ཀླུ་སྨྱོན།
ཁྱོད་ཚོར་དཀོར་ཤིག་ཟེར་བ་དེ་འདེབས་མྱོང་ངམ། ང་ཆུང་དུས་ཆོས་མ་བཏོན་པར་དཀོར་ཐེངས་མང་ཟོས་པས། ལན་གཅིག་དཀོར་ཤིག་ཟེར་བའི་འཇིགས་སུ་རུང་བ་དེ་བཏབ་སོང་། དཀོར་ཤིག་ནི་ནམ་རྒྱུན་གྱི་ཤིག་ལས་ཏོག་ཙམ་ཆེ་ཞིང་ཟ་ཤེད་ཆེ་བ། དེ་རིང་ཚང་མ་དོར་ཚར་ཡང་སང་ཞོགས་དེ་ལས་མང་བ་ཞིག་རང་གྲུབ་ཏུ་འབྱུང་བ་ཞིག་འདུག དེ་ནི་ངོ་མ་ཞེད་སྣང་སྐྱེ་དགོས་པ་ཞིག་ཡིན།
ཀླུ་སྨྱོན་གྱིས་རྟུག་དྲི་ཞིག་བཏང་བ་ཡིན་ན་ཁ་བརྡ་ཚང་ལ་ཧ་ཅང་དྲིན་ཚོད་རེད།
འབྲོག་ཤིག་གྱོད་པུ་ནག་ལེབ།
རོང་ཤིག་ཤི་མ་གསོན་པོ།
རྒྱ་ཤིག་རྙིད་པོ་སྐྱ་ལེབ།
རོགས་ཤིག་མདོམས་འདུག་མདོམས་ཟ།
རྒན་ཤིག་ཉི་མར་སྲོ་དགའ།
དཀོར་ཤིག་ཁ་ཚ་ཁྲག་འཇིབ།
བྱིས་ཤིག་ཟད་མེད་རྫོགས་མེད།
མགོ་ཤིག་སྲོ་མ་གཏོང་དགའ། ཤིག་གི་ནད་ཡམས་མ་ཕོག་པའི་ཨ་ཕོ་ཁྱོ་ག་ཞིག་དང་ཨ་ཅེ་ལྷ་མོ་ཞིག་ཡོད་ཡང་ཡོད་མི་སྲིད།
ངོ་སྤྲོད་བྱས་པ་ཐུང་དྲག་འདུག དེ་ལས་འགྲེལ་བཤད་མང་སི་གནང་དང་།
ཀླུ་སྨྱོན་ལགས་ཀྱིས་དཀོར་ཤིག་གི་སྐོར་ལ་འགྲེལ་བཤད་གནང་བར་དགའ་བོ་བྱུང། ཡིན་ནའང་འགྲེལ་བཤད་ཐུང་དྲག་འདུག དེང་སང་དཀོར་ནག་ལ་འབག་མཁན་གྱི་བླ་བརྫུས་སྤྲུལ་རྫུས་གྲྭ་རྫུས་སྔགས་རྫུས་དེ་ཚོར་དཀོར་ཤིག་འདེབས་ཀྱི་ཡོད་དམ་མེད། ཁོང་ཚོས་འདོན་པ་བསྔོ་བ་ཚིག་གཅིག་ཀྱང་མི་བྱེད་པར་དཀོར་ནག་གི་ཤོག་ཆག་དཀར་པོ་དང་ཤོག་ཆག་དམར་པོ་བསྡུས་ནས་གྲོང་ཁྱེར་ལ་ཡར་འཁྱམས་མར་འཁྱམས་བྱས་ཏེ་ཉུལ་མཁན་གྱི་སྔགས་རྫུས་དེ་ཚོར་དཀོར་ཤིག་བཏབ་ཡོད་དམ་མེད། འདི་དྲི་བ་ཀླུ་སྨྱོན་ལ་ཞུས་པ་ཡིན་ལས་ལན་ཞིག་ཡོད་ན་གནང་རོགས་ཞུ། དེ་མིན་དཀོར་ཤིག་ཟེར་བ་འབྲོག་ཕྲུག་ཚོས་གཟུགས་པོ་འཁྲུ་མ་ཐུབ་ནས་བྱུང་བ་ཡིན་པར་སེམས།
ཞེ་སྣང་སྐྱེ་དགོས་ས་དཀོར་ཤིག་མ་རེད། དཀོར་ཤིག་མེད་པ་བཟོ་རྒྱུ་ཧ་ཅང་སླ་བོ་རེད།
“ཀླུ་སྨྱོན་གྱིས་རྟུག་དྲི་ཞིག་བཏང་བ་ཡིན་ན་ཁ་བརྡ་ཚང་ལ་ཧ་ཅང་དྲིན་ཚོད་རེད།” སྐད་ཆ་འདི་ནི་བདེན་དོན་ཉག་གཅིག་རེད། རྒྱུ་མཚན་ནི་ཀླུ་སྨྱོན་གྱི་རྩོམ་ཞིག་ཡིན་ཕྱིན། ཆོས་ལ་མི་རྟོན་པར་གང་ཟག་ལ་རྟོན་ཏེ་ཆོ་མེད་བྲོ་མེད་ཀྱི་ཉོག་གཏམ་ཆ་ཚང་ཁ་བརྡའི་ནང་འགོད་རྐྱང་བྱེས་པས་རེད།
དཀོར་ཤིག་ཟེར་བ་རྫུན་མ་རང་རེད་ངས་རྟག་ཏུ་དཀོར་བཟས་ཀྱང་གཙང་སྦྲ་བྱས་པས་ཤིག་རྒྱབ་མྱོང་མེད་དོ།།
སྐྱེ་བོ་སུ་ཡིན་རུང་དཀོར་བག་མེད་དུ་མྱངས་ན། དཀོར་ཤིག་རྒྱབ་པར་ངེས་པས། བག་དང་ལྡན་པར་བྱོས་ཤིག
དཀོར་ཤིག་ཟེར་བ་རྫུན་གཏམ་རྨོངས་དད་རེད།
སོ་སོས་འཕྲོད་བསྟེན་དང་གཙང་སྤྲ་མ་བྱས་ནས་ཤིག་བཏབ་པ་རེད།
གཙང་སྤྲ་འཕྲོད་བསྟེན་བྱས་ན་ཤིག་འདེབ་མི་སྲིད། །