Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ད་རེས་ཀྱི་ས་ཡོམ་དང་རྒྱ་གཞུང་གི་པཎ་ཆེན།

Posted on 2010-04-232010-04-23 By ཁ་བརྡ་ 9 Comments on ད་རེས་ཀྱི་ས་ཡོམ་དང་རྒྱ་གཞུང་གི་པཎ་ཆེན།

རབ་འབྱོར་ནས།

བོད་པ་ལ་ཤི་གོད་བྱུང་དུས་མེད་དུ་མི་རུང་བ་ནི་བླ་མ་ཞིག་གདན་འདྲེན་ཞུས་ནས་གཤིན་པོ་རྣམས་ཀྱི་རྣམ་ཤེས་འདྲེན་པ་དང་བསྔོ་སྨོན་བྱེད་རྒྱུ་དེ་རེད། དེ་ལ་བླ་མ་དེ་ཅི་ཙམ་གྱིས་ཆེ་ན་དེ་ཙམ་གྱིས་གདན་འདྲེན་ཞུ་མཁན་གྱི་བློ་ཁ་གང་གི་ཡོད་ལ། སེམས་ཀྱི་སྡུག་བསྔལ་ཇེ་ཆུང་དུ་འགྲོ་གི་ཡོད། བླ་མ་ཞིག་གདན་འདྲེན་ཞུ་བ་ནི་བོད་པ་ལ་མཚོན་ན་ཆོས་ལ་དད་མི་དད་པའི་དོན་དག་གཅིག་པོ་ཡང་མ་རེད། དེ་ནི་ཤུལ་ལུས་གསོན་པོ་རྣམས་ཀྱིས་གཤིན་པོ་ལ་ཕངས་སེམས་སམ་སེམས་ཀྱི་སྡུག་བསྔལ།
བརྩེ་སེམས་བཅས་སྟོན་སྟངས་ཤིག་ཏུ་ཡང་གྱུར་ཡོད།ད་རེས་ཡུལ་ཤུལ་མི་དམངས་ལ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་པ་ལྟ་བུ་ཞིག་ཆིབས་སྒྱུར་གནང་མཁོ་ཆེ་བ་འདི་འདྲ་ནི་ལོ་རྒྱུས་ཐོག་ལ་བྱུང་དཀོན་པོ་ཡིན་རྒྱུ་རེད། ཡུལ་ཤུལ་མི་དམངས་ཀྱིས་གཉེན་ཉེ་བེམ་པོ་ས་འོག་ནས་ལེན་ཞོར་དུ་རྒྱ་གཞུང་ལ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ཞུ་བའི་ཞུ་འབོད་བྱས་ཡོད་སྐད་ལ། ༧གོང་ས་མཆོག་ནས་ཀྱང་དེ་མ་ཐག་ཕེབས་འདོད་ཡོད་ལུགས་ཀྱི་ལྗགས་ལན་གནང་ཡོད། ཡིན་ན་ཡང་རྒྱ་ཕྱོགས་ནས་དེ་ལ་ད་བར་དུ་གཞུང་འབྲེལ་གྱི་ལན་ཅི་ཡང་བརྒྱབ་མེད།ཕར་བལྟས་ན་རྒྱ་གཞུང་གིས་༧གོང་ས་མཆོག་གདན་འདྲེན་ཞུས་ཨེ་ཡོང་བསམ་གྱི་འདུག
རྒྱུ་མཚན་ནི་ས་ཡོམ་དང་རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ལ་འཛིན་པའི་ལྟ་སྟངས་དེ་གཉིས་ཀྱི་བར་ན་འབྲེལ་བ་ཅི་ཡང་ཡོད་པ་མ་རེད། སྤྱིར་བཏང་༧སྐྱབས་མགོན་རིན་པོ་ཆེས་བོད་ལ་ཕེབས་འདོད་ཅིག་སྟོན་གནང་སྐབས་དེ་ལ་ལན་རྩུབ་མོ་རྒྱག་རྐྱང་བྱེད་པ་ལ། ད་རེས་རྒྱ་གཞུང་ཁ་རོག་གེར་འདུག་པ་ནི་གཅིག་བྱས་ན་རྒྱ་གཞུང་གིས་ཡུལ་ཤུལ་མི་དམངས་ཀྱི་སེམས་ཀྱི་སྡུག་བསྔལ་ལ་བསམ་བློ་ཞིག་བཏང་བ་རེད། ཡང་གཅིག་བྱས་ན་སེམས་ཀྱི་སྡུག་བསྔལ་དེ་ཁོང་ཁྲོ་རུ་འགྱུར་བ་ལ་སྐྲག་པ་རེད།
ཡང་གཅིག་བྱས་ན་འདིའི་སྐོར་ལ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་དང་རྒྱ་གཞུང་བར་ལ་གསང་འབྲེལ་ཞིག་འབྱུང་བཞིན་པ་ཡིན་ནམ།རྒྱ་གཞུང་ཁ་རོག་གེ་འདུག་པ་ལ་ཡང་རྒྱུ་མཚན་གཞན་པ་ཞིག་ཀྱང་ཡོད། དེ་ནི་རྒྱ་གཞུང་གི་ལག་འོག་ན་ཡུལ་ཤུལ་མི་དམངས་ལ་སེམས་གསོ་ཐེབས་པའི་བླ་ཆེན་ཞིག་གདན་འདྲེན་ཞུ་རྒྱུ་མེད་པ་དེ་རེད། སྤྱིར་བཏང་༧་རྒྱལ་བ་རིན་པོ་ཆེ་ནས་མར་ཡོང་ན་༧པཎ་ཆེན་རིན་པོ་ཆེ་དང་༧རྒྱལ་བ་ཀརྨ་པ་ལྟ་བུ་རེད། ༧རྒྱལ་བ་ཀརྨ་པ་ནི་ཕེབས་ཐབས་མེད་པ་སྨོས་ཅི་དགོས། ཡིན་ན་ཡང་རྒྱ་གཞུང་རང་གིས་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྲིད་དེ་རང་གི་ལག་ན་ཡོད་ཡོད་རེད། གདན་འདྲེན་ཞུ་ཆོག་ཆོག་རེད། ད་ནི་ཡང་སྲིད་དེ་ཤ་དར་ཁྲག་དར་གྱི་གཞོན་ནུ་ནི་རེད། ཆོས་ཀྱི་ཆོ་ག་ཕྱག་ལེན་ནི་ཤེས། ཡུལ་ཤུལ་ལ་འགྲོ་ཆོག་ཆོག་ཡོད་པ་རེད། དེ་ལྟ་ན་ཡང་རྒྱ་གཞུང་གིས་ད་རེས་ཡུལ་ཤུལ་ལ་གདན་འདྲེན་མ་ཞུས་པ་ནི་དེས་ཡུལ་ཤུལ་མི་དམངས་ལ་སེམས་གསོ་ཐེབས་མི་ཐུབ་པ་དེ་རྒྱ་གཞུང་གིས་ངོས་ལེན་བྱས་པ་ལྟ་བུ་ཞིག་རེད། གལ་སྲིད་རྒྱ་གཞུང་ལ་པན་ཆེན་ཡང་སྲིད་དེས་ཡུལ་ཤུལ་མི་དམངས་ལ་སེམས་གསོ་ཐེབས་པའི་ཡིད་ཆེས་ཤིག་ཡོད་པ་ཡིན་ན། ཡང་༧རྒྱལ་བ་རིན་པོ་ཆེ་ལ་ཚིག་རྩུབ་ཚ་བོ་འགའ་ཞིག་བརྗོད་ནས་པཎ་ཆེན་དེ་ཡུལ་ཤུལ་ལ་ཁྲིད་ཚར་བ་རེད། རྒྱ་གཞུང་གི་པཎ་ཆེན་ཁོང་ཡང་སྙིང་རྗེ། བོད་མི་དམངས་ལ་པཎ་ཆེན་རིན་པོ་ཆེ་ཧ་ཅང་དགོས་པའི་དུས་ཤིག་ལ། རང་ཉིད་ལ་དགོས་མཁོ་དེ་སྐོང་ནུས་མེད་པ་མཐོང་བཞིན་དུ་པཎ་ཆེན་གྱི་བཞུགས་ཁྲིའི་སྟེང་ལ་བཞུགས་རྒྱུ་དེ་ཡང་སྐྱིད་པོ་ཞིག་ཡིན་རྒྱུ་མ་རེད།

རྩོམ་རིག

Post navigation

Previous Post: གནོད་འཚེ་དང་གོ་སྐབས། ༧གོང་ས་མཆོག་ས་ཡོམ་གནོད་ཁུལ་དུ་ཆིབས་བསྒྱུར་གནང་ཐུབ་བམ།
Next Post: མྱ་ངན་སེམས་པ་དགུ་སྦྲེལ།

Comments (9) on “ད་རེས་ཀྱི་ས་ཡོམ་དང་རྒྱ་གཞུང་གི་པཎ་ཆེན།”

  1. Gedun says:
    2010-04-23 at 7:16 pm

    དགེ་འདུན་པ་ཚོས་ཕུང་པོ་སྤུངས་པའི་མདུན་དེར་སྨོན་ལམ་སྐྱོར་བའི་པར་རིས་དག་མཐོང་སྐབས་ང་ཚོ་ལ་ཡང་བློ་བདེ་བའི་ཁྱད་ཅིག་ཡོང་གི་འདུག ཨ་མདོའི་སྐད་དུ་བཤད་ན། མཁོ་སོད་རྒྱུ་ཞིག་འདུག མགུ་གང་རྒྱུ་ཞིག་འདུག མཁོ་སོད་ཤོས་དེ་ནི་ཉིད་ཀྱིས་གསུངས་པ་བཞིན་བླ་ཆེན་དག་ཕེབས་དགོས་པ་རེད། དེ་ཅི་ཤེས། དགེ་འདུན་པས་ཉེན་སྐྱོབ་ཀྱི་ལས་ཀ་ཡང་མཚམས་འཇོག་དགོས་པའི་བཀོད་ཁྱབ་བཏང་འདུག་ཟེར།

  2. ལྡ་ལི་ says:
    2010-04-24 at 8:39 am

    པན་ཆེན་རྒྱལ་མཚན་ནོར་བུ་ནས་སྒོར་ཁྲི་བཅུ་གནང་འདུག་

  3. ལྡ་ལི་ says:
    2010-04-24 at 8:41 am

    བོད

  4. yangbum says:
    2010-04-24 at 11:46 am

    རེད་ཡ། ཡུལ་ཤུལ་གྱི་བོད་མི་འདས་གསོན་གཉིས་ཀར་ཆེས་དགོས་མཁོ་ཆེ་བ་ནི་སྐྱབས་འདྲེན་བླ་མ་དང་དགེ་འདུན་པ་རྣམ་པས་ཐུགས་གསོ་བསྔོ་སྨོན་གསུང་རྒྱུ་དེ་ཡིན་མོད། རྒྱ་གཞུང་པཎ་ཆེན་གྱིས་བོད་པའི་བླ་མ་ཁག་ཅིག་གི་མཉམ་པེ་ཅིང་དུ་མ་གཏོགས་ཆོས་ཕྱོགས་བྱེད་སྒོ་སྤེལ་ཐུབ་ཀྱི་མེད་པ་རེད། འདི་ལྟར་བོད་པ་ལ་ཕན་ཅི་ཐོགས། རྒྱ་གཞུང་ལ་ཡང་ཕན་མི་ཐོགས། ཁོ་མི་སྒེར་ལ་ཡང་ཕན་མི་ཐོགས། ད་ཅི་དྲགས།

  5. སྤྲིན་དཀར་པོ says:
    2010-04-24 at 2:13 pm

    སྐྱེ་རྒུ་མདོའི་ཤི་གསོན་གཉིས་ལ་ཁ་ཚ་དགོས་གཏུགས་ཀྱི་མཁོ་བའི་རེ་བ་སྙེག་ཅིག་བྱེད་ཡུལ་ནི་གོང་ས༧མཆོག་གཅིག་པུ་ཡིན་ལ། ཤི་གསོན་གྱིས་མྱ་ངམ་ཐང་ན་ཡང་ཉམས་ཐག་བོད་མིའི་ངུ་ངག་དང་མ་ནི་ཡིག་དྲུག་གི་རླུང་རྟའི་ཁྲོད་ན་རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་དྲག་ཏུ་འདེབས་བཞིན་འདུག དེ་ལ་བལྟས་ན་ཡང་སྐྱབས་གཞན་ན་རེ་ས་མེད་པ་མཚོན་ཐུབ། གོང་ས༧ཡིད་བཞིན་ནོར་བུའི་ཤི་བོ་ལམ་སྣ་འདྲེན་པ་དང་གསོན་པོ་གདུང་སེམས་མཉམ་སྐྱེད་ཆེད་བཀའ་སློབ་གནང་ཡོད་པ་ཚང་མའི་མཁྱེན་གསལ་ལྟར། ད་དུང་ང་ཚོས་དངོས་གནས་ཀྱང་་ཕྱོགས་གང་ཅིའི་ཐད་ནས་རོགས་རམ་གང་ཐུབ་ཐུབ་གནང་ན་ཕན་རླབས་ཆེ་སྙམ།

  6. སྤྲིན་དཀར་པོ says:
    2010-04-24 at 2:13 pm

    སྐྱེ་རྒུ་མདོའི་ཤི་གསོན་གཉིས་ལ་ཁ་ཚ་དགོས་གཏུགས་ཀྱི་མཁོ་བའི་རེ་བ་སྙེག་ཅིག་བྱེད་ཡུལ་ནི་གོང་ས༧མཆོག་གཅིག་པུ་ཡིན་ལ། ཤི་གསོན་གྱིས་མྱ་ངམ་ཐང་ན་ཡང་ཉམས་ཐག་བོད་མིའི་ངུ་ངག་དང་མ་ནི་ཡིག་དྲུག་གི་རླུང་རྟའི་ཁྲོད་ན་རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་དྲག་ཏུ་འདེབས་བཞིན་འདུག དེ་ལ་བལྟས་ན་ཡང་སྐྱབས་གཞན་ན་རེ་ས་མེད་པ་མཚོན་ཐུབ། གོང་ས༧ཡིད་བཞིན་ནོར་བུའི་ཤི་བོ་ལམ་སྣ་འདྲེན་པ་དང་གསོན་པོ་གདུང་སེམས་མཉམ་སྐྱེད་ཆེད་བཀའ་སློབ་གནང་ཡོད་པ་ཚང་མའི་མཁྱེན་གསལ་ལྟར། ད་དུང་ང་ཚོས་དངོས་གནས་ཀྱང་་ཕྱོགས་གང་ཅིའི་ཐད་ནས་རོགས་རམ་གང་ཐུབ་ཐུབ་གནང་ན་ཕན་རླབས་ཆེ་སྙམ།

  7. ཀརྨ་རྡོ་རྗེ་ says:
    2010-04-24 at 3:30 pm

    རྒྱ་གཞུང་གི་པཎ་ཆེན།

  8. རྔ་བ་རྒྱལ་ཁམས་པ། says:
    2010-04-24 at 11:55 pm

    རབ་འབྱོར་ལགས་ཀྱིས་གསུངས་པ་དེ་ག་རང་རེད། དངོས་གནས་བཤད་ན་རྒྱ་གཞུང་ལ་པཎ་ཆེན་རྫུན་མ་དེ་གོད་ཆགས་ཆེན་པོ་འདི་འདྲའི་སྐབས་བེད་སྤྱོད་གཏོང་བའི་གདེངས་ཚོད་ཀྱིས་འདང་གི་ཡོད་ནི་མ་རེད།
    བོད་མིའི་སེམས་ནང་ཁོ་བར་ངོས་ལེན་མེད་པ་ཁོང་ཚོས་གསལ་བོར་ཧ་གོ་གི་ཡོད་པ་རེད། ལེགས་པར་བསམས་ན། པཎ་ཆེན་དེའང་ཡིད་སྐྱོ་དགོས་པའི་ཡུལ་རེད། བཟང་བཙོན་ལྟ་བུ་རེད།

  9. རྩམ་དགའ། says:
    2010-04-26 at 12:38 am

    རབ་འབྱོར་དང་རྔ་བ་རྒྱལ་ཁམས་པ་སོགས་ཀྱིས་གསུང་བར་རྒྱབ་སྐྱོར་ཡོད།
    པཎ་ཆེན་རྫུན་མ་ཁོང་བཟང་བཙོན་རང་རེད་སྙིང་མ་རྗེ། ཁོང་ས་གནས་དེར་ཕེབས་འཇུག་རྒྱུའི་སྤོབས་པ་རྒྱ་རྒན་ཚང་ལ་ཡོད་ནི་མ་རེད། གལ་སྲིད་ཕེབས་ཀྱང་ཡུལ་མིའི་སྡུག་བསྔལ་སེལ་མི་ཐུབ་པ་མ་ཟད་ཡུལ་མིའི་སེམས་ལ་ཁོང་ཁྲོ་དང་གདུང་བ་ལྷག་མ་ཡོང་རྒྱུ་ཞིག་ལས་གཞན་གང་ཡོང་། དེས་ན་འདི་ནས་ང་ཚོས་་་་་༧གོང་ས་མཆོག་དང་བོད་གཞུང་གི་སྐུ་ཚབ་རེ་ས་གནས་དེར་བཏང་ཐུབ་ན་མི་དམངས་ཀི་སྡུག་བསྔལ་རེ་ཞིག་སངས་ཐུབ་པའི་རེ་བ་ཡོད་ནི་རེད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (70)
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (53)
  • ཨེ་ལི་སི། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme