ཁྲོ་གཏུམ།
སྔས་ཐོག་ཏུ་མ་བཞག་པའི་མགོ
སྔས་ཐོག་ནས་ཡར་བཀྱགས་པའི་མགོ
ལག་ཟུང་གིས་དྲུད་པའི་དངོས་པོ་གྲུབ་བཞི་ནར་མོ་དེ་དག་གི་འཆར་ངོས་སུ
མིག་གི་རྣོ་ཟུང་ལྷུང་ཞིང
སེམས་ཀྱི་ཟབ་སས་དམ་དུ་བཅངས་ནས་རྒྱང་ལ་བཞུད
ངའི་མཁྲིས་ཀྱི་མི་དེ་བོར་ཞིང་ང་དེ་བཞིན་གཤེགས་པར་གྱུར
ཁྱོད་ཀྱང་མགོ་ཐོམ་མི་སྲིད་ཁྱོད་རྒྱང་རིང་དུ་ཆས་བཞིན་ཡོད་པས་ལམ་ཕུག་རིང
ང་ནི་ཁྱོད་ཀྱི་འཁྲིས་སུ་ཡོད་པ་ཙམ
རྒྱང་རིང་བའི་ས་དེར་བཞུད་དོན་མེད་ཀྱང་གཞན་གྱིས་ཁྲིད་སོང
ཡོང་སྒོ་མེད་ཀྱང་ང་རང་འགྲོ་འདོད
བརྩེ་བ་མེད་ཀྱང་ང་རང་ད་རུང་ཕར་ལ་ཆས་འདོད
རྒྱུ་མཚན་མེད་པར་ངའི་ཁ་པར་ཁྱེར་ཤོག
གནས་ལུགས་མེད་པར་ངའི་ལག་ཁྱེར་ལ་དྲ་ལམ་དགོས
ཁྱོད་རང་འཁྲིས་སུ་ཡོད་བཞིན་ང་རང་ཁྱོད་ལས་ལོག་ཏུ་འགྲོ་དོན
ལུས་པོ་ཁྱོད་ཀྱི་འཁྲིས་སུ་ཡོད་ཀྱང་སེམས་ཀྱི་རྟ་ཕོ་སྲབ་མེད་ཕྱོགས་ཀུན་རྒྱུ་ལ་བྲེལ
ཨ་རོ་ཚོ། འཁྲིས་ཀྱི་གྲོགས་པོར་རྒྱང་རིང་ཞིག་ལ་སྐད་གཏོང་དགོས
རྒྱང་རིང་གྲོགས་པོར་སྐད་ཆའི་སྒྲ་གདངས་དམའ་མོ་རེད
ད་ལོ་ང་རང་ཁྱོད་ཀྱི་འཁྲིས་ནས་བརླགས་ཤིང
ཁྱོད་ཀྱང་ང་ཡི་འཁྲིས་ནས་བོར་སོང
ཡིན་ཡང་། ལས་དབང་མ་རེད་ལོབ་ཕྱོགས་རེད
༢༠༡༤།༠༧།༢༡ ཉིན་བྲིས།
ལོབ་ཕྱོགས་འདི་དག་ཡག་པོ་མི་འདུག གྲུབ་བཞི་ ངའི་མཁྲིས་ མགོ་ཐོམ་ ཁྱོད་ལས་ལོག་ཏུ་འགྲོ་དོན
རྩམ་པ་ཟ་དུས་དང་ཉལ་སར་ལྷུང་དུས།
མྱིག་འདི་གཉིས་འཕྲོ་བརླག་ལ་མ་སོང་གི་བར་དུ།
དུས་ཚོད་ལ་ཆུ་ཟོས་མེད་པར་ཁ་བརྡ་བྱས།
ཁྱེད་རང་འབྱོར་བ་མ་ཚོར་ལ། བོར་བ་ཡང་མ་ཤེས།
ཐག་ཉེ་བའི་གྲོགས་པོ་ཚོ་ལ་རྒྱུ་དག་མི་འདུག། ཁྱེད་ཀྱི་རྣམ་འགྱུར་རིག་ཐེངས་རེར།
འཇིག་རྟེན་འདིས།
ཡོད་པ་དེ་མེད་པར་བསྐྱུར་ནས། མེད་པ་ཞིག་ལ་འདོད་པས་སྲིང་བཞིན་པ་ཤེས་བྱུང་། ཨ་ཁ་ཁ།
རྒྱུ་ནོར་གྱི་འགྲོ་སྒོ།
དུས་ཚོད་ཀྱི་འགྲོ་སྒོ།
མཛའ་བརྩེ་ཡི་འགྲོ་སྒོ།
གཏོང་ཕོད་པའི་འགྲོ་སོང་འདི་ཚོ།
ཚེ་ཕྱི་མར་དམྱལ་བར་མི་ལྷུང་བའི་སྦྱིན་པ་ཡིན་ནམ། ཚེ་འདི་ནས་ཁེར་རྐྱང་དུ་མི་ལྷུང་བའི་འདུག་གྲོགས་ཡིན་ནམ།
སང་ཉིན་ལ་མི་སྐྲག་པའི་ཆེད་དུ།
དེ་རིང་ཡང་ཁ་བརྡ་ཞིག་ཞུ་དགོས་བྱུང་སོང་། ཨ་ཁ་ཁ།