འཕྲིན་ལས་འོད་ཟེར།
ཟླ་འདིའི་ཚེས་༡༤ཉིན་ཁམས་དཀར་མཛེས་ཁུལ། ཟླ་ཐལ་མའི་ནང་བོད་མི་ཉིས་བརྒྱ་ལྔ་བཅུ་འཛིན་བཟུང་བཀག་ཉར་ བྱས་པ་དང་མི་གྲངས་༡༠སྐོར་ཞིག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཡོད་ཐོན་འདུགདེ་ཡང་རྒྱ་གར་ལྷོ་ཕྱོགས་ནས་གྲྭ་ཐུབ་བསྟན་ཆོས་འཕེལ་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༡༤ཉིན་བོད་མདོ་ཁམས་དཀར་ མཛེས་ཟླ་ཐལ་མ་འབྲོག་སྡེའི་ས་གནས་བཀྲ་ལེགས་ཡུལ་ཚོ་རུ་དཀར་མཛེས་རྫོང་གི་གཉེན་རྟོག་པའི་མགོ་གཙོ་དང་། གཞན་རྒྱ་ནག་དྲག་ཆས་དམག་མི་སུམ་བརྒྱ་ཙམ་འབྱོར་ནས་ས་གནས་དེའི་༼ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་༽ཞེས་པས་བོད་དོན་དང་འབྲེལ་བའི་ལས་དོན་བྱེད་ཀྱི་ཡོད་པ་དང་། ཚོགས་པ་དེ་འཛུགས་མི་ཆོག་པའི་བཙན་བཀའ་བཏང་ཡོད་ འདུག་གནད་དོན་དེ་དང་འབྲེལ་བའི་གནས་ཚུལ་འོག་ཚོགས་པ་དེའི་ཚོགས་གཙོ་དོན་རྟོགས་སོགས་བོད་མི་གཉིས་བརྒྱ་ལྔ་བཅུ་འཇུ་བཟུང་བྱེད་སྐབས། ས་གནས་བོད་མའི་འགའ་ཞིག་གིས་རྒྱ་དམག་དང་ཉེན་རྟོག་མི་སྣས་བརྗོད་པའི་གནས ་ཚུལ་ལ་མོས་མཐུན་མེད་ལུགས་ཀྱིས་ངོ་རྒོལ་བཀག་འགོག་བྱས་འདུག
དེ་མ་ཐག་ཉེན་རྟོག་མི་སྣས་མང་ཚོགས་ནང་གང་བྱུང་གཅར་རྡུང་ཚད་མེད་བྱས་ཏེ།བོད་མི་སྐྱ་ཆེན་དང་། རྒྱལ་མཚན། སྐྱ་གཙེས། ཆོས་པོ།བསོད་རིན། སྐྱ་ཐོ། སྐྱ་རིས་སོགས་གཞན་མིང་མ་ངེས་པ་མི་གསུམ་བཅས་བོད་མི་བཅུ་སྐོར་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་སྨན་ཁང་དུ་སྐྱེལ་དགོས་བྱུང་འདུགཚེས་༡༥ཉིན་ས་གནས་དེར་བོད་མི་སྟོང་ཕྲག་གཉིས་ལྷག་གིས་སྔར་ཉིན་བྱུང་བའི་རྒྱ་དམག་དང་ཉེན་རྟོག་པའི་བྱ་སྤྱོད་ལ་ངོ་རྒོལ་མུ་མཐུད་དུ་བྱས་རྐྱེན། འཛིན་བཟུང་བྱས་ པ་མང་ཆེ་བ་གློད་གྲོལ་བཏང་འདུག་ཀྱང་། ད་དུང་མི་གྲངས་སུམ་བཅུ་སོ་གསུམ་བཀག་ཉར་བྱས་ཡོད་འདུག་དེ་མིན་ས ་གནས་དེར་དེང་སྐབས་བརྡ་འཕྲིན་གྱི་ལམ་ཁ་ཡོངས་རྫོགས་བཀག་ཟིན་པར་བརྟེན། ས་གནས་སུ་འབྲེལ་མཐུད་བྱེད་ ཐུབ་ཀྱི་མེད་པ་དང་། ས་གནས་ཀྱི་གནས་ཚུལ་གང་ཡིན་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་དེ་ནི་ཕྱི་ལོ་༢༠༠༨ལོར་ས་གནས་ཚོ་སྡེ་བཅུ་གསུམ་གྱི་གནད་ཡོད་མི་སྣ་ཁག་གཅིག་གིས་གསར་འཛུགས་བྱས་པ་དང་། ལས་དོན་གཙོ་བོ་ནི་སྡེ་བ་ཕན་ཚུན་གྱི་བོད་མི་ནང་ཁུལ་དུ་རྒྱུན་ལྡན་གྱི་རྙོག་གྲའི་རིགས་མི་འབྱུང་བ་དང་། ཚོ་སྡེ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་དང་།མི་མང་མཐུན་སྒྲིལ་བྱེད་རྒྱུར་གཞོགས་འདེགས་བྱེད་ཀྱི་ཡོད་པ་རེད་འདུག །
ཁ་བརྡ་ཚང་གིས་ནམ་རྒྱུན་ནས་གསར་འགྱུར་འདྲེན་བཀོལ་བྱེད་དུས་གསར་འགྱུར་ཡོངས་ཁོངས་གང་ཡིན་འབྲི་བཞིན་འདུག་མོད། དེ་རིང་དཀར་མཛེས་ཟླ་ཐལ་མའི་སྐོར་ཀྱི་གསར་འགྱུར་དེ་བང་ཆེན་ནས་ཇི་མ་ཇི་བཞིན་བཤུས་ནས་བཀོད་འདུག་ལ། ཡོང་ཁུངས་བྲིས་མི་འདུག འདི་ལ་རྐུ་མ་བརྐུས་ཟེར་བ་རེད། དེ་མིན་འཕྲིན་ལས་འོད་ཟེར་གྱིས་བཏང་བ་ཡིན་ནའང་། ཡོངས་ཁུངས་རྩ་གཅོད་བྱེད་དགོས་ངེས་རེད།
དཀར་མཛེས་རྫོང་ཟླ་ཐལ་བ་འབྲོག་སྡེ་མི་དམངས་ཀྱིས་ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་བཙུགས་པ་ནམ་བཞིན་བོད་མི་ས་གནས་གང་ས་གང་ནས་བཙུགས་པ་ཡིན་ན་རྒྱ་ནག་གོ་ཕྲེལ་གཞུང་ལ་བོད་མི་ཐོག་སྟངས་འཛིན་བྱེད་པའི་ནུས་ཆུང་དུ་འགྲོ་བ་གསལ་པོ་རེད།དེ་ལ་བརྟེན་ནས་བོད་མི་རང་ངོས་ནས་རྒྱ་ནག་གི་ས་གནས་སྲིད་གཞུང་ལ་ཐེབས་གཏོགས་མེད་པའི་རྣམ་འགྱུར་དེ་སྟོན་དགོས་རེད།གནས་ཚུལ་དེ་དང་མཐུན་པ་ཁམས་རྟའུ་རྫོང་ལ་ས་ཁུལ་འགའ་ཤས་ལ་གནས་ཚུལ་དེ་བྱུང་མུ་ཡིན།
ཟླ་ཐལ་མའི་ཡུལ། ཝ་ཤུལ་དགེ་རྩེ་ཟེར་བ་དཔའ་རྒོད་དང་སྙིང་ཡོད་པའི་ཚད་དུ་བྱེད་ཅིང་། མི་མཐོང་ཚད་ལ་དཔུང་བ་འཕུལ་མཁན་ཞིག་ཡིན་པར་གོ་ཡང་། གྲགས་རྒྱུ་མེད་པར་ཡུན་རིང་སོང་བའི་སྐབས་འདིར་སླར་ཡང་གནས་ཙུལ་འདི་ལྟ་བུ་ཞིག་གིས་གྲགས་སོང་། ཚང་མའི་སྐུ་ཚེ་ལ་བར་ཆད་མེད་པའི་སྨོན་ལམ་འདེབས།
གསལ་བཤད།
ཁ་སང་ཁོ་བོས་བོད་ཀྱི་ཁ་བརྡ་དྲ་ཚིགས་སུ་བདག་གི་ཕ་ཡུལ་གྱི་གནས་ཚུལ་སྐོར་གྱི་གསར་འགྱུར་ཞིག་བསྐུར་གནངས་པ་དེ་ཁ་བརྡ་ཚང་གིས་བརྐུས་པ་རེད་ཅེས་གོང་གིས་སྒྲོལ་མ་ཚོ་ཞེས་པའི་མིང་ཅན་གྱིས་བཤད་འདུག་པ་དེ་བདེན་པ་མིན་པའི་གསལ་བཤད་ཞུ་རྒྱུ་ཡིན། འདི་འདྲིའི་རིགས་ཀྱི་ཉོག་གཏམ་རྣམས་ཡག་པོ་དང་ལན་པོ་ཁྱོན་ནས་མི་འདུག།
ད་དུང་བང་ཆེན་དྲ་ཐོག་ནས་ཇི་མ་ཇི་བཞིན་བཤུས་འདུག་ཅེས་སྐྱོན་འཛུགས་བྱས་འདུག། ཁ་བརྡ་ཚང་ལ་མཚོན་ན་གནས་ཚུལ་འདི་རྒྱུད་ལམ་གཞན་ནསབཤུས་པ་ཡིན་དུ་ཆུག་ཀྱང་། འདིལ་མཚང་ཞིག་དང་སྐྱོན་ཆ་ཞིག་ཡོད་པར་མི་སེམས། རྒྱུ་མཚན་ང་ཚོའི་བོད་དོན་དང་འབྲེལ་བའི་གནས་ཚུལ་རྣམས་ཕྱོགས་ཞེན་དང་འཐེན་འཁྱེར་མེད་པར་ཁྱབ་བསྒྲགས་ཅི་ནུས་བྱེད་དགོས་པ་འུ་ཚོ་རང་དབང་ལུང་པར་གནས་པའི་བོད་པ་ཚོའི་འཕྲག་ཐོག་ན་རང་ཆས་སུ་ཡོད་པའི་འོས་འགན་རྨ་མེད་པ་ཞིག་ལོས་ཡི་ན་སྙམ།
དེ་ཡང་གོང་གི་གནས་ཚུལ་གྱི་ཁོངས་ལུང་སོགས་རྩད་གཅོད་བྱས་འདུག་ཅེས་ཀྱང་བཤད་འདུག་ལ། ངས་བལྟས་ན་འདི་ནི་ཧ་ཅང་གལ་གནད་ཅན་གྱི་ལས་གཞི་ཞིག་རེད་བསམ་ཁི། རྒྱུ་མཚན་འགའ་ཞིག་གིས་ཁོངས་ལུང་གང་ཡང་མེད་པའི་རྫུན་གཏམ་དང་རྙོག་གླེང་འདྲ་མི་འདྲ་བྱས་ཏེ། སྤྱོ་ཚོགས་ནང་ལ་འགལ་འདུའི་གཡུལ་ངོ་བཤམས་ཀྱི་འདུག་པས། རྗེས་ཕྱོགས་ནས་གནས་ཚུལ་ག་རེ་ཡིན་ཡང་ཁོངས་ལུང་སོགས་གསལ་གསལ་ཏིག་ཏིག་ཅིག་ངེས་པའི་ཐོག་ནས་འདོན་སྤེལ་བྱེད་དགོས་པ་ཁྱེད་བོད་ཀྱི་ཁ་བརྡ་ཚང་ལ་གསལ་འདེབས་ཞུ་མ་དགོས་པ་ཞིག་རེད་ལ། ཁོ་བོས་ཀྱང་རེ་བ་ཡིན།
་གོང་གི་གནས་ཚུལ་རྣམས་གུས་པའི་ཕ་ཡུལ་གཅིག་པ་སེར་བྱེས་ཊྲེ་ཧོར་ཁང་ཚན་གྱི་གྲྭ་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་བོད་ནས་བོད་ཐད་ཀར་བླངས་པའི་གནས་ཚུལ་ཞིག་ཏུ་ལགས། འདིའི་ཕྱོགས་ཀྱི་གནས་ཚུལ་རྣམས་ལ་དོགས་འདྲི་དང་གླེང་འདོད་ཡོད་ཚེ་གཤམ་གྱི་གློག་འཕྲིན་ཁ་བྱང་དང་ཁ་པར་སོགས་བརྒྱུད་ནས་འབྲེལ་བ་གནོངས།
E-mail- wosart@yahoo.in
Skype- gawa.tutu1
Mobile- 9882052808
facebook- Thinley woeser, facebook
འཕྲིན་ལས་འོད་ཟེར་ནས།
ཁམས་དཀར་མཛེས་ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་གཙོ་བོེར་བྱས་ནས་རླབས་ཆེན་གྱི་འགན་ཁུལ་འདི་ལ་སྙིང་ཐག་པ་ནས་རྗེས་སུ་ཡིད་རིང་གྲངས་མེད་བཅས་དེ་དང་ཆབས་གཅིག་པར་འདི་འདྲའི་མི་རིགས་དང་རྒྱལ་ཁམས་ཆེད་དུ་ལས་རིགས་སྤེལ་སྐབས་མྱུར་དུ་དྲ་རྒྱ་རྒྱུད་ལམ་སོགས་སུ་གཏོང་རོགས་གོ་ན་མ་གོ་མདོག་མདོག་མ་བྱེད་རོགས་