སྐྱོ་བྲག་དགའ་དབང་།
ཁོ་བོའི་གཅུང་པོ་ལེགས་མཐོང་གིས། ད་རུང་ལྟ་བུ་དང་ང་ཚོ་ལྟ་བུ་ཕལ་སྐད་རྣམས་དོན་ལ་སྐྱོན་ཆ་མེད་ཀྱང་གཞུང་ཆེན་པོའི་འགྲེལ་བཤད་སྐབས་མེད་ན་མཛེས་པར་སྣང་། ཞེས་གསུངས་པ་ལ་བརྟེན་ནས་གཞུང་འགྲེལ་འགའ་ལ་ལྟ་རྟོག་ཧོལ་ཙམ་བགྱིས་པ་ན། ང་ཚོ་ཞེས་པ་བེད་སྤྱོད་བཏང་བ་ཞིག་མ་ཐོབ་ནའང་། ད་རུང་ནི། བུ་སྟོན་ཆོས་འབྱུང་ལས། མཆོད་རྟེན་བརྩིགས་པ་ད་རུང་ཡང་ཡོད་པར་གྲག་གོ། །ཞེས་དང་།
པད་དཀར་ཕྱག་ཆེན་ལས། རྡོ་རྗེ་ཐེག་པའི་ལུགས་ལ། ད་རུང་འཁོར་བའི་འཇུག་པ་ནི་ཡོད་དོ། །ཞེས་དང་། ཀརྨ་པ་དགུ་པའི་ཕྱག་ཆེན་ལས། ད་རུང་རྟོག་པ་མང་དུ་སོང་ན་སྐྱོན་དུ་མི་ལྟ་བར་མ་ཡེངས་པར་བསྐྱངས། ཞེས་དང་། འཇུ་མི་ཕམ་པའི་དབུ་མ་རྒྱན་འགྲེལ་ལས། བདེན་མེད་ཀྱི་སྒྲ་དོན་ཙམ་ལ་ཞེན་པའི་འཛིན་པ་ཡོད་ན་ད་རུང་ལྟ་བ་མ་ཞིག་པ་ཡིན་ནོ། །ཞེས་པས་མཚོན་གཞུང་འགྲེལ་མང་པོ་ཞིག་ཏུ་བེད་སྤྱོད་བཏང་འདུག་ཅིང་། བརྡ་རྙིང་གང་མང་རྒྱུན་གཏན་བེད་སྤྱོད་བྱེད་པའི་བདག་ཅག་གི་ཡུལ་མིའི་ཁ་སྐད་ལ་ཡང་ད་རུང་རྒྱུན་ཆགས་སུ་ཡོད་པ་ལས། ད་དུང་ཟེར་སྲོལ་ནི་མི་སྲིད་པ་ལྟ་བུ་ཡིན་པས་ད་རུང་ཞེས་པ་ཕལ་སྐད་གསར་མ་ཞིག་ནི་མིན་པར་ངེས་སོ། །
རེད་རེད་ངའི་ཕ་ཡུལ་གྱི་ཁ་སྐད་ལ་ཡང་ (ད་རུང)ཞེས་པའི་ཚིག་འདི་བེད་སྤྱོད་མང་པོ་བྱེད་ཀྱི་རེད། འོན་ཀྱང་བཀའ་འགྱུར་རྣམས་སུ་ (ད་དུང) ཞེས་པའི་ཚིག་འདི་ཡོད་པ་ལས་ ད་རུང་ཞེས་མི་སྣང། དཔེར་ན་འདུལ་བ་སྡེ་གེ་པར་མ་ ཅ༽ པ་ཤོག་གྲངས་ ༡༧༣ ན ཤེད་བུ་སེར་སྐྱས་སྨྲས་པ། ཡུམ་ཁྱོད་ཅིའི་སླད་དུ་བཞིན་སྒྱུར་བ་མཛད། ལག་མཐིལ་
གཉིས་འདྲི་བར་མཛད། མས་སྨྲས་པ། བུ་ ད་དུང་ ཡང་ཁྱོད་འགྲན་ཟླ་དང་བཅས་པ་ཡིན་པས། ཞེས་དང། ༢༨༥ ན ཁྱིམ་བདག་གིས་སྨྲས་པ། བཟང་མོ་ཁོ་བོས་དང་པོ་ཉིད་ནས་དོན་དེ་ཁྱོད་ལ་གོ་བར་མ་བྱས་སམ། ད་དུང་ ཅིར་ཡང་མ་གྱུར་པ་ནས། ཁྱོད་ཀྱིས་བརྩམས་སོ། །ཆུང་མ་དེ་སྤོབས་པ་མེད་པར་གྱུར་ནས་ཅང་མི་སྨྲ་བར་འདུག་གོ་།
དེ་བཞིན་འདུལ་བ་ཆ་པ ན་ །དེ་ ད་དུང་ ཡང་ཁྱོད་ཀྱི་ཁྱིམ་བདག་གི་ཆུང་མ་ཡིན་སྙམ་མམ། དེ་ནི་
རབ་ཏུ་བྱུང་ངོ་། སུས་རབ་ཏུ་ཕྱུང་། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སོ། །ཞེས་སོགས་མང་ངོ།
ཡིག་སྐད་དུ། ད་དུང་ཞེས་བྲིས་པ་དང་། ཁ་སྐད་དུ་ད་རུང་ཞེས་ཤོད་པ་མང་བ་ཡོད་འདུག་སྙམ་ལགས།
ཚོ་དང་ང་ཚོའི་སྐོར།
ཚོ་པ་ཞེས་པ་ལས། ང་ཚོ་དང་ཁྱོད་ཚོ་ཞེས་ཁ་སྐད་དུ་ཆགས་པ་ལས། ཡིག་སྐད་དུ་ང་ཚོ་ལ། བདག་ཅག ང་ཅག རང་ཅག འུ་ཅག་དང་བདག་སོགས་ཞེས་དར་བ་འདྲ།
ཁ་སྐད་ཅེས་པ་གསར་དུ་བྱུང་བའི་དོན་མ་རེད། མ་གཞི་ཅི་ཙམ་སྔ་དུས་ཀྱི་ཡི་གེ་མང་པོ་ཞིག་ད་ལྟའི་ཁ་སྐད་དམ་ཁྱད་པར་བོད་མཐའ་ཁུལ་གྱི་འབྲོག་པ་སོགས་ཀྱི་སྐད་དང་ཉེ་བ་ཡོད་པ་འདྲ། རྗེས་ནས་བརྗོད་པ་ལ་ལེགས་བཅོས་བྱུང་ནས་ཡིག་ཐོག་ནས་མང་ཙམ་བཀོལ་བའི་ཅུང་གཅིག་གྱུར་གྱི་རྣམ་པ་ཆེན་པོ་ཡོད་པ་དག་ལ་ཡིག་སྐད་དང་། དེ་དག་གི་གྲལ་དུ་ཅུང་མ་ཚུད་པ་དག་ཁ་སྐད་ཅེས་བརྗོད་པ་ཡིན་པ་འདྲ། ཚུལ་འདིས་བསམ་ན་མཁས་པས་ཡིག་ཐོག་ཏུ་བཀོལ་བས་ཡིག་སྐད་དུ་ཡང་འགྱུར་བར་མ་ངེས་སྙམ།
གཞན་དུ་འཇུག་པ་རང་འགྲེལ་སོགས་སུ་རྫ་ཆུ་ཁ་སོགས་སུ་ཆེས་ཆེར་བཀོལ་ངེས་པའི་ཅུང་ཐུན་མིན་ཅན་གྱི་སྐད་མང་པོ་འདུག ཧཧཧ
འདུལ་བ་ལུང་སོགས་ཀྱི་བརྡ་རྙིང་མང་པོ་ཞིག་ད་ལྟའི་འབྲུག་པ་དང་ལ་དྭགས་དོལ་པོ་སོགས་ཀྱི་སྐད་ཆའི་ནང་དུ་ཡོད་པ་ཡིན།
དེ་ད་ག་བ་ག་བ་ཟེར་བའི་དེང་སང་གི་སྐད། འབྲོག་པས། དེ་འདྲ་ད་ཡིན་རྒྱུ་མ་རེད་ཟེར་བ་དེ་ཡང་། དོན་གྱིས་སྟ་ཟེར་ནས་འབྲི་རྒྱུར་འདུག་ལ་དེ་ནི་བསྟན་བཅོས་ལ་སྟ་ག་ལ་ཞིག ཟེར་བའི་ཚིག་འགྲོས་དེར་འདུག་སྙམ་པ་སོགས་མང་པོ་ཡོད་ལེ་རེད་དོ།།
སྟ་ག་ལ་ཞིག འདི་ས་སྟ་ཡིན་གྱི་མ་རེད། འདི་ལ་ལྟ་ཡིན་གྱི་རེད། འདུལ་བ་ན། འཕགས་མ་ཇི་བཞུད་ཅིག །
བདག་ནི་སེམས་ཁོང་དུ་ཆུད་ཅིང་མཆིས་ཏེ། བསོད་སྙོམས་ལྟ་ག་ལ་ཞིག་སུ་ཡང་མི་འབུལ་ཏོ། །དེས་སྨྲས་པ།