རྩོམ་པ་པོ་པད་མ་ཡོ་ཁོ། ༼སྒྱུར་མཁན། འཇིགས་མེད་ནུབ་པ།༽
དེ་རིང་ངའི་སྙིང་ལ་ཆག་གྲུམ་ཤོར་སོང་། འདི་ནི་ངའི་མི་ཚེའི་ནང་དུ་ཐེངས་དང་པོར། ངེད་ཀྱི་མི་མང་གིས་ངས་བོད་རང་བཙན་ཆེད་སྐད་འབོད་བྱས་བ་དེ་ཕྱི་ལ་གཡུགས་གྲབས་བྱས་སོང་། དེ་རིང་ངས་རང་གི་མིག་མདུན་དུ་བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་གཉིས་ཁ་འཐོར་དུ་འགྲོ་བཞིན་པ་མཐོང་སོང་།
བོད་མི་ཞིག་གམ་ཡང་ན་བོད་རིགས་ཚོགས་པའི་འགོ་གཙོའམ་ཡང་ན་ལས་འགུལ་བཀོད་སྒྲིག་བྱེད་མཁན་ཞིག་གིས་ང་ལ་ངོ་ཚ་མེད་པ། ཞབས་འདྲེན་ཞེས་སྡུག་དམོད་བྱེད་གི་རེད་བསམ་པ། ངའི་ཡིད་ལ་འཁོར་མ་མྱོང་། ཡིན་ན་ཡང་། དེ་རིང་དེ་དངོས་སུ་བྱུང་སོང་། ནེའུ་ཡོག་གི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྟེང་དུ་བྱུང་སོང་། འདི་ནི་ངའི་མི་ཚེའ་ིནང་བློ་ཡུལ་ལས་འགོངས་པའི་ཉམས་མྱོང་ཞིག་རེད་། ལོ་ངོ་བཅོ་ལྔ་ལྷག་ལ་བོད་དོན་ལས་འགུལ་མང་པོ་སྤེལ་བའི་རྗེས་ཀྱི་དེ་རིང་། ང་ཚོས་ད་བར་དུ་འབད་བརྩོན་བྱས་ནས་བརྩིགས་པའི་བོད་དོན་དེ་འཐོར་ཞིག་ལ་འགྲོ་སྲིད་པའི་འབྱུང་འགྱུར་ཞིག་མཐོང་སོང་།
དེ་རིང་གི་ལས་འགུལ་བཀོད་སྒྲིག་པས་སེམས་ཤུགས་གཅོག་པ་དང་ཁོང་ཁྲོ་དྲག་པོ་སྟོན་བཞིན། བོད་རང་བཙན་དང་རྒྱ་མི་བོད་ནས་ཕར་རྒྱུགས་ཟེར་བའི་འབོད་ཚིག་ཅན་གྱི་འཕྲེད་དར་འཛིན་མཁན་བོད་མི་རྣམས་ལས་འགུལ་གྱི་ཕྱི་ལ་ཕུད་ཐབས་བྱས་སོང་། ད་དུང་། ཁོང་ཚོའི་ཁྲོད་ཀྱི་མི་ཁ་ཤས་ཉེན་རྟོག་པའི་རྩར་སོང་ནས་ང་ཚོ་འགོག་དགོས་བའི་རོགས་རམ་སློང་གི་འདུག ལྷག་པར་དུ་། བཀོད་སྒྲིག་པ་གཅིག་གིས་ང་ཚོར། ངོ་རྒོལ་ལས་འགུལ་འདིའི་ཁྲོད་དུ་འབོད་ཚིག་འདི་དག་མི་དགོས། ང་ཚོ་ལས་འགུལ་འདི་བཀོད་སྒྲིག་བྱེད་མཁན་ཡིན། བོད་རང་བཙན་དང་རྒྱ་མི་བོད་ནས་ཕར་རྒྱུགས་ཟེར་བའི་འཕྲེད་དར་དག་བེད་སྤྱོད་གཏོང་ཆོག་གི་མ་རེད་། ཞེས་བརྗོད་སོང་། ད་དུང་། ཁོང་ཚོས་ཉེན་རྟོག་པར་རེ་སྐུལ་བྱས་ནས་ང་ཚོ་མང་པོ་ཞིག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཐང་ཆེན་ལ་ཡང་འགྲོ་ཐུབ་མ་སོང་། ཉེན་རྟོག་པ་རྣམས་ཁོང་ཚོའི་རེ་སྐུལ་དེར་ཧ་ཅང་མགོ་འཐོམས་ན་ཡང་། དེ་ལྟར་བྱས་སོང་།
ད་དུང་། ནེའུ་ཡོག་དང་ནེའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་ཆེ་ཡིས་ང་ཚོའི་གྲོགས་པོ་གཅིག་ལ་འཇིགས་སྐུལ་ཡང་བྱས་སོང་། ཁོང་གིས་བརྗོད་རྒྱུར། “གཟབ་གཟབ་བྱོས། སོ་སོར་མིང་ཆད་མ་བཟོ། ཁྱེད་རང་གིས་མྱངས་གི་རེད་། བོད་རང་བཙན་སློབ་ཕྲུག་ཚོགས་པས་མྱངས་གི་རེད་། ཁྱོད་ཀྱི་ནང་མིས་མྱངས་གི་རེད་།” འདི་ནི་རྒྱུ་མཚན་གཞན་ཅི་ཡང་མ་ཡིན་པར། ང་ཚོའི་གྲོགས་པོས། “གསུམ་བཅུའི་དུས་དྲན། བོད་རང་བཙན།” ཟེར་བའི་འཕྲེད་དར་ཞིག་བཟུང་ཡོད་པས་རྐྱེན་གྱིས་རེད་། ད་དུང་དྲུང་ཆེ་འདི་ཡིས་སྟེགས་བུའི་སྟེང་དུ་མི་མང་ལ་སྐད་ཤུགས་ཆེན་པོས། ལས་འགུལ་བཀོད་སྒྲིག་བྱེད་མཁན་རྣམས་ཀྱིས་༧གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་བྱས་སོང་། ཁོང་གིས་མི་མང་ལ་མགོ་སྐོར་བཏང་ནས། ང་ཚོ་ནི་༧གོང་ས་མཆོག་དང་བོད་གཞུང་ལ་ཁ་གཏད་གཅོག་མཁན་ཡིན་པའི་སྣང་བརྙན་དེ་བསྐྲུན་ཐབས་བྱས་སོང་། ང་རང་སེམས་གཏིང་ནས་སྐྱོ་བྱུང་། ཁོང་ཚོས་༧གོང་ས་མཆོག་གི་མིང་བེད་སྤྱོད་བཏང་ནས་ཆབ་སྲིད་འཁྲབ་པ་ནི་ཇི་འདྲའི་ཐབས་སྐྱོ་བོ་ཞིག་མ་རེད་དམ། ཡིན་ན་ཡང་། ཁོང་ཚོས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་རྣམས་རྟོགས་ཀྱི་ཡོད་མ་རེད་། ངའི་མི་ཚེའི་ནང་དུ་། ང་རང་སྒེར་གྱི་སེམས་ཤུགས་ཀྱི་འབྱུང་ཁུངས་ཨ་མ་དེ་༧སྐྱབས་མགོན་རིན་པོ་ཆེ་ཡིན། ཁོང་གི་ལམ་སྟོན་འོག ༧སྐྱབས་མགོན་རིན་པོ་ཆེ་ཡིས་བོད་མི་རྣམས་ཀྱི་རྒྱུད་ལ་་མང་གཙོའི་འཆར་སྣང་དང་བཟོད་སྒོམ་གྱི་རིན་ཐང་། བསམ་ཚུལ་སྣ་ཚོགས་ལ་གུས་བཀུར་བྱེད་པའི་སྲོལ་བཟང་ཞིག་བཏབ་ཡོད་པ་རེད་།
ཁོང་ཚོའི་བྱ་སྤྱོད་དེ་ཇི་འདྲའི་ཐབས་སྐྱོ་བ་ཞིག་ཡིན་མིན་ལ་མ་བལྟོས་པར། ངས་ལས་འགུལ་བཀོད་སྒྲིག་པ་ཚོའི་ལྷན་དུ་རྒྱུ་མཚན་ཡོད་པའི་སྒོ་ནས་སྐད་ཆ་བཤད་ཐབས་བྱས་བ་ཡིན། ཡིན་ན་ཡང་། ངས་ཁོང་ཚོར་སྐད་ཆ་བཤད་ན་ཁོང་ཚོས་ཉན་འཇོག་བྱེད་རྒྱུ་ཕར་ཆོག སྐད་ཆར་ཉན་གི་ཡང་མི་འདུག ཁོང་ཚོས་ངའི་མཉམ་དུ་སྐད་ཆ་མི་བཤད་པར་མ་ཟད་། ངའི་སྒང་ལ་སྐད་ལོག་བརྒྱབ་ནས་ད་དུང་ང་ལ་ངོ་ཚ་རྒྱུ་མེད་མཁན་ཞེས་མིང་ནས་བོས་སོང་། ངས་ཁོང་ཚོའི་ལག་ཏུ་བཟུང་བའི་རྒྱ་ནག་དང་ལྷན་དུ་གྲོས་མོལ་བྱེད་པར་རྒྱབ་སྐྱོར་དགོས་ཟེར་བའི་འཕྲེད་དར་དག་ལ་བལྟས་བ་ཡིན། ཡིན་ན་ཡང་། ང་ལ་ཚོར་སྣང་ཁྱད་མཚར་བ་ཞིག་བྱུང་། བོད་དོན་འཐབ་རྩོད་ཁྲོད་དུ་ཁོང་ཚོས་བོད་མི་ཕན་ཚུན་ལ་ཡང་གྲོས་མོལ་བྱེད་མི་ཐུབ་ན། རྒྱ་ནག་ལ་ཇི་ལྟར་གྲོས་མོལ་བྱེད་དམ།
ང་དེ་རིང་ལས་འགུལ་བཀོད་སྒྲིག་པ་ཞིག་མ་ཡིན་པར། བོད་མི་དཀྱུས་མ་ཞིག་གི་ངོ་བོ་ནས་ལས་འགུལ་ལ་མཉམ་ཞུགས་བྱས་བ་ཡིན། ང་རང་ལོ་ན་ཆུང་དུས་ནས་བཟུང་བོད་དོན་ལས་འགུལ་ལ་མཉམ་ཞུགས་བྱེད་རྒྱུ་མཚམས་བཞག་མ་མྱོང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་མི་འདོད་བཞིན་དུ་གསུམ་བཅུའི་དུས་དྲན་བཀོད་སྒྲིག་ཚོགས་ཆུང་ནས་ཕྱིར་འཐེན་བྱེད་དགོས་དོན་ནི། ཚོགས་པ་གཞན་གྱི་འགོ་འཁྲིད་ཁག་གིས་ཚོགས་ཆུང་གི་ཁོངས་སུ་ང་ཚོའི་ལྟ་ཚུལ་དང་བསམ་ཚུལ་གཉིས་ཀར་གོ་གནས་མེད་པ་ཐག་གཅོད་བྱས་སོང་། ང་ཚོས་སྤྱི་ལོ་༡༩༩༤ལོ་ནས་ད་བར་དུ་ནེའུ་ཡོག་གཙོས་བའི་འཛམ་གླིང་ཡུལ་གྲུ་གང་སར་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་བཀོད་སྒྲིག་ལ་རོགས་རམ་ཤུགས་ཆེན་བྱས་ཡོད་རུང་། ད་ཐེངས་ཁོང་ཚོས་ང་ཚོ་ཡང་ནས་ཡང་དུ་བཀག་འགོག་བྱས་སོང་།
བཀོད་སྒྲིག་ཚོགས་ཆུང་ནས་ཕྱིར་འཐེན་བྱེད་པའི་ང་ཚོའི་ཐག་གཅོད་དེ་ཧ་ཅང་ཁག་པོ་བྱུང་། དབྱིན་ཇིའི་རྒྱལ་ས་ལོན་སྒྲོན་གཙོས་བའི་འཛམ་གླིང་ཡུལ་གྲུ་ཁག་ཏུ་གསུམ་བཅུའི་དུས་དྲན་བཀོད་སྒྲིག་བྱས་མྱོང་བའི་ང་རང་སྒེར་བའི་ཉམས་མྱོང་ལྟར་ན། ང་ཚོས་གཞོན་ནུ་རྣམས་ཀྱི་སྤོབས་པ་དང་འཇོན་ནུས། ལྷག་བསམ། སེམས་ཤུགས་བཅས་དུས་དྲན་ལ་འཁྱེར་ཡོང་གི་ཡོད་པ་རེད་། ང་ཚོས་ད་དུང་བོད་མི་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱང་འཁྲིད་ནས་ཡོང་གི་ཡོད་པ་རེད་། ང་ཚོའི་ལས་འགུལ་ཁག་ལ་ཕྱི་རྒྱལ་རྒྱབ་སྐྱོར་གནང་མཁན་ཡོད་པ་དེས་ག་རེ་སྟོན་གྱི་ཡོད་རེད་ཟེར་ན། བོད་ཀྱི་རྩ་དོན་དེ་བོད་མི་གཅིག་པོའི་གནད་དོན་ཞིག་མ་ཡིན་པར། རྒྱལ་སྤྱིའི་གནད་དོན་ཞིག་ཀྱང་ཡིན་པ་སྟོན་གི་ཡོད་པ་རེད་།
ཡིན་ན་ཡང་། དེ་རིང་། ང་ཚོར་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་བ་རྣམས་ལ་ཆེ་མཐོང་སྤྲོད་རྒྱུའི་ཚབ་ལ། བཀོད་སྒྲིག་གནང་མཁན་ཚོས་ང་ཚོར་རྒྱབ་སྐྱོར་གནང་མཁན་རྣམས་ལ་བག་ཆགས་ངན་པ་འཇོག་པའི་ཁོར་ཡུག་ཅིག་བསྐྲུན་སོང་། དེ་རིང་། བོད་དོན་རྒྱབ་སྐྱོར་བ་གཉིས་ལ་ང་ཚོ་རང་གི་མིས་རྣམ་འགྱུར་ངན་པ་སྤེལ་བ་དེ་ང་རང་གིས་དངོས་སུ་མཐོང་བྱུང་། རྒྱུ་མཚན། ཁོང་གཉིས་ང་ཚོའི་ལྷན་དུ་ཡོད་པས་རེད་། ང་ཚོ་རང་བཙན་རྩོད་མཁན་རྣམས་ཀྱི་མཉམ་དུ་ཡོད་པས་རེད་། ངའི་ལས་གྲོགས་ལུའུ་སི་(Lucy)ཡིས་མི་ཚོགས་ཀྱི་ཁྲོད་དུ་ཡོད་པའི་བོད་པའི་བུད་མེད་ཞིག་ལ། “ང་ཚོ་རྒྱ་ནག་གཞུང་ཚབ་ཁང་དུ་ད་ལྟ་འགྲོ་གི་རེད་དམ།” ཞེས་དྲིས་པར། བུད་མེད་དེས་ལུའུ་སི་ཡི་གདོང་ལ་མཛུབ་མོ་བཀེར་བཞིན་དུ་། “ངས་ཁྱོད་ཀྱི་མཉམ་དུ་སྐད་ཆ་བཤད་གི་མིན་” ཟེར། ད་དུང་། སྤྱི་ལོ་༡༩༨༥ལོར་བོད་ལ་བསྐྱོད་ཅིང་། དུས་དེ་ནས་བཟུང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ང་ཚོའི་རྒྱབ་སྐྱོར་བ་རྒན་པ་ཞིག་ཧ་ཅང་སེམས་སྐྱོ་ཞིང་། ཁྱིམ་དུ་ལོག་སོང་།
ང་ཚོ་ཅི་ཞིག་ཆགས་བཞིན་ཡོད་དམ། ཅིའི་ཕྱིར་ང་ཚོ་འཐོར་ཞིག་ཏུ་འགྲོ་གི་ཡོད་པ་རེད་། ངའི་བསམ་ཚུལ་ལ་འདི་ནི་འཐོར་ཞིག་དངོས་མ་ཞིག་མ་རེད་། ང་ཚོ་སོ་སོའི་ལུང་པ་དང་མི་རིགས་ཀྱི་འཚོ་གནས་ཆེད་དུ་འཐབ་རྩོད་ཁྲོད་ལྷུང་ནས་ཡོད་པ་རེད་། ང་ཚོར་བསམ་ཚུལ་མི་འདྲ་བ་ཡོད་སྲིད་། ཡིན་ན་ཡང་། ཕུགས་ལ་ང་ཚོས་བསམ་ཚུལ་མི་མཐུན་པ་རྣམས་ཟུར་ལ་བཞག་ནས་མཉམ་དུ་ལས་ཀ་བྱེད་དགོས་རེད་། འོན་ཀྱང་། མཉམ་ལས་བྱེད་པ་ལ་ང་ཚོ་ཚང་མ་ལམ་གཅིག་དང་ཐིག་གཅིག་གི་ནང་ལ་སྡོད་དགོས་མ་རེད་། ང་ཚོས་སོ་སོ་དང་བསམ་ཚུལ་ཅུང་མི་མཐུན་པ་བྱུང་ན་དེ་ཕྱི་ལ་འབུད་པ་དང་མཐའ་ལ་འདེད་པ། ཁ་སིམ་མེར་བཟོ་བ་སོགས་བྱེད་མི་ཉན། དེ་ལྟར་བྱས་ན་རྒྱ་ནག་གཞུང་ལ་དགོས་རྒྱུ་དེ་རེད་། ཁོང་ཚོས་བོད་ནང་དུ་ལག་བསྟར་བྱེད་བཞིན་པ་ཡང་དེ་རེད་། འདི་ནི་བོད་མི་རྣམས་ཀྱིས་བསྐྲུན་འདོད་པའི་འཛམ་གླིང་དེ་མ་རེད་།
དེ་རིང་གི་ཉིན་མོ་འདི་ལ་བསྐྱར་དུ་བསམ་ན། ངོ་ཚ་བའི་བྱ་སྤྱོད་གཅིག་རང་མཐོང་བ་ནི། ནེའུ་ཡོག་དང་ནེའུ་འཇར་སིས་བོད་རིགས་ཚོགས་པའི་འགོ་འཁྲིད་དག་གིས། ཁྱོད་གསུམ་བཅུའི་དུས་དྲན་ལ་བཅར་ཆོག་དང་ཁྱོད་མི་ཆོག་ཟེར་ནས་མི་མང་དབྱེ་བགོས་བྱེད་བཞིན་པའི་བྱ་སྤྱོད་དེ་རེད་། གསུམ་བཅུའི་དུས་དྲན་སྲུང་བརྩི་དང་དེ་ལ་མཉམ་ཞུགས་བྱེད་པ་ནི་བོད་མི་རྣམས་ལ་སྐྱེས་ཙམ་ནས་ཡོད་པའི་ཐོབ་ཐང་ཞིག་རེད་། བོད་ནང་དུ་དཔའ་ངར་ལྡན་པའི་སྒོ་ནས་རྒྱ་ནག་གཞུང་གི་གཉའ་གནོན་ལ་ཁ་གཏད་གཅོག་མཁན་གྱི་བོད་མི་རྣམས་ཀྱི་སླད་དུ་། སྐད་འབོད་བྱེད་རྒྱུ་ནི་ང་ཚོའི་འོས་འགན་རེད་། དུས་དྲན་འདི་ནི་མི་མང་གི་ཆེད་དུ་བཀོད་སྒྲིག་བྱས་བའི་དུས་དྲན་ཞིག་རེད་ལ། གཙོ་བོ་ལོ་རྒྱུས་ཁྲོད་བྱུང་བའི་བོད་མིའི་ཡར་ལངས་ལ་དྲན་གསོ་དང་སྲུང་བརྩིའི་སླད་དུ་རེད་། འདི་ནི་གང་ཟག་རེ་གཉིས་ཀྱིས་སྟངས་འཛིན་བྱས་ཆོག་པའི་དུས་དྲན་སྒེར་བ་ཞིག་མ་རེད་། གསུམ་བཅུའི་དུས་དྲན་ནི་ཚོར་བའི་ཉིན་མོ་ཞིག་རེད་། ལོ་རྒྱུས་ཀྱི་ཉིན་མོ་ཞིག་རེད་། ང་ཚོས་རྒྱ་གཞུང་གིས་བཙོན་འཇུག་དང་དམར་གསོད་བྱས་ཚར་བའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་བྱེད་པའི་ཉིན་མོ་ཞིག་ཀྱང་རེད་། ལྷག་པར་དུ་། འདི་ནི་བོད་ནང་དུ་བཞུགས་པའི་བོད་མི་སྤུན་ཟླ་རྣམས་ཀྱི་ཆེད་དུ་སྐད་འབོད་བྱེད་པའི་ཉིན་མོ་ཞིག་ཀྱང་རེད་།
མཐར་ཐུག་ན། ངས་བསམ་པར་དེ་རིང་གསུམ་བཅུའི་དུས་དྲན་འཕྲོགས་མཁན་གྱི་བཟོད་སྒོམ་མེད་པའི་བོད་མི་འདི་དག་གིས་བོད་པའི་འཐབ་རྩོད་ལ་བརྩི་བཀུར་བྱས་མེད་པ་མ་ཟད་། དབུ་མའི་ལམ་ལ་ཡང་བརྩི་འཇོག་བྱས་ཡོད་པ་མ་རེད་། གང་ལྟར། ང་ཚོས་ཁོང་ཚོའི་ཐལ་དྲགས་པའི་བྱ་སྤྱོད་དེས་བོད་ཀྱི་འཐབ་རྩོད་ལ་གནོད་སྐྱེལ་འཇུག་གི་མིན། འཇིགས་སྐུལ་གྱི་ཐབས་ལམ་སོགས་གང་ཞིག་ཁོང་ཚོས་རྗེས་མར་བེད་སྤྱོད་གཏོང་ཡང་རུང་། ང་ཚོས་ནམ་ཡང་གསུམ་བཅུའི་དུས་དྲན་གྱི་འབོད་སྒྲ་སྟེ། བོད་རང་བཙན། རྒྱ་མི་བོད་ནས་ཕར་རྒྱུགས་ཟེར་བའི་འབོད་ཚིག་དེ་ལོ་རྒྱུས་ཁྲོད་བརྟན་པོར་ཉར་གི་ཡིན།
བོད་ཀྱི་དར་ཆ་ཀྱང་ཁྱེར་མི་ཆོག་ཟེར་སྲིད གསུམ་བཅུའི་དུས་དྲན་ལ་འགྱུར་བ་གཏོང་རྒྱུའི་དབང་ཆ་གོང་ས་མཆོག་ལ་འང་མེད་། ༥༩ ལོའི་དངོས་བྱུང་ལ་དྲན་གསོ་རེད་
རང་བཙན་སྐད་འབོད་བྱེད་མཁན་ནོར་བ་རེད་དམ། རང་བཙན་སྐད་འབོད་འགོག་མཁན་ནོར་བ་རེད། ལགས།
ནིའུ་ཡོག་གི་བོད་པ་རང་བཙན་ལ་ངོ་རྒོལ་བྱེད་མཁན་ཚོར། ཁྱེད་ཚོ་སྐྱབས་བཅོལ་ཞུ་དུས་རྒྱ་ནག་གི་བོད་པར་སྡུག་པོ་བཏང་རབས། བོད་འཕྲོག་རབས། བོད་མ་ི་བསད་པ་དང་བཙོན་ལ་བཅུག་རབས། རང་ཉིད་ཀྱང་བོད་ནང་དུ་ཉང་རབས་བཤད་རྒྱུ་ཡོད། ད་ལྟ་ཁྱེད་ཚོས་བྱེད་སྟངས་ལ་བལྟས་ན་རྒྱབ་་འགལ་རེད་འདུག བྱས་ཙང་མི་འདི་ཚོ་ཨ་རི་གཞུང་གི་སྐྱབས་བཅོལ་ལྷན་ཁང་ལ་་ཞུས་ནས་ཕྱིར་འབུད་བཏང་དགོས། ཁོང་ཚོར་ཨ་རིར་སྐྱབས་བཅོལ་གྱི་མཚན་ཉིད་ཚང་མི་འདུག
འགོ་ཁྲིད་ཚོ་འུ་ཐུག་པའི་རྟགས་རེད། བོད་རང་བཙན་ཟེར་ནས་སྐད་འབོད་བྱས་ན་ཁེ་ཕན་ཡོད་མེད་ཁྱོད་ལ་རྣམ་དཔྱོད་ཀྱི་མིག་ཅིག་ཡོད་ན་རྟོགས་སླ་བོ་རེད། བོད་མི་བརྒྱ་ཆ་དགུ་བཅུས་༧རང་བཙན་དོར་ནས་དབུ་མའི་ལམ་འདོད་མཁན་རེད། འོང་ཀྱང་མི་ཕལ་མོ་ཆེས་༧གོང་ས་མཆོག་གི་དགོངས་པ་དབུ་མའི་ལམ་ཡིན་ཞེས་ཁ་ནས་མ་ནི་བགྲངས་པ་བཞིན་ཡིན་ཀྱང་དོན་ལ་རང་བཙན་དང་དབུ་མའི་ལམ་གྱི་ཁྱད་པར་ཤེས་ཐུབ་ཀྱིན་མེད་པ་གསལ་པོ་རེད། དེ་མིན་ང་ཚོས་རྒྱ་ནག་གི་མངའ་ཁོངས་ནས་མི་རིགས་རང་སྐྱོང་ཞིག་རྩོད་བཞིན་དུ། བོད་རང་བཙན་དགོས། རྒྱ་མི་བོད་ནས་ཕར་ལོགས་ཟེར་ནས་ཇི་ལྟར་ངོ་རྒོལ་བྱེད། འགོ་ཁྲིད་ཚོར་ཁག་མེད་པ་རེད། རང་བཙན་འདོད་མཁན་ཡིན་ན་མ་གཏོགས་བོད་རྒྱ་གཉིས་ཀྱི་རྒྱལ་དར་ངེས་པར་དུ་དགོས་པ་རེད། སྲིད་འཛིན་ཞི་ཇིན་ཕིན་དང་༧གོང་ས་མཆོག་གཉིས་ཀྱི་སྐུ་པར་མཉམ་དུ་བསྒྲེངས་དགོས་པ་རེད། ཡིན་ནའང་རང་བཙན་འདོད་མཁན་ཚོས་མཐའ་གཅིག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་པ་རེད། ང་རང་ལ་ཆ་བཞག་ན་རང་བཙན་འདོད་མཁན་ཡིན་ཀྱང་རང་བཙན་ཇི་ལྟར་རྩོད་མིན་ལ་བསམ་གཞིགས་ནན་མོ་ཞིག་བྱས་ཚེ། དུས་དང་འཚམས་པའི་དབུ་མའི་ལམ་འདི་ལས་ལྷག་ཅིག་མེད་པའི་ངེས་པའང་རྙེད་ཀྱིན་འདུག །
མི་ལོ་ལྔ་བཅུ་ང་དྲུག་གི་རིང་ལ་རང་བཙན་གྱི་འབོད་སྒྲ་འགོག་མཁན་རྒྱ་ནག་གཅིག་པོ་ལས་བྱུང་མྱོང་མེད་ དེ་རིང་བོད་པ་རང་ངོས་ནས་རྒྱ་ནག་གི་འདོད་དོན་ཡོངས་སུ་བཀང་སོང་ མ་གཞི་དེང་སང་བོད་མི་ལག་པ་ཕྱི་ནང་མི་ཤེས་མཁན་མགའ་རེས་རང་བཙན་གཙོད་ན་ནུས་པ་མེད་རབས་དང་ འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་མེད་ཚུལ་བཤད་བཞི་པ་དེ་རྒྱ་ནག་ལ་དགོས་རྒྱུའི་པག་ལ་པག་ཁུ་ད་ར་མ་ཡིན་ནམ་།
ངས་ཡག་པོ་འདུག་ཟེར་ནས་བཤད་ཤེས་མ་སོང་ལ། ཡག་པོ་མི་འདུག་ཟེར་ནས་ཀྱང་བཤད་ཤེས་མ་སོང་། གང་ལྟར་ཉེ་ལམ་གནས་ཚུལ་འདི་ཐོག་མར་དབྱིན་ཡིག་ནང་ས་བསྒྲགས་གནམ་བསྒྲགས་བྱེད་མཁན་དང་པོ་དེ་པད་མ་ཡུ་ཁོ་ཟེར་བ་ཁོང་རེད། ཁོང་བུད་མེད་ཅིག་རེད། ཨ་མ་འཇར་པན་བ་ཞིག་རེད། མཐར་དེད་ན་བོད་པ་ཕྱེད་ཀ་ཞིག་རེད། སྔོན་མ་ནས་བོད་དོན་སྐོར་གྱི་ལས་འགུལ་གང་འཚམས་སྤེལ་མྱོང་མཁན་ཞིག་རེད། ད་རེས་ཀྱི་གནང་སྟངས་དེས་འདས་པའི་གྲུབ་འབྲས་ཚང་མ་ནག་གསུབ་བཏང་སོང་བ་མ་ཟད། མོ་རང་གི་ལོ་རྒྱུས་དང་རྒྱབ་ལྗོངས། ཕྱག་ལས་གནང་སྟངས་ཡོངས་རྫོགས་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པ་དང་སྡུག་ཕྱོགས་ནས་བཤད་ན་དོགས་པ་ཟ་དགོས་པ་ཞིག་ཆགས་སོང་།
བུ་མོ་དར་ལ་དོགས་པ་བྱ་དགོས་ན། བོད་མི་ཉེན་རྟོག་པང་རྩིས་སྤྲོད་མཁན་འགོ་གཙོ་དེ་དག་ལ་དོགས་པ་དེ་བས་བྱེད་དགོས་པ་འདུག གཞུང་གི་གནང་སྟངས་ལ་སྲིད་ཇུས་ཟེར། དམངས་ཀྱི་བྱེད་སྟངས་ལ་འདོད་མོས་ཟེར། དེ་གཉིས་ལ་ཁྱད་པར་ཡོད། འགོ་གཙོ་དེ་དག་གིས་སྲིད་ཇུས་ཁ་ལ་ཁྱེར་ནས་འདོད་མོས་འབུར་འཇོམས་བྱེད་པ་ནི་བརྒྱ་ཁ་གཅིག་གཅོད་ཀྱི་སྒེར་གཅོད་པའི་བྱེད་སྟངས་རེད། སྲིད་ཇུས་དོན་ཐོག་འཁྱོལ་ན་ལག་ལེན་བསྟར་ཆོག འོན་ཀྱང་འདོད་མོས་ལ་བཀག་འགོག་དང་རྡོག་རོལ་བཏང་མི་ཉན། བྱས་ཙང་འགོ་གཙོ་དེ་ཚོའི་བྱེད་སྟངས་དེ་ལྐུགས་རྟགས་ཚ་པོ་རེད། ཁོང་ཚོ་ལ་ཨ་རིའི་གཞུང་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་པའི་སློ་ཚན་ཁྲིད་དགོས་ས་རེད།
ཐོབ་རྒྱུ་མེད་པའི་རང་བཙན་ཞིག
འཛིན་རྒྱུ་མེད་པའི་ལྟ་བ་ཞིག
ཉན་ས་མེད་པའི་ཁྱབ་བསྒྲགས་ཞིག
རེ་བ་མེད་པའི་བོད་དོན་ཞིག
མགོ་རྔ་མེད་པའི་འཐབ་རྩོད་ཞིག
ཧ་ཧ་ཧ།
པད་མ་་ཡོ་ཁོ། སྐུ་ཉིད་ཕྱི་ལོག་ནས་མཚར་ལོངས་བྱུང་བའི་སྟོབས་ཀྱིས་སྤྱིནདོན་ལ་ལྷག་བསམ་དཀར་བ་ལས། བོད་པ་ཚོས་་ཚིག་ངན་བརྗོད་པ་ཙམ་མ་ཟད། དད་འདུན་མ་གཅིག་ན་གསོད་མཁན་དང་། དད་པ་མ་གཏོགས་ཅི་ཡང་མི་དགོས་མཁན་ཡང་ཡོད་པས། སྤྱི་དོན་གྱི་ཁེ་ཕན་བསམ་གི་མ་རེད། སྒེར་དོན་གྱི་དད་པ་ནི་སྤྱི་དོན་ལས་གལ་ཆེན་དུ་ལྟ་བས། རྒྱ་ནག་ཡིན་ཡང་དད་རྟེན་སྐུ་ལོ་ཚོ་བདག་པོ་རྒྱག་དགོས་བྱུང་བ་རེད།
གནས་ཚུལ་དེ་ཐོས་རྗེས་སེམས་སྐྱ་མོ་ཐང་ལ་ལྷུང་སོང་། རྒྱུ་མཚན་གང་རེད་ཟེར་ན། ད་ལྟའི་བར་དུ་ལོ་ངོ་བཅུ་ཕྲག་འགའི་རིང་ལ་སྐྱབས་མགོན་རིན་པོ་ཆེའི་ཐུགས་ཁུར་འོག་བསྐྱེད་བསྲིངས་དང་ཚར་ལོངས་བྱུང་བའི་ང་ཚོའི་ཆབ་སྲིད་ཀྱི་གནས་ཁྲིད་པ་ཚོའི་འཇོན་ཐང་དང་། ཤེས་ཚད། དམངས་གཙོའི་གོ་རྟོགས། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་མཁྱེན་རྒྱ་ནི་ཅི་འདྲའི་གུ་དོག་པོ་ཞིག་རེད་ཨང་། ངོ་མ་བློ་ཕམ་བྱུང་སོང་། ང་ཚོའི་མི་རབས་འདིའི་ཆབ་སྲིད་པ་ཚོ་གཉིད་ལས་བསད་པའི་རེ་བ་མི་འདུག ང་མ་ཤི་བར་དུ་རྣམ་དཔྱོད་དང་སྙིང་སྟོབས་ལྡན་པའི་མི་རབས་གསར་བ་ཞིག་མཐོང་ཐུབ་པར་སྨོན།།
ཞིབ་འཇུག་པ་ཞིག་གི་ངོས་ནས་བལྟས་ན། དབུ་མའི་ལམ་ནི་མཐའ་གཉིས་སུ་མ་ལྷུང་བ་ཞིག་ཡིན་ཞེས་རྒྱལ་བ་རིན་པོ་ཆེ་ནས་གསུངས་ཡོད་པ་རེད། ཡིན་ནའང་། རྒྱ་དམར་གཞུང་གི་རྩ་ཁྲིམས་འོག་ཏུ་འཛུལ་བའི་གདམ་ག་གནང་བ་ནས་ལམ་དབུ་མ་ལས་འགྱུར་ནས་མཐའ་གཅིག་ཏུ་ལྷུང་བའི་གཡོན་ལམ་ཞིག་ཏུ་གྱུར་ཡོད། དྲང་པོར་ཞུས་ན། གཡོན་ལམ་འདིའི་ཇུས་འགོད་པ་ཟམ་གདོང་རིན་པོ་ཆེ་ཡིན་ལ། མཐའ་མའི་ལག་བསྟར་ཐད་རྒྱལ་བ་རིན་པོ་ཆེ་ལ་དགོངས་བསྐོར་ཞུས་ནས་ཐག་བཅད་པ་ཡིན་ཚུལ་ཕྱི་ལ་བསྒྲགས་ཡོད། གང་ལྟར་ཟམ་གདོང་རིན་པོ་ཆེ་ཡི་ཕྱག་གཡས་པ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཕྱག་གཡོན་པ་དོན་གཅོད་ཟུར་བ་བློ་བཟང་སྙན་གྲགས་ཡིན་པ་ནི་ཡོངས་གྲགས་དང་། སྒོས་སུ་༢༠༡༦ལོར་སླེབས་གྲབས་ཡོད་པས་མ་འོངས་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་དབུ་ཁྲིད་འོས་འདེམས་ཀྱི་རྒྱལ་ཁ་སྤེན་པ་ཚེ་རིང་ལགས་སམ་བློ་བཟང་སྙན་གྲགས་གང་རུང་ལ་ཐོབ་པར་བརྩོན་སྲིད་པ་ནི་ཟམ་གདོང་རིན་པོ་ཆེ་མཆོག་ད་དུང་སྐུ་སྒེར་ཡིག་ཚང་གི་དབུ་ཁྲིད་གཉིས་པ་ལྟ་བུའི་ལས་གནས་སུ་ཡོད་པ་ཁོ་ནས་ཀྱང་གསལ་བཤད་བྱེད་ཐུབ། དེ་བས། རྩོད་རྙོག་འདི་དག་གི་རྩ་བ་ཐུག་སའང་ཞོར་དུ་མངོན་ཡོང་གིན་ཡོད། ཚང་མས་གནད་དོན་ལ་ལྟ་སྐབས། ངོ་གདོང་ཙམ་མ་ཡིན་པར་རྒྱབ་ལྗོངས་བརྒྱུད་ནས་དངོས་དོན་ཤེས་པར་བྱ་བ་ནི་གནད་དམ་པའོ།
བོད་རང་བཙན་ལབ་ཆོག་གི་མེད་ན་བོད་ཀྱི་ཆབ་སྲིད་བརྩོན་པ་ཚང་མ་ནག་པོ་བཟོས་་པ་རེད་ ཁོང་ཚོའི་བོད་རང་བཙན་ཆེད་དུ་ལས་དཀའ་བྱས་ནས་རྒྱ་ཡི་བཙོན་དུ་ཚུད་པ་རེད་། ད་རང་བཙན་ལབ་ཆོག་གི་མེད་ན་ཨོ་སི་ཊི་ལ་ཡ་དང་ཨ་རི་སུད་སི་སོགས་ལ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ཡིན་ཟེར་མཁན་ཚངམ་བོད་ཕར་སློག་དགོས་པའི་ཡི་གེ་གཏོང་དགོས་པ་རེད་།
ང་ཚོ་མི་ཡུལ་དུ་རང་བཙན་ཆེད་ཡོང་མེད་ན་མི་གཡོག་རྒྱུགས་ཏུ་ཡོང་བ་རེད་པས་། རང་བཙན་ལབ་ཆོག་གི་མེད་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་ག་རེ་བྱས་ནས་བེད་སྤྱོད་གཏོང་གི་ཡོད་རེད་།
ད་ང་ཚོས་རྒྱ་གར་གྱི་གཙོས་པའི་བོད་མི་འདུས་ཀྱི་རྒྱལ་ཁབ་ཚང་མར་ཡི་གེ་བཏང་ནས་བོད་རང་བཙན་ལབ་མི་ཆོག་མཁན་ཚང་མ་བོད་ཕར་སློག་རོགས་ཞུ་གི་ཡིན་ནོ་། ད་ཡིག་གེ་གཏོང་རྒྱུ་དེ་རིང་ནས་འགོ་འཛུགས་ཡ་ཡོན་ནོ་།
ལྷ་སྡེ་གནམ་ལོ་ཡག་གིས་བཤད་པ་དེ་དེ་བཞིན་ནོ། ཟམ་གདོང་གིས་མགོ་སྐོར་ལ་མི་མང་པོ་ཞིག་མགོ་འཐོམ་ནས་བསྡད་ཡོད་པ་རེད། མདོར་དྲིལ་ན་ ཟམ་གདོང་གིས ་༼ཆོས་ལུགས་ཀྱི་ཆེད་དུ་མི་རིགས་ཉམས་ནའང་ཉམས།༽ཟེར་བ་དེ་ལས་ལྷག་པའི་གསལ་བཤད་ཅིག་དགོས་པ་མི་འདུག་
པདྨ་ཡོ་ཁོ་ལགས་ཀྱིས་གསལ་བཤད་ཡག་པོ་བྱས་འདུག
ཨ་རི་ནེའུ་ཡོག་ནས་གསུམ་བཅུ་དུས་དྲན་བཀག་མཁན་གྱི་རྒྱ་དམར་གཞུང་གི་ལས་རོགས་སྐལ་བཟང་འཕྲིན་ལས་ཅན་ནི། བོད་མི་ཚང་མས་གཟབ་དགོས་པའི་མི་ཞིག་རེད། ཁོས་ཨ་རི་ནས་རྒྱ་དམར་དང་མཉམ་དུ་ལག་འབྲེལ་གྱིས་མི་ཚོང་དང་ནག་ཚོང་རྒྱག་གི་ཡོད། ཐ་ན་མདོ་སྨད་སྤྱི་འཐུས་ཡེ་ཤེད་སྒྲོལ་མའི་བཟའ་ཚང་བར་ལ་འཛུལ་ནས་གཏོར་བཤིགས་བྱས་ཡོད།
རང་བཙན་གསུངས་མཁན་ཚོའི་སེམས་ཤུགས་ལ་བསྔགས་བརྗོད་ཡོད། འོན་ཀྱང་ང་ཚོའི་གནས་སྟངས་ཀྱི་ཆ་ནས་རང་བཙན་སྒྲུབ་པའི་ཆ་རྐྱེན་ཚང་མིན་ལ་དགོངས་པ་ཟབ་བཞེས་གནང་གལ།
ང་ནི། བོད་རང་བཙན་རག་པའི་རེ་བ་མེད་ལ། རང་བཙན་གྱི་ཕན་ཐོགས་ཀྱང་མི་མཐོང་། དེས་ན་གཉིས་སྨན་དབུ་མའི་ལམ་ལ། ཨུ་ཚུགས་མཐར་བསྐྱལ་གྱིས། སྐད་འབོད་བྱ་རྒྱུར་བློ་ཐག་བཅད་པ་ཡིན་ནོ།།
ཁྱེད་ཚོ་ལམ་དབུ་མར་རྒྱབ་སྐྱོར་བྱེད་མཁན་ཚང་མས། རང་བཙན་དང་། རྒྱ་མི་བོད་ནས་མ་སྡོད་ཕར་སོང་ཟེར་ན་འགལ་བ་རེད། ད་དུང་༧་གོང་ས་མཆོག་གི་སྐུ་པར་མཉམ་དུ་སྲིད་འཛིན་ཞི་ཇིན་ཕིན་གྱི་སྐུ་པར་འཁྱེར་དགོས་པ་རེད། བོད་ཀྱི་རྒྱལ་དར་མཉམ་དུ་རྒྱ་ནག་གི་རྒྱལ་དར་བསྒྲེང་དགོས། སྐད་འབོད་ནི། བོད་ལ་རང་དབང་དགོས། སྨྲ་བརྗོད་རང་དབང་དགོས། ཆོས་ལུགས་དད་མོས་རང་དབང་དགོས་སོགས་ཀྱི་སྐད་འབོད་དགོས་པ་ལས། རང་བཙན་སོགས་དགོས་པ་མ་རེད། ཧ་གོ་སོང་ངམ། ཁ་ནས་དབུ་མ་ཡིན་ཞེས་ཁས་བླངས་ནས་ལག་ལེན་ཏུ་རང་བཙན་སྟར་ན་ག་ལ་འགྲིག། ཧ་གོ་སོང་ངམ། ང་བློ་ཕམ་ཆེན་པོ་ཞིག་ལ། ཁྱེད་ཚོས་ད་དུང་དབུ་མའི་ལམ་དང་རང་བཙན་གྱི་ཁྱད་པར་ཤེས་ཀྱིན་མེད་པ་འདྲ། ཧ་གོ་སོང་ངམ། དབུ་མའི་ལམ་འདོད་མཁན་ཚང་མས་རང་བཙན་ཡིན་ཞེས་ཟེར་བ་ཡོད་པ་མ་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ནས་བཟུང་རང་བཙན་དོར་ཚར་བ་རེད། ཧ་གོ་སོང་ངམ། ད་དུང་དེ་ཙམ་མ་ཤེས་ན། ཁྱེད་ཚོ་དུད་འགྲོ་དང་གཅིག་པ་རེད། ཧ་གོ་སོང་ངམ།།
ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ཞབས་འདྲེན་རི་རབ་ལྟ་བུ་ཞུས་སོང། མི་ལོ་ལྔ་བཅུ་ལྷག་ལག་པས་དཀའ་ལས་བརྒྱབ་ནས་བྱས་པ་དེ་་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་རྐང་པས་བསུབ་སོང། ད་ལོ་་གྱ་སྟོན་གྱི་ཉིན་མོར་རྒྱ་དཔོན་ལའང་མཎྚལ་བརྟན་བཞུགས་འབུལ་ཐུབ་ན་དབུ་མའི་དམིགས་ཡུལ་འགྲུབ་ངེས།
སྤྱིར། ང་རང་ཁ་བརྡ་ཚང་ལ་ལྟ་ཀློག་བྱེད་དུ་ཡོང་བ་ལས། མཆན་ཆོག་རེ་བྲིས་བ་དེ་ཡིས་མྱི་བདག་སུ་ལ་ཡང་དགོས་བ་དང་ཕན་པ་ཅི་གང་མེད་པའི་ངེས་ཤེས་ཞིག་གིས་ང་རང་གཉིད་དུ་ལོག་པ་ཡིན། རེད་དེ།
ད་རེ་ཡི་གནད་དོན་འདིས་ང་རང་བསད་དུ་བཅུག་སོང་། རྒྱུ་མཚན་ལམ་དབུ་མ་བས་རྒྱལ་ཁ་ལངས་ཕྱིན་ནས་ཡང་། བོད་རང་བཙན་པ་ཚོ་མི་རབས་མི་ཉུང་བ་ཞིག་ལ། འཇིག་རྟེན་ཆག་འཇིག་གི་འཁོར་ལོ་སྐོར་ནས། ཤི་མ་གསོན་གྱི་གཡུལ་ས་ཞིག་ནས། ལམ་དབུ་མ་བའི་རྒྱལ་ཁའི་མཐའ་ཡི་ཕམ་ཁ་འཁུར་དུས། གསོལ་ཇ་ཚ་བོ་ཞིག་དང་སྐྱབས་བཅོལ་བསྐྱར་དུ་འབྱོར་སའི་གཡུལ་ཁྱིམ་ལོ་རྒྱུས་ཡོད་པ་ཞིག་ལོས་མི་ཉན་བསམ་པ་ལས། ང་བརྒྱད་ཚུན་གྱི་ལྷ་རྟེན་གཏོར་ནིའི་བོད་མི་དང་ནུས་བོ་ཡོར་ཁུའི་རང་བཙན་འགོག་ནིའི་བོད་མི་ཚོ་ལ། ཁྱོ་ངན་ང་བཟང་གི་ནང་འཁྲུག་མི་བྱེད་པའི་དམ་བཅའ་འདི་བསྐུར་བ་ཡིན།
རང་བཙན་རྩོད་ནི་ཚོས་རང་བཙན་བསྟན་དགྲ་དགྱ་དམར་སྔུན་ནས་རྩོད་ཅིག།
དབུ་མ་རྩོད་མཁན་ཚོས་དབུ་མ་ཨ་ཞང་གི་སྒོ་མདུན་ནས་རྩོད་ཅིག།
ང་ཚོ་ནི་ནམ་ཡང་རྒྱལ་ཁ་ཤོར་མཁན་དང་། རྒྱ་ཁབ་ཤོར་མཁན་གཅིག་པ་ཡིན་པ་ལས།
སྔོན་མ། དགྲ་སྔུན་ནས་འཐབ་དུས་ཡང་མཉམ་དུ་མེད་ལ། ད་ལྟ། བཙན་བྱོལ་ནས་རྩོད་དུས་ཡང་མཉམ་དུ་མ་ཡོད་ན་ཡང་། སློབ་སྦྱོང་ནས་སློབ་སྦྱོང་། ངན་སྤྱོད་ནས་བཟད་སྤྱོད་ཞིག་རག་རྒྱུ་ཡོད་སྲིད་པས། བདེན་པ་རྒྱལ་གྱུར་ཅིག།
རེད་དེ། མགོ་ནག་རྩམ་ཟན་དང་ཁ་བ་གངས་ཅན་ནི། དེ་རིང་། སང་ཉིན། མི་རབས་ཕྱི་མ་ནས་ཕྱི་མར། ཡལ་མི་སྲིད།
སྤུན་ཁོ་ཚོ། ནོར་འཁྲུལ་ལ་ངོ་མ་ཚ།
སྤུན་ཁོ་ཚོ། བྱས་ཉེས་ལ་ཡིད་མ་ཆད།
ང་ཚོས་ནི།
རང་བཙན་རྩོད་བཞིན། སྐྱབས་བཅོལ་ལེན་བཞིན་འགྲོ་ཡ།
བོད་རང་བཙན་རག་པའི་རེ་བ་མེད་པ་དང་རང་བཙན་གྱི་ཕན་གྱི་མམེད་ན་། གཟི་སྨན་དབུ་མའི་ལམ་གྱི་དེ་བས་ཀྱང་ཕན་ཨ་ཡོང་། ང་ཚོ་མི་ཐོག་འདིའི་མ་འཇོན་ན་མི་ཐོག་རྗེས་མའི་འཇོན་གྱི་མ་རེད་བསམ་ན་ནོར་བ་རེད་། མི་རབས་རྗེས་མའི་མདུན་ལམ་དེ་ནག་པོ་ནམ་ཡང་བཟོ་མི་ཉན་། རྒྱ་ནག་གི་རྩ་ཁྲིམས་འོག་ལ་བསྡད་ནས་མི་རིགས་ས་གནས་རང་་སྐྱོང་གི་་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་དགོས་ཟེར་བ་དེ་ནི་་མ་འོངས་བོད་མི་་རབས་རྗེས་མའི་ཆབ་སྲིད་ཀྱི་མདུན་ལམ་རང་ཐག་རང་གཅོད་ལ་བརྡོ་ཕོག་བཏང་བ་ནས་རྒལ་སྤྱིའི་ཁྲིམས་དང་་འགལ་བ་མ་རེད་དམ་།
རང་བཙན་ནི་སྐྱེས་མ་ཐག་པའི་འགྲོ་བ་མི་ཞིག་གི་བླ་ན་མེད་་པའི་ཐོབ་ཐང་ཞིག་ཡིན་པ་ནི་ད་ལྟ་བར་ང་ཚོའི་རྒྱལ་སྤྱི་ལ་བོད་ནང་རང་བཙན་དགོས་རང་དབང་དགི་ཟེར་ནས་སྐད་རྒྱག་གི་ཡོད་པ་མ་རེད་དམ་།
བོད་མི་རིགས་ཀྱི་བླ་བཙོང་མི་ཉན་ནོ་།
ཕ་བཟང་གི་བུ་ཚོ་།
མ་བཟང་གི་བུ་མོ་ཚོ།
སེམས་རྩ་བརྟན་གོ་།
བློ་ཐག་ཆོད་གོ་།
རང་བྱུང་རིག་པའི་རྡོ་རྗེ་ལགས། ཁྱོད་དབུ་མའི་ལམ་ཟེར་བ་དེའི་གོ་དོན་རྟོགས་མཁན་དང་ངེས་ཤེས་བརྙེད་མཁན་ཞིག་གིས་ངོས་ནས་བྱས་ན་རྒྱ་མི་བོད་ལ་མ་སྡོད་ཟེར་ན་དབུ་མའི་ལམ་གྱི་དགོངས་དོན་དང་འགལ་སོང་བ་ཨེ་རེད། ཏྭ་ལའི་བླ་མའི་དགོངས་གཞི་དང་འགལ་སོང་བ་ཨེ་རེད།
དབུ་མའི་ལམ་གྱི་དམིགས་ཡུལ་གཙོ་བོ་རྒྱ་མི་མང་པོ་བོད་ལ་གནས་སྤོ་ཡོང་དགོས་པ་ཨེ་རེད། བོད་ལ་བོད་མི་ལས་རྒྱ་མི་མང་བར་ཆགས་བཅུག་དགོས་པ་ཨེ་རེད། བོད་མི་རིགས་ཀྱི་ངོ་བོ་བརླག་བཅུག་དགོས་པ་ཨེ་རེད། ཁྱོད་ངོ་མ་དབུ་མའི་ལམ་གྱི་གོ་དོན་རྟོགས་མཁན་ཞིག་རེད་འདུག་ག
དབུ་མའི་ལམ་གྱིས་བོད་མི་རིགས་ངོ་བོ་དང་རིག་གནས་སྲུང་སྐྱོབ་བྱེད་ཀྱི་ཡིན་ཟེར་བའི་སྐད་ཆ་རྫིག་མདོག་ཁག་པོ་དེ་དག་ག་པ་ཡོད་ཨ ཁྱོད་ཀྱི་དབུ་ལམ་ལ་འགྲེལ་བཤད་རྒྱག་སྟངས་བྱས་ན་དབུ་མའི་ལམ་ཟེར་བ་དེ་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྐྱེན་གྱི་སྲིད་ཇུས་ངན་པ་ཞིག་རེད་འདུག་ག
དབུ་མའི་ལམ་གྱི་རྒྱལ་བཙོང་བ་ཚོའི་སུམ་དུས་ཀྱི་འབོད་སྒྲ་འདི་ཡིན་ད།་་་་ལོ་རྗེས་མ་འདིར་བེད་སྤྱོད་བྱོས་ཨ།
བོད་ཀྱི་བདག་པོ་རྒྱ་མི་ཡིན།
རྒྱ་མི་བོད་ལ་བཞུགས་རོགས་བྱོས།
ཏྭ་ལའི་བླ་མའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
ཞིན་ཅིན་ཕིང་ཕྱོགས་ལས་རྣམ་པ་རྒྱལ་བར་ཤོག
རང་བཙན་འཐབ་རྩོད་རྩ་མེད་ཐོངས།
ཁ་བྲལ་པ་དམར་གསོད་བྱོས།
ཏྭ་ལའི་བླ་མའི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག
ཞིན་ཅིན་ཕིང་ཕྱོགས་ལས་རྣམ་པ་རྒྱལ་བར་ཤོག
གཞོ་ནུ་ལྷན་ཚོགས་ཁ་བྲལ་བཟོས།
སློབ་ཕྲུག་ཚོགས་པ་རྡུག་རྡེག་ཐོངས།
རང་བཙན་ལྷན་ཚོགས་དམར་གསོད་ཐོངས།
ཏྭ་ལའི་བླ་མའི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག
ཞིན་ཅིན་ཕིང་ཕྱོགས་ལས་རྣམ་པ་རྒྱལ་བར་ཤོག
ལྷོ་བ་ལགས། ཨ་མ་ཇར་པན་བ་ཡིན་ཙམ་གྱིས་བུ་མོ་དར་ལ་དོགས་པ་བྱེད་དགོས་ན་རྒྱ་ལོ་དོན་འགྲུབ་ཀྱི་སྐྱེས་དམན་རྒྱ་མི་རེད་ད། ཕྲུ་གུ་ཚོའི་ཨ་མ་རྒྱ་མི་རེད་ད། དོགས་པ་དེ་ལས་ཆེ་བ་བྱེད་ངེས་དགོས་རེད་བ།
བཙོན་བྱོལ་བོད་གཞུང་བསྡུ་བསོག་བརྒྱགས།
ཆུ་བཞི་སྒང་དྲུག་གཉིས་སུ་སྒོས།
གཞོན་ནུ་ཚོགས་པའི་མདུན་ལམ་བཀག
རང་དབང་སློབ་ཕྲུག་དགྲ་རུ་སྡང་།
ཚོགས་ཁག་བཅུ་གསུམ་དམར་བསད་བཏང་།
རང་བཙན་རྩོད་ན་དམ་ལོག་ཟེར།
རྒྱ་དར་དང་ནི་རྒྱ་དཔོན་སོགས།
མགོ་བོར་བཀུར་ན་བཟང་རབས་བཤད།
ཁ་ནས་དམངས་གཙོ་ཟེར་བ་ལས།
དོན་དུ་སྒེར་སྤྱོད་ཤོག་ཁག་རེད།
ད་ཡིན་ན་ཐུག་པ་བཀོལ་གི་་་་་་་་་་་་་་
ནེའུ་ཡོག་གི་གནད་དོན་འདི་གསར་པ་མིན་པར་ཉེ་ལམ་ལོ་ངོ་ཁ་ཤས་གོང་གི་སྲིད་དོན་དང་འབྲེལ་བ་ཡོད་པ་ཞིག་རེད་
བར་སྐབས་ཞིག་ལ་༧རྒྱལ་བ་རིན་པོ་ཆེས་ཡང་དབུ་མའི་ལམ་ལ་སྒྲུབ་འབྲས་མི་ཐོན་པས་ནུས་མེད་ཡིན་ཅེས་གསུང་མྱོང་ཡོད་རེད་
འོན་ཀྱང་༼མང་མོས་འོས་བསྡུ་༽་དང་སྤྱི་འཐུས་གྲོས་ཆོད་ དམིགས་བསལ་ཚོགས་ཆེན་སྔ་རྗེས་བཅས་ཀྱི་ནང་༧རྒྱལ་བ་རིན་པོ་ཆེས་ཐག་གཅོད་གནང་བར་རྒྱབ་སྐྱོར་ཡོད་ཅེས་ཐོན་པར་རྟེན་གནད་དོན་དེ་མུར་ལུས་པ་རེད་
གོང་གི་ཆབ་སྲིད་ཀྱི་ལས་འགུལ་ནང་ཆ་ཤས་ལེན་མཁན་བཙན་བྱོལ་བོད་མི་དགུང་ལོ་བགྲེས་པ་ཚོ་རེད་ ཁོ་ཚོས་རང་ཉིད་ཀྱི་གནས་སྟངས་དང་གོ་ས་བརྟན་པོ་བཟོ་ཆེད་འགན་ཡོངས་རྫོགས་༧རྒྱལ་བ་རིན་པོ་ཆེ་ལ་བཀལ་བ་རེད་
ཆབ་སྲིད་འཁྲབ་མཁན་གཙོ་བོའི་གྲས་སུ་རྒྱ་ལོ་དོན་གྲུབ་དང་རྒྱ་རི་བློ་གྲོས་གཉིས་ཡོད་པ་རེད་ ཁོ་ཚོས་བཀྲས་མཐོང་ཚང་དང་འཇམ་དབྱངས་ནོར་བུ་ ལྷ་བསངས་ཚེ་རིང་སོགས་ལ་ཁག་དཀྲི་དང་ཁ་གཏད་བྱས་པའི་རྣམ་འགྱུར་བསྟན་ཏེ་དོན་དངོས་ཐོག་རང་རྒྱལ་གྱི་སྲིད་དོན་སྐམ་པོ་ཞིག་གི་ཆེད་དུ་བོད་མི་མང་གི་རྩ་བའི་དམིགས་ཡུལ་དང་དགོས་པ་ ཐོབ་དབང་ཆ་ཚང་བློས་བཏང་བ་རེད་་སྐྱུགས་དྲི་བྲོ་བས་སྐུ་དྲགས་རིང་ལུགས་བསྐྱར་གསོ་བྱེད་མཁན་འདི་ཚོར་དགག་པ་མཐའ་གཅིག་ཏུ་རྒྱག་དགོས་
མ་འོངས་པར་དོན་ཚན་ལྔ་ཡོད༽
༡༽ ༧གོང་ས་མཆོག་ནས་ཡུལ་མི་དཀྱུས་མའི་མཚན་ཐོག་ནས་མང་མོས་འོས་བསྡུ་ཡང་བསྐྱར་གནང་དགོས་པའི་འབོད་བསྐུལ་དང་བོད་མི་ལོ་ན་གཞོན་པས་འདོད་དོན་རང་བཙན་ལ་རྒྱལ་ཁ་ཐོབ་ངེས་ཡིན་ དེའི་ནང་ཟམ་གདོང་དང་བླེ་སེང་སོགས་གཡོ་སྒྱུ་ཅན་གྱི་ཆབ་སྲིད་པས་ཐེ་གཏོགས་མེད་པ་དགོས་
༢༽ སྤྱི་འཐུས་ནས་གྲོས་ཆོད་བསྐྱར་འཇོག་གིས་དམིགས་ཡུལ་རང་བཙན་དུ་བསྐྱར་གསོ་དགོས་
༣༽ ནེའུ་ཡོག་གི་སྐལ་བཟང་འཕྲིནལས་ཟེར་བ་དེ་རྒྱ་མིའི་སོ་པ་མིན་པས་བདེ་སྲུང་ནས་ཞིབ་འཇུག་མཐར་ནན་དགོས་
༤༽ འཇམ་དབྱངས་ནོར་བུས་རང་བཙན་དང་ཆུ་བཞི་སྒང་དྲུག་སྲེས་ལྷད་གཏོང་རྒྱུ་མཚམས་འཇོག་དགོས་ རང་བཙན་ལྷན་ཚོགས་ཟེར་བ་དེ་ཆུ་བཞི་སྒང་དྲུག་གི་རོ་ལངས་ལྟ་བུ་རེད་བཞག་ རྩ་བས་མི་མང་པོས་སྲོག་བློད་ཡོད་ཀྱང་མི་ཁ་ཤས་ཀྱི་བྱེད་སྟངས་མ་འགྲིགས་པར་རྟེན་བོད་མི་ཚང་མས་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་རེད་
༥༽ ནེའུ་ཡོག་གི་དབུ་མའི་ལམ་གྱི་ལས་འགུལ་གོ་སྒྲིག་པས་བོད་ཀྱི་རྒྱལ་དར་འཕྱར་བ་དང་བོད་ཀྱི་རྒྱལ་གླུ་བཏང་བ་དེ་གཉིས་ཀྱི་ཁོ་ཚོས་གཞུང་གིའི་ཆབ་སྲིད་ཐད་ནོར་འཛོལ་ཆེན་པོ་ཐེབས་འདུག་པས་འཕྲལ་མར་ཚོགས་པའི་ནང་ནས་དགོངས་པ་ཞུ་དགོས་
ད་རེའི་སུམ་དུས་གོ་སྒྲིག་ཚོགས་པས་རང་བཙན་རྩོད་ལེན་པ་དང་དེ་འབྲེལ་གྱི་འཕྲེད་དར་འཕྱར་མཁན་ཕྱིར་ཕུད་བྱས་པ་སྐྱོ་བའི་གནས་སུ་འཁུམས། ཡིན་ནའང་། ད་ནི་སྒྲིག་འཛུགས་དང་མང་ཚོགས་ཀྱི་ལངས་ཕྱོགས་དབུ་ལམ་ནས་འབྲེལ་བ་བྱས་ཏེ་རྒྱ་ནག་གི་རྩ་ཁྲིམས་ཁོངས་སུ་རང་སྲིད་རང་སྐྱོང་ཞིག་ལ་རེ་བ་དང་བཅས་འབྲེལ་མོལ་གནང་བཞིན་པའི་སྐབས། ཕྱོགས་གཅིག་ནས་དུས་དྲན་སྟབས་བསྟུན་གང་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་སར་(བོད་རང་བཙན། རྒྱ་མི་བོད་ནས་ཕྱིར་རྒྱུགས།)སོགས་ཀྱི་རྒྱ་མིའི་རྣ་ལ་གཟན་པའི་འབོད་ཚིག་འདི་དག་དགོས་པ་ཞིག་ཡེ་ནས་མིན། དྲང་མོ་བཤད་ན་འབོད་ཚིག་འདི་དག་གིས་ཕན་ལས་གནོད་ཆེ། གང་ལ་ཟེར་ན། བོད་མིའི་སྒྲིག་འཛུགས་ཀྱིས་སྲིད་ཇུས་འདི་བཟུང་ནས་ཤར་བསྐྱོད་བྱེད་པའི་སྐབས་ལ་མང་ཚོགས་ཀྱིས་དེ་ལུགས་ཀྱི་རྔམ་སྟོན་མ་བྱས་པར་(རང་བཙན་)དགོས་ལུགས་ཀྱི་འབོད་སྒྲ་བསྒྲགས་བསྡད་ན་རྒྱ་མིས་ནམ་ཞར་ལ་མི་མངོན་པའི་རང་བཙན་ཟེར་ནས་ཁ་གཡར་བསྡད་པ་དེ་ལའང་རྒྱུ་མཚན་མེད་པ་གང་ཡང་མིན། གང་ལྟར་ལས་འགུལ་བ་ཞིག་ཡིན་ན་ལས་དོན་སྔ་ཕྱི་ཚང་མར་ཞིབ་ཚགས་ཀྱི་བསམ་གཞིགས་བགྱིས་ནས་ལས་འགུལ་སྤེལ་རྒྱུ་ལས་ཚོར་སྣང་ཙམ་ཞིག་གི་རྗེས་ལ་རྒྱུགས་བསྡད་ན་དོན་དམ་གྱིས་ཕན་ལས་གནོད་ཆེ། མཁྱེན་སོང་ངམ། གྲོགས་པོ་ཚོ།
“ང་ལ་ཚོར་སྣང་ཁྱད་མཚར་བ་ཞིག་བྱུང་། བོད་དོན་འཐབ་རྩོད་ཁྲོད་དུ་ཁོང་ཚོས་བོད་མི་ཕན་ཚུན་ལ་ཡང་གྲོས་མོལ་བྱེད་མི་ཐུབ་ན། རྒྱ་ནག་ལ་ཇི་ལྟར་གྲོས་མོལ་བྱེད་དམ།” འདི་ལ་གནད་འགག་འདུག
ཁར་སང་ཧྤ་རན་སི་ནང་བོད་དོན་ལས་འགུལ་བ་ཁྲི་ལྷག་འདུ་འཛོམ་ས་ཐོག་སྲིད་སྐྱོང་མཆོག་གཙོའི་བོད་རང་བཙན་གྱི་སྐད་འབོད་བརྒྱབ་འདུག། བོད་གཞུང་གི་ངོས་ནས་སུམ་བཅུ་དུས་དྲན་སྐབས་རང་བཙན་གྱི་སྐད་འབོད་བརྒྱག་མི་ཆོག་པའི་དགོངས་གཞི་རྩ་བ་ནས་ཡོད་ས་མ་རེད། དེ་ཡོད་ན་སྲིད་སྐྱོང་མཆོ་ཁར་སང་ཧྤ་རན་སི་རུ་བོད་རང་བཙན་ཞེས་པའི་འཕྲད་དར་གྱི་མདུན་དུ་བརྙན་དཔར་སྒྲོན་ནས་ལས་འགུལ་ཐོག་མཉམ་ཞུག་གནང་གི་མ་རེད་བ། ཡིན་ཡང་ཕྱིན་ཆད་ང་ཚོའི་གཟབ་གཟབ་དགོས་ཞིག་ནི་་ནེའུ་ཡོག་་ཏུ་བོད་རང་བཙན་གྱི་སྐད་འབོད་བྱེད་མི་ཆོག་ཟེར་མཁན་གྱི་མི་ངན་དེ་དག་ཕྱིན་སུ་མི་མང་གི་གཞུང་སྒེར་གང་གི་ལས་མི་རུ་འདེམས་མི་ཉན་པ་དེ་རེད།
རང་བྱུང་རིག་པའི་རྡོ་རྗེ་ རྒྱ་ནག་ནས་བོད་ལ་ཆོས་དད་རང་མོས་ཡིན་པ་དང་རང་དབང་ཡོད་རབས་བཤད་བཞིན་ཡོད་ བོད་རང་བཙན་བཤད་དུས་རྒྱ་ནག་ནས་ལན་རྒྱབ་ཁག་པོ་ཆགས་ཀྱིས་ཡོད་པ་དེ་ཡང་གསལ་པོ་རེད་ རང་བཙན་ནི་བོད་མི་ས་ཡ་དྲུག་གི་མངོན་འདོད་ཡིན་པས་ཁྱེད་འདྲ་པོ་ཞིག་ནས་འདི་དགོས་དང་མི་དགོས་ཀྱི་ཧམ་བཤད་དང་སྨྱོ་བཤད་དེ་ཉུང་ན་བཟང་།་
ད་མགོ་ནད་བཅུག་ནས་གང་བྱ། ལམ་ཁ་གཉིས་ལས་ཡོད་མ་རེད།
༡༽ རང་བཙན་དགོས་ཟེར་ནས་མུ་མཐུད་དུ་དུ་བཙན་བྱོལ་སྡོད། མི་ལོ་བཅུ་གྲངས་ཙམ་ལས་བཙན་བྱོལ་དགོན་པ་ཚང་མ་ཧི་མ་ལ་ཡའི་རིགས་རྒྱུད་ཀྱིས་འཛིན་ལ་བོད་དྲི་ཨེ་བྲོ་མི་ཤེས།
༢༽ དེང་ཐོག་བོད་ནས་བྱོལ་ཡོང་བ་ནང་བཞིན་རྒྱལ་བ་རིན་པོ་ཆེས་འགོ་ཁྲིད་ནས་བོད་ལ་ལོག་འདོད་མཁན་སུ་ཡོད་གང་ཡོད་རྣམས་གོམ་བགྲོད་བྱས་ནས་བོད་ལ་ལོག། མང་པོ་བཤད་དགོས་མ་རེད། ང་ཚོ་ང་ཚོའི་ལྟེ་ཁྲག་ཐོན་སའི་ལས་ཀྱིས་བགོས་བའི་ཕ་ས་མ་ཡུལ་ལ་ལོག་འགྲོ་གི་ཡིན་ཟེར་འགྲོ། ཕལ་ཆེར་ས་མཚམས་ལ་སླེབས་དུས་ཀྲུང་གོའི་མཐའ་སྲོང་དམག་གིས་ལེབ་གསོད་བྱེད་ངེས་མ་རེད། གལ་སྲིད་བྱས་ཡིན་ན་ཡང་ང་ཚོ་ལ་འཛམ་གླིང་མདུན་དེ་ལས་ལྷག་ཞིག་སྟོན་རྒྱུ་དགོས་བ་མ་རེད།
རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞི་འོག་ནས་མི་རིགས་རང་སྐྱོང་ཞིག་ཐོབ་སྲིད་ནའང་བོད་ས་ཤོར་རྗེས་སུ་སླེབས་པའི་རྒྱ་མི་རིགས་ཡོད་ཚད་ཕྱིར་རང་ཡུལ་དུ་འགྲོ་དགོས་ཟེར་ན་ཧ་ཅང་གི་ཧམ་པ་ཚ་བོ་རེད། དེ་ནི་རང་བཙན་དང་ཆ་འདྲ་བོ་རེད། རྒྱ་རིགས་ཡོད་ཚད་ཕྱིར་རང་ཡུལ་དུ་འགྲོ་དགོས་ན་ངེས་པར་དུ་རང་བཙན་རྩོད་དགོས་པ་རེད། དབུ་མའི་ལམ་གཞི་བཟུངས་ནས་རྒྱ་རིགས་ཡོད་ཚད་ཕར་བསྐྲད་མི་ཐུབ་པ་གསལ་པོ་རེད། ཅོ་རོ་ལགས། ཧ་གོ་སོང་ངམ། །
རང་བཙན་པ་ཅིག་གིས།
https://www.youtube.com/watch?v=IFgbOT6qZSI&t=424
༧་སུམ་་བཅུའི་དུས་དྲན་སྐབས་སུ་ནིའུ་ཡོག་བོད་རིགས་སྤུན་གྱི་དབར་བོད་དོན་འབོད་སྒྲ་བྱེད་མི་ཆོག་པའི་དཀའ་སྙོག་དེ་བློ་ཕོམ་དང་མགོ་འཁྲིད་རྣམས་ལ་བློ་སྦྱོངས་མེད་པའི་རྟག་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་གཅིག་གིས་ངེས་པར་དུ་རང་སོ་སོའི་བསམ་འདོད་ལྟར་སྐད་འབོད་རྒྱབ་འདོད་ཡོད་པ་དང་། སྐད་འབོད་རྒྱབ་སྟངས་དེ་ལ་རྒྱལ་ཁ་ཞིག་དགོས་ཀྱི་ཡོད་ན། ནེའུ་ཡོག་དང་ནེའུ་ཇིར་ཛི་གི་ཚོགས་པ་ལྔ་ཡིས་མཉམ་རུབ་ཐོག་གོ་སྒྲིག་བྱས་པའི་ལས་འགུལ་དེའི་ནང་མ་བཞུགས་ན་འགྲིག་གི་འདུག་ག།
རྒྱུ་མཚན་ནི་གསུམ་བཅུའི་དུས་དྲན་མ་ཚོགས་སྔོན་ནས་ཚོགས་པ་ཕན་ཚུན་བར་མི་མཐུན་པ་བྱུང་འདུག་ག། འབྲེལ་ཡོད་འབྲེལ་བཤད་འདི་ན་འདུག
http://tibettimes.net/news.php?showfooter=1&id=9857
པད་མ་ལགས་ཀྱིས་སྐད་གཉིས་ཤན་སྦྱར་ཐོག་དེ་དྲས་སྡུག་སྐད་ཆེན་པོ་ཞིག་རྒྱག་བཞིན་འདུག
དོན་རྐྱེན་དེའི་སྐོར་སྤྱི་ཚོགས་དྲྭ་རྒྱ་གཞན་ཁག་ནང་གི་བརྙན་ཐུང་དེ་ཚོའི་ནང་ལྟ་མི་བཟོད་པའི་སྐད་ངན་རྒྱག་བཞིན་འདུག།།
བཀུར་འོས་སེམས་ཤུགས་ལྷག་བསམ་ཅན་གྱི་པདྨ་ཡོ་ཁོ་ལགས་བཀའ་དྲིན་ཆེ།
དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཅེས་ཞུ་ན་འདོད་སོང་། ཧ་ཅང་གི་བློ་ཕམ་པའི་བྱ་སྤྱོད་དེའི་རྒྱབ་ལྗོངས་སུ་དབུ་མའི་ལམ་མིན་པར་ཟུར་བལྟས་ལེབ་མཐོང་ཡིན་པར་སེམས།
གང་ལགས་ཞེ་ན་གཉིས་ཕན་དབུ་མའི་ལམ་སྐོར་ཐུགས་དགོངས་བཞེས་གནང་མཁན་༧གོང་ས་རྒྱལ་བ་རིན་པོ་ཆེས་ནམ་ཡང་གསུང་མ་མྱོང་བ་ནི། རང་བཙན་རྩོད་ན་འགྲིག་གི་མ་རེད་ཅེས་པ་དེ་ཡིན། རང་བཙན་རྩོད་ན་འགྲིག་གི་མེད་པ་དང་ཁ་བྲལ་བ་རེད་ཅེས་སྡུག་སྐད་རྒྱག་མཁན་ནི་དགྲ་བོ་རྒྱ་ནག་གཞུང་ལས་གཞན་སུ་ཡང་མེད།
ངས་བསམ་ན་བོད་པ་ནང་ཁུལ་གཟབ་ཙམ་མ་གནང་ན། རང་རེའི་སྤྱི་ཚོགས་སུ་ཧ་ཅང་གི་རྟོགས་དཀའ་བའི་མགོ་གཉིས་མ་དང་རྒྱ་མིའི་ལག་ཆ་མང་པོ་ཞིག་ཡོད་པར་མཐོང་ཡོང་གི
དཔེར་ན་བོད་མིའི་མཐུན་སྒྲིལ་ལ་དོ་ཕོ་གཏོང་མཁན་དང་། དོན་མེད་བོད་མི་དབར་དཀྲུགས་ཤིང་བྱེད་མཁན། དྲ་མིག་རྫུན་མ་དང་འདྲ་པར་རྫུན་བཟོ་ཐོག་སྐད་ཆ་གང་བྱུང་ལབ་པ། སྟོད་པ་དང་དབུས་གཙང་ལ་དམའ་འབོད། མདོ་སྟོད་དང་མདོ་སྨད་ལ་ཚིག་རྩུབ། གཞིས་ཆགས་ཚོར་འགྲིག་གི་མེད་རབས། གསར་འབྱོར་བ་ལྐུགས་ཚུལ། མདོར་ན་འདི་ཐམས་ཅད་པོ་ལབ་མཁན་གྱི་མི་དེའི་རྒྱབ་ལྗོངས་ལ་ཐུགས་བསམ་མ་བཞེས་ཚེ། དགྲ་དགའ་གཉེན་སྡུག་གི་གནས་སུ་ལྷུང་བར་ཐག་མི་རིང་པས། ངས་འདི་ནས་བོད་རིགས་སྤུན་ཟླ་སྤྱི་ལ་རེ་སྐུལ་ཞུ་འདོད་པ་ནི།
མི་དེའི་རིགས་དང་སྐད་ཆ་དེ་ཚོའི་རིགས་ལ་ཉན་འཇོག་མ་བྱས་ན་ཡག་པོ་འདུག་ཅེས་ཞུ།
དེ་དང་ལྷན་དུ་པདྨ་ལགས་ཀྱིས་གསུང་པ་ལྟར་གསུམ་བཅུའི་དུས་དྲན་གྱི་འབོད་ཚིག་དུས་དང་རྣམ་པ་ཀུན་ཏུ་གནས་དགོས་ལ། དེ་ལ་ནམ་ཡང་འགྱུར་བ་གཏོང་རྒྱུའི་དབང་ཚད་མེད་པ་ཡིན། རྒྱུ་མཚན་ཚེ་སྲོག་དགྲ་ལག་ཏུ་གཏའ་མ་བཞག་དང་འཇོག་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོའི་མངོན་འདོད་དང་ཕུགས་རེ་ཡིན་པས་ཕྱིར།
ད་དུང་ཞུ་འདོད་པ་ཞིག་ལ་པདྨ་ཡོ་ཁོ་ལགས་ཀྱི་རྩོམ་ཡིག་ནང་འཁོད་པ་བཞིན། བོད་དོན་རྒྱབ་སྐྱོར་བ་ཚོར་ཡིད་ཐང་ཆད་པ་ཞིག་བཟོས་ཡོད་ཚོད་འདུག་པ་དེར་བོད་མི་ཚོའི་དགོངས་དག་ཞུ་ན་ལེགས། གནད་དོན་དེའི་རིགས་ལ་གོང་གི་བཀའ་བློན་མན་འོག་མི་སེར་ཡན་གྱིས་སྣང་མེད་དུ་འཇོག་མི་རུང་པ་ཞིག་ཏུ་སེམས།
ད་ལོའི་དོན་རྐྱེན་དེ་སང་ལོར་མི་ཡོང་བར་འབོད་རོགས་ཞུ་རྒྱུ་དང་། བོད་མིའི་ཆིག་སྒྲིལ་ལ་གནོད་པའི་བྱ་སྤྱོད་མཚམས་འཇོག་ཡོང་བར་གནང་རོགས་གནོངས།
རེ་སྐུལ་སེམས་པའི་ཚིག་གི་སྡོང་པོ་ལ། །
དང་ལེན་ལོ་འདབ་རབ་ཏུ་རྒྱས་པ་དང་། །
མོས་མཐུན་འབྲས་བཟང་གཡུ་དུ་ཟ་བ་ཞིག །
ཅིས་ཀྱང་སྨིན་པར་མཛོད་ཅིག་སྤུན་ཟླ་ཚོ། །
ཅེས་བོད་ཀྱི་བུ་མོ་པདྨ་ཡོ་ཁོ་ལགས་ཀྱིས་བྲིས་གནང་བའི་སེམས་པ་ཆག་གྲུམ་ཤོར་སོང་ཞེས་པའི་རྩོམ་ཡིག་བཀླགས་རྗེས་ཕྲན་རྫ་སྐྱེས་མྱུ་གུ་ཡིས་སེམས་ཚོར་དང་ལྷན་ཨ་རི་ནས། ༢༠༡༥/ ༣ / ༡༥
བཙན་བྱོལ་ནང་གི་ཚོགས་པ་ཆེ་ཆུང་ཚང་མ་རང་གི་འཚོ་གནས་ཙམ་ལས་འཐབ་བརྩོད་ཟེར་བ་དེ་རྫུན་མ་ཡིན་པ་ངས་ཤེས་ཡོད། རང་བཙན་དང་དབུ་མ་ཁ་འཁྱེར་ནས་རང་གི་བགྲོ་ལམ་བཟོ་བཞིན་ཡོད་་་མདོར་ན་མི་མང་ནང་ཁུལ་དམེ་འཛིང་མི་སློང་རོགས། དམིགས་གསལ་ཨ་རི་རྟེན་གཞི་བྱས་པའི་རྒྱལ་འཚོང་འཚོ་གནས་སྐབས་རྩོད་པ་ཁྱེད་ཚོ། ཆབ་སྲིད་དང་ཆོས་ལུགས་གང་ཡང་མི་ཤེས་མཁན་གྱི་སྒེར་གཅོད་པ་ཚོ། ནམ་ཡང་ཁྱེད་ཚོར་ཡིད་ཆེས་མེད།