ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས། Posted on 2014-02-092014-02-09 By ཁ་བརྡ་ 31 Comments on ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས། གློག་བརྙན་།
སློབ་ཕྲུག་ཚོ་ལ་གདམས་པ་དེ་འདྲ་ཡག་པོ་གསུངས་སོང་བསམ་སོང་། གོ་བ་ཅན་རེ་ཡོད་ན། ལེན་རྒྱུའི་བསླབ་བྱ་དང་གོ་དོན་དེ་འདྲ་མང་པོ་འདུག། ཁོ་རང་ཁོ་རང་གི་སེང་པགས་ལ་དེ་འདྲའི་ཆེ་མཐོང་ཡོད་པ་སྔར་བཞིན་རེད། བོད་སྤྱི་དོན་ལ་མ་གནོད་པར་དུ། ཡག་པོ་མ་རེད་ཞུ་ཡ་མེད། རྒན་ཚེ་རིང་བསམ་འགྲུབ་གྱིས་ལ་དང་ལ། མཁྱེན་དང་མཁྱེན་ཞུས་བ་ནི་ཚད་ཡོད་པ་ཞིག་ལ་ཚད་མེད་པའི་གུས་ཞབས་རྫུན་མ་འདྲ་པོར་མཐོང་སོང་།
ཆ་ཚང་ཉན་པ་ཡིན། ཆབ་སྲིད་པས་གཏམ་བཤད་གནང་སྟངས་སྐོར་དེ་བརྗོད་གཞི་རང་མིན་ན་ཡང་གསལ་བོ་ཞིག་གསུངས་སོང། ཕན་ཐོགས་ལོས་ཡོད། འོན་ཀྱང་༡༩༥༩ ལོར་བོད་རང་བཙན་ཤོར་བ་གསུངས་པ་འདི་དང། ཀྲུང་གོའི་རྩ་ཁྲིམས་སུ་འོས་འདེམས་དང་གཏམ་བརྗོད་ཀྱི་རང་དབང་མེད་ཟེར་བ་འདི་གཉིས་ཁས་ལེན་ཐབས་བྲལ། ཅིའི་ཕྱིར་༡༩༥༩ ལོར་བོད་རང་བཙན་ཤོར་ཞེས་ཡང་དང་ཡང་དུ་གསུངས་དགོས་དོན་ཧ་གོ་མ་སོང། གཉིས་པ་རྩ་ཁྲིམས་ལུང་འདྲེན་ཆོག དོན་ཚན་སོ་བཞི་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཡིན་ཕྱིན། མི་རིགས་དང༌། རིགས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་གོ་འབྱུང་ཁུངས། ཆོས་ལུགས་དད་པ། སློབ་གསོ་ཐོབ་ཚད། རྒྱུ་ནོར་མང་ཉུང༌། གཞིས་སྡོད་དུས་ཡུན་བཅས་ཀྱི་དབྱེ་བ་མི་འབྱེད་པར་ཚང་མར་འདེམ་བྱེད་དང་འདམ་བྱའི་དབང་ཆ་ཡོད། འོན་ཀྱང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་ཟིན་པ་རྣམས་འདིའི་གྲས་སུ་ཚུད་མེད། དོན་ཚན་སོ་ལྔ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང༌། དཔེ་སྐྲུན། འདུ་ཚོགས། ཚོགས་པ་འཛུགས་པ། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།
སྐུ་ངོ་ཆབ་བྲག་ལགས། ཀྲུང་གོའི་རྩ་ཁྲིམས་དེ་འདྲ་ཡག་པོ་ཡོད་ན། ཁྱེད་རང་ཕ་ཡུལ་ལ་ལོག་ནས་རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཁེ་དབང་ལོངས་སུ་མི་སྤྱོད་དོན་ཅི་ཡིན་ནམ། བོད་རང་བཙན་༡༩༥༡ལོར་ཤོར་བ་རེད།
བློ་སེང་དང་ཨོ་བྷ་མ་གཉིས་འདྲ་ས་མང་གི་ཁོང་གཉིས་ཀྱི་དགེ་རྒན་གཅིག་ཡིན་ཟེར་ན་ཆོགས་གི ཨོ་བྷ་མས་ཨ་རི་རྒྱལ་ཁབ་དེ་ག་རེ་བྱུང་ན་ཡང་ཁྱད་པར་མེད་ གཙོ་བོ་མི་ནག་སྤྲང་པོ་དང་སྤྱོད་ངན་ལས་མེད་དེ་རྣམས་ལ་སྐྱོབས་གསོ་མང་པོ་སྤྲད་དགོས་གི་རེད་ཟེར། བློ་སེང་གིས་གཙོ་བོ་བོད་རྒྱལ་ཁབ་འམ་མི་རིགས་ཀྱི་ཆོས་དང་རིགས་གཞུང་སྐད་ཡིག་སོགས་ག་རེ་བྱུང་ན་ཡང་ཁྱད་པར་མི་འདུག ཁ་ཡོད་ལག་ཡོད་ཀྱི་བཙན་བྱོལ་ནང་དབྱིན་སྐད་དང་ཡི་གེ་ཙམ་སྦྱང་ནས་ལྟོ་གོས་འཚོལ་ཐབས་འམ་ཞལ་འདེབས་ཐབས་ཁོ་ན་བྱེད་དགོས་ཟེར།
སྲིད་སྐྱོང་གི་གཏམ་བཤད་འདི་དང་འདི་ལྟ་བུ་ལས་མཐོང་ཡོང་བ་ནི། བོད་རང་གི་སྐད་ཡིག་དེ་བོད་རིགས་རང་ཉིད་ཀྱིས་བསྣུབས་ཀྱིན་ཡོད་པ་དེ་རེད། གཞི་རྩའི་ཆ་ནས་ཤེས་ཡོན་ནི་གཙོ་བོ་རྒྱལ་བ་ལྟ་བུ་དེ་ཡིན་ངེས་ན་ཡང་། བོད་མི་རིགས་ལ་མཚོན་ན། བོད་མི་རིགས་ཀྱི་སྲོག་རྩ་ནི་བོད་རང་གི་སྐད་ཡིག་དང་འབྲེལ་བའི་ཤེས་ཡོན་དེ་ཆེས་གཙོ་བོ་ཡིན། སྲིད་སྐྱོང་གིས་ནུབ་ཕྱོགས་ཀྱི་བྱེད་སྟངས་ལ་ལད་ཟློས་བྱས་པ་སྨོས་མེད་ཡིན་ཡང་། ལད་ཟློས་དེ་བོད་རང་གི་སྐད་ཡིག་ཐོག་ཕབ་བཤུས་ཀྱིས་བོད་པའི་ངོ་རྟགས་དེ་གསལ་སྟོན་བྱེད་དགོས་པ་ཞིག་རེད། དེར་སྲིད་སྐྱོང་གིས་བརྗོད་ཀྱིན་པའི་ཕྱེད་སྐད་ཙམ་གྱིས་མ་གཏོགས། བཤད་མཁན་ཉན་མཁན་ཚང་མ་བོད་པ་ཡིན་པའི་ངོ་རྟགས་གང་ཡང་མི་མཐོང་། དུས་མཚུངས་སྲིད་སྐྱོང་གིས་བོད་ཀྱི་རྩ་དོན་ཐད་ནས་ཤེས་ཡོན་གྱིས་མ་གཏོགས། གཞན་གང་གིས་ཀྱང་བོད་ཀྱིས་གཏན་ནས་མི་ཡོང་ཚུལ་འདྲ་བོ་ཞིག་བརྗོད་པ་དེར་མོས་མཐུན་བྱེད་དཀའ། བོད་ཤོར་བའི་རྗེས་ནས་རང་བཙན་དང་རང་སྐྱོང་ཚད་ལྡན་ཐོབ་པའི་རྒྱལ་ཁབ་དང་མི་རིགས་གཞན་དེ་ཚོར་ཤེས་ཡོན་ཡོད་དྲགས་ནས་ཐོབ་པ་ཡིན་རྒྱུ་མ་རེད། མགོ་ཁྲིད་ཀྱི་ཆོད་སེམས་བརྟན་པོའི་སྣེ་ཁྲིད་དང་། མི་དམངས་ཀྱིས་བདེན་པ་བརྡར་བའི་སྟོབས་ཤུགས། དངོས་ཡོད་ཀྱི་གནས་ཚུལ་དུས་ལྟར་གསལ་སྟོན་སོགས་ལ་ཧ་ཅང་འབྲེལ་ཡོད་ངེས།
ད་ལྟའི་བོད་ཀྱི་ཆབ་སྲི་ཀྱི་གནས་སྟངས། བོད་ནི། ༡༽ བཙན་འོག་ལ་ཡོད་པ། ༢༽ ཆབ་སྲིད་དམ་༼བསྒྲགས་༽སྒྲག ༣༽ སྤྱི་ཚོགས་དབྱེ་འབྱེད། ༤༽ དཔལ་འབྱོར་དབྱེ་འབྱེད། ༥༽ འཁོར་ཡུག་གཏོར་བཤིག ༦༽ རིག་གཞུང་རྩ་མེད། ༼ལེགས་གཞུང་ངམ་། རིག་གཞུང་ངམ། ལེགས་བྱང་ངམ། ལེགས་རྒྱུན།༽
ད་སྐབས་སྲིད་སྐྱོང་སྐྱགས་པ་གཏང་ས་མིན་པར་སླེབས་འདུག ད་དུང་ཤེས་རིག་ལས་ཁུངས་ཀྱི་གོང་གི་བརྗོད་གཞི་ Publish narrative ཟེར་བ་བོད་ཡིག་ནང་དུ་བྲིས་མེད་པར་བློ་ཕམ་ཡོད། ཧ་ཧ་ ད་ཐེངས་སྲིད་སྐྱོང་གི་འཛིན་རིམ་བཅུ་བ་ནས་བཅུ་གཉིས་ཀྱི་སློབ་ཕྲུག་ཁ་ཤས་ལ་འགོ་སྐོར་གཡོགས་ཀྱི་འདུག་ཀཱ ངོ་མ་དགད་མོ་ཤོར་སོང་།
རྒྱ་གར་སོགས་ཕྱི་སྡོད་བོད་ཕྲུག་ཤེས་མེད་ཚོར་མེད་དག་ལ་ཁ་བདེ་པོའི་སྦྱོང་བརྡར་ཡག་ཐག་གཅོད་ཅིག་སྤྲད་འདུག དེ་ཚོས་སླད་ཕྱིན་བོད་དབང་སློབ་ཕྲུག་ཚོགས་པ་དང་། གཞོན་ནུ་ཚོགས་པ་སོགས་སུ་ཁ་བདེ་པོའི་མགོ་མཁྲིད་ཤ་སྟག་ཡོང་རེ་ཆེ།
དབྱིན་བོད་སྦྲགས་མ་ཞིག་གསུང་གི་འདུག་པས་སློབ་ཕྲུག་ཚོ་དགའ་བོ་བྱུང་ལོས་ཡོད་་་་་ང་ཚོས་སྣེ་ཁྲིད་པས་སྦྲགས་སྐད་བཤད་ནས་སྣེ་ཁྲིད་ན་རྗེས་ཞུགས་པ་ཚོར་ལྟ་ཅི་སྨོས་་་
རྩ་ཁྲིམས་ཡག་པོ་ཡོད་མེད་དེ་དོན་དག་གཞན་ཞིག་རེད། སྐབས་དོན། རྩ་ཁྲིམས་འོག་ནས་རང་སྐྱོང་རྩོད་ཀྱིན་ཡོད་པས་དམངས་གཙོ་ཆ་རྐྱེན་ཞིག་ཏུ་རྩོད་མི་འོས་ཚུལ་གསུངས་སོང། དེའི་རྒྱུ་མཚན་ནི་རྩ་ཁྲིམས་ནང་དུ་འོས་ཤོག་འཕེན་པ་དང་གཏམ་བརྗོད་རང་དབང་ཡོད་མ་རེད། ང་ཚོས་ཡོད་པ་དེ་སྤྲོད་དགོས་ཟེར་བ་ལས་མེད་པ་ཞིག་དགོས་འདུན་ཞུ་གི་མེད་ཚུལ་གསུངས་པ་རེད། དེ་བས་ངས་རྩ་ཁྲིམས་ནང་དེ་ལྟར་འཁོད་འདུག ཆ་རྐྱེན་དུ་བརྩི་འོས་པ་རེད་ཟེར་བ་ཡིན། སྤྱིར་རྩ་ཁྲིམས་ལ་ལེགས་བཅོས་གཏོང་དགོས་ངེས་འགའ་རེ་ཡོད་པ་ཧ་གོ་གི་ཡོད། འོན་ཀྱང་ད་ལྟ་ང་ཚོའི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་ལ་གང་འཁོད་ཡོད་པ་དེ་དག་ཁ་ཡོད་ལག་ཡོད་ཅིག་གནང་དགོས་པའི་རེ་འདུན་འདོན་པ་དང་ལྷན་དུ། ཁྲིམས་ལག་ལེན་མི་བྱེད་པར་སྐྱོན་བརྗོད་ཀྱང་བྱེད་དགོས་པ་རེད། མདོར་ན་ང་ཚོས་ཁྲིམས་ལུགས་གཞིར་བཟུང་གིས་ཐོབ་ཐང་རྩོད་ཀྱིན་ཡོད་པས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་གསལ་བོ་ཞིག་རྟོགས་དགོས་པ་རེད། སློབ་སྦྱོང་བྱེད་དགོས་པ་རེད། དེ་མ་རེད་དམ།
སྦྲགས་སྐད་འདི་འདྲ་རྒྱབ་བསྡད་ན་བོད་སྐད་དང་བོད་ཀྱི་སྐད་ཡར་རྒྱས་??? བོད་པ་ནང་ཕ་ཚུན་སྐད་བསྒྱུར་ལ་བརྟེན་ནས་གོ་བརྡ་སྤྲོད་དགོས་ཐུག་ས་རེད། སྲིད་སྐྱོང་ལགས་ཐུགས་རྗེ་ཆེ་རང་གཟུགས་མངོན་གྱི་འདིག་གོ
སྲིད་སྐྱོང་གི་གསུང་བཤད་ནི། ཁྲིམས་ལུགས་དང་སྲིད་དོན་གྱི་ཚད་མཐོ་སའི་མིང་ཚིག་རེད། དེ་འདྲའི་མང་ཚིག་བོད་ཡིག་ལ་མེད་པའི་དཀའ་ངལ་དང་། ཡོད་པ་འདྲ་བོ་བྱས་ནས་མིང་རེ་ལ་ངེས་འཛིན་གནང་ནས་ཅིག་གསུང་ན་ཡང་། ང་ཚོ་དྲ་འབུ་ཚོས་གོ་མདོག་ཁ་བོ་མ་རེད། འདི་དངོས་ཡོད་རེད། དུས་རབས་ཉི་ཤུ་རྩ་གཅིག་པའི་སྲིད་དང་ཁྲིམས། སྨན་དང་འཕྲུལ་རྩལ་སོགས་ལ་གཞན་གྱི་མིང་ཡིག་བཀོལ་ནས་དགེ་ཆ་རྣམས་ཚུར་ལ་སྤེལ་ན། དེ་ནི་མི་ལ་ཡོན་ཏན་ཡོད་པའི་རྟགས་རེད། སྦྲགས་སྐད་ཀྱི་བརྡ་སྤྲོད་འདི་ཚོ། རིམ་གྱིས་བོད་སྐད་གཙང་མ་ལ་བསྒྱུར་ཐུབ་པའི་རེ་བ་ཡོད་པ་རེད། དེ་མིན། ཀ་ཁ་སུམ་ཅུའི་སྒང་ལ། ར་མགོ་ལ་མགོ་དག་ཙམ་སྦྱར་ཤེས་བས། མི་ལ་སྦྲགས་སྐད་སྦྲགས་སྐད་ཟེར་ནས་འཕྱ་ཐུབ་ནི་མ་རེད། བོད་ཡིག་བོད་སྐད་ཡག་པོ་མི་ཤེས་བ་ནི་ཁོ་རང་ཙམ་ལ་སྐལ་བ་ཆད་པ་ལས། བོད་སྤྱི་ལ་ཡག་པོ་མི་ཡོང་བ་ཤིག་བཤད་པ་ནི། བསམ་བློ་ལ་གནས་ལུགས་མེད་པའི་ངུ་ཅོ་རེད། དྲ་འབུ་སྡོམ་ཤོར་འདི་ཚོ་ལ། གནས་ལུགས་འཚོལ་བའི་ལྷོད་ཤ་མི་འདུག། ད་ལྟའི་ཆ་ལ། སྲིད་སྐྱོང་གི་བོད་ཡིག་བོད་སྐད་ཡག་མི་ཡག་དེ་གནད་དོན་མ་རེད། སྲིད་སྐྱོང་གིས་རྒྱ་བོད་འཐབ་རྩོད་འདུམ་པའི་ཐབས་ཇུས་དང་། ནུས་འབྲས་ག་ཚོད་དོན་ཡོད་མེད་དེ་གནད་འགག་མ་ཡིན་ནམ། རྩ་བ་བོར་ནས། ཡལ་ག་གླེང་མཁན་འདི་ཚོ་ལ། སློབ་སྦྱོང་གང་འདྲ་འདྲ་ཞིག་མ་རག་བ་ཡིན་ནམ་སུས་ཤེས། ཁ་ཤས་ཀྱི་མཆན་ནི། སེམས་སྐྱོ་ཡ་འདྲ་ཞིག་འདུག།
ཨ་ཁུ་སྟོན་པའི་ཡང་སྲིད་བློ་བཟང་སེང་གེར་འདི་ལྟ་བུ་མ་གཏོགས་ལབ་ཡ་ཡོད་པ་མ་རེད། དེ་ནི་མི་ཚང་མས་ཁོང་ལ་༼ ༼ ཨ་ཁུ་སྟོན་པ་ ༽༽ཟེར་པའི་མཚན་སྙན་མོ་སྩལ་བར་མ་འདོད་པས་ཡ་ལ་ཨའོ་བྷ་མར་དཀྲི་འདོད་པ་ཙམ་རེད། ངས་བསམས་ན། ང་ཚོའི་བློ་བཟང་སེང་གེ་འདི་དོན་དངོས་པོར་ང་བླ་མའི་ཡང་སྲིད་༼ ང་སྲིད་སྐྱོང་༽༼ ངའི་ཨ་ཞང།༽ ༼ ངའི་པ་ལགས།༽༼ ངའི་ཧ་ཝ་ཌི ༽ ༼ ངའི་ཨའོ་བྷ་མ་༽ ༼ ངའི་ངའི་ངའི ༽གང་ལྟར། ༼ སྐུ་ཞབས་ང་༽་ཟེར་པ་དེ་ཡིན་ཐག་ཆོད་རེད་འདུག འགྲིག་གི་རེད། ད་ལོ་གསུམ་པ་རྫོགས་ལ་ཉེ། བོད་མི་རིགས་ཀྱི་ལས་དབང་འདི་འདྲ་ཡིན་སྟབས། ཁོས་ལོ་ལྔ་འདི་ལྟར་མི་འདོད་ཀྱང་འཕྲོ་བརླག་ཏུ་གཏོང་རྒྱུ་ཡིན་པ་ཐེ་ཚོམ་མི་དགོས་པ་ཞིག་རེད།
ངས་དྲ་བུ་ཚོ་ལ་གཅིག་འདྲི་ལེན་དྲང་པོ་ཐོབ་ཤོག། ང་ཚོ་ལ་དགོས་ཡ་གཙོ་བོ་དེ་ག་རེ་རེད། རྩ་དོན་འགྲུབ་ཡ་ཐད་སྔོན་རྒྱལ་བ་རིན་པོ་ཆེ་ནས་ད་ལྟ་བློ་བཟང་ སེང་གེའི་བར་མི་སུ་གང་གི་ནུས་པ་ཐོན་ཐུབ་མཁན་བྱུང་མི་འདུག། སྔོན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་གྱི་འོད་སྡེར་ནང་ཕབ་ལེན་བྱས་པའི་གསུང་ བཤད་ནང་ལྟས་ན། ང་ཚོའི་རྩ་དོན་འཐབ་རྩོད་ཐད་གཡས་ཞ་གཡོན་འཐེན་རྙིང་ཞན་ལྟ་བ་ཁོ་ན་ལས། མདའ་མོ་འབེན་ལ་ཕོག་པའི་ཐིག་ཚད་ཟིན་པ་ཞིག་ ལར་ནས་བྱུང་མི་འདུག། ཁྱེད་ཚོའི་བློ་བཟང་སྲིད་སྐྱོང་གི་མ་འབྱང་རབ་བཤད་པ་དེ་ཚོ་སེམས་ནང་བོད་དེ་རང་དབང་ལྡན་པ་ཞིག་མགྱོགས་ནས་ཡོང་ཡ་ལ་རེ་ བ་ཤུགས་ཆེན་ཡོད་རྟགས་རེད། དེ་ཡིན་དུས་ང་ཚོའི་རྙིང་ཞེན་དོར་ནས་ཆབ་སྲིད་ཀྱི་ཆུ་བོ་ལ་ཉག་ཉོག་མ་འདྲེས་པར་རྫ་ཆུ་དངས་མ་བསྒྱུར་ཐུབ་ཐབས་བྱེད་ དགོས་རྒྱུ་ང་ཚོའི་ལས་འགན་རེད། ངས་གོ་ཐོས་ལ་སྔོན་ནས་ད་བར་སྐུ་སྒེར་ཡིག་ཚང་ཟེར་བ་ཞིག་ད་སྐབས་དགའ་ལྡན་ཕོ་བྲང་ཟེར་ནས་མིང་བསྒྱུར་འདུག། དེས་བཀའ་བློན་དང་སྲིད་སྐྱོང་སོགས་གང་ཡིན་དག་རང་ཉིད་ཀྱི་མཇོན་ཐང་གང་ཡོད་ཆབ་སྲིད་ལམ་ཕྱོགས་སུ་སྤྱོད་པར་འགོག་སྐྱེན་བྱེད་ཀྱི་ཡོད་པ་སྤྱི་ཚོགས་ནང་རླུང་ བཞིན་ཁྱབ་ཀྱི་འདུག། ངས་བསམ་ན་གཞུང་སྒེར་སོ་སོར་ཕྱེས་ན་ལེགས་བསམ་དྲ་འབུ་ཚོ།
ཆབ་སྲིད་དམ་དྲག་ཟེར་བ་མ་རེད་ནེ། ཀརྡོ་རིན་པོ་ཆེ་ལ། དྭོགས་སློང་ཐུགས་རྗེ་ཆེ། ༢༽ ཆབ་སྲིད་དམ་༼བསྒྲགས་༽སྒྲག འདི། དམ་དྲག མིན་པར་དམ་སྒྲག་རང་ཡིན་པ་འདྲ། ཁྱེད་རང་གི་དམག་མི་རང་མཐོང་བ་འདྲ། ངས་དེའི་གོང་ལ་བཀའ་ཚིག་དེ། དེ་ལས་གལ་ཆེ་བས་སོ།། མིང་ཚིག་ལ་གསལ་བསྒྲགས་སོགས་འདས་པ་འབྲི་ཡ་འདི། ངའི་བློ་ལ་མི་བདེ་ནས། མ་འོངས་འབྱུང་འགྱུར་བློ་གསར་རྣམས་ལ་འགྲེལ་བཤད་ཡོད་ལ། སྤྱོད་བདེ་བའི་ཕྱིར། ག་ལེར་མིང་གི་དག་ཆ་ཡོད་ཚད་ད་ལྟ་བ་རང་བྲིས་ན། ཤེས་བདེ་བས་དེ་ལྟར་བྱས།
ལས་ངན་དུས་བྱི་མིའི་ཆམ་ནད་ཕོག་ཟེར་བ་ལྟར། རང་བསྟོད་ལ་དགའ་མཁན་ཞིག་སྲིད་སྐྱོང་ལ་སླེབས་པ་རེད། བྱ་ངན་པས་སྒྲོ་བསྟོད་ལ་མི་ངན་པས་རང་བསྟོད་ཟེར་བ་ལྟར།ཁོ་རང་དང་ཨོ་བྷ་མ་གཉིས་ཀྱི་དགེ་རྒན་གཅིག་ཡིན་ཚུལ་དང་ཁོ་རང་ཡང་དེ་བཞིན་ཡིན་མདོག་བཤད་ཀྱི་འདུག བོད་པའིhollywood འདྲ་ཞིག་བྱས་ཏེ།མིག་ཤེལ་ནག་རྒྱབ་སྟེ་ལང་ཚོ་ངོམས་ཡ་དང་བྱིས་པ་འགའི་མདུན་ནས་རང་བསྟོད་མ་གཏོགས་ཅི་ཡང་མི་འདུག ད་གང་ལྟར་ལོ་ལྔ་བོ་རྫོགས་ཡ་སྒུགས་ནས་འདུག་ཡ་མ་གཏོགས་ཅི་ཡང་མི་འདུག
ཤེས་ཡོན་སྲིད་བྱུས་གང་མྱུར་དངོས་ཤུགས་རྒྱུད་གསུམ་ནས་ལག་བསྟར་མ་ཐུབ་ན། ད་ལྟ་ནས་ལོ་ལྔ་བཅུའི་རྗེས་ཀྱི་སྲིད་སྐྱོང་གིས་བཀའ་སློབ་ནི་རྒྱ་དབྱིན་གང་རུང་ལས་བོད་སྐད་ནི་ཡོང་ཐབས་མེད་པ་ཁས་བཅད་ནས་བཤད་ཐུབ། འདིར་སྲིད་སྐྱོང་གི་སྤྱོད་པའི་ཐ་སྙད་དེ་དག་ནི་དེང་དུས་ཆབ་སྲིད་དང་སྤྱི་ཚོགས་ཚན་རིག་གི་ཐ་སྙད་གནད་ཅན་དེ་འདྲ་གང་ཡང་མིན་པས་དེ་དག་བོད་ཡིག་ཡོད་ལ་འདེམས་སྒྲུག་བྱེད་རྒྱུ་ཡང་ཡོད། མི་ལོ་༢༠༠༠ལྷག་གི་ལོ་རྒྱུས་ལྡན་པའི་མི་རིགས་དེའི་རིག་གཞུང་ནང་མཁས་པ་དང་དཔོན་པོ། འཇིག་རྟེན་དང་ཕ་རོལ་གང་ལ་ཡང་འཇུག་ཀྱང་དེ་དག་ལ་འཇུག་སྒོའི་རྣམ་གཞག་དང་ལམ་སྟོན་ཡོད་པས། རང་སྐད་དང་རང་གི་རིག་གཞུང་ལ་དོ་སྣང་དང་གུས་བརྩི་ཡོད་མེད་མ་གཏོགས་རིག་གནས་ཀྱི་ཕོངས་མེད། ཕོངས་པ་ནི་དུས་བསྟུན་འགྱུར་བ་བཏང་ཐུབ་པ་ལ་ཐུག་ཡོད་པས་དུས་བསྟུན་པ་ནི་གཞན་སྐད་སྲེས་ཙམ་ཞིག་ཨེ་ཡིན་སྙམ།
༼ཁྱེད་རང་གིས་དམག་མི་རང་མཐོང་བ་འདྲ།༽ ཀརྡོ་མགོ་འཁོར་ལགས། ངས་དམག་མི་ཞིག་ད་མཐོང་མེད། ཁོ་རེ། ཧ་ཧ་ཧ། རྩེད་མོ་ཡིན། དམ་དྲག་ཡིན་པ་རེད། ངས་ཁྱེད་ལ་གསལ་བོ་རྒྱས་བོ་བྱས་ནས་བཤད་དགོས། དགྲ་བོ་རྒྱ་དམར་ཚང་གི་ཆབ་སྲིད་ལ་ལྷོད་ཡངས་མེད་པའི་དམ་པོ་དང་། ཡ་ང་སྙིང་རྗེ་མེད་པའི་དྲག་པོ་ཞིག་ཡོན་པ་དེ་བཤད་པ་རེད། དེ་འདྲའི་ཆབ་སྲིད་ལ་དམ་དྲག་གདུག་རྩུབ་ཅན་གྱི་ཆབ་སྲིད་ཟེར། དམ་སྒྲག་ཟེར་ན། དམ་བཤད་དང་གཅིག་པ་རེད། དེ་ལ་གོ་དོན་ཞིག་འདུག་གམ། ཆབ་སྲིད་དམ་པོ་ཡོད་པ་དེ་གསལ་ཞིང་གསལ་བར་བསྒྲགས་ཚུལ་ཡོད་པ་ལས། དམ་པོ་ལ་བསྒྲགས་ཚུལ་ཞིག་གོ་ཡང་མ་མྱོང་། དམ་པོ་ཡིན་པ་དེ་བསྒྲགས་པ་རེད་ཟེར་ན་གང་འདོད་འདོད་ཞིག་བཤད་པ་ལས། སྙིང་དོན་དུ་གནས་མེད། དེ་ནས་ཁྱེད་རང་གིས་བློ་ལ་མི་བདེ་བ་དེ་ཚོ་བདེ་བར་ཡོང་བ་ལ་འབད་དགོས་བ་རེད། ཡོད་ཚད་ད་ལྟ་བས་མིང་བཟོ་དགོས་ཟེར་ན། སྣ་འཐེན་ནས་ཁ་ནང་ལ་ཟ་འདོད་ཙམ་རེད། ཡོང་ཡ་ཡོད་པ་མ་རེད། འདས་ཕྱིན་པའི་མིང་ལ་འདས་ཚིག་བཀོལ་བ་ལས་ཨུ་ཚུགས་མི་འགྲོ། དཔེར་ན། བྲིས་བ་ལྟ་བུ་ཡིན། ཁྱེད་རང་དབྱིན་ཡིག་དག་ཙམ་མཁྱེད་མཁན་ཡིན་པར་བསམ་པས། ངས་ཁྱེད་ལ་དབྱིན་ཡིག་ཚིག་གཅིག་འདྲེན། sunken ship ལྟ་བུའི་སྐད་ཀྱི་འགྲོས་ཀྱི་མིང་ཚིག་ནི་བོད་ལ་ཡང་འབྲི་ཐུབ་པ་ཡོད། ཤེས་དགོས་བ་དང་ཉམས་འཇོག་དགོས་ས་མང་པོ་ཡོད་པ་མཐོང་ཡ་འདུག། རིག་པ་དོན། ཡིན་ན་ཡང་། ཨ་ཚུགས་ལ་མདུན་ལམ་མེད།
དཔལ་ལྡན་བཀའ་ཤག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མཛད་པ་དང་རྒྱང་གཟིགས་ལ་མངོན་པར་བསྟོད། སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་རྩ་ཁྲིམས་དང་དེ་ལས་མཆེད་པའི་བུ་ཁྲིམས་དང་ཞལ་ལྕེ་སོགས་ལ་སློབ་སྦྱོང་གཏིང་ཟབ་མོ་གནང་ཡོད་པ་མ་ཟད། ཁྲིམས་ཀྱི་མཚན་ཉིད་རིག་པ་ལ་བརྟེན་ནས་རྒྱ་གཞུང་ལ་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་པའི་རྩ་ཁྲིམས་དང་ཁྲིམས་ཚོགས་མེད་པའི་གནས་ཚུལ་དེ་གཟིགས་པ་ནི་ཁྲིམས་རིག་སློབ་དཔོན་གྱི་མངོན་པར་འཕགས་པའི་ཁྱད་ཆོས་རེད། དེ་ནི་སོ་སྐྱེས་རང་ག་བ་ཞིག་གི་བློའི་ཡུལ་དུ་ག་ལ་ཤོངས།
སུ་ཞིག་བདེན་པ་ལ་བསྙོན་ན་དེ་ནི་སྨྱོན་པ་ཡིན་ལ། བསྟོད་མི་ཤེས་པ་ཞིག་གི་བསྟོད་པ་དེ་སྨད་པ་སྡུག་ཤོས་ཡིན། ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས། ཞེས་པའི་བརྗོད་གཞི་འདི་ཧ་ཅང་གལ་ཆེན་རེད། དེ་བས་ད་ལྟའི་མདོ་སྨད་སྤྱི་འཐུས་གཅིག་གི་སྔོན་འགྲོའི་འོས་གཞིར་ཚུད་པ་དག་ལས་སུ་ཞིག་གིས། བརྗོད་གཞི་འདིའི་ཐད་ལ་སྲིད་སྐྱོང་མཆོག་ལས་ལྷག་པའི་གཏམ་བཤད་དང་ལན་འདེབས་ཤིག་བྱེད་ཐུབ་སོང་ན། ང་ཚོའི་མཐའ་འཇུག་གི་འོས་ཤོག་དེ་ལ་བླུགས་ན་ག་འདྲ་འདུག
བདེན་གི བུམ་པ་གང་བྱོའི་ཚུལ་དུ་གནང་བ་དེ་དགེ་རྒན་ཡག་ཤོས་ལོས་ཡིན། ཡིན་ན་ཡང་སྐབས་དོན་བརྗོད་གཞི་གང་ཡིན་པ་དེ་རང་གཙོ་འདོན་མ་ཐུབ་པ་དང་གནད་ལ་མ་འཁེལ་ན་གང་དེའི་གཏམ་བཤད་ལ་སྐར་མ་སྤྲོད་དཀའ། དེ་མ་རེད་དམ།
ད་ངོ་མ་སྨྱོ་གི་ཡོད་པ་འདྲ།
ལས་ཀ་མེད་པའི་ལས་ཀ་རང་རེད། སྲིད་སྐྱོང་ལགས་སྐུ་མཁྱེན་རྒྱུ་མཚན་ཅིག་མི་འདུག། ངོ་ཚ་རོགས་རེད།
སློབ་ཕྲུག་ཚོ་ལ་གདམས་པ་དེ་འདྲ་ཡག་པོ་གསུངས་སོང་བསམ་སོང་། གོ་བ་ཅན་རེ་ཡོད་ན། ལེན་རྒྱུའི་བསླབ་བྱ་དང་གོ་དོན་དེ་འདྲ་མང་པོ་འདུག།
ཁོ་རང་ཁོ་རང་གི་སེང་པགས་ལ་དེ་འདྲའི་ཆེ་མཐོང་ཡོད་པ་སྔར་བཞིན་རེད། བོད་སྤྱི་དོན་ལ་མ་གནོད་པར་དུ། ཡག་པོ་མ་རེད་ཞུ་ཡ་མེད།
རྒན་ཚེ་རིང་བསམ་འགྲུབ་གྱིས་ལ་དང་ལ། མཁྱེན་དང་མཁྱེན་ཞུས་བ་ནི་ཚད་ཡོད་པ་ཞིག་ལ་ཚད་མེད་པའི་གུས་ཞབས་རྫུན་མ་འདྲ་པོར་མཐོང་སོང་།
ཆ་ཚང་ཉན་པ་ཡིན། ཆབ་སྲིད་པས་གཏམ་བཤད་གནང་སྟངས་སྐོར་དེ་བརྗོད་གཞི་རང་མིན་ན་ཡང་གསལ་བོ་ཞིག་གསུངས་སོང། ཕན་ཐོགས་ལོས་ཡོད། འོན་ཀྱང་༡༩༥༩ ལོར་བོད་རང་བཙན་ཤོར་བ་གསུངས་པ་འདི་དང། ཀྲུང་གོའི་རྩ་ཁྲིམས་སུ་འོས་འདེམས་དང་གཏམ་བརྗོད་ཀྱི་རང་དབང་མེད་ཟེར་བ་འདི་གཉིས་ཁས་ལེན་ཐབས་བྲལ།
ཅིའི་ཕྱིར་༡༩༥༩ ལོར་བོད་རང་བཙན་ཤོར་ཞེས་ཡང་དང་ཡང་དུ་གསུངས་དགོས་དོན་ཧ་གོ་མ་སོང།
གཉིས་པ་རྩ་ཁྲིམས་ལུང་འདྲེན་ཆོག
དོན་ཚན་སོ་བཞི་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་ལོ་བཅོ་བརྒྱད་ལོན་པའི་སྤྱི་དམངས་ཡིན་ཕྱིན། མི་རིགས་དང༌། རིགས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་གོ་འབྱུང་ཁུངས། ཆོས་ལུགས་དད་པ། སློབ་གསོ་ཐོབ་ཚད། རྒྱུ་ནོར་མང་ཉུང༌། གཞིས་སྡོད་དུས་ཡུན་བཅས་ཀྱི་དབྱེ་བ་མི་འབྱེད་པར་ཚང་མར་འདེམ་བྱེད་དང་འདམ་བྱའི་དབང་ཆ་ཡོད། འོན་ཀྱང་བཅའ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་ཟིན་པ་རྣམས་འདིའི་གྲས་སུ་ཚུད་མེད།
དོན་ཚན་སོ་ལྔ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཏམ་བརྗོད་དང༌། དཔེ་སྐྲུན། འདུ་ཚོགས། ཚོགས་པ་འཛུགས་པ། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད།
སྐུ་ངོ་ཆབ་བྲག་ལགས། ཀྲུང་གོའི་རྩ་ཁྲིམས་དེ་འདྲ་ཡག་པོ་ཡོད་ན། ཁྱེད་རང་ཕ་ཡུལ་ལ་ལོག་ནས་རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཁེ་དབང་ལོངས་སུ་མི་སྤྱོད་དོན་ཅི་ཡིན་ནམ། བོད་རང་བཙན་༡༩༥༡ལོར་ཤོར་བ་རེད།
བློ་སེང་དང་ཨོ་བྷ་མ་གཉིས་འདྲ་ས་མང་གི་ཁོང་གཉིས་ཀྱི་དགེ་རྒན་གཅིག་ཡིན་ཟེར་ན་ཆོགས་གི ཨོ་བྷ་མས་ཨ་རི་རྒྱལ་ཁབ་དེ་ག་རེ་བྱུང་ན་ཡང་ཁྱད་པར་མེད་ གཙོ་བོ་མི་ནག་སྤྲང་པོ་དང་སྤྱོད་ངན་ལས་མེད་དེ་རྣམས་ལ་སྐྱོབས་གསོ་མང་པོ་སྤྲད་དགོས་གི་རེད་ཟེར། བློ་སེང་གིས་གཙོ་བོ་བོད་རྒྱལ་ཁབ་འམ་མི་རིགས་ཀྱི་ཆོས་དང་རིགས་གཞུང་སྐད་ཡིག་སོགས་ག་རེ་བྱུང་ན་ཡང་ཁྱད་པར་མི་འདུག ཁ་ཡོད་ལག་ཡོད་ཀྱི་བཙན་བྱོལ་ནང་དབྱིན་སྐད་དང་ཡི་གེ་ཙམ་སྦྱང་ནས་ལྟོ་གོས་འཚོལ་ཐབས་འམ་ཞལ་འདེབས་ཐབས་ཁོ་ན་བྱེད་དགོས་ཟེར།
མདོར་བསྡུས་ན་ཧ་ཝ་ཌ་ནས་ཁ་བདེ་ལག་རིལ་རྐྱང་གསོ་སྐྱོང་བྱེད་ཀྱི་ཡོད་པ་འདྲ།
སྲིད་སྐྱོང་གི་གཏམ་བཤད་འདི་དང་འདི་ལྟ་བུ་ལས་མཐོང་ཡོང་བ་ནི། བོད་རང་གི་སྐད་ཡིག་དེ་བོད་རིགས་རང་ཉིད་ཀྱིས་བསྣུབས་ཀྱིན་ཡོད་པ་དེ་རེད། གཞི་རྩའི་ཆ་ནས་ཤེས་ཡོན་ནི་གཙོ་བོ་རྒྱལ་བ་ལྟ་བུ་དེ་ཡིན་ངེས་ན་ཡང་། བོད་མི་རིགས་ལ་མཚོན་ན། བོད་མི་རིགས་ཀྱི་སྲོག་རྩ་ནི་བོད་རང་གི་སྐད་ཡིག་དང་འབྲེལ་བའི་ཤེས་ཡོན་དེ་ཆེས་གཙོ་བོ་ཡིན།
སྲིད་སྐྱོང་གིས་ནུབ་ཕྱོགས་ཀྱི་བྱེད་སྟངས་ལ་ལད་ཟློས་བྱས་པ་སྨོས་མེད་ཡིན་ཡང་། ལད་ཟློས་དེ་བོད་རང་གི་སྐད་ཡིག་ཐོག་ཕབ་བཤུས་ཀྱིས་བོད་པའི་ངོ་རྟགས་དེ་གསལ་སྟོན་བྱེད་དགོས་པ་ཞིག་རེད། དེར་སྲིད་སྐྱོང་གིས་བརྗོད་ཀྱིན་པའི་ཕྱེད་སྐད་ཙམ་གྱིས་མ་གཏོགས། བཤད་མཁན་ཉན་མཁན་ཚང་མ་བོད་པ་ཡིན་པའི་ངོ་རྟགས་གང་ཡང་མི་མཐོང་།
དུས་མཚུངས་སྲིད་སྐྱོང་གིས་བོད་ཀྱི་རྩ་དོན་ཐད་ནས་ཤེས་ཡོན་གྱིས་མ་གཏོགས། གཞན་གང་གིས་ཀྱང་བོད་ཀྱིས་གཏན་ནས་མི་ཡོང་ཚུལ་འདྲ་བོ་ཞིག་བརྗོད་པ་དེར་མོས་མཐུན་བྱེད་དཀའ། བོད་ཤོར་བའི་རྗེས་ནས་རང་བཙན་དང་རང་སྐྱོང་ཚད་ལྡན་ཐོབ་པའི་རྒྱལ་ཁབ་དང་མི་རིགས་གཞན་དེ་ཚོར་ཤེས་ཡོན་ཡོད་དྲགས་ནས་ཐོབ་པ་ཡིན་རྒྱུ་མ་རེད། མགོ་ཁྲིད་ཀྱི་ཆོད་སེམས་བརྟན་པོའི་སྣེ་ཁྲིད་དང་། མི་དམངས་ཀྱིས་བདེན་པ་བརྡར་བའི་སྟོབས་ཤུགས། དངོས་ཡོད་ཀྱི་གནས་ཚུལ་དུས་ལྟར་གསལ་སྟོན་སོགས་ལ་ཧ་ཅང་འབྲེལ་ཡོད་ངེས།
Public Narrative འདི།
བོད་སྐད་ནང་ལ་ཡང་འབྲི་དགོས་པ། མ་མཐོང་པ་ནི་བློ་ཕམ་ཅིག་རེད།
Public Narrative འདིར། མང་ཚོགས་ལ་གཏམ་གླེང་། ཞེས་པ་འདི་ཡིན་པ་འདྲ།
ད་ལྟའི་བོད་ཀྱི་ཆབ་སྲི་ཀྱི་གནས་སྟངས།
བོད་ནི།
༡༽ བཙན་འོག་ལ་ཡོད་པ།
༢༽ ཆབ་སྲིད་དམ་༼བསྒྲགས་༽སྒྲག
༣༽ སྤྱི་ཚོགས་དབྱེ་འབྱེད།
༤༽ དཔལ་འབྱོར་དབྱེ་འབྱེད།
༥༽ འཁོར་ཡུག་གཏོར་བཤིག
༦༽ རིག་གཞུང་རྩ་མེད། ༼ལེགས་གཞུང་ངམ་། རིག་གཞུང་ངམ། ལེགས་བྱང་ངམ། ལེགས་རྒྱུན།༽
ཆབ་སྲིད་དམ་དྲག་ཟེར་བ་མ་རེད་ནེ། ཀརྡོ་རིན་པོ་ཆེ་ལ།
ད་སྐབས་སྲིད་སྐྱོང་སྐྱགས་པ་གཏང་ས་མིན་པར་སླེབས་འདུག ད་དུང་ཤེས་རིག་ལས་ཁུངས་ཀྱི་གོང་གི་བརྗོད་གཞི་ Publish narrative ཟེར་བ་བོད་ཡིག་ནང་དུ་བྲིས་མེད་པར་བློ་ཕམ་ཡོད། ཧ་ཧ་ ད་ཐེངས་སྲིད་སྐྱོང་གི་འཛིན་རིམ་བཅུ་བ་ནས་བཅུ་གཉིས་ཀྱི་སློབ་ཕྲུག་ཁ་ཤས་ལ་འགོ་སྐོར་གཡོགས་ཀྱི་འདུག་ཀཱ ངོ་མ་དགད་མོ་ཤོར་སོང་།
རྒྱ་གར་སོགས་ཕྱི་སྡོད་བོད་ཕྲུག་ཤེས་མེད་ཚོར་མེད་དག་ལ་ཁ་བདེ་པོའི་སྦྱོང་བརྡར་ཡག་ཐག་གཅོད་ཅིག་སྤྲད་འདུག དེ་ཚོས་སླད་ཕྱིན་བོད་དབང་སློབ་ཕྲུག་ཚོགས་པ་དང་། གཞོན་ནུ་ཚོགས་པ་སོགས་སུ་ཁ་བདེ་པོའི་མགོ་མཁྲིད་ཤ་སྟག་ཡོང་རེ་ཆེ།
དབྱིན་བོད་སྦྲགས་མ་ཞིག་གསུང་གི་འདུག་པས་སློབ་ཕྲུག་ཚོ་དགའ་བོ་བྱུང་ལོས་ཡོད་་་་་ང་ཚོས་སྣེ་ཁྲིད་པས་སྦྲགས་སྐད་བཤད་ནས་སྣེ་ཁྲིད་ན་རྗེས་ཞུགས་པ་ཚོར་ལྟ་ཅི་སྨོས་་་
རྩ་ཁྲིམས་ཡག་པོ་ཡོད་མེད་དེ་དོན་དག་གཞན་ཞིག་རེད། སྐབས་དོན། རྩ་ཁྲིམས་འོག་ནས་རང་སྐྱོང་རྩོད་ཀྱིན་ཡོད་པས་དམངས་གཙོ་ཆ་རྐྱེན་ཞིག་ཏུ་རྩོད་མི་འོས་ཚུལ་གསུངས་སོང། དེའི་རྒྱུ་མཚན་ནི་རྩ་ཁྲིམས་ནང་དུ་འོས་ཤོག་འཕེན་པ་དང་གཏམ་བརྗོད་རང་དབང་ཡོད་མ་རེད། ང་ཚོས་ཡོད་པ་དེ་སྤྲོད་དགོས་ཟེར་བ་ལས་མེད་པ་ཞིག་དགོས་འདུན་ཞུ་གི་མེད་ཚུལ་གསུངས་པ་རེད། དེ་བས་ངས་རྩ་ཁྲིམས་ནང་དེ་ལྟར་འཁོད་འདུག ཆ་རྐྱེན་དུ་བརྩི་འོས་པ་རེད་ཟེར་བ་ཡིན།
སྤྱིར་རྩ་ཁྲིམས་ལ་ལེགས་བཅོས་གཏོང་དགོས་ངེས་འགའ་རེ་ཡོད་པ་ཧ་གོ་གི་ཡོད། འོན་ཀྱང་ད་ལྟ་ང་ཚོའི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་ལ་གང་འཁོད་ཡོད་པ་དེ་དག་ཁ་ཡོད་ལག་ཡོད་ཅིག་གནང་དགོས་པའི་རེ་འདུན་འདོན་པ་དང་ལྷན་དུ། ཁྲིམས་ལག་ལེན་མི་བྱེད་པར་སྐྱོན་བརྗོད་ཀྱང་བྱེད་དགོས་པ་རེད།
མདོར་ན་ང་ཚོས་ཁྲིམས་ལུགས་གཞིར་བཟུང་གིས་ཐོབ་ཐང་རྩོད་ཀྱིན་ཡོད་པས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་གསལ་བོ་ཞིག་རྟོགས་དགོས་པ་རེད། སློབ་སྦྱོང་བྱེད་དགོས་པ་རེད། དེ་མ་རེད་དམ།
ད་དེ་འདྲ་བྱས་ནས་ལོ་ལྔ་རྫོགས་གྲབས་འདུག
དེའི་རྗེས་ལ་སུ་ཡོང་གི་རེད། སུས་སུ་ཞིག་འཁྲིད་ཡོང་ངམ།
སྦྲགས་སྐད་འདི་འདྲ་རྒྱབ་བསྡད་ན་བོད་སྐད་དང་བོད་ཀྱི་སྐད་ཡར་རྒྱས་??? བོད་པ་ནང་ཕ་ཚུན་སྐད་བསྒྱུར་ལ་བརྟེན་ནས་གོ་བརྡ་སྤྲོད་དགོས་ཐུག་ས་རེད། སྲིད་སྐྱོང་ལགས་ཐུགས་རྗེ་ཆེ་རང་གཟུགས་མངོན་གྱི་འདིག་གོ
སྲིད་སྐྱོང་གི་གསུང་བཤད་ནི། ཁྲིམས་ལུགས་དང་སྲིད་དོན་གྱི་ཚད་མཐོ་སའི་མིང་ཚིག་རེད། དེ་འདྲའི་མང་ཚིག་བོད་ཡིག་ལ་མེད་པའི་དཀའ་ངལ་དང་། ཡོད་པ་འདྲ་བོ་བྱས་ནས་མིང་རེ་ལ་ངེས་འཛིན་གནང་ནས་ཅིག་གསུང་ན་ཡང་། ང་ཚོ་དྲ་འབུ་ཚོས་གོ་མདོག་ཁ་བོ་མ་རེད། འདི་དངོས་ཡོད་རེད།
དུས་རབས་ཉི་ཤུ་རྩ་གཅིག་པའི་སྲིད་དང་ཁྲིམས། སྨན་དང་འཕྲུལ་རྩལ་སོགས་ལ་གཞན་གྱི་མིང་ཡིག་བཀོལ་ནས་དགེ་ཆ་རྣམས་ཚུར་ལ་སྤེལ་ན། དེ་ནི་མི་ལ་ཡོན་ཏན་ཡོད་པའི་རྟགས་རེད། སྦྲགས་སྐད་ཀྱི་བརྡ་སྤྲོད་འདི་ཚོ། རིམ་གྱིས་བོད་སྐད་གཙང་མ་ལ་བསྒྱུར་ཐུབ་པའི་རེ་བ་ཡོད་པ་རེད། དེ་མིན། ཀ་ཁ་སུམ་ཅུའི་སྒང་ལ། ར་མགོ་ལ་མགོ་དག་ཙམ་སྦྱར་ཤེས་བས། མི་ལ་སྦྲགས་སྐད་སྦྲགས་སྐད་ཟེར་ནས་འཕྱ་ཐུབ་ནི་མ་རེད། བོད་ཡིག་བོད་སྐད་ཡག་པོ་མི་ཤེས་བ་ནི་ཁོ་རང་ཙམ་ལ་སྐལ་བ་ཆད་པ་ལས། བོད་སྤྱི་ལ་ཡག་པོ་མི་ཡོང་བ་ཤིག་བཤད་པ་ནི། བསམ་བློ་ལ་གནས་ལུགས་མེད་པའི་ངུ་ཅོ་རེད།
དྲ་འབུ་སྡོམ་ཤོར་འདི་ཚོ་ལ། གནས་ལུགས་འཚོལ་བའི་ལྷོད་ཤ་མི་འདུག། ད་ལྟའི་ཆ་ལ། སྲིད་སྐྱོང་གི་བོད་ཡིག་བོད་སྐད་ཡག་མི་ཡག་དེ་གནད་དོན་མ་རེད། སྲིད་སྐྱོང་གིས་རྒྱ་བོད་འཐབ་རྩོད་འདུམ་པའི་ཐབས་ཇུས་དང་། ནུས་འབྲས་ག་ཚོད་དོན་ཡོད་མེད་དེ་གནད་འགག་མ་ཡིན་ནམ། རྩ་བ་བོར་ནས། ཡལ་ག་གླེང་མཁན་འདི་ཚོ་ལ། སློབ་སྦྱོང་གང་འདྲ་འདྲ་ཞིག་མ་རག་བ་ཡིན་ནམ་སུས་ཤེས། ཁ་ཤས་ཀྱི་མཆན་ནི། སེམས་སྐྱོ་ཡ་འདྲ་ཞིག་འདུག།
ཨ་ཁུ་སྟོན་པའི་ཡང་སྲིད་བློ་བཟང་སེང་གེར་འདི་ལྟ་བུ་མ་གཏོགས་ལབ་ཡ་ཡོད་པ་མ་རེད། དེ་ནི་མི་ཚང་མས་ཁོང་ལ་༼ ༼ ཨ་ཁུ་སྟོན་པ་ ༽༽ཟེར་པའི་མཚན་སྙན་མོ་སྩལ་བར་མ་འདོད་པས་ཡ་ལ་ཨའོ་བྷ་མར་དཀྲི་འདོད་པ་ཙམ་རེད།
ངས་བསམས་ན། ང་ཚོའི་བློ་བཟང་སེང་གེ་འདི་དོན་དངོས་པོར་ང་བླ་མའི་ཡང་སྲིད་༼ ང་སྲིད་སྐྱོང་༽༼ ངའི་ཨ་ཞང།༽ ༼ ངའི་པ་ལགས།༽༼ ངའི་ཧ་ཝ་ཌི ༽ ༼ ངའི་ཨའོ་བྷ་མ་༽ ༼ ངའི་ངའི་ངའི ༽གང་ལྟར། ༼ སྐུ་ཞབས་ང་༽་ཟེར་པ་དེ་ཡིན་ཐག་ཆོད་རེད་འདུག འགྲིག་གི་རེད། ད་ལོ་གསུམ་པ་རྫོགས་ལ་ཉེ། བོད་མི་རིགས་ཀྱི་ལས་དབང་འདི་འདྲ་ཡིན་སྟབས། ཁོས་ལོ་ལྔ་འདི་ལྟར་མི་འདོད་ཀྱང་འཕྲོ་བརླག་ཏུ་གཏོང་རྒྱུ་ཡིན་པ་ཐེ་ཚོམ་མི་དགོས་པ་ཞིག་རེད།
ངས་དྲ་བུ་ཚོ་ལ་གཅིག་འདྲི་ལེན་དྲང་པོ་ཐོབ་ཤོག། ང་ཚོ་ལ་དགོས་ཡ་གཙོ་བོ་དེ་ག་རེ་རེད། རྩ་དོན་འགྲུབ་ཡ་ཐད་སྔོན་རྒྱལ་བ་རིན་པོ་ཆེ་ནས་ད་ལྟ་བློ་བཟང་
སེང་གེའི་བར་མི་སུ་གང་གི་ནུས་པ་ཐོན་ཐུབ་མཁན་བྱུང་མི་འདུག། སྔོན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་གྱི་འོད་སྡེར་ནང་ཕབ་ལེན་བྱས་པའི་གསུང་
བཤད་ནང་ལྟས་ན། ང་ཚོའི་རྩ་དོན་འཐབ་རྩོད་ཐད་གཡས་ཞ་གཡོན་འཐེན་རྙིང་ཞན་ལྟ་བ་ཁོ་ན་ལས། མདའ་མོ་འབེན་ལ་ཕོག་པའི་ཐིག་ཚད་ཟིན་པ་ཞིག་
ལར་ནས་བྱུང་མི་འདུག། ཁྱེད་ཚོའི་བློ་བཟང་སྲིད་སྐྱོང་གི་མ་འབྱང་རབ་བཤད་པ་དེ་ཚོ་སེམས་ནང་བོད་དེ་རང་དབང་ལྡན་པ་ཞིག་མགྱོགས་ནས་ཡོང་ཡ་ལ་རེ་
བ་ཤུགས་ཆེན་ཡོད་རྟགས་རེད། དེ་ཡིན་དུས་ང་ཚོའི་རྙིང་ཞེན་དོར་ནས་ཆབ་སྲིད་ཀྱི་ཆུ་བོ་ལ་ཉག་ཉོག་མ་འདྲེས་པར་རྫ་ཆུ་དངས་མ་བསྒྱུར་ཐུབ་ཐབས་བྱེད་
དགོས་རྒྱུ་ང་ཚོའི་ལས་འགན་རེད། ངས་གོ་ཐོས་ལ་སྔོན་ནས་ད་བར་སྐུ་སྒེར་ཡིག་ཚང་ཟེར་བ་ཞིག་ད་སྐབས་དགའ་ལྡན་ཕོ་བྲང་ཟེར་ནས་མིང་བསྒྱུར་འདུག།
དེས་བཀའ་བློན་དང་སྲིད་སྐྱོང་སོགས་གང་ཡིན་དག་རང་ཉིད་ཀྱི་མཇོན་ཐང་གང་ཡོད་ཆབ་སྲིད་ལམ་ཕྱོགས་སུ་སྤྱོད་པར་འགོག་སྐྱེན་བྱེད་ཀྱི་ཡོད་པ་སྤྱི་ཚོགས་ནང་རླུང་
བཞིན་ཁྱབ་ཀྱི་འདུག། ངས་བསམ་ན་གཞུང་སྒེར་སོ་སོར་ཕྱེས་ན་ལེགས་བསམ་དྲ་འབུ་ཚོ།
ཆབ་སྲིད་དམ་དྲག་ཟེར་བ་མ་རེད་ནེ། ཀརྡོ་རིན་པོ་ཆེ་ལ།
དྭོགས་སློང་ཐུགས་རྗེ་ཆེ།
༢༽ ཆབ་སྲིད་དམ་༼བསྒྲགས་༽སྒྲག
འདི། དམ་དྲག མིན་པར་དམ་སྒྲག་རང་ཡིན་པ་འདྲ། ཁྱེད་རང་གི་དམག་མི་རང་མཐོང་བ་འདྲ། ངས་དེའི་གོང་ལ་བཀའ་ཚིག་དེ། དེ་ལས་གལ་ཆེ་བས་སོ།།
མིང་ཚིག་ལ་གསལ་བསྒྲགས་སོགས་འདས་པ་འབྲི་ཡ་འདི། ངའི་བློ་ལ་མི་བདེ་ནས། མ་འོངས་འབྱུང་འགྱུར་བློ་གསར་རྣམས་ལ་འགྲེལ་བཤད་ཡོད་ལ། སྤྱོད་བདེ་བའི་ཕྱིར། ག་ལེར་མིང་གི་དག་ཆ་ཡོད་ཚད་ད་ལྟ་བ་རང་བྲིས་ན། ཤེས་བདེ་བས་དེ་ལྟར་བྱས།
ཁྱེད་རང་གི་དམག་མི་རང་མཐོང་བ་འདྲ།
འདི།
ཁྱེད་རང་གིས་དམག་མི་རང་མཐོང་བ་འདྲ།
ང་ཁྱུང་ཆེན་སྙིང་བརྗེ། ལོ་སུམ་ཅུ་ཟིན་གྲབས་ཡོད། མི་ཚེ་འཕྲོ་བརླག་ཏུ་གཏོང་ཤག་ཤག་རེད།
ལས་ངན་དུས་བྱི་མིའི་ཆམ་ནད་ཕོག་ཟེར་བ་ལྟར། རང་བསྟོད་ལ་དགའ་མཁན་ཞིག་སྲིད་སྐྱོང་ལ་སླེབས་པ་རེད།
བྱ་ངན་པས་སྒྲོ་བསྟོད་ལ་མི་ངན་པས་རང་བསྟོད་ཟེར་བ་ལྟར།ཁོ་རང་དང་ཨོ་བྷ་མ་གཉིས་ཀྱི་དགེ་རྒན་གཅིག་ཡིན་ཚུལ་དང་ཁོ་རང་ཡང་དེ་བཞིན་ཡིན་མདོག་བཤད་ཀྱི་འདུག བོད་པའིhollywood འདྲ་ཞིག་བྱས་ཏེ།མིག་ཤེལ་ནག་རྒྱབ་སྟེ་ལང་ཚོ་ངོམས་ཡ་དང་བྱིས་པ་འགའི་མདུན་ནས་རང་བསྟོད་མ་གཏོགས་ཅི་ཡང་མི་འདུག ད་གང་ལྟར་ལོ་ལྔ་བོ་རྫོགས་ཡ་སྒུགས་ནས་འདུག་ཡ་མ་གཏོགས་ཅི་ཡང་མི་འདུག
ཤེས་ཡོན་སྲིད་བྱུས་གང་མྱུར་དངོས་ཤུགས་རྒྱུད་གསུམ་ནས་ལག་བསྟར་མ་ཐུབ་ན། ད་ལྟ་ནས་ལོ་ལྔ་བཅུའི་རྗེས་ཀྱི་སྲིད་སྐྱོང་གིས་བཀའ་སློབ་ནི་རྒྱ་དབྱིན་གང་རུང་ལས་བོད་སྐད་ནི་ཡོང་ཐབས་མེད་པ་ཁས་བཅད་ནས་བཤད་ཐུབ། འདིར་སྲིད་སྐྱོང་གི་སྤྱོད་པའི་ཐ་སྙད་དེ་དག་ནི་དེང་དུས་ཆབ་སྲིད་དང་སྤྱི་ཚོགས་ཚན་རིག་གི་ཐ་སྙད་གནད་ཅན་དེ་འདྲ་གང་ཡང་མིན་པས་དེ་དག་བོད་ཡིག་ཡོད་ལ་འདེམས་སྒྲུག་བྱེད་རྒྱུ་ཡང་ཡོད།
མི་ལོ་༢༠༠༠ལྷག་གི་ལོ་རྒྱུས་ལྡན་པའི་མི་རིགས་དེའི་རིག་གཞུང་ནང་མཁས་པ་དང་དཔོན་པོ། འཇིག་རྟེན་དང་ཕ་རོལ་གང་ལ་ཡང་འཇུག་ཀྱང་དེ་དག་ལ་འཇུག་སྒོའི་རྣམ་གཞག་དང་ལམ་སྟོན་ཡོད་པས། རང་སྐད་དང་རང་གི་རིག་གཞུང་ལ་དོ་སྣང་དང་གུས་བརྩི་ཡོད་མེད་མ་གཏོགས་རིག་གནས་ཀྱི་ཕོངས་མེད། ཕོངས་པ་ནི་དུས་བསྟུན་འགྱུར་བ་བཏང་ཐུབ་པ་ལ་ཐུག་ཡོད་པས་དུས་བསྟུན་པ་ནི་གཞན་སྐད་སྲེས་ཙམ་ཞིག་ཨེ་ཡིན་སྙམ།
༼ཁྱེད་རང་གིས་དམག་མི་རང་མཐོང་བ་འདྲ།༽ ཀརྡོ་མགོ་འཁོར་ལགས། ངས་དམག་མི་ཞིག་ད་མཐོང་མེད། ཁོ་རེ། ཧ་ཧ་ཧ། རྩེད་མོ་ཡིན། དམ་དྲག་ཡིན་པ་རེད། ངས་ཁྱེད་ལ་གསལ་བོ་རྒྱས་བོ་བྱས་ནས་བཤད་དགོས། དགྲ་བོ་རྒྱ་དམར་ཚང་གི་ཆབ་སྲིད་ལ་ལྷོད་ཡངས་མེད་པའི་དམ་པོ་དང་། ཡ་ང་སྙིང་རྗེ་མེད་པའི་དྲག་པོ་ཞིག་ཡོན་པ་དེ་བཤད་པ་རེད། དེ་འདྲའི་ཆབ་སྲིད་ལ་དམ་དྲག་གདུག་རྩུབ་ཅན་གྱི་ཆབ་སྲིད་ཟེར།
དམ་སྒྲག་ཟེར་ན། དམ་བཤད་དང་གཅིག་པ་རེད། དེ་ལ་གོ་དོན་ཞིག་འདུག་གམ། ཆབ་སྲིད་དམ་པོ་ཡོད་པ་དེ་གསལ་ཞིང་གསལ་བར་བསྒྲགས་ཚུལ་ཡོད་པ་ལས། དམ་པོ་ལ་བསྒྲགས་ཚུལ་ཞིག་གོ་ཡང་མ་མྱོང་། དམ་པོ་ཡིན་པ་དེ་བསྒྲགས་པ་རེད་ཟེར་ན་གང་འདོད་འདོད་ཞིག་བཤད་པ་ལས། སྙིང་དོན་དུ་གནས་མེད།
དེ་ནས་ཁྱེད་རང་གིས་བློ་ལ་མི་བདེ་བ་དེ་ཚོ་བདེ་བར་ཡོང་བ་ལ་འབད་དགོས་བ་རེད། ཡོད་ཚད་ད་ལྟ་བས་མིང་བཟོ་དགོས་ཟེར་ན། སྣ་འཐེན་ནས་ཁ་ནང་ལ་ཟ་འདོད་ཙམ་རེད། ཡོང་ཡ་ཡོད་པ་མ་རེད། འདས་ཕྱིན་པའི་མིང་ལ་འདས་ཚིག་བཀོལ་བ་ལས་ཨུ་ཚུགས་མི་འགྲོ། དཔེར་ན། བྲིས་བ་ལྟ་བུ་ཡིན།
ཁྱེད་རང་དབྱིན་ཡིག་དག་ཙམ་མཁྱེད་མཁན་ཡིན་པར་བསམ་པས། ངས་ཁྱེད་ལ་དབྱིན་ཡིག་ཚིག་གཅིག་འདྲེན། sunken ship ལྟ་བུའི་སྐད་ཀྱི་འགྲོས་ཀྱི་མིང་ཚིག་ནི་བོད་ལ་ཡང་འབྲི་ཐུབ་པ་ཡོད། ཤེས་དགོས་བ་དང་ཉམས་འཇོག་དགོས་ས་མང་པོ་ཡོད་པ་མཐོང་ཡ་འདུག། རིག་པ་དོན། ཡིན་ན་ཡང་། ཨ་ཚུགས་ལ་མདུན་ལམ་མེད།
དཔལ་ལྡན་བཀའ་ཤག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མཛད་པ་དང་རྒྱང་གཟིགས་ལ་མངོན་པར་བསྟོད། སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་རྩ་ཁྲིམས་དང་དེ་ལས་མཆེད་པའི་བུ་ཁྲིམས་དང་ཞལ་ལྕེ་སོགས་ལ་སློབ་སྦྱོང་གཏིང་ཟབ་མོ་གནང་ཡོད་པ་མ་ཟད། ཁྲིམས་ཀྱི་མཚན་ཉིད་རིག་པ་ལ་བརྟེན་ནས་རྒྱ་གཞུང་ལ་སྨྲ་བརྗོད་རང་དབང་སྲུང་སྐྱོབ་བྱེད་པའི་རྩ་ཁྲིམས་དང་ཁྲིམས་ཚོགས་མེད་པའི་གནས་ཚུལ་དེ་གཟིགས་པ་ནི་ཁྲིམས་རིག་སློབ་དཔོན་གྱི་མངོན་པར་འཕགས་པའི་ཁྱད་ཆོས་རེད། དེ་ནི་སོ་སྐྱེས་རང་ག་བ་ཞིག་གི་བློའི་ཡུལ་དུ་ག་ལ་ཤོངས།
སུ་ཞིག་བདེན་པ་ལ་བསྙོན་ན་དེ་ནི་སྨྱོན་པ་ཡིན་ལ། བསྟོད་མི་ཤེས་པ་ཞིག་གི་བསྟོད་པ་དེ་སྨད་པ་སྡུག་ཤོས་ཡིན།
ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས། ཞེས་པའི་བརྗོད་གཞི་འདི་ཧ་ཅང་གལ་ཆེན་རེད། དེ་བས་ད་ལྟའི་མདོ་སྨད་སྤྱི་འཐུས་གཅིག་གི་སྔོན་འགྲོའི་འོས་གཞིར་ཚུད་པ་དག་ལས་སུ་ཞིག་གིས། བརྗོད་གཞི་འདིའི་ཐད་ལ་སྲིད་སྐྱོང་མཆོག་ལས་ལྷག་པའི་གཏམ་བཤད་དང་ལན་འདེབས་ཤིག་བྱེད་ཐུབ་སོང་ན། ང་ཚོའི་མཐའ་འཇུག་གི་འོས་ཤོག་དེ་ལ་བླུགས་ན་ག་འདྲ་འདུག
འདིར་བློ་སེང་ལགས་ཀྱིས།
རང་གི་གང་ཤེས་པ་དེ་གཞན་ལ། འཆད་སྤེལ་བྱས་པ་འདི་ཡོན་ཏན་ཆེ་ཤོས་སུ་མཐོང་ལགས།
བདེན་གི བུམ་པ་གང་བྱོའི་ཚུལ་དུ་གནང་བ་དེ་དགེ་རྒན་ཡག་ཤོས་ལོས་ཡིན། ཡིན་ན་ཡང་སྐབས་དོན་བརྗོད་གཞི་གང་ཡིན་པ་དེ་རང་གཙོ་འདོན་མ་ཐུབ་པ་དང་གནད་ལ་མ་འཁེལ་ན་གང་དེའི་གཏམ་བཤད་ལ་སྐར་མ་སྤྲོད་དཀའ། དེ་མ་རེད་དམ།