སྐལ་བཟང་སྤེན་པ།
ལས་ཐོག་སྲིད་སྐྱོང་ནི། གླེང་གཞི་མི་ཉུང་བ་ཞིག་གིས་མཐའ་ནས་བསྐོར་སྟེ། རྡ་སའི་ཆབ་སྲིད་ཀྱི་ཁོར་ཡུག་ཙམ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་པའི་སྤྱི་ཚོགས་རྣམས་ཀྱང་། དོགས་པ་དང་མགོ་བོ་རྨོངས་དགོས་པའི་མཐའ་ལ་བསྐྱལ་སོང་། དེ་ཡང་གླེང་གཞི་དེ། སྲིད་སྐྱོང་གི་ཁང་རིན་གྱི་གནད་དོན་དེ་ནས་འགོ་བཙུགས་ཏེ། དུས་དབང་ཕྱིར་འཐེན་གྱི་བར་བསླེབས་སོང་། འོན་ཀྱང་། གནད་དོན་མང་པོ་ཞིག་གི་ཐད་སྲིད་སྐྱོང་གིས། མི་མང་དང་སྤྱི་ཚོགས་ལ་འགན་ཁྱེར་ནས་གླེང་གཞི་ཅན་གྱི་གནད་དོན་མི་ཉུང་བ་ཞིག་ལ་གསལ་བཤད་མ་བྱས་པར། ག་དུས་ཡིན་རུང་ཞི་མི་རྐུ་མ་ཞིག་དང་འདྲ་བར། གཡོལ་གང་ཐུབ་བྱས་སོང་དེ་བས་ཀྱང་ཚབ་ཆེ་བའི་གནད་དོན་ཞིག་ནི། དུས་དབང་གི་གནད་དོན་དེའི་ཐད་རང་ཉིད་དཀར་འདོན་ཆེད་དུ་བཀའ་ཤག་གི་འདིང་ཆ་དང་གཞུང་ཞབས་བེད་སྤྱོད་བཏང་ནས། གསར་འགོད་གསལ་བསྒྲགས་ཤིག་སྤེལ།
གསར་འགོད་གསལ་བསྒྲགས་དེ་ཡང་མགྲིན་ཚབ་པར་ནེ་ཙོ་ལྟ་བུའི་གོ་བབ་ཞིག་སྤྲད་དེ། བློ་སེང་རང་ཉིད་ཀྱི་འདོད་འདུན་དང་མཐུན་པའི་གསལ་བསྒྲགས་དེ་ཀླག་རུ་བཅུགས་པ་ཙམ་ལས། གསར་འགོད་པའི་དྲི་བར་ལན་འདེབས་བྱ་རྒྱུའི་འགན་དབང་ཡེ་ནས་མ་སྤྲད། གསལ་བསྒྲགས་དེ་ཡང་དེ་སྔོན་གྱི་གསར་འགོད་གསལ་བསྒྲགས་དང་མགོ་མཇུག་མི་མཐུན་པ་ཤིག་སྤེལ་སོང་། དེའི་དབང་གིས་མི་མང་རྣམས་དེ་བས་ཀྱང་མགོ་བོ་རྨོངས་སུ་བཅུགས་སོང་། མི་མང་རྣམས་ཀྱི་བཀའ་ཤག་ལ་བཅོལ་བའི་ཡིད་ཆེས་དེ་ཡང་རིམ་བཞིན་བརླགས་སོང་།
ཡང་སྙིང་། གླེང་གཞི་ཅན་གྱི་གནད་དོན་དེ་དག་གི་མདུན་དུ་སྲིད་སྐྱོང་དེ་མཐོན་མི་ནུས་པའི་རྒྱུ་མཚན་ཅི་རེད། རང་ཉིད་རྒྱབ་ལོགས་སུ་གབ་ཏེ། གཞུང་གཞབས་བེད་སྤྱོད་གཏོང་དོན་ཅི་རེད། ཚོགས་གཙོ་སྤེན་ཚེ་ལ་མཚོན་ན། ཁོང་གི་མཐའ་འཁོར་གྱི་གླེང་གཞི་ཅན་གྱི་གནད་དོན་རྣམས།རང་ཉིད་མདུན་དུ་མཐོན་ནས་མི་མང་ལ་གསལ་བཤད་གནང་སོང་། རང་ཉིད་ལ་སྲིད་སྐྱོང་གི་འོས་ཐོབ་ཚེ། མ་འོངས་པའི་ལས་འཆར་ཡང་ཡིན་པ་རྣམས་ཀྱང་གསལ་པོ་གསུངས་སོང་།
ནོར་བེ་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་འོས་མི་གཉིས་ལ་གླེང་སྟེགས་གཅིག་གི་ཐོག་མཉམ་འཛོམས་ཀྱིས་བགྲོ་གླེང་གནང་རྒྱུའི་རེ་བ་བཏོན་པ་བཞིན། ཚོགས་གཙོ་མཆོག་གིས་དང་ལེན་གནང་པ་མ་ཟད། དེ་ལྟ་བུའི་གོ་སྐབས་དེར་འདུན་པ་ཡང་བཅངས་ཡོད། འོན་ཀྱང་། སྲིད་སྐྱོང་བློ་སེང་གིས། རྒྱུ་མཚན་འདྲ་མིན་ལ་ཁ་གཡར་སྟེ། དེ་ལྟ་བུའི་བགྲོ་གླེང་ལས་གཡོལ་གང་ཐུབ་བྱས་ཏེ། ཐ་ན་ད་ལྟའི་བར་དུའང་ལས་རིམ་དེ་གོང་ཞུས་གསར་ཁང་དེ་དག་གིས་གོ་སྒྲིག་བྱེད་ཐུབ་མེད་པ་རེད། དེ་བས་ཀྱང་ཚབ་ཆེ་བ་ཞིག་ལ། ཉེ་དུས་རྡ་སར་གོ་སྒྲིག་ཞུས་པའི་སྲིད་སྐྱོང་འོས་མིའི་བགྲོ་གླེང་དེར་རྡ་སའི་མི་ངམ་ཚད་མ་ཟད། འཛམ་གླིང་གས་སར་ཡོད་པའི་སྤུན་ཟླ་ཚོས་དང་བ་ཆེན་པོས་རེ་སྒུག་བྱས་པ་རེད།
སླར་ཡང་སྲིད་སྐྱོང་གིས་རྒྱ་ཆེའི་མི་མང་དང་། བགྲོ་གླེང་གོ་སྒྲིག་བྱེདམཁན་ཚོའི་འགྲོ་གྲོན་དང་དཀའ་ངལ་རྒྱབ་བ་རྣམས་ཡོངས་སུ་རྩིས་མེད་བཏང་སྟེ། སྲིད་སྐྱོང་གར་སོང་ཆ་མེད་དུ་གྱུར། མཐར་ཚོགས་ཁང་
ཆེན་པོ་དེར་ཕེབས་མཁན་ནི། ཚོགས་གཙོ་མཆོག་དང་རྡ་སའི་མི་མང་བརྒྱ་ཕྲག་བརྒལ་བ་དེ་དག་རེད། སྲིད་སྐྱོང་བློ་སེང་གིས་བྱ་སྤྱོད་དེ་ནི། མང་གཙོར་འགན་མ་ཁྱེར་བ། མི་མང་ལ་འགན་མ་ཁྱེར་བ། སྤྱི་ཚོགས་ལ་འགན་མ་ཁྱེར་བ། མི་རིགས་འདིའི་འཐབ་བརྩོད་ལ་འགན་མ་ཁྱེར་བ་སོགས་མདོར་ན། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་རྣམས། སྲིད་སྐྱོང་གི་བྱ་སྤྱོད་དེར་ཧོན་འཐོར། ཧང་སང་དགོས་པ་བཟོས་སོང་།
མ་འངོས་པར། མི་མང་ལ་འགན་ཁྱེར་མི་ཐུབ་པའི་དཔོན་པོ་ཞིག་ང་ཚོར་དགོས་པ་གཏན་ནས་མེད་སྟབས། ངའི་ཤོག་དེ་བློ་སེང་ལ་རྩ་བ་ནས་སྤྲོད་རྩིས་མེད། དེ་བཞིན་དུ། རྒྱ་སྤྱིའི་མི་མང་རྣམས་ད་གཉིས་སད་
པའི་དུས་ལ་བབ་འདུག་གོ།
ད་རེས་སྲིད་སྐྱོང་གི་གནང་སྟངས་དེ་རིགས་ལ། ཁོ་བོ་བློ་ཕམ་ཆེན་པོ་བྱུང་བར་བརྟེན། རང་ཉིད་ཀྱི་བསམ་ཚུལ་དྲང་པོར་ཞུས་པར་ནོར་ཡོད་ན། དགོངས་འགལ་མེད་པ་ཞུ།
ད་ཡིན་ན་ཁ་སང་སྐད་ཆ་འདྲ་ཆག་པོ་བཤད་མཁན་སྐལ་བཟང་སྤེན་པའི་རྫུན་རྐུབ་ཡོངས་སུ་རྡོལ་སོང་། ཧཧ
ད་རེ་ཐག་ཆད་ན་རང་ཤི་རྒྱོབ་
ད་ཚད་ལས་བརྒལ་བའི་སྐད་ཆ་མ་ཤོད་རོགས། ད་རེས་རྡ་སའི་སྲིད་སྤྱིའི་བགྲོ་གླེང་དེ་ཅི་འདྲ་ཞིག་ཡིན་ངའི་ཤེས་ཡོད། དེ་ནི་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་བཀོད་སྒྲིག་བྱས་པ་རེད། ང་ཚོས་ཤེས་གསལ་ཞིག་ལ་སྲིད་སྐྱོང་བློ་སེང་ནི་ཨ་རི་ལ་འགྲོ་བ་སྔོན་ནས་གཏན་འཁེལ་བ་ཞིག་ཡིན་པ་འཛམ་གླིང་ཡོངས་ལ་གྲགས་ནས་ཡོད། ལུག་རྫིས་བློ་སེང་བགྲོ་གླེང་དེར་ཕེབས་མི་ཐུབ་པ་ཤེས་བཞིན་དུ་བགྲོ་གླེང་གི་སྔ་ཉིན་ལ་སྲིད་སྐྱོང་འོས་མི་གཉིས་ལ་བརྡ་ལན་ཕུལ་འདུག ལུས་རྫིས་གནས་སྟངས་དེ་འདྲ་ཞིག་གི་འོག་ནས་བགྲོ་གླེང་དེ་འཚོགས་དོན་ཅི་ཡིན་ནམ་ཟེར་ན། དེ་ནི་བློ་སེང་ལ་ངན་གྲགས་བཟོ་ཆེད་རེད་འདུག། དེ་ཐད་གསལ་བཤད་མི་དགོས་པ་རྣམ་པ་ཚོས་རྒྱུད་རིམ་ལ་ལྟོས་དང་ཤེས། བགྲོ་གླེང་དེ་འཚོག་རྒྱུ་མ་བྱུང་བ་རེད་དེ། སྤེན་ཚེའི་ཕྱོགས་གཏོགས་ཚོས་བློ་སེང་བགྲོ་གླེང་དེར་གཡོལ་བ་རེད་ཅེས་ཤོད་བཞིན་འདུག གནད་དོན་འདི་དག་ལ་བསམ་ཚེ་ངོ་མ་མི་འདི་ཚོ་ལ་ལས་རྒྱུ་འབྲས་ཟེར་བའི་དྲི་ཙམ་ཡང་མི་འདུག སྤྱིར་མི་སོ་སོ་ལ་དགའ་ཕྱོགས་མི་འདྲ་བ་ཡོད་ཀྱང་སོ་སོའི་དགའ་ཕྱོགས་ལས་གལ་ལ་ཐུག་དུས་དྲང་བདེན་གཙོ་ཆེར་བྱེད་པ་ནི། ང་ཚོ་མི་རིགས་འདིས་དང་དུ་ལེན་དགོས་པའི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན།
སྲིད་སྐྱོང་ཝ་མོའི་ཁང་རིན་སྐོར་འདི་ན་འདུག
http://m.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/?from=singlemessage&isappinstalled=0
དྲང་པོ་བདེན་པ་བཤད་ན་༢༠༡༢་སྐབས་སུ་ཚོགས་པ་འབུམ་ཕྲག་གི་འབུས་ནས་༧གོང་ས་མཆོག་གིས་རིང་ནས་སྙིང་དུ་དགོངས་པའི་འདོད་དོན་སྒྲུབ་མཁན་ཁོངས་ཡིན་གསུངས་པ་སྤེན་ཚོགས་ཀྱིས་བརྗེད་ལྐུག་སོང་བ་གང་ཡིན་ནམ།
ཨོ་ཧོ་ཧོ། ནམ་རྒྱུན་སྐལ་བཟང་སྤེན་པ་སྤྱི་ཚོགས་དཔྱད་བརྗོད་པ་ཞིག་རེད་བཟམ་བཞིན་ཡོད། དེ་རིང་ནས་རུལ་འགོ་ཚུགས་བྱུང་བ ད་བཀྲ་ཤིས་བདེ་ལེགས།
དོན་དངོས་གང་ཞིག་ད་དུང་ང་ཚོས་ཤེས་མེད་པ་འདི་ལ་བློ་ཕམ།
སྲིད་སྐྱོང་ཝ་མོ་བློ་སེང་གི་ཕྱོགས་གཏོགས་པ་ཚོས་སྔོན་ལ་བློ་སེང་གི་ཁང་རི་་འདི་གཙང་མ་བཟོ་ཐུབ་ན་འོས་ཤོག་སུ་ལ་བླུགས་དགོས་མིན་བསམ་བློ་གཏང་ཆོག http://m.washingtontimes.com/news/2015/jul/10/maura-moynihan-tibet-china-same-washington-lobbyis/?from=singlemessage&isappinstalled=0
ཨབ་ཕྲུག རེད་ཏ། སྲིད་སྐྱོང་གི་བྱེད་སྟངས་དེས་ཁོ་རང་གི་སྡུག་གྱོང་མྱོ་གི་ཡོད་པ་རེད་ཏ། མི་མང་སེམས་ཕམ་ན། ཁོ་ལ་འོས་ཤོག་སུ་ཡིས་སྟེར་གྱི་རེད་པས། ད་ཡིན་ན། དེ་སྔོན་ཤར་ཁུག་གིས་སྲིད་སྐྱོང་ལ་སྤྲད་པའི་ཆོ་ལོ་ཨ་ཁུ་སྟོན་པ་དེ་དོན་དངོས་རང་ལ་གནས་འདུག་ཀ སྲིད་སྐྱོང་དེ་མི་ཐེབས་ཆག་ཞེ་པོ་ཞིག་གཅིག་འདུག
ད་དྲ་འབུ་ཚོས་སྡུག་སྐད་ཅི་ཙམ་རྒྱབ་ཀྱང་སྲིད་སྐྱོང་ལ་རྒྱབ་སྐྱོར་དེ་ཙམ་མང་རུ་འགྲོ་ཡི་འདུག འདི་ནི་བོད་མི་རིགས་ཀྱི་རྒྱལ་ཁ་རེད།