ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
དཀའ་ལས་མེད་པའི་དངོས་སྒྲུབ།
ཁག་རྒྱུ་མེད་པའི་ལས་དཀའ་།
དགའ་སྡུག་མེད་པའི་མི་མང་།
ང་ཚོ་བོད་མིའི་ལས་དབང་།
ཅ་དངོས་ཉོ་ཚོང་མང་བ་།
ཆ་རྐྱེན་ཁྲིམས་མཐུན་མེད་པ་།
ཇ་ཆང་བེད་སྤྱོད་མང་ནས་།
ཉོན་མོངས་གཏམ་གླེང་མང་བ་།
རྟ་བོང་བེད་སྤྱོད་མེད་ནས་།
ཐག་རིང་ས་མཐར་བགྲོད་དཀའ་།
དུས་རབས་འཕོ་འགྱུར་འོག་ཏུ་།
ན་གཞོན་བསམ་བློ་འགྱུར་འདུག་།
དཔེ་གསར་དངོས་པོའི་རྗེས་ལ་།
ཕ་མ་ལས་ལྷག་འགན་འཁུར་།
བོང་བ་གསེར་གཟིགས་མིན་ན་།
མ་ནོར་ལམ་ལ་ཕེབས་དང་།
ཙ་ཆུ་མེད་པའི་ལུང་པར་།
ཚ་བའི་གནར་བའི་ཉེན་ཁ་།
འཛམ་གླིང་ས་ཆ་ཚང་མར་།
ཝ་མོའི་འདུར་རྒྱུགས་མང་འདུག་།
གཞན་སྐྱོན་གླེང་བའི་ཁ་ལྕེ་།
ཟུར་ཟའི་ཚིག་གི་མཛོད་རེད་།
འུར་གཏམ་སྤེལ་ནས་རང་མཁེ་།
ཡོང་རྒྱུ་མེད་པའི་རེ་སྟོང་།
རེ་བ་བྱེས་ལ་བཅོལ་ནས་།
ལ་ལུང་བརྒལ་ནས་ཡོང་གི་།
ཤ་ཚ་ཆེ་རང་དྲག་ནས་།
ས་ཕྱོགས་འདི་རུ་ལྷག་འདུག་།
ཧ་ལོག་ཟེར་བའི་གཏམ་དེ་།
ཨེ་བདེན་མི་བདེན་མི་ཤེས་།
རྩོམ་གྱི་འགོ་ལ་ཀ་རྐྱང་དང་དེ་ནས་རིམ་བཞིན་ཁ་རྐྱང་སོགས་རིགས་བགྲེས་དགོས། ཀ་ལ་དཀའ་ལས་དང་། ཁ་ལ་ཁག་རྒྱུ་སོགས་བྲིས་ན་འདི་ལ་ཀ་བཤད་མི་ཟེེར།
ཀ་བཤད་དང་པོ་གངས་ནས་འཁྲུངས་།
ཁ་བདེ་མིན་ན་འཁྲུངས་རབས་བཤོད་།
ག་དུས་དར་བའི་ལོ་དུས་བཤོད་།
ང་ཙམ་མིན་པ་དྲ་གྲོགསཀུན་ལ་ཕན་།
ཅ་ཅོ་འར་འུར་མ་བཤོད་ཀ་བཤད་བྲིས་དང་།
ཆ་རྐྱེན་ཁུང་ལུང་ཡོད་མེད་མཁས་པས་དཔྱད་ཡོང་།
ཇ་ཆང་མཉམ་འཐུང་འདྲ་བའི་ང་ཡི་ཀ་བཤད་།
ཉན་རིན་ཀློག་རིན་མེད་ན་རང་འགར་འཇོག་རོགས་།
ཏ་ར་སྒྲོལ་མ་ཀུན་གྱི་མགོན་སྐྱབས་།
ཐ་ན་རང་གཞན་ཀུན་གྱི་སྐྱབས་ཞུ་།
ད་ནས་ཀ་བཤད་ཁུང་གཏུགས་གནང་དང་།
ན་གཞོན་མང་པོར་ཕན་ངེས་འདུག་།
པ་ཊ་ལྟ་བུའི་རི་མོའི་རྣམས་གྲངས་།
ཕ་ལམ་ལྟ་བུའི་ནོར་བུའི་རིགས་མང་།
བ་ཕྱུགས་འདྲ་བའི་རྐང་བཞི་མང་བ་།
མ་དང་སེམས་ཅན་ཀུན་ལ་བརྔོས་ཤིག་།
མ་དང་སེམས་ཅན་ཀུན་ལ་བརྔོས་ཤིག་།
འདི།
མ་དང་སེམས་ཅན་ཀུན་ལ་བསྔོས་ཤིག་།
ཙནྡན་སྡོང་པོ་སྐྱེས་སར། །
ཚྭ་ཚོང་འབོལ་པོ་བྱུང་ན། །
ཛ་རེ་ཛོ་རེའི་ཁ་ཟས། །
ཝ་ལེ་ཝུ་ལེར་ཡལ་འོང་། །
ཞྭ་མདོག་རྩོད་མཁན་བོད་རིགས། །
ཟ་རེ་ཟི་རེའི་བསམ་བློ། །
འ་རེ་འུ་རེ་ངང་ལ། །
ཡ་མེད་མ་གནང་ཆོག་ག །
རྭ་ལྟ་ཀུན་སྤྱོད་རྩུབ་པོ། །
ལ་རྒྱ་སྤྱི་སེམས་མེད་པ། །
ཤ་གཟན་ཆང་རག་དགའ་ན། །
ས་མཐར་བསླེབས་པས་ཅི་ཕན། །
ཧ་ཧ་ཧུ་ཧུའི་ངང་ལ། །
ཧ་ཅང་དཀོན་པའི་མི་ལུས། །
ཨ་མ་དྲིན་ཆེན་བསམས་ནས། །
ཨ་ཕའི་རྗེས་སུ་རྒྱུགས་དང་། །
རྩ་རི་འདྲ་བའི་གནས་ས་མང་།
ཚ་ཚོང་བལ་ཚོང་རྟ་ཚོང་སོགས་།
རྫ་རི་སྤང་རི་གཡའ་རི་སོགས་།
ཝ་སྤྱང་འདུར་རྒྱུགས་བྱེད་ས་རེད་།
ཞཱ་རིགས་མི་གཅིག་གནམ་སྐར་འདྲ་།
ཟ་འཐུང་མི་འདྲ་ཆུ་ཡིའི་གཉེར་མ་འདྲ་།
འ་ཆད་འུ་ཐུག་བོད་མིའི་ལས་དབང་ལ་།
ཡ་ང་སྙིང་རྗེ་སུ་ལ་ཡོད་།
ད་ལྟའི་བོད་མིར་སོམས་དང་། །
ད་ལྟའི་བོད་སྐད་སློབས་དང་། །
ད་ལྟའི་ན་གཞོན་བོད་སྐད། །
ད་ལྟའི་གནས་བབ་གཟིགས་དང་། །
ད་ལྟའི།
ད་ལྟའི་བོད་པའི་གནས་བབ། །
ད་ལྟར་གཞིས་བྱེས་གྱེས་ཀྱང་། །
ད་ལྟའི་སྤྱི་ཚོགས་གནས་བབ། །
ད་ལྟའི་ཡར་ཐོན་འགྲན་དང་། །
ད་ལྟ་ལྷོད་ལྷོད་མ་སྡོད། །
ད་ལྟ་རྨོངས་གཉིད་སད་དང་། །
ད་ལྟ་གཟབ་གཟབ་གྱིས་དང་། །
ད་ལྟ་རིགས་པ་འགྲིམ་དང་། །
ར་བ་གངས་རི་དཀར་པོ་།
ལ་རྒྱ་བོད་རིགས་སྤུན་ཟླ་།
ཤེས་ཡོན་སྦྱང་བརྩོན་ཆེད་དུ་།
ས་མཐར་འབྱོར་བ་གཟི་བརྗིད་།
ཧ་ཧ་ཀ་བཤད་ཁ་བཤད་།
ཨ་གསར་གཏམ་གྱི་ཀ་བཤད་།
ཀ་ཕྲེང་ལག་པས་བྲིས་དང་། །
ཁ་བཤད་ཀ་བཤད་བཟོས་དང་། །
ག་རེ་བྲིས་ཚད་ཀ་ཕྲེང་། །
ང་ཚོའི་ལབ་ཚད་ཀ་བཤད། །
ཀི་སྒྲ་མལ་ནས་སྒྲོགས་པའི་མཁས་པ་ནི། །ཀུ་ཀུ་ར་དང་གཉིས་སུ་མེད་པ་ཞིག ། ཀེ་ཛེ་བཞིན་དུ་སྒོག་དྲི་ཆིལ་ལེ་བར། །ཀོ་ལི་གྷལ་དུ་གཞིས་གནས་ཆགས་སོ་ལོ། །ཁེའུ་ཙམ་གྱི་བོད་ཡིག་མཁས་པ་ནི། །ཁུ་བ་མེད་པའི་མཛོ་རྒན་སོ་མེད་ཞིག །ཁེ་བཟང་ཅན་གྱི་ཁ་རྡ་དྲྭ་བར་ནི། །ཁོ་ཐག་མ་ཆོད་ཉིན་མཚན་བར་མེད་ངུ། །
ཀ་བཤད་རྩོམ་ཡིག་མང་པོ་མཐོང་།། ཁ་ནས་གང་ཐོན་ཀ་བཤད་མིན།། ག་ལེར་བོད་ཡིག་སྦྱང་ནས་བྲིས།། ང་དང་བློ་དམན་ཀུན་ཕན།།
ཀུན་ལ་ཕན། བཅོས།
ཀརྡོ་ཟེར་བའི་དྲ་འབུ་འདིས།
ཁ་ཡིས་བཤད་ཚད་གད་སྙིགས་ལས།
ག་དུས་ཡིན་ན་ལས་མེད་བཞིན།
ང་ཚོ་ཚང་མར་སུན་ག་འཇུག
ཀ་བཤད་ཐོག་མའི་འབྱུང་ཁུངས་བཤོད་།
ཁ་ངན་ཚིག་ངན་ཀ་བཤད་མིན་།
ག་དུས་དར་བའི་ལོ་ཚིག་བཤོད་།
ང་དང་ང་འདྲར་ཕན་ངེས་འདུག་།
ཅ་ཅོ་མ་མང་དོན་ལ་འཇུག་།
ཆོ་མེད་རྒོལ་གཏམ་ཀ་བཤད་མིན་།
ཇུས་མེད་འགན་འཁུར་ཀ་བཤད་མིན་།
ཉོན་མོངས་གླེང་ས་ཀ་བཤད་མིན་།
རྟ་ལམ་བོང་བཀག་ཀ་བཤད་མིན་།
ཐོབ་ཤོར་མེད་པའི་ཀ་བཤད་བྲིས་།
དོན་མེད་ཟུར་ཟ་ཀ་བཤད་མིན་།
ནག་ནོག་མེད་པའི་ཀ་བཤད་བྲིས་།
པ་ཊ་ལྟ་བུའི་ཀ་བཤད་ལ་།
ཕན་མེད་ངོས་འཛིན་ཕྱོགས་གཏོགས་བློ་།
བོད་ཀྱིས་སྐད་ཡིག་ཀ་བཤད་ལ་།
མ་ནོར་ལམ་སྟོན་ཐུགས་རྗེའི་གཟིགས་།
རྩ་བ་ཀ་བཤད་ག་དུས་དར་།
ཚད་ལྡན་ལོ་རྒྱུས་ག་འདྲ་རེད་།
རྫོགས་མཐའ་མེད་པའི་ལོ་རྒྱུས་ལ་།
ཝ་ལེར་སོམ་དང་གསལ་སྟོན་མཛོད་།
ཞང་ཞུང་དམར་ཡིག་ཝུར་ཏུ་སོགས་།
ཟ་ཧོར་ཁྲོམས་ཡིག་ལོག་ཡིག་སོགས་།
འོ་ཅག་བོད་ཡིག་འབྱུང་རྩར་མངོན་།
ཡིན་ལུགས་མིན་ལུགས་དཔྱད་ན་ལེགས་།
#17 བཀྲ་ཡེ་ཚང་། ་ལགས་ཀྱིས་སྤེལ་དོན།:
November 21st, 2016 at 4:45 pm
ཀརྡོ་ཟེར་བའི་དྲ་འབུ་འདིས།
ཁ་ཡིས་བཤད་ཚད་གད་སྙིགས་ལས།
ག་དུས་ཡིན་ན་ལས་མེད་བཞིན།
ང་ཚོ་ཚང་མར་སུན་ག་འཇུག ་་་་་་་་་་་་་ ཟེར། ཧ་ཧ་ཧ།། །།
ཀ་བཤད་མི་འབྲི།
ཁ་ཁར་སྡོད་ཆོག
ག་ལེར་རྗེས་ལ།
ང་རང་ཐོན་ཆོག
་
བཀྲ་ཡེ་ཚང་རང་།
བློ་བདེར་བཞུགས་ཤིག