སྒྱུར་མཁན། ནགས་ཤོད་སད་མི།
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རོ་རཱ་པ་ཆེས་དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཕུལ་བའི་ཡིག་འཕྲིན་སྐོར་གྱི་བསམ་ཚུལ། ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་དེའི་འགན་འཁྲི་ཨེ་ཤ་ཡ་རང་དབང་རླུང་འཕྲིན RFA ལ་ཡོད་པ་ལས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཡོད་པ་མ་རེད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རོ་རཱ་པ་ཆེས་ Dana Rohrabacher དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཕུལ་བའི་ཡི་གེ་མཐོང་དུས། ང་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྐུ་ཞབས་ང་ཕོད་འཇིགས་མེད་གནས་དབྱུང་བཏང་བའི་གནས་ཚུལ་གོ་བ་ལྟར་ཡ་མཚན་སྐྱེས། མིག་སྔའི་ནང་འདི་སྐོར་གྱི་གནས་ཚུལ་ཁ་གསལ་རག་གི་མེད་པ་དང་། ལྷག་ཏུ་སྐད་ཡིག་གི་འགོག་རྐྱེན་ཡོད་དུས། གཅིག་བྱས་ན་གོ་བ་ལོག་པ་ཡོད་སྲིད། འོན་ཏེ་སོ་སོའི་མཐོང་ཐོས་ལྟར་རང་ཉིད་ཀྱི་ལྟ་ཚུལ་འདོན་རྒྱུའང་དགོས་ངེས་རེད་སྙམ།
1. སྐུ་ཞབས་ང་ཕོད་འཇིགས་མེད་ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་དབྱུང་བཏང་བ་ལས། དབུས་བོད་མིའི་སྒྲིག་འཛུགས་ནས་གནས་དབྱུང་བཏང་བ་མ་རེད། དེའི་ཕྱིར། འཐུས་མི་རོ་རཱ་པ་ཆེས་དོན་རྐྱེན་འདིའི་རྩད་གཅོད་བྱེད་སྟངས་ལ་འགན་འཁུར་ཡོད་པ་བྱ་དགོས། ངས་བསམས་ན། སྐུ་ཉིད་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དབང་འཛིན་ཚོར་ཁ་གཏད་བྱ་དགོས་པ་ལས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མ་རེད་སྙམ།
2. ངས་བསམས་ན། མི་སྒེར་པའམ་རྩ་འཛུགས་གང་རུང་གིས་བརྒྱུད་ལམ་ག་གེ་མོར་དགའ་པོ་ཡོད་པ་དང་མེད་པ་སོགས་བྱ་ཆོག་ལ། བབ་མཚུངས་ཀྱི་བསམ་འཆར་ཡང་འདོན་ཆོག བསམ་འཆར་ཙམ་བཏོན་པས་ས་མཚམས་བརྒལ་གྱི་མ་རེད།
3. གལ་ཆེ་ཤོས་ནི་བརྒྱུད་ལམ་རང་ཉིད་ཚང་རེད། ཕྱི་ཕྱོགས་རྣམ་འགྱུར་ལས་ནང་ཁུལ་གྱི་མི་སྣ་དང་གསར་འགྱུར་ནང་དོན་བཅས་ལ་འགྱུར་བ་གཏོང་མི་ཉན་ལ། གསར་འགྱུར་རང་དབང་ལ་མགོ་གནོན་བྱ་མི་རུང་། མ་གཞི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་ཀྱི་ལས་དོན་ལ་གདུང་སེམས་མཉམ་སྐྱེ་ཡིན་སྲིད་མོད། གསར་འགྱུར་རང་དབང་དང་མང་གཙོའི་རྨང་གཞིའི་རྩ་དོན་ལ་རྒྱབ་འགལ་བཟོ་མི་ཉན། དེ་ལྟར་བྱས་པས། དོན་དག་ངོ་མའི་ཐོག་བོད་ཀྱི་ལས་དོན་ལ་ཕོག་ཐུག་འགྲོ་གཞི་ལས་ཅི་གང་མེད།
4. དུས་རབས་ཕྱེད་བརྒལ་ནང་། བཙན་བྱོལ་བོད་གཞུང་གིས་མིག་མཐོང་ལག་ཟིན་གྱི་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། འཐུས་མི་རོ་རཱ་པ་ཆེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྐུ་ཞབས་ང་ཕོད་འཇིགས་མེད་གནས་དབྱུང་བཏང་བའི་གནས་ཚུལ་འདིའི་སྐྱོན་མཚང་ལ་བརྟེན་ནས། བྱ་བ་ཐམས་ཅད་ལ་སྐྱོན་འགེབས་བྱ་མི་རུང་།
5. ངས་བསམས་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་རང་ཉིད་ཀྱང་མཐོར་འདེགས་གཏོང་དགོས་ལ། དོན་དམ་གྱི་ཆབ་སྲིད་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱ་དགོས། འདི་ལྟ་བུའི་དེང་རབས་ཅན་ནི་རྣམ་པ་ཙམ་གྱི་མང་གཙོ་མ་རེད། དེ་ནི་མང་གཙོའི་འདུ་ཤེས་དང་རྩ་དོན་སྒང་གི་དོན་དངོས་གོ་བ་དང་བརྩི་བཀུར་བྱེད་སྟངས་ཞིག་རེད། ལྷག་ཏུ་ནང་དོན་སྣེ་མང་ཅན་དང་། སྐྱོན་བརྗོད་ལ་ངོས་ལེན་ཡོད་པ། དབང་འཛིན་པ་ནང་ཁུལ་ལ་ལྟ་སྐུལ་ཡོད་པ་བཅས་ནི་མང་གཙོའི་དོན་དམ་གྱི་བསླབ་བྱ་རེད་སྙམ།
6. འཐུས་མི་རོ་རཱ་པ་ཆེ་ནས་བོད་ཀྱི་གནད་དོན་ལ་ཐུགས་ཁུར་གནང་བ་ཐུགས་རྗེ་ཆེ་ཞུ། སྦྲགས་ཏེ། འཐུས་མི་རོ་རཱ་པ་ཆེ་ནས་བཙན་བྱོལ་བོད་མིའི་དབུ་ཁྲིད་ལ་སྐྱོན་བརྗོད་བྱས་པ་དེའང་ཕྱིར་བསྡུ་བྱ་རོགས། གནད་དོན་འདི་ཇི་ལྟར་ཐག་གཅོད་མིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་རང་ཁོངས་ལས་མི་བརྒལ་བ་ཞུ།
ཚེ་རིང་འོད་ཟེར་ནས།
2012-11-21
ད་ཆབ་སྲིད་ཀྱིས་ཆབ་སྲིད་པ་རྣམས་སྡུག་ལ་སྦྱར། ང་ཕོད་ཕ་བུ་འདི་རྣམས་བོད་ཀྱི་ལོ་རྒྱུས་ནང་རྙོག་དྲ་ཞིག་གི་མགོ་མཇུག་ལ་ལངས་ནས་ཡོད།
གང་ལ་ང་ཕོད་ཁྱིམ་ཚང་གི་ཆབ་སྲིད་ཟེར། ང་ཕོད་འཇིགས་མེད་ཐེངས་དང་པོ་རྒྱ་གར་དང་ཨ་རི་ལ་འོངས་བའི་དུས་ཚོད་དེ་ལོ་རབས་བརྒྱད་ཅུ་པའི་ནང་ལ་འཁེལ་གྱི་ཡོད། དེ་དུས་དམར་ཤོག་གིས་བོད་བཟུང་བ་ནས་ད་བར་དུ་སྲིད་ཇུས་ལྷུག་ཤོས་ཀྱི་དུས་སྐབས་དེ་རེད། སྐབས་དེ་དུས་ཧུ་ཡོ་བང་བོད་ལ་ཕེབས་པ་དང་། བོད་ལ་ཡོད་པའི་རྒྱ་མི་ལས་བྱེད་ཕལ་ཆེ་བ་རྒྱ་ནག་ཏུ་ཕྱིར་འཐེན་དགོས་པ་དང་བོད་པ་རྣམས་རང་གི་རྐང་པའི་ཐོག་ཏུ་ལངས་ཐུབ་པ་དགོས་པའི་སྲིད་ཇུས་ཤིག་ལ་གོམས་པ་སྤོ་བཞིན་ཡོད། རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་ང་ཕོད་ཀྱིས་ཁོང་གི་བུ་འཇིགས་མེད་ཕྱི་རྒྱལ་དུ་ལམ་བུ་གསར་པ་ཞིག་འཚོལ་དུ་བཏང་བ་དང་། གཏོང་བའི་དམིགས་ཡུལ་ཡང་ང་ཕོད་ཚང་རྒྱ་ཁོ་ན་ལ་རེ་བ་བཅོལ་ནས་མ་བསྡད་པར་བོད་པའི་སྤྱི་ཚོགས་ནང་དུ་ཡང་ཁྱིམ་ཚང་གི་བདེ་སྡུག་ལ་ལྟ་སྐྱོང་བྱེད་མཁན་ཞིག་གསོ་སྐྱོང་བྱེད་འདོད་པ་རེད། ང་ཕོད་འཇིགས་མེད་དེ་ལྟར་རིམ་པས་ཕ་ཡི་རེ་བ་ལྟར་བོད་ལ་བློ་དཀར་མཁན་གྱི་མི་འདྲ་པོ་ཞིག་བཟོ་ཐུབ་ཡོད། ང་ཕོད་ཀྱིས་པན་ཆེན་སྐུ་གོང་མ་དང་མཉམ་དུ་བོད་ལ་ཕན་པའི་སྐད་ཆ་འགའ་བཤད་ཡོད་པ་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་དང་། དམིགས་པ་དེ་འདྲ་ཞིག་གི་དབང་གི་ཡིན་པ་ལས། ང་ཕོད་བློ་དཀར་ས་རྒྱ་བོད་གཉིས་ཀ་མ་ཡིན་པར་ཁོ་རང་གི་ཁྱིམ་ཚང་རང་ལ་ཡིན་པ་མི་ཚེའི་ལོ་རྒྱུས་ལ་བལྟས་ན་ཤེས། ང་ཕོད་འཇིགས་མེད་ནི་དེ་ལྟར་ཕ་ཡི་ཁྱིམ་ཚང་ཆབ་སྲིད་ཀྱི་མིག་མང་རྡེའུ་ཞིག་ལྟར་ཕྱི་རྒྱལ་ལ་ཐོན་ཡོང་། ང་ཕོད་འཇིགས་མེད་ཀྱིས་ཀྱང་རྟག་ཏུ་ཨེ་རླུང་ཁང་འདི་རྒྱ་ནག་དང་རྡ་ས་སུ་གང་ལ་ཡང་མི་ཕྱོགས་པར་གསར་འགྱུར་དངོས་མ་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཅེས་གསར་འགྱུར་ལས་རིགས་ཀྱི་མཐོ་ཚད་ཡོལ་བ་དེའི་འོག་ཏུ་གབ་ཚུལ་བྱས་མོད། དོན་དུ་འགྱུར་བ་མང་བའི་མ་འོངས་ལ་བསམས་ནས་རྒྱ་ནག་ནང་ལ་ཡང་ལམ་ཁ་ཞིག་བཞག་ཡོད་པ་བྱེད་སྟངས་དེ་དག་ནས་ཤེས་ཐུབ། ང་ཕོད་འཇིགས་མེད་ཀྱིས་ཁོང་གི་ཉེ་འཁོར་མི་རྣམས་ལ་རང་ཉིད་བཟང་བཙོན་དུ་བཅུག་པ་ནང་བཞིན་གྱི་ཚོར་བ་ཡོད་པའི་སྐོར་གླེང་ནས་རྡ་ས་གཞུང་ལ་མི་འདོད་པའི་རྣམ་འགྱུར་དེ་སྟོན་གྱི་ཡོད་པ་དང་། ཁོ་རང་གི་རེ་བ་ལྟར་ན་ཨེ་རླུང་ཚང་གི་འགོ་དཔོན་ལས་མཐོ་བའི་ལས་གནས་ཞིག་ཏུ་བཞག་ན་ད་གཟོད་ཁོ་རང་ལ་རྡ་ས་ནས་ཡིད་ཆེས་ཐུབ་པའི་ངོས་འཛིན་དེ་བྱེད་ཀྱང་སྲིད། གང་ལྟར་ཁོ་ལ་བཟང་བཙོན་གྱི་ཚོར་བ་དེ་ཡོང་དགོས་དོན་གང་ཡིན་ནམ། ལས་གནས་གལ་ཆེན་དེ་འདྲ་ཞིག་གིས་འདོད་བློ་མི་ཚིམ་དགོས་དོན་གང་ཡིན། ལོ་བཅུ་དྲུག་རིང་ལས་ཁུངས་དེའི་ནང་གི་མི་རྣམས་ཀྱི་འཇོན་ཚད་དེ་ཚད་ག་འདྲ་ཞིག་ལ་སླེབས་འདུག ནང་རུལ་གྱི་ཆ་ཇི་ཙམ་འདུག་སྐོར་སོགས་ལ་བོད་པའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཉམས་ཞིབ་བྱེད་དགོས་འདུག ད་ལྟ་ལས་ཀ་ཤོར་བའི་སྐབས་སུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་མདོག་གི་གོ་ཁྲབ་དེ་གྱོན་ནས་རང་དོན་ཁོ་ན་བསྒྲུབས་པ་ལས་མི་རིགས་སྤྱིའི་ཁེ་ཕན་རྡོག་པས་བརྫི་བཞིན་ཡོད་པ་ནི་དེ་རིང་གི་བྱེད་སྟངས་དེ་ལས་མངོན་སུམ་དམར་རྗེན་གངས་ཅན་པ་རྣམས་ཀྱི་མིག་ལམ་དུ་གཤམས་པ་རེད། ང་ཚོ་བོད་པས་དོན་འདིར་བསམ་གཞིགས་བྱེད་དགོས་པ་འདུག
ཚེ་རིང་འོད་ཟེར་ལགས་དེ་རིང་ང་ཕོད་འཇིགས་མེད་ཀྱི་ལག་ཆ་ལྟ་བུར་གྱུར་པ་དེར་བློ་ཕམ་ཡོད་ལ། དེ་ལྟར་གྱུར་དོན་ནི་ཚེ་རིང་འོད་ཟེར་གྱིས་ང་ཕོད་འཇིགས་མེད་དང་ཨེ་རླུང་བོད་ཡིག་ཚང་གི་ལས་སྤུས་སོགས་ལ་ཡུལ་དུས་སྐད་ཡིག་སོགས་ཀྱི་རྐྱེན་གྱིས་རྒྱུས་མངའ་གསལ་པོ་ཞིག་མེད་པའི་དབང་གིས་ཡིན་པ་ལས། ཚེ་རིང་འོད་ཟེར་གྱིས་བོད་ལ་བཅངས་པའི་སྙིང་ཚ་པོ་དེ་ལ་དོགས་པ་མེད།
ཚེ་རིང་འོད་ཟེར་གྱིས་ད་ཐེངས། དེ་སྔོན་གྱི་སྐད་ཆ་དེ་ཚོའི་ཟ་ཟུར་དག་ད་གཅོད་འབྲག་བྱས་འདུག སྐད་ཆ་འདི་ལྟར་བཤད་ན་བོད་མི་ཞིག་གི་འགན་འཁྲི་དང་། བསམ་བློ་བ་ཞིག་གི་བཟོ་རྣམ་ཅུང་ཐོན་པ་རེད་ཅེས་ཟེར་ཆོག་པ་རེད། དེ་སྔོན་ང་ཕོད་འཇིགས་མེད་ཀྱི་སྐོར་བཤད་སྟངས་བྱས་ན་དངོས་གནས་ཞེ་མེལ་བ་ཞིག་རེད།
ད་ཡིན་ན་བོད་ཟེར་བ་དེ་གོ་ཡོངས་དུས་སེམས་པ་སྐྱོ་ཡ་རང་རེད་ཤག་་་་་གང་དྲས་
ཚེ་རིང་འོད་ཟེར་ལགས་ཀྱི་ག་རེ་བཤད་ན་མ་བཤད་ན་ང་ཕོད་ནི་གནས་དབྱུངས་ལ་བཏང་ཚར་བ་རེད། གནས་དབྱུངས་ལ་གཏོང་མཁན་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་རྒྱ་མོ་དེ་རེད། ཚེ་རིང་འིད་ཟེར་གཙོའི་ཨེ་ཤ་ཡ་རླུང་འཕྲིན་ཁང་བོད་སྐད་སྡེ་ཚན་གྱི་ལས་བྱེད་རྣམ་གྱི་ང་ཕོད་ལ་རྒྱབ་སྐྱོར་ཆེད་བཙན་བྱོལ་སྒྲིག་འཛིགས་ལ་སྐྱོན་བརྫོད་བྱེས། དེ་ནས་རྒྱབ་སྐྱོར་ཆེད་ཨ་རིའི་གྲོས་ཚོགས་ལ་སྙན་ཞུ་ཕུལ། ཨ་རི་གྲོས་ཚོགས་ཀྱི་འཐུས་མི་དེས་རླུང་འཕྲིན་ཁང་གི་ལས་བྱེད་ཁ་ཤས་ཞིག་དང་འཇམ་དབྱངས་ནོར་ཏ་དུང་ཀརྨ་རྒྱ་མཚོ་འགའི་ཁ་ལ་ཉན་ནས་བཙན་བྱོལ་སྒྲིག་འཛིགས་ཀྱི་སྲིད་སྐྱོང་མཆོག་དང་ཁྲི་ཟུར་མཆོག་དོན་གཅོད་བློ་སྙན་དང་རྒྱ་རི་སོགས་ལ་སྐྱོན་བརྫོད་བྱེས། ད་ལྟ་བོད་མི་སེམས་ནང་དུ་མ་སྐྱིད་པ་མང་རི་སོང། ཡང་བསྐྱར་དེ་རང་པེ་ཅན་ཁར་ནས་ཚེ་རིང་འོད་ཟེར་ལགས་ཀྱི་ཨ་རི་གྲོས་ཚོགས་ཀྱི་འཐུས་མི་དེ་ལ་བཙན་བྱོལ་སྒྲིག་འཛིགས་ལ་སྐྱོན་བརྫོད་བྱེས་བ་ལ་འགྲིག་མི་འདུག་ཟེར། ད་དུང་ཁོང་གི་སྐད་ཆ་ཕྱི་འཐེན་བྱེད་དགོས་ཟེར། ཨ་རི་ནང་དང་རྒྱ་གར་སོགས་སུ་གནས་པའི་བོད་མི་ཚོས་ཨ་རི་གྲོས་ཚོགས་ཀྱི་འཐུས་མི་དེ་ལབཙན་བྱོལ་སྒྲིག་འཛིགས་ལ་སྐྱོན་བརྫོད་བྱེས་བ་དེ་མ་དྲངས་བ་རེད་ཟེར་ནས་ཡིག་གེ་བཏང། འ་རོ་ད་ག་རེ་བྱེད་དགོས་རེད། ང་ནི་ད་མགོ་གཅིག་ཚོད་གི་མི་འདུག།
ཇི་སྐད་དུ། རྒྱལ་བ་དགེ་འདུན་རྒྱ་མཚོས། ཤར་གངས་རི་མའི་མགུར་གླུའི་ནང་ལ། དྲེ་ཤར་སྒོར་གནས་པ་ལ། གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་གསུང་པ་ལྟར། ད་རེས་ང་ཕོད་འཇིགས་མེད་གནས་དབྱུང་བཏང་བ་དེར་རྒྱབ་ཕྱོགས་ཀྱི་གནས་ཚུལ་གཙོ་བོ་རྣམས་ད་དུང་གསལ་པོ་མིན་འདུག། དེ་དག་གསལ་པོ་བཟོ་མ་ཐུབ་ན། མུན་པའི་ནང་ལ་མདའ་མོ་འཕེན་པ་ལྟར། གནས་ཚུལ་ཐག་གཅོད་བྱེད་མི་ཐུབ།
དང་པོ། ཨེ་རླུང་ཚང་གི་གཙོ་འཛིན་རྒྱ་མོ་དེས་ཅིའི་ཕྱིར་ང་ཕོད་ཕྱིད་འབུད་བཏང་བ་རེད་དམ། དེ་ད་དུང་གསལ་པོ་མེད། ང་ཚོས་ད་བར་ཚོད་དཔག་མང་པོ་བྱེད་པ་ལས་དཔང་རྟགས་ཐུབ་པའི་དངོས་ཚུལ་གཅིག་ཀྱང་བསྟན་ཐུབ་མེད།
གཉིས་པ། གཙོ་འཛིན་དེས་ཅིའི་ཕྱིར་སྐལ་ལྡན་བློ་གྲོས་དང་འབྲེལ་བ་བྱེད་དམ། ཁོང་གཉིས་ཀྱི་འབྲེལ་བ་དེ་ག་རེ་རས། ཅིའི་ཕྱིར་སྐལ་ལྡན་བློ་གྲོས་གཅིག་པུ་ཡར་ཁྲིད་མར་ཁྲིད་བྱེད་ཀྱི་ཡོད་དམ།
གསུམ་པ། གཙོ་འཛིན་དེ་དང་བོད་གཞུང་དང་སྤྱི་འཐུས་རྣམ་པའི་དབར་ལ་འབྲེལ་བ་ག་རེ་རས།
གོང་གི་གནས་ཚུལ་འདི་དག་གསལ་པོ་ཤེས་མཁན་ཡོད་ན། འདི་ལ་གསལ་བཤད་ཡོད་པ་ཞུ།
ད་བར་ང་ཚོས་མང་པོ་གཅིག་བྲིས་ཡོད་ཀྱང་། མང་ཆེ་བ་མུན་པའི་ནང་ལ་མདའ་འཕེན་པ་དང་གཅིག་པ་རེད། དེ་ལྟར་ན། གྲོས་ཚོགས་ཀྱི་འཐུས་མི་རོ་ར་སྦར་ཆན་དང་འོད་ཟེར་ལགས་ཀྱང་ནག་ཁུང་ནང་ལ་མདའ་མོ་འཕེན་པ་ལས་གོང་གི་གནས་ཚུལ་ཁག་གསལ་པོ་ཞིག་མཁྱེན་གྱི་མེད་ཚོད། གནས་ཚུལ་གསལ་པོ་མ་མཁྱེན་པར་ད་དུང་མུ་མཐུད་ཚོད་དཔག་ཤ་སྟག་གིས་བྲིས་ན། ཚང་མ་བདེན་པ་ལས་ཐག་ཇེ་རིང་ཇེ་རིང་ལ་སོང་ནས། མཐའ་མ་ང་ཚོ་ཚང་མའི་གཏམ་ལ་ཆ་འཇོག་བྱེད་མཁན་ཉུང་དུ་འགྲོ་སྲིད། དེར་བརྟེན། ང་ཚོ་ཚང་མས་དང་པོ་བདེན་པ་འཚོལ་བར་ཞུགས་ན་མི་ལེགས་སམ།
ད་གང་ལྟར་ཀྱང་འདི་དག་ཐོས་ཚེ་མ་སྐྱིད་པ་ཞིག་འདུག
ང་ཕོད་ཁྱིམ་ཚང་དེའི་མི་ཐོག་རིམ་བྱོན་གྱིས་གཞུང་སདགའ་ལྡན་ཕོ་བྲང་གི་ཞབས་འདྲེན་ཁོ་ན་ཞུས་ཡོད།
འདི་འདྲ་རེད་བསམས། སྐལ་ལྡན་བློ་གྲོས་དང་རླུང་འཕྲིན་ཁང་གི་འགན་འཛིན་རྒྱ་མོ་དེ་གཉིས་ཀྱི་འབྲེལ་བ་དེ་རྒྱ་ཆེན་པོ་རེད་འདོད།
གཅིག། རྒྱ་མོ་དེས་སྐལ་ལྡན་བློ་གྲོས་དང་མཉམ་དུ་འབྲེལ་བ་བྱེད་དགོས་དོན་རྒྱུ་མཚན་གཞན་པ་ཞིག་རེད། མོ་སྐལ་ལྡན་བློ་གྲོས་ལ་སེམས་པ་ཤོར་བའི་དང་རྩེ་བ་ཡོད་པ་དེ་འདྲ་མ་རེད།
གཉིས། གོང་དུ་ཟུར་གནས་ཟེར་བ་ཞིག་གི་འགན་འཛིན་རྒྱ་མོ་དེ་བོད་གཞུང་དང་བོད་མི་མང་སྤྱི་འཐུས་སོགས་ལ་འབྲེལ་བ་ཡོད་པ་འདྲ་ཞིག་བཤད་འདུག། དེ་འདྲ་རྩ་བ་ཉིན་ནས་མ་རེད། མོ་རང་བོད་གཞུང་ལ་དགའ་དགོས་བ་དེ་འདྲ་ཡོད་གྱི་མ་རེད། དེ་ནི་རྒྱུ་མཚན་བདེན་པ་ཞིག་མ་རེད།
གསུམ་། ང་ཚོའི་དྲ་ཐོག་ནས་སྒྲོ་གླེང་བྱེད་དགོས་པ་རེད་མ་གཏོགས་གནལ་དོན་ཐག་གི་གཅོད་ཐུབ་གྱི་མ་རེད། གནལ་དོན་ཐག་གི་གཅོད་དགོས་ན་དེ་ནི་ཁྲིམ་ཐོག་ནས་ཐག་གི་གཅོད་གྱི་རེད།
ཡིན་ནའང་དྲ་གྲོགས་ཚོ་གསལ་པོ་ཞུ་རྒྱུ་ཞིག་ལ་དོན་དག་ངོ་མ་དེ་འདི་རེད་འདོད། སྐལ་ལྡན་བློ་གྲོས་རྣམ་རྒྱལ་གྲྭ་ཚང་གི་གྲ་པ་ཟུར་བ་ཞིག་རེད། ཡིན་ནའང་ད་དུང་སྐད་ལྡན་བློ་གྲོས་དང་གྲྭ་ཚང་བར་ལ་འབྲེལ་བ་ཤིག་ཆེན་པོ་རེད། དེས་རྐྱེན་གྱིས་རྒྱ་མོ་དེས་སྐལ་ལྡན་བློ་གྲོས་རྒྱུད་ནས་གྲྭ་ཚང་ལ་འབྲེལ་བ་བྱེད་པ་དང་མཐར་ཐུག་གི་དམིགས་ཡུལ་ནི་༧གོང་ས་མཆོག་ལ་འབྲེལ་བ་འཛིན་རྒྱུ་དེ་རེད་འདོད།
པད་འཕྲིན་གྱི་བཤད་པ་ནི་མོ་བ་ངན་པ་ཞིག་གི་བཤད་སྟངས་དང་ཨ་ན་མ་ན་རེད། འོན་ཀྱང་མིའི་རྣམ་རྟོག་ལ་མཐའ་མེད་དུས་རང་གིས་དེ་ལྟར་བསམ་ཆོག་ལ་དེ་ལྟར་བཤད་ཀྱང་ཆོག་ཨང་།
གང་ལྟར་བོད་ལ་ཕན་མ་ཐཽགས་ན་བོད་པ་མ་རེད།་་་་་་་་་་་་་་
giuhkjhkj
རྣམ་པ་ལྷན་རྒྱས་ལ་ཞུ་རྒྱུ། ཐམས་ཅད་དྲང་བདེན་ཞིག་གི་ཐོག་ནས་བགྲོ་གླེང་བྱེད་ན་ཡག་པོ་འདུག ཕྱོགས་ལྷུང་གི་སྐད་ཆ་དང་། རྙོགས་གླེང་བར་༧གོང་ས་མཆོག་གི་མཚན་འབོད་རྒྱུ་དེ་ཐུགས་བསམ་ཇི་འདྲ་ཞིག་བཞེད་ཡིན་ན།
སོ་སོའི་ལུང་རིགས་ཀྱི་ཡོན་ཚད་དང་རྣམ་དཔྱོད་ཀྱིས་མ་ལྡང་བ་ན་ནམ་རྒྱུན་༦གོང་ས་མཆོག་གི་ཞབས་ནས་དྲུད་དེ་ཁྱེར་ཡོང་བའི་རིག་རྟུལ་བ་དག་གི་བརྟུལ་ཞུགས་དེ་དུས་རབས་འདིར་མཚམས་འཇོག་དགོས།
ཡ་ཡ་ད་སྐད་ཆ་མི་བཤད། ང་ཕོད་གནས་དབྱུངས་ལ་བཏང་པའི་སྐོར་དང་སྐལ་ལྡན་བློ་གྲོས་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་རྒྱ་མོ་གཉིས་བར་ལ་འབྲེལ་བ་ག་རེ་ཡོད་མེད་ཤེས་འདོད་ན་འདི་འདྲ་ཞིག་རེད་ཟེར་འདོད་བྱུང་གཞན་གང་ཡང་མེད། སྐལ་ལྡན་བློ་གྲོས་དང་རྒྱ་མོ་གཉིས་བར་ལ་ཏན་དན་ཚོང་ཞིག་ཡོད་གྱི་རེད། ཚོང་དེ་ག་རེ་རེད། རྒྱ་མོ་དེས་སྐལ་ལྡན་བློ་གྲོས་བེད་སྤྱད་ནས་མོ་ཡིའི་ག་རེ་ཚོད་གྱི་འདུག། སྐལ་ལྡན་བློ་གྲོས་ཀྱི་མོ་ལ་པེ་ལེ་བཤད་ནས་ལས་ཁུངས་ནང་ནས་ཁོང་དང་ཁོ་ཡིའི་མཐུན་གྲོགས་ལ་གོ་གནས་ག་རེ་རག་གྱིན་འདུག། ཡ་ཡ་ད་བཤད་མཚམས་འདི་ནས་འཇོག། མང་པོ་མི་བཤད།
གང་ལྟར་ཨེ་ཨ་ཤ་ཡའི་ནང་རྒྱ་མོ་ལས་བྱེད་པ་དེ་ལ་ངོ་བརྒོལ་ཡོད་། མོ་གང་ལྟར་རྒྱ་མི་རིགས་རེད།
བོད་ཀྱི་ཁ་དཔེ་ལ་སྤྱང་ཀི་གསོས་ན་སྒོ་ཁྱི་མི་ཡོང་གཞན་རྒྱུད་གསོས་ན་རང་རྒྱུད་མི་ཡོང་ཟེར་བ་ལྟར།
ང་ཚོ་བོད་གཞུང་སྒེར་ཚང་མས་ད་ཐིང་རྒྱ་མོ་དེ་མེད་པར་བཟོ་དགོས། ང་ཕོད་ཀྱི་ལོ་རྒྱུས་ནང་ཁོ་
རང་རང་མགོ་ཐོན་ཐབས་མ་གཏོགས་བོད་ལ་ཁ་ཞེ་གཉིས་མེད་ཀྱི་ལས་ཕན་བྱས་པའི་ལོ་རྒྱུས་མེད།
བུ་དེ་ཡང་ད་ཁག་པོ་ཆགས་འདུག། ག་རེ་ཡིན་ཡང་ང་ཚོ་ལ་ཤིན་དུ་གནོད་ཚབས་ཆེ་ཤོས་རྒྱ་མོ་དེ་
ཡིན་གྱི་རེད་བསམ། མོས་རྐུབ་ལ་རྒྱུག་མཁན་བོད་པ་ཁྱི་རྒན་དེ་ཡང་མེད་པར་མ་བཟོས་ན་ང་ཚོ་
བོད་པ་ལ་ཚ་གྲང་འཐབས་པའི་ན་ཚ་ངན་པ་དེས་རིགས་གཙང་ཕྱགས་ཞིག་བྱེད་ཐུབ་ན་
བཞི་ནས་བདེ་ལྷོད་ལ་གནས་ཐུབ་ཀྱི་རེད་བསམ།