ཨེ་མ་ཧོ།
ན་མོ་གུ་རུ་ཨརྱ་ཏཱ་ར་ཡེ།
ཀ་ཡེ་གསོན་དང་གངས་ཅན་ཕོ་མོ་ཀུན།།
ཁ་བའི་སྐྱིད་སྡུག་ཚོར་བ་གཅིག་ཡིན་ཕྱིར།།
ག་ས་གང་ན་གནས་པའི་བོད་རིགས་རྣམས།།
ང་ཚོ་ཚང་མས་ལོ་གསར་མཉམ་དུ་རོལ།།
ཅ་དག་བོད་གོས་གཙང་མ་ལུས་ལ་གསོལ།།
ཆ་ལང་རོལ་མོ་ལ་སོགས་སྒྲ་སྙན་ཁྲོལ།།
ཇ་ཆང་འོ་ཞོ་ལ་སོགས་དཀར་ཟས་བཤམས།།
ཉ་མ་མཐོ་དམན་མེད་པར་ལོ་གསར་ཚེས།།
ཏ་ལའི་བླ་མའི་གྱ་སྟོན་གྱ་ནོམ་ཚེས།།
ཐ་གྲུ་ཡོངས་ནས་བོད་མིའི་ལོ་གསར་ཚེས།།
ད་ལོ་ངེས་པར་འདས་གསོན་དུས་སྟོན་ཚེས།།
ན་ཚོད་ཁྱད་མེད་ཡར་མཆོད་མར་སྦྱིན་འབད།།
པ་ལོས་བརྒྱན་པའི་སྔགས་འཆང་རིག་འཛིན་དང་།།
ཕ་མེས་སྤངས་པའི་རབ་བྱུང་ཚད་ལྡན་རིགས།།
བ་ལ་ཧ་བཞིན་སྤྱང་གྲུང་འཛོམས་པ་སོགས།།
མ་ལུས་བོད་རིགས་ལོ་སར་ཚེས་ན་བཟང་།།
ཙ་རིར་བཞུགས་པའི་སྒོམ་ཆེན་བླ་མ་དང་།།
ཚ་ཐལ་གཏོང་མཁས་གྲྭ་ཚང་བཟང་ངན་ཀུན།།
ཛ་ཡའི་བསྟན་པར་ཞུགས་པའི་བོད་རིགས་ཚོགས།།
ཝ་ལེར་ལོ་གསར་དུས་ཆེན་ཚེས་ན་བཟང་།།
ཞྭ་དཀར་ནས་བཟུང་ཞྭ་སེར་དག་མའི་བར།།
ཟ་མ་མོ་དང་སྐྱེས་པའི་བོད་རིགས་རྣམས།།
འ་ཅག་སྐྱིད་སྡུག་ཚང་མ་མཉམ་མྱོང་ཕྱིར།།
ཡ་རབས་སྲོལ་བཟང་ལོ་སར་ཚེས་ན་བཟང་།།
ར་བ་གངས་དཀར་བདག་དབང་མ་ཐོབ་ཀྱང་།།
ལ་ལུང་ཀུན་ནས་ལོ་གསར་མཉམ་ཚེས་ནས།།
ཤ་ཁྲག་མིན་པར་མཉམ་ཟ་མཉམ་མཆོད་ངང་།།
ས་ཕྱོགས་ཡོངས་ནས་ལོ་སར་ཚེས་ན་བཟང་།།
ཧ་ཅང་དཀའ་འཕྲང་གཉན་པའི་དུས་ཚོད་ལ།།
ཨ་ཙི་སྡུག་སྐད་འདོན་པས་ཅི་ལ་ཕན།།
ཧ་ལའི་དུག་ལས་ཐུ་བའི་ཏང་ཡན་དང་།།
ཨ་ཞང་ཚང་ལ་ཕན་གནོད་གང་ཡང་མེད།།
ཨི་ལྡན་དབྱངས་གསལ་རྒྱན་པའི་འབོད་སྐུལ་འདི།།
ཨུ་ཚུགས་མིན་པར་མགྲིན་པའི་ལམ་ནས་ཐལ།།
ཨེ་མ་གངས་ཅན་ཕན་བདེའི་ལོ་གསར་ཚེས།།
ཨོ་རྒྱན་མཁའ་འགྲོའི་ཞིང་དང་མཚུངས་པར་སྨོན།།
ཞེས་པ་འདི་ཡང་ཡེ་ཤུའི་སྟོན་པའི་འཁྲུངས་སྐར་དང་ཕྱི་ལོའི་ལོ་གསར་ཚེས་བྲེལ་འཚུབ་ཀྱིས་ཕྱི་གླིང་པ་དག་མཐོང་བ་དང་སློབ་གྲོགས་འགས་བོད་ཀྱི་ལོ་སར་སྐོར་ལ་དབྱིན་སྐད་ཐོག་ལ་དྲི་བ་དང་དྲི་ལན་བྱས་པའི་རྗེས་སུ་གང་དྲན་དུ་སློབ་གྲྭའི་ངལ་གསོས་སྐབས་སུ་མཐོ་རིམ་སློབ་ཁང་དེ་ཉིད་དུ་ཨེ་མ་ཧོས་བྲིས་པར་དགེའོ།། །།
ཀ་ཡེ་གངས་ཅན་བོད་རིགས། །
ཀི་སྒྲ་དང་བཅས་ལོ་གསར། །
བཀུར་སྟི་དང་བཅས་ཚེས་གཅིག །
ཀེག་ཟློག་དང་བཅས་སྨོན་ཚིག །
དཀོན་མཆོག་བཙུག་ཏུ་བཀུར་དང་། །
ལོ་གསར་པ་་དེ་ཡག་པོ་ཡོང་རྒྱུའི་ཆེད་དུ་ལོ་གསར་གཏོང་གི་ཡོད་རེད་།
ལོ་གསར་པ་ལ་མདུན་བསུ་གི་ཡོད་རེད་།
ལོ་རྫོགས་འགྲོ་བ་་ཕེབས་སྐྱེལ་ཞུ་གི་ཡོད་པ་མ་རེད་་།
ད་ལོ་གསར་ནམ་རྒྱུན་དང་མི་འདྲ་བ་གཏོང་དགོས་པ་ནི་གོང་ས་མཆོག་ལ་ང་
ང་ཚོའི་རྒྱ་སྟོན་འབུལ་དགོས་པ་རེད་།དེར་རྟེན་དབུས་བོད་མིའི་སྒྲིག་འཛུག་ནས་
མི་མང་ལ་སྔོན་ཚུད་ནས་གསལ་བསྒྲགས་གནང་དགོས་པ་རེད་།ཁྱེད་ཀྱི་གསུང་པ་
མངོན་པར་གཏོད་དོ་།