གདོང་ལྔའི་དབང་པོ།
༄༅།། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་དང་འབྲེལ་བའི་བཀའ་ཤག་གི་ཐག་གཅོད་འདི་ལ་གསང་བའི་རྒྱབ་ལྗོངས་གཏིང་གནད་ཅན་ཞིག་ཡོད་ཤག་བྱས་ཏེ། སྲིད་སྐྱོང་བློ་བཟང་སེངྒེས་དབུ་ཁྲིད་པའི་བཀའ་ཤག་ལ་ཡིད་ཆེས་བརྒྱ་ཆ་བྱས་པ་ཡིན། འོན་ཀྱང་བཀའ་ཤག་གིས་གསལ་བཤད་གནང་རེས་བཞིན་སྤེན་པ་ཚེ་རིང་ལ་ཚབས་ཆེའི་ནག་ཉེས་གང་ཡང་མེད་པ་ཇེ་གསལ་དུ་འགྲོ་བཞིན་པར་མ་ཟད། མང་ཚོགས་བཀའ་ཤག་གི་ཐག་གཅོད་འདི་ལ་བློ་དོགས་ཆེ་རུ་འགྲོ་བ་དང་མཉམ་དུ། བཀའ་ཤག་གི་ཚབས་ཆེའི་ཐག་གཅོད་འདི་སྤེན་པ་ཚེ་རིང་གི་ཚབས་ཆེའི་ནག་ཉེས་འདི་ལ་བརྟེན་ནས་གནང་འདུག་སྙམ་པའི་ངོས་འཛིན་གཏན་ནས་ཡོང་ཐུབ་ཀྱི་མེད། གཟུ་བོར་གནས་པ་སུས་བལྟས་ཀྱང་མང་ཚོགས་ཀྱི་བློ་དོགས་ཆེ་རུ་འགྲོ་བར་རྒྱུ་མཚན་སྣ་ཚོགས་འདུག་ལ། མང་པོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེངྒེས་གཞུང་འཛིན་བཀའ་ཤག་བེད་སྤྱོད་བཏང་ནས་འོས་བསྡུའི་སྐབས་ཀྱི་ཞེ་ནད་བརྩད་པ་རེད་ཅེས་ཤོད་བཞིན་ཡོད་ཅིང། བཀའ་ཤག་གིས་གསལ་བཤད་གནང་ལུགས་འདི་དག་ལ་བལྟས་ན་མང་ཚོགས་ཀྱི་ཤོད་བཞིན་པའི་སྐད་ཆ་འདི་ལ་བདེན་པའི་གཞི་རྩ་མང་པོ་ཞིག་རང་བཞིན་གྱིས་མངོན་ཡོང་གི་ཡོད། ལོ་རྒྱུས་སྟེང་ནས་བྱས་པ་ཡིན་ན་ཡང་བློ་བཟང་སེངྒེས་སྒེར་ནད་ཀྱི་སྟེང་ལ་བཀའ་ཤག་བེད་སྤྱོད་བཏང་མ་མྱོང་བ་ཡང་མིན།
སྲིད་ཚབ་ཆོས་རིག་བཀའ་བློན་གྱིས་གསར་འགོད་པ་ཚོར་གསལ་བཤད་དང་བཀའ་ལན་གནང་སྐབས་ཀྱི་ཚིག་བརྗོད་འདི་དག་གིས་བཀའ་ཤག་སྤྱི་འདུས་ཀྱི་བསམ་བློ་མཚོན་གྱི་ཡོད་ན། སྲིད་སྐྱོང་གིས་གཙོས་པའི་ད་ལྟའི་བཀའ་བློན་རྣམས་ཀྱི་གཟིགས་ངོ་ན་དོན་གཅོད་སྤེན་པ་ཚེ་རིང་ཆེ་མཐོང་ལྡན་པ་ཞིག་དང། ད་ལྟའི་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ངེས་པར་མཁོ་བའི་མི་སྣ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཡོད་ཚོད་མི་འདུག་ཀྱང། ཁྱེད་རྣམས་མཐོ་རིམ་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་མང་ཚོགས་ཀྱི་བརྩི་མཐོང་དང། ཡིད་ཆེས། ཚོར་བ་བཅས་ལ་དགོངས་པ་བཞེས་ཨེ་མྱོང། མང་ཚོགས་ཀྱི་བསམ་ངོ་ན་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་ནི། མི་ལོ་ཉི་ཤུ་ལྷག་རིང་ལྷག་བསམ་རྣམ་དག་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཞབས་ཕྱི་བསྒྲུབས་མྱོང་བའི་སྲི་ཞུ་པ་རྒན་གྲས་ཤིག་དང། ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་དགྲ་འཛིན་གྱིས་ངོ་རྒོལ་དང་ཁ་གཏད་སུ་བྱུང་ལ་བློ་ཁོག་ཆེན་པོས་གདོང་ལེན་མཛད་པའི་རྒྱལ་ཁབ་དང་མི་རིགས་ཀྱི་དཔའ་བོ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འདས་མ་ད་གསུམ་དང་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་ཆེ་ཕྲ་ཀུན་ལ་ཤེས་མྱོང་རྒྱུས་གསུམ་ལྡན་པའི་ངེས་པ་དོན་གྱི་ཕ་གཤིས་བདག་པོ། བོད་ཀྱི་སྤྱི་ཚོགས་ཁྲོད་ཆེ་མཐོང་དང་གཟི་བརྗིིད་ལྡན་པའི་སྒམ་བརླིང་བརྟན་གསུམ་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་པའི་ངོས་འཛིན་གཏིང་ཟབ་ཡོད་པ་ཞིག་ཡིན་པ་ངས་གསལ་བཤད་མ་བྱས་ཀྱང། བཀའ་ཤག་གི་ཐག་གཅོད་འདིའི་ཐོག་མང་ཚོགས་ཀྱི་རྣམ་འགྱུར་བསྟན་སྟངས་དང། ལས་འགུལ་སྤེལ་སྟངས་བཅས་ཀྱི་ཐོག་ནས་ད་ཐེངས་ལྷན་རྒྱས་ལ་ར་འཕྲོད་གསལ་པོ་བྱུང་ཡོད་ངེས། འདི་ལྟ་བུའི་ཆེ་མཐོང་ལྡན་པའི་མི་སྣ་ཞིག་ནག་ཉེས་ཚབས་ཆེན་གང་ཡང་བགྲང་དུ་མེད་པར་གློ་བུར་དུ་གོ་གནས་འཕོ་འགྱུར་བྱེད་པ་ནི། སྒེར་བའི་ཁོག་ནད་སངས་སྲིད་པ་ཙམ་ལས་སྤྱི་བའི་མཐུན་ལམ་དང་ལས་དོན་གྱི་ངོ་བོའི་ཐོག་ནས་བལྟས་ན་ཤིན་ཏུ་མི་རུང་ཞིང་མི་འོས་པ་ཞིག་ཡིན་པ་ཉིན་རེ་བཞིན་གསལ་པོར་ཆགས་བཞིན་ཡོད།
ངས་ཚོད་དཔག་བྱས་ན་དོན་གཅོད་འཕོ་འགྱུར་གྱི་ཐག་གཅོད་འདི་ལ་བཀའ་ཤག་རྩིས་ལོག་ཆེན་པོ་ཞིག་ཐེབས་འདུག་སྙམ། སྲིད་སྐྱོང་གི་བསམ་པར་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་ཐག་གཅོད་འདི་འཕྲལ་མར་དང་ལེན་བྱས་ཨེ་ཡོང་བསམ་པ་ཙམ་མ་གཏོགས། སྤེན་པ་ཚེ་རིང་གི་བདེན་རྒྱབ་ལ་མང་ཚོགས་འོས་ལང་གི་ཟིང་ཟིང་འདི་འདྲ་ཞིག་འབྱུང་སྲིད་པའི་ཚོད་དཔག་གཏན་ནས་བྱས་མེད་ཚོད་འདུག འདི་ནི་ད་བར་མང་ཚོགས་ཀྱིས་གཞུང་གི་ལས་དོན་ཐོག་འགན་ཁུར་མི་ལེན་པར་ཐག་གཅོད་བྱེད་མཁན་གྱི་མི་སྣ་འདི་རིགས་སྐྱག་ལང་དུ་བཏང་བའི་ཤུགས་རྐྱེན་ངན་པ་ཞིག་ཡིན། གང་ལྟར་ཡང་སྲིད་སྐྱོང་གི་རྩིས་ལོག་དང་པོ་དེས་མང་ཚོགས་ཤིན་ཏུ་ཟིང་ཟིང་བཟོས་ཏེ་བསྐྱར་དུ་ཆིག་སྒྲིལ་ལ་གཏོར་ཞིག་ཚབས་ཆེན་ཐེབས་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པས། ཉམས་མྱོང་འདིའི་ཐོག་ནས་ཡང་ནས་བསྐྱར་དུ་ཆིག་སྒྲིལ་ཐོར་ཞིག་ཏུ་འགྲོ་བའི་སྦྱོར་བ་མི་རྩོམ་པར་བདེན་པ་བདེན་ས་ལ་བཞག་ནས་མང་ཚོགས་བློ་ཡིད་ཚིམ་པའི་ཐག་གཅོད་གཙང་མ་ཞིག་གནང་དགོས་པ་ཤིན་ཏུ་གལ་ཆེ་སྙམ། གང་ཡིན་ཟེར་ན་མང་ཚོགས་བཀའ་ཤག་ལ་ཡིད་ཆེས་དང་རེ་བ་བརླག་པའི་ཉིན་མོ་ནས་བཀའ་ཤག་ཅེས་པ་ནི་ཁང་སྟོང་ཞིག་ཏུ་གྱུར་ཟིན་པ་རེད་ལ། ཉིན་མོ་འདི་ནི་ཁྱེད་རྣམས་ལོ་རྒྱུས་ཁྲོད་ཀྱི་ཉེས་པ་དགུ་བརྩེགས་ཀྱི་མི་སྣ་ནག་ཉེས་ཅན་ཞིག་ཏུ་གྱུར་པའི་ཉིན་མོ་ཡང་ཡིན། ཁྱེད་རྣམས་དཀར་ནག་གང་དུ་གྱུར་པར་ཁྱད་པར་མེད་པའི་དབང་དུ་བྱས་ཀྱང། ༸རྒྱལ་བ་དོན་གྱི་བདག་པོས་ད་བར་གཡས་སྐྱོར་གཡོན་སྐྱོར་མཛད་ནས་བསྐྱངས་པའི་བོད་མི་སྤྱིའི་ངོ་བོ་མཚོན་པའི་སྒྲིག་འཛུགས་འདི་མུ་མཐུད་དེ་གནས་དགོས་ཀྱི་ཡོད་ལ། བོད་ཆོལ་ཁ་གསུམ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་མཐུན་ལམ་གྱི་གོང་བུའི་ནུས་པ་འདི་ཡང་ང་ཚོ་ལ་མུ་མཐུད་རྒྱུན་གནས་དགོས་ཀྱི་ཡོད། རེ་འབོད་འདི་སྲིད་སྐྱོང་བློ་བཟང་སེངྒེའི་དགོངས་པར་འཇགས་རོགས་ཞེས་ཞུ་རྒྱུ་ཡིན་ལ། བཀའ་ཤག་ལྷན་རྒྱས་ཀྱི་དགོངས་པར་འཇགས་རོགས་ཞེས་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་རྣམས་ཀྱིས་མི་ལོ་དྲུག་ཅུ་ཡས་མས་རིང་གཅེས་པར་བསྐྱངས་པའི་སྒྲིག་འཛུགས་འདི། ད་བར་བོད་ཕྱི་ནང་གཉིས་ཀས་རེ་བ་བཅོལ་ཡུལ་དང་ཡིད་ཆེས་ཞུ་སའི་སྲིད་གཞུང་ཚད་ལྡན་ཞིག་གི་གནས་བབ་ཐོག་ནས་གཟི་བརྗིད་ལྡན་པར་གནས་ཐུབ་ཡོད་ཀྱང། བར་ལམ་ལོ་ཤས་རིང་ནས་སྒྲིག་འཛུགས་འདི་ནུས་མེད་ནས་འཐོར་ཞིག་ཏུ་འགྲོ་བའི་ཉེན་ཁའི་མཚམས་སུ་སླེབས་བཞིན་ཡོད་པའི་མཐོང་ཚུལ་མི་སྣ་ཆེ་ཆུང་རྒན་གཞོན་མང་པོ་ཞིག་ལ་ཡོང་གི་ཡོད། འདིའི་རྐྱེན་རྩ་གཙོ་བོ་ཞིག་ནི་བཀའ་ཤག་གི་ཐག་གཅོད་མང་པོ་ཞིག་སྒེར་འཁོན་དང་ཚོར་ཤུགས་ལ་བརྟེན་ནས་ཡོང་གི་ཡོད་པ་དང། བཀའ་ཤག་གི་དམ་བཅའ་དང་ཐག་གཅོད་ལ་བཀའ་ཤག་རང་གིས་ཀྱང་ཡིད་ཆེས་དང་བརྩི་སྲུང་བྱེད་མི་ནུས་པར། ཐོག་མའི་ཐག་གཅོད་ལས་བརྒལ་ནས་བསྐྱར་འགྱུར་ཡང་འགྱུར་གྱི་རྣམ་འགྱུར་ཡ་ཟ་ཟུང་མང་པོ་ཞིག་ཡོང་གི་ཡོད་པས་ཡིན།
དཔེར་ན། ད་ཐེངས་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་གྱི་ཐག་གཅོད་དང་གསལ་བཤད་རིམ་པ་ལྟ་བུ་ཡིན། དང་པོ་ཡིག་ཐོག་གི་གསལ་བསྒྲགས། གཉིས་པ་བཀའ་དྲུང་གི་གསལ་བཤད། གསུམ་པ་སྲིད་ཚབ་ཆོས་དོན་བཀའ་བློན་གྱི་གསལ་བཤད། བཞི་པ་སྲིད་སྐྱོང་གི་མང་ཚོགས་ཀྱི་དྲི་བའི་ལན་འདེབས་སྐབས་ཀྱི་གསལ་བཤད། ལྔ་པ་དོན་ཚན་བཅུར་བགོས་པའི་ཡིག་ཐོག་གི་གསལ་བཤད་བཅས་ཉིན་ཤས་རིང་ཤིན་ཏུ་འགྱུར་ལྡོག་ཆེ་ཞིང་ཁྱད་པར་མང་བའི་རྣམ་འགྱུར་འདི་དག་རིམ་པར་སླེབས་ཡོད། དངོས་གནས་བྱས་ན་གསལ་བཤད་འདི་དག་གཅིག་རྒྱབ་གཅིག་གིས་གནོན་ཐུབ་པ་ཞིག་དགོས་ཀྱང། དེ་ལས་ལྡོག་སྟེ་ཕྱི་མ་པྱི་མས་སྔ་མ་སྔ་མའི་གསང་རས་དྲལ་ནས་དོན་སྙིང་མེད་པ་ཞིག་ཏུ་གྱུར་ཡོད། དཔེར་ན། སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་ད་ལྟའི་ཨ་རིའི་དོན་གཅོད་མཆོག་སྤེན་པ་ཚེ་རིང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ལ་གནོད་གཞིའི་ལས་ཀ་ཚབས་ཆེན་ཞིག་བྱེད་ཀྱི་ཡོད་པ་དང་བྱེད་སྲིད་པ་ལྟ་བུའི་བཀའ་ལན་གསལ་ལ་མི་གསལ་བ་ཞིག་ཚོར་ཤུགས་དང་བཅས་གནང་བ་དང། དེ་བཞིན་སྐུ་ངོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ནོར་ཝེ་རྒྱལ་ས་ཨོ་སོ་ལོ་རུ་མང་ཚོགས་ལ་གཏམ་བཤད་སྐབས། དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་བཤད་མི་ཐུབ་པའི་ནག་ཉེས་ཤིན་ཏུ་ཆེན་པོ་ཡོད་མདོག་གི་རྣམ་འགྱུར་བསྟན་པ་དང་ཆབས་ཅིག དེ་ལས་བཀའ་ཤག་གིས་མཚན་ཤས་ཁུར་ནས་སྤེན་པ་ཚེ་རིང་གི་ནག་ཉེས་ཤོད་ཀྱི་མིན་ཟེར་ནས་ཁྱབ་བསྒྲགས་བྱས་ཡོད་ཀྱང། དེ་ནས་ཉིན་གཅིག་གཉིས་མ་འགོར་བར་དོན་ཚན་བཅུ་ཅན་གྱི་བཀའ་ཤག་གི་གསལ་བཤད་ཅིག་བཀྲམས་པ་རེད། འབད་བརྩོན་ཆེན་པོ་བྱས་ནས་བསྒྲིགས་པའི་དོན་ཚན་འདི་དག་སྲིད་ཚབ་དང་སྲིད་སྐྱོང་གཉིས་ཀས་སྔ་ཕྱི་བྱས་ནས་གསུངས་པའི་སྐད་ཆ་དེ་དག་གི་རྟིང་གནོན་ཐུབ་པ་ཞིག་དང། མང་ཚོགས་ཡིད་ཆེས་དང་བློ་ཐག་ཆོད་པ་ཡོང་བ་ཞིག་ཡིན་དགོས་ངེས་ཀྱང། དེ་ལས་ལྡོག་སྟེ་སྲིད་སྐྱོང་གི་དམ་བཅའ་ལ་ཡིད་བརྟན་མེད་པའི་བདེན་དཔུང་དུ་གྱུར་ཅིང། ཉིན་ཤས་གོང་སྲིད་ཚབ་ཀྱིས་དོན་གཅོད་སྤེན་པ་ཚེ་རིང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ལ་གནོད་པའི་ལས་ཀ་ཚབས་ཆེན་ཞིག་བྱས་དང་བྱེད་བཞིན་ཡོད་མདོག་མཛད་ཡོད་ཀྱང། དེ་རིང་བཀྲམས་པའི་ནག་ཉེས་དོན་ཚན་འདི་དག་ཡོངས་རྫོགས་བདེན་པའི་དབང་དུ་བྱས་ཀྱང། སྤེན་པ་ཚེ་རིང་གིས་རྒྱལ་ཁབ་དང་མི་རིགས་ལ་གནོད་ཚབས་ཆེ་བའི་ལས་ཀ་འདི་བྱས་འདུག་སྙམ་པ་སུ་ལ་ཡང་འཆར་ཐུབ་ཀྱི་མེད། འདི་ལྟ་བུའི་དོན་ཚན་རེ་ཟུང་བགྲངས་ནས་ལས་གནས་ཕབ་རྒྱུ་ཡིན་ན། ཁྱེད་རྣམས་ཀྱིས་རང་དང་རང་གི་ཕྱོགས་གཏོགས་ཀྱི་འཐུས་ཤོར་དང། སྐྱོན་ཆ། ལས་དོན་མ་འགྲུབ་པ། བླང་དོར་སྒྲིག་གཞིའི་ཉམས་ལེན་གྱི་གནས་ཚད་བཅས་ལ་བསམ་བློ་གཏོང་ཨེ་མྱོང། ཉིན་གཅིག་ཁྱེད་རང་འདི་ལྟ་བུའི་དོན་ཚན་བརྒྱ་ཐམ་པ་བགྲངས་ནས་སྲིད་སྐྱོང་ནས་འབབ་དགོས་ཟེར་ན་ཇི་ལྟར་གནང་རྩིས་ཡིན། འཛུབ་མོ་གཞན་ལ་འཛུགས་ཐུབ་པ་བཞིན་བསམ་བློ་རང་ལ་གཏོང་ཐུབ་དགོས།
བཀའ་ཤག་གིས་དོན་ཚན་བཅུ་ཅན་གྱི་གསལ་བཤད་འདི་ཟླ་བ་ ༡༡ ཚེས ༡༨ ཉིན་གྱི་ཞོགས་པ་ཆུ་ཚོད་བདུན་པའི་ཐོག་གཞུང་འབྲེལ་དྲ་ངོས་སུ་སྤེལ་ཡོད། ཞོགས་པ་ཆུ་ཚོད་བདུན་པ་རྒྱུན་ལྡན་བྱས་ན་ལས་ཁུངས་སྒོ་མ་ཕྱེ་བའི་ཆུ་ཚོད་གཉིས་ཀྱི་གོང་དུ་རེད། འདི་ལྟར་བལྟས་ན་བཀའ་ཤག་གིས་དོན་ཚན་བཅུ་པོ་འདི་སྒྲིག་རྒྱུའི་དོན་དུ་ཉིན་མཚན་སྦྲེལ་ནས་སྐུ་ལས་ཆེན་པོ་བསྐྱོན་ཡོད་ཚོད་འདུག འོན་ཀྱང་༸རྒྱལ་དབང་ལྔ་པས་དྲོ་ཆེ་བའི་ཚོད་ཀྱིས་དབྱར་ཆུ་དེ་ཙམ་འདུག་ཅེས་གསུངས་མྱོང་བ་ལྟར། ཁྱེད་རྣམས་ཀྱིས་འབད་འབད་སྒྲིག་སྒྲིག་བྱས་པའི་དོན་ཚན་འདི་དག་དམིགས་དོན་དུ་འཁྱོལ་བ་ཞིག་ཡོང་ཐུབ་ཀྱི་མེད། སྐབས་རེར་སྙན་སེང་ཞུས་པ་ནག་ཉེས་སུ་གྱུར་ཡོད་ལ། སྐབས་རེར་སྙན་སེང་མ་ཞུས་པ་ནག་ཉེས་སུ་གྱུར་ཡོད། དེ་ཙམ་མ་ཟད་བློ་བཟང་སེངྒེ་སྒེར་གྱི་མི་གཤིས་ཐེར་འདོན་བྱས་པ་ཡང་དོན་གཅོད་འཕོ་འགྱུར་བྱ་དགོས་པའི་ནག་ཉེས་སུ་བགྲངས་ཡོད། དོན་ཚན་རེ་རེ་ཞིབ་ཏུ་བཀྲལ་ན་བྱིས་པ་ཆུང་ཆུང་ཞིག་མགོ་རྨོངས་ཐབས་བྱས་པ་ཙམ་ལས་ཚབས་ཆེའི་ཉེས་འཛོལ་གང་ཡང་སྟོན་རྒྱུ་རེག་མི་འདུག བྱེད་ཐབས་འདི་ལ་བལྟས་ན་ད་ལྟའི་བཀའ་ཤག་གིས་མང་ཚོགས་ལ་ཆེ་མཐོང་ཅི་ཙམ་སྤྲོད་ཀྱི་ཡོད་མེད་དང། འགན་ཁུར་གང་འདྲ་ལེན་གྱི་ཡོད་མེད་གསལ་པོར་གྱུར་ཡོད།
སྲིད་སྐྱོང་གིས་དབུ་ཁྲིད་པའི་བཀའ་ཤག་གི་ལས་དོན་སྒྲུབ་སྟངས་ནོར་འཁྲུལ་ཅན་འདི་མུ་མཐུད་ལག་བསྟར་བྱས་ཚེ་བསམ་ཡུལ་ན་མེད་པའི་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་སྣ་ཚོགས་འབྱུང་སྲིད་པས། བོད་སྤྱི་བའི་རྩ་དོན་དང་ཆིག་སྒྲིལ་རྒྱུན་གནས་ཡོང་བའི་དོན་དུ་སྒེར་འཁོན་གྱི་གཡུལ་འཁྲུག་མཚམས་འཇོག་ཡོང་བའི་རེ་སྐུལ་སྙིང་ནས་ཞུའོ།།
བཀའ་ཤག་གི་སྤེན་པ་ཚེ་རིང་དཀར་འདོན་དང་སྦྲགས་དོན་རྐྱེན་འདིའི་འབྱུང་རྩ་དང་དམིགས་ཡུལ་ངོ་མ་དེ་གཞུང་གི་དབང་ཆ་བེད་སྤྱད་ནས་སྒེར་འཁོན་རྩོད་རྒྱུ་དང་། ལྐོག་དངུལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་འགེབས་སྲུང་ཆེད་དུ་རེད།
་་་་་་་་་་་་་་ ངས་ཚོད་དཔག་བྱས་ན་དོན་གཅོད་འཕོ་འགྱུར་གྱི་ཐག་གཅོད་འདི་ལ་བཀའ་ཤག་རྩིས་ལོག་ཆེན་པོ་ཞིག་ཐེབས་འདུག་སྙམ། ་་་་་་་་་་་
་་་་་་་ དེ་ཙམ་མ་ཟད་བློ་བཟང་སེངྒེ་སྒེར་གྱི་མི་གཤིས་ཐེར་འདོན་བྱས་པ་ཡང་དོན་གཅོད་འཕོ་འགྱུར་བྱ་དགོས་པའི་ནག་ཉེས་སུ་བགྲངས་ཡོད། ་་་་་་་
ད་ལྟའི་བཀའ་ཤག་གི་ལས་བྱེད་སྤྲང་པོའི་སྐུ་དྲག་དེ་ཚོས་ང་ཚོ་བོད་མི་ས་ཡ་དྲུག་རྩིས་མེད་ཀྱིས་གང་བྱུང་མང་བྱུང་བྱས་ནས་བོད་ཀྱི་རྩ་དོན་ཉམས་གུད་དུགཏོང་བ་དེ་ལ་ཞེན་པ་གཏིང་ནས་ལོགས་ཀྱི་འདུག གཅིག་བོད་ཀྱི་གནད་དོན་རྒྱ་གཉམ་དུ་ལྷག་ཡོད་ཙང་དམིགས་བསལ་སྐུ་ཚབ་གཉིས་བློ་སེང་གི་འོག་ལ་ཨ་ར་མ་གཏེམས་པར་དགོང་ཞུ་བྱ་དགོས་བྱུང་ཡོད་དམ་ཡང་ན་རྒྱ་བོད་དབར་གྲུབ་འབྲས་ཤིག་བྱུང་ན་དེ་བློ་སེང་གི་བྱས་རྗེས་སུ་བཟོ་དགོས་བསམ་ནས་བློ་སེང་གིས་གནད་དབྱུང་བཏང་བ་ཡིན། དེ་སྐོར་བློ་སེང་ལ་སྐད་ཆ་འདྲི་སྐབས་བློ་སེང་རང་ངོས་ཀྱིས་མུས་མཐུས་ནང་མོལ་ཐོག་རྒྱ་ལ་འབྲེལ་བ་བྱེད་བཞིན་ཡིན་ཐོག་བཤད་པ། གཉིས་འཕན་ཐོག་ཆེ་བའི་ནི་ཡོག་རྒྱ་རིགས་འབྲེལ་མཐུས་པ་དཀུན་དགའ་བཀྲ་ཤིས་ལགས་རྡ་སར་སྐོང་ནས་དེའི་ཚབ་ཏུ་རྒྱན་རིང་མེད་པར་བཞག གསུམ་ལས་དུས་འཁྱོལ་ལ་ཉེ་བའི་བདེ་སྐྱིད་ཆོས་དབྱང་བློ་སེང་གི་འོག་ལ་ཨ་ར་མ་གཏེམ་པར་དགོང་ཞུ་བྱ་དགོས་ཐུག བཞི་དུས་ཡུན་ཟླ་བ་གཅིག་ཙམ་རྗེས་ལས་ཡུན་འགྲུབ་ཀྱི་ཡོད་པའི་འབྲོང་ཆུང་དོངོས་གྲུབ་ལགས་དགོང་ཞུ་གནང་ནས་བློ་སེང་ལ་མི་འདོད་པའི་རྣམ་པ་གཏན། ༧གོང་ས་མཆོག་ནས་བློ་སེང་གིས་རང་འདོད་ཐོག་དབང་ཆ་ལོག་སྤྱོད་བྱ་ངེས་ཡིན་པ་མཁྱེན་ནས་གནད་འགག་ཆེ་བའི་ཨ་ར་དང་བདེ་ལིའི་སྐུ་ཚབས་སུ་སྤེན་ཚེ་དང་དངོས་གྲུབ་གཉིས་ཐུགས་འདོད་གནང་། སྐལ་རྡོར་ཨ་རིའི་དོན་གཅོད་ལ་༧གོང་ས་མཆོག་དེ་ཙམ་ཐུགས་འདོད་མེད་པ་ནས་འགྲོ་དགོས་བྱུང་བའི་འཁོན་ལན་དུ་ད་སྐབས་འགོ་འཇུག་གི་རྩི་འཇོག་ཙམ་ཡང་མེད་པར་འབྱུང་འབྲས་ལ་བསམ་བློ་མ་གཏང་བར་སྤེན་ཚེ་གནད་དབྱུང་བཏང་བ་ནི་ཧ་ཅང་གི་ཆེ་འདོད་ཆེ་བའི་སྲིད་སྐྱོང་གི་རང་འདོད་ནོར་བ་ཞིག་མིནམ?
སྲིད་སྐྱོང་ས་གནས་སུ་ཡོད་བཞིན་པའི་སྐབས་གསལ་བཤད་སྲིད་སྐྱོང་རང་གིས་མ་གནང་བར། བཀའ་དྲུང་ལ་གནང་དུ་བཅུག་པ་དེས་གསར་འགོད་པ་རྣམས་ཡིད་མ་ཆེས་པར། བཀའ་ཤག་ཕེབས་འགུགས་ཞུས་ཏེ་སྲིད་སྐྱོང་རང་ལ་བཀའ་དྲི་ཞུས་ཀྱང་། བཀའ་ལེན་མ་གནང་བར་སྲིད་སྐྱོང་ཕྱོགས་བསྐྱོད་ཕེབས་འཕྲལ་སྲིད་ཚབ་ཡིན་ཞེས། ཆོས་དོན་བཀའ་བཀའ་བློན་མཆོག་ནས་གསར་འགོད་གསལ་བསྒྲགས་གནང་བའི་སྐད་ཆ་སྤམ་མ་སྤོམ་མེ་དེ་ཚོ་དང་། སྲིད་སྐྱོང་རང་གི་ཞལ་ནས་་ནོར་ཝེར་གཏམ་བཤད་གནང་བའི་ཚིག་ལ་བལྟས་ན་ཨ་དོན་སྤེན་པ་ཚེ་རིང་གིས་གནམ་སར་མི་ཤོང་བའི་ཆབ་སྲིད་ཀྱི་ནག་ཉེས་ཤིག་བསགས་མེད་དམ་སྙམ་སྟེ་མི་མང་ནང་སེམས་ཚབ་བྱུང་སྟེ་གསལ་བཤད་ཁ་གསལ་མ་གནང་ཚེ། ངོ་རྒོལ་བྱ་རྒྱུའི་བསམ་ཚུལ་སྟོན་པར། སླར་ཡང་བཀའ་ཤག་གིས་གསལ་བཤད་ཡིག་ཐོག་གནང་བར་བལྟས་ན་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལས་ནས་ཆབ་སྲིད་ཀྱི་ནག་ཉེས་གང་ཡང་བསགས་པ་ཤོད་རྒྱུ་མེད་པར་དོན་མེད་བསྙད་འདོགས་ཁག་ཅིག་བྱས་པ་ནི། སྲིད་སྐྱོང་ནས་བོད་རྒྱ་གྲོས་མོལ་བྱས་མ་སོང་། ༧གོང་ས་མཆོག་བོད་ལ་གདན་ཞུ་བྱས་མ་སོང་། གོང་ས་མཆོག་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་མཇལ་འཕྲད་གནང་དུ་བཅུག་མ་སོང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་གང་བྱུང་མང་བྱུང་བྱས་པར་དགོངས་ཕོག་བཏང་མ་སོང་། ༧གོང་ས་མཆོག་གི་སྐུ་པར་ཕར་བཞག་སྟེ་རང་གི་འདྲ་པར་གནམ་ལ་བཀལ་སོང་། ཨ་དོན་སྐལ་རྡོར་ནས་༧གོང་ས་མཆོག་ཨ་རིར་ཆིབས་་སྒྱུར་སྐབས་དོལ་རྒྱལ་ཚོགས་་པའི་ངོ་རྒོལ་བ་སྐུ་མདུན་དུ་བཅར་དུ་བཅུག་སོང་་། ཤར་གླིང་ཟླ་སྒྲོན་བཀའ་བློན་འོས་ཆོས་མི་ཚང་བཞིན་དུ་བཀའ་བློན་འོས་མིར་བཏོན་པས་མ་ཚད། སླར་ཡང་དྲུང་ཆེའི་ལས་གནས་སུ་བསྐོས་པ་འོས་མིན་ཡིན། གྲོས་ཚོགས་སུ་བསྟན་པ་ཡར་འཕེལ་སོགས་ནས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དངོས་སུ་བྱེད་པས་མ་ཚད། དགའ་ལྡན་ཕོ་བྲང་དང་གནས་ཆུང་ཚོས་རྒྱལ་ཆེན་པོར་མཐོང་ཆུང་ཚོད་མེད་བྱེད་པར་ལྟད་མོ་བལྟས་ཏེ་བསྡད་སོང་། དེ་དང་དེ་ལ་སོགས་པ་འོས་མིན་ཡིན་པས་སྲིད་སྐྱོང་ནས་དགོངས་པ་ཞུ་དགོས་ཟེར་བ་དང་གཅིག་མཚུངས་སུ་མཐོང་སོང་།
ད་ངོ་མ་བཀའ་ཤག་ལ་ཆོ་མིན་འདུག་མི་མང་གི་ཆི་སྒྲིལ་ལ་གཏོར་ཤིག་ཚབ་ཆེན་འགྲོ་ཡི་འདུག་ བློ་ཕམ་ཡོད་
ང་ཚོའི་སྲིད་སྐྱོང་ཁྲིམས་ལུགས་འབུམ་རམས་པས་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་ཐེབས་རྩ་ཁང་ནང་མོལ་གྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཁྲལ་སོགས་ཨ་་རིའི་གཞུང་ལ་གཡོལ་ཐབས་ཀྱི་ལས་ཀ་བྱས་ལུགས་སོགས་ཡོངས་ཁྱབ་རང་བཞིན་དུ་སྤོབས་པ་མཐོན་པོ་ཁྱབ་བསྒྲགས་བྱེད་ཀྱིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་གང་ལ་གནས་ཀྱང་ས་གནས་དེའི་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་ཡིན་ཟེར་བ་དེ་དོན་གྱིས་སྲིད་སྐྱོང་དབུ་ཁྲིད་དེ་བརྩི་སྲུང་བྱེད་ཀྱིན་མེད་པ་འདྲ།
ད་ང་ཚོའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་རྩ་དོན་ཚང་མ་ཉམས་ཚར་འདུག ད་བྱས་དུས་ང་ཚོས་ས་གནས་གཞུང་གི་ཁྲིམས་མི་མཐུན་པའི་ལས་ཀ་བྱེད་ཀྱིན་ཡོད་པ་ལ་སྤེན་པ་ཚེ་རིང་གིས་ངའི་བཀའ་ལྟར་ཁྲིམས་འགལ་བྱེད་རོགས་བྱ་རྒྱུ་མི་འདུག་དེར་བརྟེན་གནས་དབྱུང་བཏང་ཡིན་ཟེར་གྱིན་ཡོད་འདྲ། སྲིད་སྐྱོང་གི་བཀའ་གཅིག་བོད་ལ་བཀའ་དྲིན་ཆེ་བའི་ཐེབས་རྩ་ཁང་ཡང་བཙོང་བཏང་ཡོད་ཀི་་་་་་་
༄༅། སྲིད་སྐྱོང་ནས་གསལ་བཤད་གནང་བ་རྣམས་རེ་རེ་བཞིན་ཉན། ནེ་ནས་དཔྱད་པ་བྱེད་དགོས།
འགྲོ་སྟངས་སྡོད་སྟངས་ཤེས་པ་གླིས།
༄༅། ཀླད་སྟོང་སྐད་ངན་མ་རྒྱབ་དང།
རིག་གནས་ཡོད་པའི་སྐད་ཆ་ཤོད།
རྒྱུ་མཚན་ལྡན་པའི་སྐད་ཆ་ཤོད།
ཕྱོགས་དང་རིས་ཀྱི་སྐད་ཆ་མེད„
དངུལ་ཕྲན་བུ་ཤོར་བའི་ནག་ཉེས་ལ་གནས་དབྱུང་གཏོང་དགོས་ཚེ། བློ་སེང་གི་བློ་ཐུབ་སྐལ་རྡོར་དོན་གཅོད་སྐབས་རྙོག་གླེང་ག་ཚོད་ཡོད། དེ་ལས་ཚབས་ཆེ་བ་༸རྒྱལ་བའི་སྐུ་ཆར་དོལ་རྒྱལ་བ་ཚོས་ངོ་རྒོལ་གྱི་ཐུས་ཤོར་དེ་ཙམ་བཏང་ཀྱང་བློ་སེང་གི་སྡིག་པ་མིག་བཙུམ་གྱི་གང་ཡང་གནང་མེད། གནས་དབྱུང་གཏོང་རྒྱུ་ཕར་བཞག་ད་དུང་ཁོ་རྡ་སར་ལས་ཀ་སྤྲོད་ཡོད།
འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་གནང་ཚར་སོང་ཐུགས་རྗེ་ཆེ་ད་ཨ་རི་བོད་ཀྱི་ཐེབ་རྩ་དང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ཁོང་གཉིས་ཀྱི་གསལ་བཤད་ལ་སྒུག་ནས་བསྡད་ཡོད་མཐའ་མ་ལ་དངུལ་འབོར་ཆེན་་ཡིན་ཙང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བཏང་འཛིན་དང་དངུལ་རྩིས་གཏོང་ལེན་གྱི་སྒྲིག་གཞི་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐོག་རྩིས་ཞིབ་ལས་ཁུང་དང་སྤྱི་འཐུས་གྲོས་ཚོགས་ནས་གསལ་བཤད་གནང་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུརའོག་ང་ཚོ་འཚོ་བཞིན་པ་ནས་ཚང་མས་འགན་འཁུར་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་མིན་པ་ཡིན་ནམ་།
ཨ་ཁ་ཁཁཁཁཁཁ་་་་ད་སྤེན་ཚེ་ནག་པོ་ཆགས་སོང་ཡ་་་་་་་་་ནག་པོ་བཟོ་མཁན་་རྩ་དོན་གླིང་དང་སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་རེད།་་་་་་་་་
གངས་གཞོན་ལགས། སྤེན་ཚེ་ནག་པོར་ཆགས་དུས་དཀར་ནག་གོ་ལྡོག་ཏུ་ཕྱིན་པ་རེད། དེ་ལས་ཉེན་ཁ་ཆེ་བ་ནི་སྲིད་སྐྱོང་གིས་རང་ཉིད་རུལ་སུངས་པ་ཞིག་དང་། ཁྲིམས་འགལ་ནག་ཉེས་པ་ཞིག་ཏུ་བདེན་པ་ར་སྤྲོད་བྱེད་ཀྱི་འདུག
་་་་་་་་་ #10 གཞུང་པ་ཚེ་དབང་བསོད་ནམས་ ་ལགས་ཀྱིས་སྤེལ་དོན།:
November 21st, 2017 at 5:05 am
འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་གནང་ཚར་སོང་ཐུགས་རྗེ་ཆེ་ད་ཨ་རི་བོད་ཀྱི་ཐེབ་རྩ་དང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ཁོང་གཉིས་ཀྱི་གསལ་བཤད་ལ་སྒུག་ནས་བསྡད་ཡོད་་་་་་་་་་་་་
བློ་སྤེན་གཉིས་ཀྱི་སྒྲུང་རིང་།
་
ཐོག་མར།
འོས་མི་བློ་སེང་ཁས་ལེན་རྫུན་མང་བྱས། །
དེ་བཞིན་སྤེན་ཚེས་བཤད་ཀྱང་སྲིད་ཁྲི་ཤོར། །
ཐ་མ་གཅིག་ལ་སྲིད་ཁྲི་ཐོབ་པ་དང་། །
གཅིག་ལ་ཨ་རིའི་དོན་གཅོད་གོ་ས་ཐོབ། །
དེའི་སྐབས།
བསྟན་པ་འགོ་ནས་ཤིག་ནས་མི་མངས་དཀྲུགས། །
ཁམས་པ་ཨ་མདོའི་ཞབས་འདྲེན་ཕྱི་རུ་བསྟནད། །
དེ་བཞིན་དབུས་གཙང་འོས་མིར་ར་རྫི་བླངས། །
དགྲ་དགའ་གཉེན་སྡུག་རྒྱལ་བའང་དགོངས་པ་དཀྲུགས། །
ཡང་བསྐྱར།
ད་ལོ་ལས་མེད་བཀའ་ཤག་དོན་གཅོད་སྤེན་ཚེ་མཆོག །
དོན་གཅོད་ལས་ཡུན་རིང་ལ་སྐྱོན་བརྗོད་བཅུ་བཙལ་ནས། །
ཚོགས་ཟུར་ཁོང་ལ་དོན་གཅོད་གནས་དབྱུང་ཆོ་མེད་བྱས། །
ད་དུང་ནང་འཁྲུགས་ནང་སྐྱོན་ག་དུས་སྟོན་འདོད་ཡོད། །
མ་འོངས་པར།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དམར་ཚོགས་རྗེས་སུ་དོལ་ཚོགས་འབྲངས་།དོལ་ཚོགས་རྗེས་སུ་སྤེན་ཚོགས་འབྲངས་།སྤེན་ཚོགས་རྗེས་སུ་ཀླད་མེད་རྒྱུགས་།གཅིག་རྗེས་གཅ྄ིག་གི་ཟིན་པ་གྱིས་།
སྔོན་མ་འ་སྒོར་འབུམ་གསུམ་གྱིས་ཁང་པ་ཉོས་རེད་ཟེར། ད་སྐབས་འ་སྒོར་འབུམ་བཅོ་ལྔའི་ག་རེད་ཉོ་ཡ་ཡིན་ནམ། xxབློ་སེངས་རྒྱས་ཝེ།
མི་བསླུ་བསམ་པའི་བསླུས་སོང་། བཟང་བཟང་ལྷ་མོས་བསླུས་སོང་། བུ་གསུམ་སྐྱེས་པའི་ཨ་མར། སྙིང་གཏམ་ཤོད་པ་སྔ་སོང་། ཤར་གླིང་ཟླ་སྒྲོན་གྱིས་འདི་ལྟར་ལབ་བྱུང་ཞེས་ལན་བསྐྱེལ་ན་ག་འདྲ་འདུག
མཁས་པའི་དབང་པོ་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པའི་འགན་བཞེས་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་སྐུ་ཚབ་གཉིས་དབར་ཐེངས་དགུ་གྲོས་མོལ་གནང་ཐུབ་པ་བྱུང་ཡོད་པ་མ་ཟད་བོད་མིའི་དགོས་འདུན་འདི་ཡིན་ཞེས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡི་གེ་སྤྲད་ཐུབ་པ་བྱང་ཡོད། བློ་བཟང་སེང་གེས་འགན་བཞེས་རིང་རྨི་ལམ་རང་རེད་བཞག
བཀའ་ཁྲིའི་སྐབས་ལ་རྒྱ་བོད་གྲོས་མོལ་ལན་དགུ སྲིད་སྐྱོང་སྐབས་ལ་ཀླད་ཀོར་རེད་ཨེ། རེད། དེ་བདེན་པ་རེད།
སྲིད་སྐྱོང་བློ་སེང་ནི། དོན་གཅོད་སྤེན་ཚེ་མ་ཐུབ་ནས་བསྡད་པ་མ་གཏོགས། རྒྱ་གཞུང་དང་། རྒྱ་རིགས་ལས་བྱེད་དེ་ཚོ་ལ། ཁ་གཏད་བཅག་ཡ་ཅང་ཡོད་ས་མ་རེད།
གང་ལྟར་ག་ཚོད་བཤད་རུང་མ་བཤད་རུང་། རང་གི་ཕ་རྒན་མ་རྒན་མི་རྒྱུད་སོགས་ཚང་མ་རྩ་བ་ནས་སྡོད་ཐབས་མ་བྱུང་བར་མི་ཡུལ་དུ་སླེབས། ད་ཆ་ཁ་ནས་དྲང་བདེན། རྒྱལ་ཞེན། གཅིག་སྒྲིལ་ལ་སོགས་པ་མང་པོ་ཞིག་བཤད་ནས་ངར་ངར་ཤུགས་ཤུགས་ཀྱིས་ཐོན་མཁན་མང་པོ་ཞིག་ཡོང་གི་འདུག་ཀྱང་། དངོས་གནས་དེ་དག་ནས་མི་གཅིག་རྒྱ་མིའི་གཞུང་ཚབ་ཀྱི་མདུན་དུ་རྡུང་ནའང་རྡུང་། བསད་ཀྱང་བསད། ངའི་བོད་རྒྱལ་ཁབ་ཀྱི་དྲང་བདེན་ལ་ངོས་ལེན་མ་བྱེད་བར་སྲོག་བློས་བཏང་གི་སྡོད་ཐུབ་མཁན་ཞིག་ཨེ་ཡོད། གཅིག་ཀྱང་ཡོད་མ་རེད། མི་འདི་དག་ནི་སྐབས་འཚོལ་བ་ཤ་སྟག་རེད། གང་ན་ཉེན་ཁ་མེད་པ་དང་། མདུན་ལ་ཐོན་ན་རང་ཉིད་ཁྱབ་གྲགས་ཡོང་བའི་རེ་བ་ཡོད་ས་གང་ཡིན་ལ་ཐོན་ཡོང་གི་རེད། དེ་དག་གིས་གལ་ཏེ་དེ་ལ་གཅིག་བཤད་ན་ང་བཙོན་ལ་བཅུག་མི་ཡོང་། ངའི་ལས་ཀ་ལ་དོ་ཕོག་འགྲོ་མི་ཡོང་། ཚོགས་པ་དེས་མི་བསད་ཀྱི་རེད་ཟེར་གྱིས་འདུག་པས་ང་དང་ངའི་ནང་མི་ལ་ཉེན་ཁ་ཐེབས་སྲིད་བསམ་པའི་སར་སྔོན་དུ་ཐོན་མཁན་གཅིག་ཀྱང་མེད་པ་ནི་ང་ཚོ་ཚང་མར་ཕྱི་གསལ་ནང་གསལ་རེད། ད་དངོས་གནས་རྒྱ་ནག་ལ་རྒྱལ་ཁ་ཡག་པོ་ཐོབ་སོང་། ཁོ་ཚོས་ལྟད་མོ་ཡག་པོ་ལྟ་གི་རེད་ལ། ལྟ་རིན་ཆོག་པ་ཆགས་འདུག འོ་ཡ། གོ་སྐབས་ཡག་པོ་ལེན་ཨང་།
ཁ་བ་རི་པ་ལགས། ཐུག་པ་དཀྲུགས་སྣོན་མ་བསྐྱོན་བཤད་རྒྱ་ཡོད་ན་ཁུང་ལུང་ཡོད་པའི་ཐོག་ནས་བཤད་ཤོགས་གལ་ཏེ་སྲིད་སྐྱོང་གི་གསལ་བཤད་དོན་ཚན་བཅུ་པོ་དེ་ལས་མེད་ན་ཀླད་པ་མེད་པ་ཁྱེད་རང་ཡིན་བཟོ་འདུག
བོད་རྒྱལ་ཁབ་དང་། རྒྱ་གར་རྒྱལ་ཁབ་གཉིས་གྲོས་ཚོགས་མཉམ་དུ་འཚོགས་པ། ཧཧཧ།།
https://www.facebook.com/119306658803462/videos/131814357552692/?hc_ref=ARSBJeRJ6Gs9qKLyI5Efp534Ymm0E9nDB0bQ2zq6UY8JATGPUyEtjHSLqhYoBxbFEtA
དར་རྒྱས་ལགས་།ད་རུང་སྤེན་ཚེའི་ནག་ཉེས་དོན་ཚན་བཅུ་ཉུང་དྲག་འདུག་གམ་།་མང་དགོས་ན་རིམ་པས་མི་དམངས་གི་ཐེར་འདོན་བྱ་ངེས་རེད་རིམ྄་པའི་ཉོན་ཨང།
ས་ཡ་གཅིག་དང་ཕྱེད་ཀའི་གསལ་བཤད་དུ་སྲིད་སྐྱོང་མཆོག་གིས།
https://www.facebook.com/1477414359001632/videos/1479772688765799/?hc_ref=ARTm9UhJXHRQELid-IjSiP3ZievDp1r4Qb8CnSt5yGmIMyUGTrhqTAnvXRDT_883FJw
སྲིད་སྐྱོང་བློ་སེང་གིས། དོན་གཅོད་འཕོ་འགྱུར་ལ་ངོ་རྒོལ་བྱས་པ།
https://www.facebook.com/tibettimespage/videos/1533887973370102/?hc_ref=ARTboNyI-zW4ljw0kvrWH7CBthmul6PH_bL8oX4BEW30jXGxgKRrQPEsKgxGJI32hvg
བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལ་ཡང་བློ་ཕམ་བྱུང་བའི་སྐོར་ལ།
https://www.facebook.com/tibetan.communityberlin/videos/1699275350344345/?hc_ref=ARTo_biMwhvNGI4Iqx1MunmCJJcGSbRvOB46lu16U7j-ZiRkSWe5nQ_a5p7MIHEk46k
ཤར་གླིང་ཟླ་སྒྲོན་གྱིས།
https://www.facebook.com/tenzin.tsering.37853?hc_ref=ARQHtwPLiui5VbSqf9X5yxC0s8YaiqGeu7B6iS9QITAIl5szut6NxfPIA5_KIy6fpnY
སྐུ་ངོ་སྤེན་པ་ཚེ་རིང་མཆོག་དོན་གཅོད་ལ་བཞུགས་སྐབས་ཀྱི་མཛད་རྗེས་བཅུ།
རྩོམ་པ་པོ། འོད། (ཨུ་རུ་སུ།)
http://tibettimes.net/2017/11/24/165120/
ཁ་བ་རི་བ་#24 ད་མང་སོང་ ཁྱོད་གང་སྐྱིད་ཡདོ་ན་ ལམ་བཟུར་མོག་མོག་ཚོང་སོང་
ཁྱོད་ཨ་རི་ཡོད་ན་ སང་གནངས་སློབ་གསེང་སླེབས་གྲབ་
སྟོད་གོས་ནག་པོ་(suit)དང་མིག་ཤེལ་(blkglass)
གྲ་འགྲིག་ནོང་
དི་མིན་ཕྱི་ལུང་གང་རུང་ན་ཡོད་ མི་ཚེ་སྐྱིད་པོ་རོལ་སོང་ངོ།
ཡ་ཡ་ང་ཡི་མདུན་ལམ་ལ་ཁྱོས་ལམ་སྟོན་བྱེད་པབཀའ་དྲིན་ཆེ་།བསྟན་འཛིན་ལགས།
ད་ལྟའི་བཀའ་ཤག་འདི་སྒེར་གཅོད་པ་ཟེར་ན་འགྲིག་འདུག ཞི་ཆེན་ཕེན་གྱི་ལས་དོན་སྒྲུབ་སྟངས་འདྲ་བོ་འདུག་དཀལ་མོ་རེད་་་་
ད་ཉིན་རེ་བཞིན་བློ་ ཟང་སངས་རྒྱས་ཀྱི་གདོང་རིས་ཇེ་གསལ་ནས་ཇེ་གསལ་རེད།