས་བཤད་པ་བཞིན་ལག་ལེན་དགོས་གལ་ཆེ།
རེབ་སྐྱིད་མཚོ། མི་རིགས་ལ་ཤ་ཚ་ན་ཚ་སྟངས་ཤེས་དགོས་པ་རེད། རྣམ་དཔྱོད་ལྡན་པའི་ཤ་ཚ་དགོས་པ་རེད། དེ་མིན་གནས་སྐབས་སེམས་ཚོར་ཙམ་གྱི་དབང་དུ་གྱུར་ནས་གང་བྱུང་མ་བཤད་ན་བཟང་།
མངའ་རིས་ཕྲིན་ལས་ལགས། འབྲུག་ཆེན་རིན་པོ་ཆེའི་སྐོར་ལ་ཁོང་གིས་ལ་དྭགས་གསུང་བཤད་གནང་སྐབས་ཐུགས་ཉམས་མ་བཤེས་པ་ཡིན་ནམ། ལ་དྭགས་རང་སྐྱོང་འགོ་བ་བསྟན་འཛིན་འབྱོར་ལ་ལགས་ཀྱིས་གཏམ་བཤད་སྐབས་འབྲུག་ཆེན་རིན་པོ་ཆེ་ལ་གཟས་ནས་བཤད་པ་དང་། སྐབས་དེར་འབྲུག་ཆེན་རིན་པོ་ཆེས་གསལ་བཤད་གནང་བ་སོགས་ལས། ཟམ་གདོང་ཟླ་མས་གསུངས་པར་བརྟེན་ནས་བོད་མི་ཚོ་དེ་འདྲ་ཞིག་ཆགས་པ་ཡིན་ནམ། དེ་སྐོར་དྲ་ཐོག་ནས་བཤད་དྲག་ན་ཡག་པོ་མི་འདུག་སྙམ། རྒྱུ་མཚན་ནི་དྲ་ཐོག་འདི་ན་དེའི་སྐོར་ཤེས་མཁན་ཧ་ཅང་ཉུང་བ་དང་། གཉིས་ནས་ཆོས་ལུགས་ཆོལ་ཁའི་སྐོར་ལ་སྐད་ཆ་རེ་བཤད་ཚེ། ཚང་མའི་ཁ་ལ་སྦྲང་རྩི་བྱུགས་པ་ལྟར་ཁ་སྒོ་ཚོད་མེད་ཀྱི་སྒོ་མོ་ཕྱེ་ཡོང་བ་ཀུན་གསལ་ལྟར་དེའི་སྐོར་དེང་གི་སྐབས་འདིར་མི་གླེང་བའི་རེ་བ་ཞུ།
རེབ་སྐྱིད་ཚོ་ལ་རྣམ་དཔྱོད་མེད་པས་རྐྱེན་གྱིས་ཤ་ཚ་ཡིན་གྱི་རེད། གལ་ཏེ་མེར་སྲེག་མང་པོའི་དུས་
འདིར་རྒྱ་ནག་གི་རྣ་ལམ་ཐ་སྙད་དེ་དག་ཁ་ཐུག་བཤད་ཐུབ་ན་ཕན་འབྲས་གང་ཡང་མེད་པ་ཡིན་
ནམ།
མངའ་རིས་ཕྲིན་ལས་ཐུགས་རྗེ་ཆེ། དེ་སྔོན་ནས་༧ཁོང་གི་བཀའ་དེ་གཞན་ཞིག་གི་ཆོ་འཕྲུལ་དུ་ཤེས་མོད། སུ་ཡིན་ཚོད་ཐིག་མ་སོང་། ད་བྱས་དུས་དགེ་ལུགས་བླ་མ་ཟམ་གདོང་ཁོང་རེད་འདུག་པ། དགེ་ལུགས་ཚོ་རང་གི་ཆོས་བརྒྱུད་དེ་མ་གཏོགས་གཞན་ལུགས་གཏན་ནས་བློ་མ་ཤོང་མཁན་དེ་འདྲ་རེད། ༧གོང་ས་མཆོག་ནམ་མཁའི་ཉི་མ་རེད། ནམ་མཁའ་ལ་བཞག་རོགས། ས་དགེ་བཀའ་རྙིང་གི་བླ་མ་རང་རང་གི་ཁྱིམ་གྱི་སྒྲོན་མེ་རེད། ཁྱིམ་ནང་བཞག་རོགས། དགེ་ལུགས་པས་༧ཁོང་མར་འཐེན་ནས་ཁྱིམ་གྱི་འོད་སེལ་བར་བེད་སྤྱོད་སྟངས་དང་། བཀའ་བརྒྱུད་པས་ཀརྨ་ནམ་མཁར་བཞག་ནས་མུན་པ་སེལ་ཐབས་བྱེད་པ་འདི་གཉིས་ལ་སྐྱུག་བྲོ་བ་ཞིག་གང་ན་ཡོད། ལར་ཟམ་གདོང་ཐམས་ཅད་མཁྱེན་པས་ལ་དྭགས་བོད་མིན་པ་དང་ལ་དྭགས་པ་བོད་པ་མིན་པ་མི་ཤེས་པ་ཨེ་རེད། རང་མགོ་མ་ཐོན་ནས་གཞན་མགོར་ཕཊ་སྒྲ་སྒྲོགས་པ་བལྟས་ངན་རེད།
མངའ་ཕྲིན་ལགས། རྒྱལ་བ་རིན་པོ་ཆེ་མཆོག་ནས་མེ་བསྲེག་ཐད་ལ་མཚམས་འཛོག་རོགས་གནང་བྱེས་བའི་བཀའ་གནང་ན་འོས་ཚམས་ཞིག་མཐོང་མ་བྱུང། རྒྱུ་མཚན་ནི་འདི་ནི་ཆབ་སྲིད་གྱི་རྣོ་ངར་ཆེ་བའི་ལས་འགལ་ཞིག་རེད། གོང་དུ་ཉིད་གྱི་གསུངས་བའི་པགས་རིགས་རྒྱན་གོས་དང་མཚོན་ཆ་གཏན་སྤང་སོགས་ཀྱི་ཐད་ལ་བཀའ་གནང་བ་དང་རང་བསྲེག་ཐད་བཀའ་གནང་དགོས་བ་གཉིས་ངོ་བོ་ཐ་དད་རེད་བསམ། པགས་རིགས་དང་མཚོན་ཆ་གཏན་སྤང་ཐད་ལ་བཀའ་སློབ་གནང་བ་ནི་གྲུབ་འབྲས་ཡང་ཧ་ཅང་ཆེན་པོ་རེད། བཀའ་སློབ་གནང་བ་དེ་ཡང་རྒྱ་ནག་གི་ཆབ་སྲིད་གྱི་ངོ་བོ་ཞིག་དང་འཛམ་གླིང་མི་མང་ལ་འགྲེལ་བྱེད་གཞན་པ་ཞིག་རྒྱག་ཐུབ་མེད། དེ་ནི་ང་ཚོའི་གྲུབ་འབྲས་ཞིག་དང་རྒྱལ་ཁ་ཞིག་རེད་འདོད། རང་བསྲེག་ཐད་ལ་གོང་ས་མཆོག་ནས་བཀའ་གནང་ན་བོད་ནང་གི་བོད་མི་ཚོས་མཚམས་འཇོགས་སྲིད། འོན་ཀྱང་རྒྱ་ནག་གི་ཕྱོགས་ནས་འདིའི་ཐད་ལ་ལས་ཀ་ག་རེ་བྱེད་གྱི་རེད་ཆབ་སྲིད་གྱི་ངོ་བོ་ག་འདྲ་ཞིག་ལ་འགྱུར་རྒྱུ་རེད། འཛམ་གླིང་མི་མང་རང་ལ་རང་བསྲེག་གི་སྐོར་འགྲེལ་བཤད་གང་འདྲ་ཞིག་རྒྱག་རྒྱུ་རེད། མཐའ་འཇུག་རང་བསྲེག་གི་མགོ་ཁུངས་ཡོངས་ས་བཙན་བྱོལ་དང་མགོ་བོ་རྒྱལ་བ་རིན་པོ་གི་སྒང་ལ་འཇོག་རྒྱུ་ཡིན་པ་གསལ་པོ་རེད་འདོད། དེས་ཐད་ལ་ང་ཚོ་ཚང་མའི་བསམ་བློ་ཡག་པོ་ཞིག་དང་ལས་ཀ་རྟན་པོ་ཞིག་བྱེད་དགོས་རེད་འདོད།
རྒྱལ་བ་རིན་པོ་ཆེ་ཆ་སྲིད་ཀྱིས་ཕྱག་ལས་གནང་གི་མེད་ན་འང་བོད་ནང་རང་ལུས་མེ་བསྲེག་མ་གཏང་ཞིག་གསུང་ན་ཆ་སྲིད་ཆགས་འགྲོ་གི་མ་རེད་། བོད་རིགས་ཀྱིས་སྲོག་སྐྱབས་པ་རེད་གནས་ཚུལ་འདི་རིགས་རྒྱལ་བ་རིན་པོ་ཅིག་པོ་གིས་བཀའ་ལ་ཉན་གི་རེད་། དེ་མ་ཏོག་བླ་ཆེན་གཞན་དང་མི་དཔོན་གཞན་རྣམས་ཀྱིས་ཁ་ལ་ཉན་འདོག་ཁ་པོ་མ་རེད་། གང་ལྟར་གནས་ཚུལ་འདི་རིགས་གནས་སྐབས་འཚམས་འཇོག་བྱེད་རོགས་ཟེར་ཞ་བ་རྒྱབ་དགོས་པ་ཧ་ཅང་གལ་ཆེན་རེད་། ང་ཚོས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བཟོད་མི་ཐུབ་པའི་སྡུག་བསྔལ་ཡོང་གི་འདུག གནས་ཚུལ་འདིའི་རིགས་ཀྱིས་རང་གཞན་གཉིས་ཀ་སྡུག་ལ་སྦྱོར་བ་ཞིག་རེད་འདུག་
འདིར་༸རྒྱལ་བ་རིན་པོ་ཁ་ལ་འཁྱེར་མ་ཡོང་གནོངས། ཐུགས་རྗེས་གཟིགས།