ཧི་མ་ལ་ཡའི་འཕྲུལ་སྨྱུག
འཇིག་རྟེན་སྤྱི་ཡོངས་ལ་འཆགས་པའི་དུས་ཚོད་འདི་ཞེས་འཆད་དུ་མེད་ཀྱང༌། ད་ལྟ་མིག་དང་རྒྱང་ཤེས་སོགས་ཀྱིས་མཐོང་ཐུབ་པའི་སྐར་ཚོགས་ཀྱི་ཆོལ་ཁ་འདི་ནི། ཆགས་ནས་མི་ལོ་ཐེར་འབུམ་བཅོ་ལྔ་ཙམ་ཞིག་སོང་ཡོད་པར་འདོད། ༼ཅེས་པ་དེས་ནི། ཚན་རིག་པ་དང་འགལ་བ་མ་ཟད། རང་ཚིག་སྔ་ཕྱི་དང་ཡང་འགལ་བར་མངོན་ཏེ། སྤྱིར་མཚན་རིག་པས་གས་གཏོར་ཆེན་པོ་དེ་བྱུང་ནས་ལོ་ཐེར་འབུམ་བཅུ་གསུམ་དང་གྲངས་ཆུང་བདུན་ཅུའི་སྐོར་སོང་བ་དང༌། སྐར་ཚོགས་ཀྱི་ཆོལ་ཁ་འདི་མ་ཆགས་པའི་སྔོན་དུ་གས་གཏོར་ཆེན་པོ་༽དེ་ཡང་ཐོག་མར་སྟོང་ཆེན་གྱི་ཁམས་འདིར་ཐོགས་རེག་གི་དངོས་པོ་ཅི་ཡང་མེད་པར། གློག་གི་ནུས་ཁྱམས། ཁབ་ལེན་གྱི་ནུས་ཁྱམས། ལྗིད་ཀྱི་ནུས་ཁྱམས། ཚད་རྡུལ་ནུས་ཁྱམས་བཅས་ཤུགས་རིགས་མི་འདྲ་བ་བཞི་ཙམ་གྱི་ངོ་བོར་གནས་པ་ལ། གློ་བུར་དུ་རྒྱུ་མཚན་གང་ཡིན་ཆ་མ་འཚལ་བའི་འབར་གད་ཆེན་པོ་ཞིག་ཤོར་ཏེ། ༼བསྒྱུར་ཁ་ཅིག་ཏུ་གློག་དང་ཁབ་ལེན་གྱི་ནུས་ཤུགས། འཐེན་ཤུགས། ཉིང་རྡུལ་ནུས་ཤུགས་ལ་དྲག་གཞན་གཉིས་སུ་ཕྱེ་བས་༽ཤུགས་རིགས་བཞི་པོ་སོ་སོར་གྱེས་ཤིང༌། ༼ཞེས་པ་དེས་ནི། ད་ལྟའི་བར་ཚན་རིག་པ་རྣམས་ཀྱི་བརྗོད་པར་མ་སྤོབས་པའི་འཇིག་རྟེན་གྱི་ཐོག་མ་མཁས་བླངས་པ་ཡིན་ཏེ། ཐོག་མར་ཅི་ཡང་མེད་པའི་སྟེང་དུ་རྡུལ་རྫས་གང་ཡང་རུང་བ་ཞིག་བྱུང་བ་དེ་ནི། ཐོག་མཐའ་དེ་ཉིད་ལ་ངོས་འཛིན་དགོས་པའི་ཕྱིར་དང༌།༽ དེ་དག་ཕན་ཚུན་ཁྱབ་འཕྲོའི་འདུས་སྤྱིར་ལས་ཤིན་ཏུ་ཕྲ་བའི་གཟུགས་ཅན་གྱི་གསོབ་རྡུལ་མང་པོ་གསར་དུ་གྲུབ། སྐབས་དེར་དྲོད་ཚད་ཧ་ཅང་མཐོ་བ་དེ་རིམ་གྱིས་མར་ཆགས་པ་དང་བསྟུན་ནས། ཕྲ་རྡུལ་མི་འདྲ་བ་དག་ཀྱང་ཕན་ཚུན་འདྲེས་སྦྱོར་བྱུང་སྟེ། ༼བསྒྱུར་ཁ་ཅིག་ཏུ་ཕོ་རྡུལ། མོ་རྡུལ། ལྟེ་རྡུལ་དང༌།༽ རྒྱུ་རྡུལ། བར་རྡུལ། ཉི་རྡུལ་སོགས་རིགས་དང་ནུས་པ་མི་འདྲ་བའི་རྡུལ་མང་པོ་ཞིག་གསར་དུ་ཐོན། དེ་ལྟའི་ངང་ལ་མི་ལོ་དུང་ཕྱུར་གཉིས་ཙམ་འདས་རྗེས། ད་གཟོད་གདོད་མའི་སྐར་རྒྱུའི་སྤྲིན་ཕུང་ཆགས་ཤིང༌། མི་རིང་བར་༼ཞེས་དུས་ཚོད་ངེས་མེད་ཅིག་བཀོད་ནས།༽ ཆེས་ཐོག་མའི་བརྟན་སྐར་དག་ཀྱང་འཆགས་པའི་འགོ་བརྩམ་པ་ཡིན་ཟེར། ༼ཞེས་པ་ལ་དཔག་ཚེ། གས་གཏོར་ཆེན་པོ་བྱུང་ནས་ལོ་ཐེར་འབུམ་བཅོ་ལྔ་ལས་ལྷག་པ་ཞིག་མཁས་ལེན་དགོས་པར་ཐལ་ལ། དེ་ལྟར་ན་འོད་ལོ་ཐེར་འབུམ་བཅོ་ལྔ་མཐོང་ཐུབ་པའི་རྒྱང་ཤེལ་ཡོད་ནའང༌། གས་གཏོར་ཆེན་པོ་ཇི་ལྟར་མཐོང་ཐུབ་མིན་ཡང་བསམ་ཞིབ་ཀྱིས་གནས་སུ་གྱར་རོ།།༽
འགལ་བ་མ་ཟད། ཅེས་པ་བོད་སྤྱིའི་སྐད་ཀྱི་དག་ཆ་དང་འགལ།
རང་རྩོམ་རྩོམ་བྱང་དང་འགལ ཡིག་ནོར་གྱི་ཕུང་པོ་གཏོས་ཆེ ལེགས་ཆ་ལེན་རྒྱུ་འདི་འདུག་བསམ་པ་ཞིག་མ་བྱུང་ངོ་།
ཡིག་ནོར་མང་ཀི་ཡ། འདི་འདྲ་བ་བྲིས་ནས་ཚ་སྨྱུག་ལ་ལན་འདེབས་བྱེད་ཤོམ་ནི་རང་ངོ་མ་ཤེས་པ་དང་། རང་གི་རང་མ་རྙེད་པ་ཞིག་ཏུ་འདུག་གོ། འཕྲུལ་སྨྱུག་ལགས།
བྱིས་པ་དག་ཡིག་ཁ་ནས་སྐྱོར།།
མ་དག་ཡི་གེ་ལག་པས་བྲི།།
འཕྲུལ་སྨྱུག་གིས་འབད་བརྩོན་གནང་པ་ཤིན་ཏུ་ལེགས། ཡིག་ནོར་ཡོད་པ་བདེན་པ་རེད། ཞིབ་འཇུག་བྱས་ཡོད་པའང་བདེན་པ་རེད། ཚ་སྨྱུག་གི་ཚན་རིག་སྐོར་ལ་ལན་མི་ཐེབ་རྒྱུ་ཆེར་མི་འདུག ཚན་རིག་ཟེར་བ་བོད་ལ་མཚོན་ན་གསར་བ་རེད། ཕྱི་རྒྱལ་དུ་ཡིག་རིགས་སྣ་ཚོགས་སུ་ཤིན་ཏུ་མང་པས་ཡི་གེ་བསྒྱུར་ཐུབ་པ་ཙམ་གྱིས་ཆོག་པར་སེམས། ཚ་སྨྱུག་གི་མདོ་ཕྱོགས་ཀྱི་ལན་ཡང་དེ་ཙམ་དཀའ་བ་མེད། སྐད་ཆ་རེ་གཉིས་སྔོན་ནས་ལན་གནང་མཁན་མ་བྱུང་བ་རེད། དེ་ཚ་སྨྱུག་གིས་གསར་ཏུ་རྙེད་པ་ཅང་མ་རེད། ཐོས་ཆུང་རྣམས་ལ་མཚོན་ན་གསར་བ་རེད། བླུན་པོ་ཡ་མཚན་སྐྱེས་ནས་འུར་ལང་པའང་དངོས་གནས་རེད། གང་ལྟར་ཡང་དཔྱད་པ་བྱས་ན་བློ་བསྐྱེད་འཕེལ་བར་ངེས། །