སྐྱོ་བྲག་དགའ་དབང་།
འཕགས་ ཡུལ་སྟོད་རྒྱུད་གྲྭ་ཚང་ནི། དྷ་རམ་སཱ་ལའི་ཉེ་འཁྲིས། སིདྡྷི་བྷ་རིས་ཀྱི་ནགས་ཁྲོད་ན་ཆགས་ཤིང་། གསར་བཞེངས་བྱ་སྐབས་ཤིང་སྡོང་གཅིག་གཅོད་དགོས་མ་ཐུག་ནའང་རང་མལ་དུ་འཇོག་རྐྱང་ བྱས་རྐྱེན། ཁོར་ཡུག་གང་སར་ཤིང་སྡོང་ཆེན་པོ་དག་ནག་སྤུངས་སེ་སྐྱེས་ཡོད། ལྷ་ཁང་གི་མདུན་ཐང་གཡས་ཟུར་ན་ཤིང་སྡོང་ཁ་ཤས་ཡོད་པ་དག་གི་འོག་ན་ང་ཚོ་རྒྱུན་ པར་བསིལ་གཞའ་བྱེད་ཅིང་། ལྷག་པར་ཚུར་ཟུར་ན་ཡོད་པའི་ཤིང་སྡོང་དེ་ནི་ང་ཚོར་བཀའ་དྲིན་ཆེ་ཤོས་ཏེ། སྐུ་མགྲོན་གལ་ཆེན་དག་བསུ་སྐྱེལ་བྱ་སྐབས་དུས་ཚོད་རིང་རབས་སྒུག་དགོས་ཐུག་པ་ན། ཤིང་སྡོང་དེའི་བསིལ་གྲིབ་འོག་ང་ཚོ་ཚང་མ་ཡིབས་ནས་སྡོད་ཀྱི་ཡོད། ང་ཚོ་ཤིང་སྡོང་དེ་དང་འབྲེལ་བ་བྱུང་ནས་ད་བར་ལོ་ངོ་བཅུ་གཉིས་སོང་། ད་ལོའི་དཔྱིད་མགོར་སྔར་རྒྱུན་བཞིན་ཡལ་འདབ་སྐྱེས་ནའང་། ཟླ་གཅིག་ལྷག་གི་སྔོན་རྐྱེན་ངན་ཅི་ཞིག་འཕྲད་པ་མ་ཤེས་པར་ཤིང་སྡོང་དེ་ནི་ བསྐམས་པར་གྱུར་ཅིང་། ཞག་ཤས་སྔོན་བཅད་ཀྱང་ཚར་ཤག །ཤིང་སྡོང་དེའི་བཅད་དུམ་དག་མཐོང་བ་ན་སེམས་པ་སྐྱོ་དུང་ངེ་བ་ཡོང་གི་འདུག །ང་ལ་སྐྱོ་སྣང་སྐྱེས་པ་ནི། བཀའ་དྲིན་ཆེ་བའི་ལྗོན་ཤིང་བཟང་པོ་ཞིག་མེད་པར་གྱུར་པའི་ཆགས་ཞེན་གྱིས་ཡིན་པ་ མ་ཚད། ངའི་གོམས་ལོབས་ཀྱིས་ཀྱང་ཡིན་སྲིད་པ་སྟེ། ང་རང་ཆུང་དུས་སྡོད་སའི་ལུང་པ་ཇག་ལྡི་ནང་ནི། ཤིང་ཤུག་པ་དང་སྟག་མ་ཉ་བྲེད་སོགས་ཤིང་སྣ་འདྲ་མིན་སྐྱེས་པའི་ནགས་གསེང་ཡིན། ཡུལ་མིའི་གོམས་གཤིས་ལ། ཤིང་ནགས་ནི་ས་བཅུད་ཡུལ་རྒྱན་ཡིན་པའི་བརྩི་མཐོང་ཧ་ཅང་ཆེན་པོ་ཡོད། གལ་ཏེ་ཤིང་ནགས་གཅོད་བྲེག་བྱས་པ་ཡིན་ན། ཆར་ཆུ་དུས་སུ་མི་འབབ་པ་དང་། སད་དང་སེར་བས་སྡང་བ། རྩྭ་སྔོ་ལྡམ་ལྡུམ་མི་སྐྱེ་བ། ཡུལ་ལུང་འཁྲུགས་རྩོད་ཤོར་བ། མི་རྣམས་ཚེ་ཐུང་བ། ནད་མང་བ། སྒོ་ཟོག་སེམས་ཅན་ལ་ཤི་གོད་སོགས་བཀྲ་མི་ཤིས་པ་མང་དག་ཅིག་འབྱུང་བའི་བློ་དོགས་ ཀྱིས་གཅོད་མཁན་ཆེས་ཉུང་། གཅོད་དགོས་ཐུག་ནའང་གསོལ་འདེབས་སྨོན་ལམ་གྱིས་གཅོད་པ་སྟེ། ངས་དྲན་སོས་པ་ཞིག་ལ། སྟོན་དུས་ཀྱི་ཕྱི་དྲོ་ཞིག་ཏུ་ཨ་ཕ་ངེད་གཉིས་སྟྭ་རེའི་ཡུ་བ་ཞིག་འཐུ་རུ་སོང་བ་ ན། ཨ་ཕས་ཁོ་རང་གིས་ཤེས་པའི་ཁ་ཏོན། འཇམ་དབྱངས་ནག་པོའི་བསྙེན་པ་སོགས་འདོན་ཞོར། བླ་མ་དག་གིས་བསྒྲུབས་པའི་རབ་གནས་ཤིག་ཁུར་འདུག་པ་གཏོར་ནས་གདོད་བཅད་སོང་། ཁོ་ཚོའི་བློ་ངོར་ས་རྡོ་རི་བྲག་དང་ཆུ་ཤིང་སོགས་ལ་སོ་སོའི་ནུས་པ་དམིགས་བསལ་བ་ རེ་ཡོད་ཐོག །ང་ཚོའི་སྤྱོད་ཡུལ་མིན་པའི་ཡུལ་ལྷ་གཞི་བདག་སོགས་ཀྱང་གནས་སྲིད་ཅིང་། དེ་དག་ལ་ཕོག་ཐུག་ཤོར་ན་ཡག་པོ་མི་ཡོང་བའི་དོགས་པས་ཀྱང་ཡིན། ང་ལ་མཚོན་ན་ཆུང་དུས་ནས་དེ་ལྟའི་ལྟ་ཚུལ་གྱི་གོམས་གཤིས་ཡོད་ཐོག །ཁོར་ཡུག་སྲུང་སྐྱོབས་ཀྱི་ཚོགས་འདུར་འཛུལ་ཞུགས་བྱས་པས། ཤིང་སྡོང་ནི་སྲོག་ཆགས་སེམས་ཅན་ལ་མེད་དུ་མི་རུང་བའི་སྲོག་རླུང་སྤྲོད་མཁན་ དང་། ཚ་དྲོད་འཕེལ་རྐྱེན་གྱི་སོལ་རླངས་རྔུབ་མཁན། ཆར་ཆུའི་གཞི་མ་སྨུག་སྤྲིན་གྱི་འབྱུང་ཁུང་སོགས་ཡིན་པ་བཤད་སྐྱེན། སྣོད་བཅུད་གཉི་ག་འཚོ་གནས་ཡོང་བ་ལ་ནགས་ཚལ་ནི་ངེས་པར་ཡོད་དགོས་པའི་མཐུན་ གྲོགས་བཟང་ཤོས་གྲས་ཡིན་པར་ཤེས་པ་དེས། ཤིང་ནགས་གཅོད་བྲེག་བྱས་པ་མཐོང་སྐབས། ས་གཞི་ཧྲིལ་པོ་འདིའི་ཐོག་འཚོ་གནས་བྱ་མཁན་གྱི་འགྲོ་བ་སྤྱིའི་ཚེ་སྲོག་ལ་ཉེན་ ཁ་སྤྲོད་པའི་བྱ་བ་མ་རབས་ཤིག་བྱས་འདུག་སྙམ་པའི་སེམས་ཚོར་ཚ་ཟིང་ངེ་བ་ཞིག་རང་ བཞིན་གྱིས་སྐྱེ་ཡོང་གི་ཡོད།
ཤིང་སྡོང་བཅད་ཐོ་དེ་རྒྱ་ནག་ཏུ་ཚང་ལ་ཡོད་ན་ཡག་པོ་རེད། དེང་དུས་རྒྱ་ནག་ནས་འཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་བཞིན་པའི་སྒང་རེད། དགའ་རྟགས་བྱ་དགའ་གཉེན་པོ་གཡུ་རྩེ་ལ་སྤྲད་ཡོད་པ་ཨེ་གོ་ཐལ། དགོན་སར་ཆོས་རྗེ་རིན་པོ་ཆེས་ནང་ཆེན་ཤིང་རྫོང་ཞེས་པའི་སྒྲུང་ཡིག་ལ་བལྟས་ན་སྐྱོ་བྲག་དགོན་པ་ལ་ཡང་ད་ལྟ་ཐ་བ་ཕྱུ་ཕྱུར་ཡོད་ས་རེད།
རྣམ་འགྱུར་མ་ངེས་རེས་འགའ་འབྲོང་གི་རྒྱུད།།
ལྷད་མེད་སྤང་ཐང་འགའ་ལ་རྙང་བས་བརྒྱངས།།
ད་ཡང་ཕངས་སེམས་འོག་གི་སྐྱོ་ཚིག་འདི།།
ཡིག་འཆར་རླུང་བུས་སྐུལ་བའི་བརྡ་མིན་ནམ།།
སྐྱེ་དངོས་སྲོག་ཆགས་ལ་སྲུང་སྐྱོབས་བྱ་རྒྱུ་ནི་འཇིགས་རྟེན་ཀུན་ཁྱབ་ཀྱི་འགན་ཡིན། ཚང་མས་རྩི་ཤིང་གསར་འདེབས་མ་ཐུབ་ནའང་སྔར་ཡོད་ལ་བདག་སྤྲོད་བa་དགོས་སྙམ།
སྐྱོ་བྲག་དགའ་དབང་ལགས། དེ་འདྲའི་ཁྱེད་རང་གི་མིང་དོན་མཚུངས་པའི་སྐྱོ་ཤས་དེ་འདྲ་སྐྱེ་དགོས་དོན་ཆུང་། ཤིང་སྡོང་ལས་ལྷག་པའི་ང་ཚོའི་ཡུལ་ལུང་ཐམས་ཅད་རྒྱ་དམར་གྱིས་གཅོད་བྲེག་ཏུ་ཐལ་བས་ཁྱེ་རང་ཕྱི་མའི་ལྔ་ལམ་དུ་མ་གྱུར་རམ།
ཤིང་སྡོང་བཅད་ན་ཁོར་ཡུག་ལ་གནོད་སྐྱོན་བཏང་བ་རེད། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབས་ཚོགས་པར་སྙན་ཞུ་ཕུལ་བ་དང་། གཅོད་མཁན་བྱེ་གཏེ་སུ་ཡིན་མིན་རྩད་བཅད་ནས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུགས་རྒྱག་དགོས་རེད། ཛབ་ཆེན་རང་རེད།
མཚན་སྙན་ལྡན་པའི་མཁས་པ་རྡོ་རྗེ་དབང་ཕྱུག་ལགས། བཀྲ་ཤིས་བདེ་ལེགས། ཁོ་བོའི་རྩོམ་ཐུང་དེར། ཚིག་དོན་གཉིས་ཆ་ནས་ཕན་ནུས་ཆེན་པོ་ཐོན་རེ་མེད་ནའང་། ཁོར་ཡུག་གི་གནས་སྟངས་གཉན་འཕྲང་ཅན་དུ་འགྱུར་བཞིན་པའི་སྐབས་འདིར། འཛམ་གླིང་གི་ཐོག་ཏུ་གནས་པའི་ང་ཚོ་མི་རེ་ངོ་རེ་ནས་བསམ་ཤེས་བྱ་དགོས་པ་ཞིག་ཡིན་གཤིས། ངའི་བསམ་ཚུལ་དེ་ཡང་གཞན་དག་ལ་གཅིག་བསྟན་ན་བསམ་སོང་། བསམ་པ་བཞིན་ཡོང་བའི་རོགས་བསྐྱོར་ཁྱེད་ནས་གནང་བས་དཔེ་དགའ་བོ་བྱུང་། སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་ཡག་ཡིན།
མཁན་པོ་ཚང་གིས་བཞེངས་བཞག་འདུག
ཡིན་ནའང་། བསིལ་གཞའ་བྱེད་སའི་ཤིང་སྡོང་ཞིག་ད་མེད་པཱ། རྒྱུད་སྟོད་ལ་ཚ་བ་ཆེ་བས་བསིལ་རླུང་བཅོམས་པའི་ཤིང་སྡོང་ཞིག་གི་དགོས་མཁོ་མེད་ཀ། དེ་ལས་ཚ་གཞའ་བྱེད་སའི་ཤིང་སྡོང་འདྲ་ཡོད་ན་མི་གཅོད་རྒྱུ་བྱེད་
ཧཧཧཧཧ་