འཇམ་གཅེས།
ཆུང་མ་ལོའི་མངལ་ནས་སྐྱེས་པ་ནས་བཟུང་དུས་ད་ལྟའི་བར་དུ་བོད་བསྟན་སྲིད་སྤྱི་ལ་བཅང་པའི་ལྷག་བསམ་དང་ལ་རྒྱ་ཟེར་བ་དེ་ཚོའི་དྲི་ཙམ་མེད་ལ། རྒྱུ་མཚན་དེའི་ཕྱིར། བྱས་རྗེས་ཡང་ཏིལ་འབྲུ་ཙམ་ཞིག་ག་ལ་ཡོད། ཐ་ན་ཉིན་གཅིག་གི་ལས་འགུལ་ཙམ་གྱི་ནང་དུ་རང་མོས་སམ་དང་བླངས་ཀྱི་སྒོ་ནས་ཆ་ཤས་བླངས་མ་མྱོང་བའི་དུག་གསུམ་ཡོལ་རས་དམར་པོའི་འོག་ཏུ་སྦས་མཁན་གྱི་སེར་གཟུགས་པ་རེ་ཟུང་དང་། དྲྭ་འབུ་རེ་ཟུང་གིས་དེང་སྐབས་ཆོལ་ཁ་ཆོས་ལུགས་ཀྱི་གཏིང་ནད་རྩོད་ཕྱིར། སྤྱི་སེམས་དང་ལ་རྒྱ། སྙིང་སྟོབས་དང་སེམས་ཤུགས། རྣམ་དཔྱོད་དང་ཉམས་མྱོང་སོགས་ཆ་ཚང་རང་ཉིད་ལ་མངའ་མདོག་བསྟན་སྟེ་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་འཆར་དང་ལམ་སྟོན་གཞིར་བཟུང་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབས་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། སྲིད་བྱུས་དེའི་ལམ་ནས་རྒྱ་བོད་མཐུན་སྒྲིལ་ལ་སྨན་པའི་སྐབས་དང་དུས་སོ་སོར་ཁོར་ཡུག་བསྐྲུན་རྒྱུར་གལ་ཆེ་ཡིན་པ་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཟེར་བ་ལྟར་ཡིན་བཞིན་དུ།
ད་དུང་ལྐུག་པའི་ཨུ་ཚུགས་ཀྱི་ལམ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཟམ་གདོང་རིན་པོ་ཆེ། ད་ལྟའི་སྲིད་སྐྱོང་དང་། ཚོགས་གཙོ་གཙོས་པའི་གཞུང་འཛིན་མི་སྣ་དག་ལ་ལོང་བ་ཆུའི་ནང་དུ་མཆོང་བ་ལྟར་གང་བྱུང་ཟུར་ཟ་དང་ངན་སྨྲས་བཟོ་བཞིན་པ་འདི་ཚོ་ལ་ཕྱོགས་གཅིག་ནས་བསམ་ན་སྙིང་རྗེའི་ཡུལ་ཙམ་ལས་མ་འདས་པས་ཁྱི་ཕྱི་བ་མཉམ་དུ་ལངས་པའི་དགོས་གལ་མ་མཐོང་མོད། སྐབས་རེར་གསལ་བཤད་དམ་དགག་ལན་སྟེ། ལེ་ལན་རྔ་དང་དབྱུག་གུའི་དཔེ་ལྟར་མ་བྱས་ཚེ་སྐྱེ་བོ་རེ་ཟུང་ལོག་ལམ་དུ་གྱར་མི་སྲིད་པའང་མིན་པས་ཁ་ཤས་བཤད་ན་འདོད།
ང་ཚོས་ངེས་པར་དུ་དོ་སྣང་དགོས་གལ་ཆེ་བ་ཞིག་ནི་མི་བུ་འདི་ཚོས་བྱ་སྤྱོད་དག་ཡིན། ཁོང་ཚོས་དེ་སྔར་ད་བར་དུ་རང་ནུས་གང་ཡོད་ཀྱི་སྒོ་ནས་འཆལ་རྩོམ་སྤེལ་བ་དང་། སྐད་འཕྲིན་སོགས་གཞིས་བྱེས་བར་གྱི་བརྒྱུད་ལམ་ཁག་གི་ནང་དུ་གནས་ལུགས་དང་། བཟང་སྤྱོད་ཡོངས་སུ་བྲལ་བའི་སྒོ་ནས་འུར་སྒྲོག་སྣ་ཚོགས་བྱེད་བཞིན་པ། དོལ་ཚོགས་ལ་རྒྱབ་སྐྱོར་དང་། ཡང་ན་དོལ་ཚོགས་གནད་དོན་དེ་ཡང་ཆོས་ལུགས་བྱེ་བྲག་པ་གཅིག་གི་གནད་དོན་ལ་བསྒྲུབ་ཅི་ནུས། བོད་མའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་གཏོར་གཤིག་གཏང་འདོད་ཀྱི་སྦྱོར་དངོས་ཅི་རིགས་པ་སྤེལ་བཞིན་པ་འདི་ནི་དང་པོ་ནས་ངོས་ཟིན་དགོས་ངེས་སུ་མཐོང་།
དང་པོ་སྤྱི་པའི་རྩ་དོན་ལ་ཞེན་པ་དཀར་བའི་ལྷག་བསམ་དང་། རང་ཉིད་ལ་སྙིང་སྟོབས་དང་ལ་རྒྱ་ཡོད་མཁན་གྱི་མི་ཞིག་ཡིན་ཕྱིན་དྲང་བདེན་ནི་མ་མཐའི་ཆ་རྐྱེན་ལོས་ཡིན། འོན་ཀྱང་ཁྱེད་ཅག་ལ་དེ་ཚོ་ལྟ་ཅི་སྨོས། ཐ་ན་མི་གཞིའི་ཀུན་སྤྱོད་ཀྱི་རིན་ཐང་ཙམ་ཡང་མི་ཤེས་པ་དང་། རང་མགོ་རུལ་དྲི་རང་སྣས་མི་ཚོར་པའི་གནས་སྟངས་དེའི་ཕྱིར། དེ་སྔར་ད་བར་དུ་ཕྱོགས་རིས་ཀྱི་ནད་གདོན་དྲག་པོ་དེས་རྐྱེན་པས་གཞན་གྱི་དཔལ་ཡོན་ལ་མི་བཟོད་པའི་སྡུག་ནད་དྲག་པོའི་དབང་གིས་ཐབས་དང་། གོ་སྐབས་འདྲ་མིན་སྣ་ཚོགས་པར་བརྒྱུད་སྟེ་གཞི་མེད་སྐུར་འདེབས་དང་། ཧམ་བཤད། ཐ་ན་སྐྱག་རྫུན་ནས་བཟུང་སྟེ་བཤད་པ་ཉུང་ཉུང་མིན་པ་དེ་ཡང་གཟུར་གནས་ཀུན་གྱིས་མཁྱེན་ཆུབ་ཡོད་ངེས་རེད།
འོན་ཀྱང་ཁྱེད་ཚོས་བྱ་སྤྱོད་དེ་དག་ལས་དེ་སྔར་ད་བར་དུ་གྲུབ་འབྲས་ཏིལ་འབྲུ་ཙམ་ཡང་བྱུང་མེད། དེའི་རྒྱུ་མཚན་ནི་འཛམ་གླིང་མི་མང་སྤྱི་དང་ལྷག་པར་དུ་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་ཐམ་པའི་བཟང་ངོ་ངན་རྟགས་ཤེས་ཀྱི་ཡོད་པ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོའི་སྒྲིག་འཛུགས་ལ་ཡིད་ཆེས་དང་གུས་བཀུར་བརྟན་པོ་ཡོད་པས་ལོས་ཡིན། གོང་གསལ་བཞིན། སྐབས་དང་དུས་གང་འདྲ་ཞིག་བཙལ་རུང་དེ་སྔར་ད་བར་དུ་བདེན་པ་ཤིག་ཙམ་གྱི་དོན་དུ་ཧམ་པ་རི་ཙམ་བཤད་ནས་མཐར་སྒྲེན་མོ་ལག་སྟོང་དུ་གྱུར་བ་འདི་ནི་དོན་དངོས་ཀྱི་ཐོག་ནས་བཤད་ན་གད་མོ་རྐུབ་ནས་ཤོར་བྱེད་ཅིག་དང་། ཡང་སྐབས་རེར་ཡིད་མུག་དགོས་པའི་གནས་སྟངས་ཤིག་ལོས་ཡིན།
དེང་སྐབས་ཐབས་ལམ་གསར་པ་ཞིག་ནི་གཞོན་ལྷན་དང་། བོད་མིའི་སྒྲིག་འཛུགས་བར་དུ་དཀྲུག་ཤིང་རྒྱག་ཕྱིར། ཉེ་ཆར་གཞོན་ལྷན་གྱིས་ཞེ་ཅིང་ཕེང་ལ་ངོ་རྒོལ་བྱས་པ་དེ་ཡང་བཙན་བྱོལ་སྒྲིག་འཛུགས་ལ་རྣམ་འགྱུར་ཡིན་ཚུལ་དང་། གཞོན་ལྷན་ནང་ཁུལ་གྱི་རྙོག་གླེང་དེ་ཚོ་ཡང་གཞུང་འཛིན་ཆབ་སྲིད་མི་སྣས་བྱས་ཡོད་ཚུལ་ཤུགས་བསྟན་གྱི་ཚུལ་དུ་སྨྲས་པ། གཞོན་ལྷན་གྱིས་སྤེལ་བའི་ལས་འགུལ་དེས་གཞུང་འཛིན་མི་སྣ་དག་སྙིང་ན་ཡོད་པའི་ཚོད་དཔག ད་དུང་སྒྲིག་འཛུགས་ཀྱིས་ཁོར་ཡུག་བསྐྲུན་དགོས་པའི་འབོད་སྐུལ་དང་ལམ་སྟོན་དག་ཀྱང་མདོར་བསྡུས་ན་ནང་ཁུལ་ཁ་བྲལ་གཏང་ཐབས་ཡིན་ཚུལ་སོགས་ཡོད་ཚད་ལོག་འགྲེལ་གང་ཐུབ་བྱེད་ཀྱིན་འདུག་པ་ནི་ལྟོ་ནང་བསྟན་དང་། གྲོད་པ་ཕྱིར་བསྟན་ཟེར་བའི་གཏམ་དཔེ་འདི་ཧ་ཅང་བདེན་གཏམ་དུ་འདུག །
གོང་གསལ་བྱ་སྤྱོད་འདིའི་རིགས་ནི་འགྲོ་བ་མི་ཡི་རྣམ་དཔྱོད་ཅན་ཞིག་མ་དགོས། སྒོ་ཁའི་བཏགས་ཁྱི་ཡིན་རུང་ཕྱི་ནང་དང་། བཟང་ངན་གྱི་དབྱེ་བ་གསལ་པོར་འབྱེད་ཤེས་ཀྱིན་ཡོད། མདོར་ཧྲིལ་གྱིས་བསྡུས་ནས་བཤད་ན་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་མཁན་གཞུང་འཛིན་པའི་ཤོག་ཁག་དང་། རང་བཙན་དོན་གཉེར་བ་སྟེ་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་བར་དུ་ཆེད་གཉེར་གྱི་དཀྲུག་ཤིང་སློང་ཐབས་གསར་པ་ཙམ་ལས་མི་རིགས་ཀྱི་བདེ་སྡུག་ལ་བཅངས་པའི་སྙིང་གཏམ་ཞིག་ཡིན་མིན་ནི་གཟུར་གནས་ཀུན་གྱིས་རྣམ་དཔྱོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ནས་བརྟག་དགོས་པ་ལས་ང་ལྟ་བུའི་ལམ་སྟོན་གང་ཡང་དགོས་གལ་མ་མཐོང་ངོ་།། །།
རྩོམ་ཡིག་འདི་ནི་འཇམ་གཅེས་ཀྱི་མིང་ཐོག་ནས་སྤེལ་པ་མ་གཏོགས་འཇམ་གཅེས་སྒེར་གྱི་རེད་བསམས་ཀྱི་མེད། དེར་བརྟེན་་་ལན་ཞིག་རྒྱག་གི་ཡིན། འདིའི་སྔོན་གྱི་རྩོམ་ཡིག་དེ་ཡང་འཇམ་གཅེས་སྒེར་གྱི་མིན་པར་ངོས་འཛིན་བྱས་ཡོད།
༡་་་ཁྱོད་ཚོས་་་་་་ཆུང་མ་ལོའི་མངལ་ནས་སྐྱེས་པ་ནས་བཟུང་དུས་ད་ལྟའི་བར་དུ་བོད་བསྟན་སྲིད་སྤྱི་ལ་བཅང་པའི་ལྷག་བསམ་དང་ལ་རྒྱ་ཟེར་བ་དེ་ཚོའི་དྲི་ཙམ་མེད་ལ། རྒྱུ་མཚན་དེའི་ཕྱིར། བྱས་རྗེས་ཡང་ཏིལ་འབྲུ་ཙམ་ཞིག་ག་ལ་ཡོད། ཐ་ན་ཉིན་གཅིག་གི་ལས་འགུལ་ཙམ་གྱི་ནང་དུ་རང་མོས་སམ་དང་བླངས་ཀྱི་སྒོ་ནས་ཆ་ཤས་བླངས་མ་མྱོང་བའི་དུག་གསུམ་ཡོལ་རས་དམར་པོའི་འོག་ཏུ་སྦས་མཁན་གྱི་སེར་གཟུགས་པ་རེ་ཟུང་དང་། དྲྭ་འབུ་རེ་ཟུང་གིས་དེང་སྐབས་ཆོལ་ཁ་ཆོས་ལུགས་ཀྱི་གཏིང་ནད་རྩོད་ཕྱིར། སྤྱི་སེམས་དང་ལ་རྒྱ། སྙིང་སྟོབས་དང་སེམས་ཤུགས། རྣམ་དཔྱོད་དང་ཉམས་མྱོང་སོགས་ཆ་ཚང་རང་ཉིད་ལ་མངའ་མདོག་བསྟན་སྟེ།་་་་ཞེས་བཤད་འདུག
ལན་་་་ཆུང་མ་ལོའི་མངལ་ནས་སྐྱེས་པ་ནས་བཟུང་སྤྲུལ་མིང་ཁུར་ནས་རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་བོད་མི་རིགས་དང་རྒྱལ་ཁབ་ལ་བསམ་བློ་བཏང་མྱངས་མེད་པའི་རས་དམར་གྱོན་པའི་གྲྭ་གཟུགས་ཅན་དེ་ལ་ལྷག་བསམ་དང་ལ་རྒྱ་ཟེར་བ་དེ་ཚོའི་དྲི་ཙམ་མེད་ལ། རྒྱུ་མཚན་དེའི་ཕྱིར། བྱས་རྗེས་ཡང་ཏིལ་འབྲུ་ཙམ་ཞིག་ག་ལ་ཡོད། དབུ་མའི་ལམ་ལ་གྲུབ་འབྲས་ཡང་ག་ནས་འོང་།
རྒྱལ་གཅེས་ལྷབ་བསམ་གྱིས་ཕྱུག་པའི་གཟུགས་པ་རེ་ཟུང་དང་། ཁྱོད་ཚོས་འབོད་པའི་དྲྭ་འབུ་རེ་ཟུང་ལ་ སྤྱི་སེམས་དང་ལ་རྒྱ། སྙིང་སྟོབས་དང་སེམས་ཤུགས། རྣམ་དཔྱོད་དང་ཉམས་མྱོང་སོགས་ཆ་ཚང་རང་ཉིད་ལ་མངའ་མདོག་བསྟན་པ་མ་རེད། ཁྱོད་ཚོས་ཡོད་པར་མཐོང་གི་ཡོད་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཡོད་རེད།
༢་་་་ཁྱོད་ཚོས་་་་་༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་འཆར་དང་ལམ་སྟོན་གཞིར་བཟུང་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབས་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། སྲིད་བྱུས་དེའི་ལམ་ནས་རྒྱ་བོད་མཐུན་སྒྲིལ་ལ་སྨན་པའི་སྐབས་དང་དུས་སོ་སོར་ཁོར་ཡུག་བསྐྲུན་རྒྱུར་གལ་ཆེ་ཡིན་པ་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཟེར་བ་ལྟར་ཡིན་བཞིན་དུ།་་་་ཅེས་བཤད་འདུག
ལན་་་་་ལོང་བ་རྒྱལ་ཁམས་མཐོང་མཁན་ཞིག་ཡོད་པ་དེ་ཁྱོད་རང་ཚོ་ཡིན་གྱི་རེད་མ་གཏོགས་་་འཛམ་གླིང་འདིའི་ནང་གི་ལོང་བ་ཡོངས་ཀྱིས་གཟུགས་མི་མཐོང་།་་་ཧཧ
༣་་་་་ཁྱོད་ཚོས་་་་ད་དུང་ལྐུག་པའི་ཨུ་ཚུགས་ཀྱི་ལམ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། ཟམ་གདོང་རིན་པོ་ཆེ། ད་ལྟའི་སྲིད་སྐྱོང་དང་། ཚོགས་གཙོ་གཙོས་པའི་གཞུང་འཛིན་མི་སྣ་དག་ལ་ལོང་བ་ཆུའི་ནང་དུ་མཆོང་བ་ལྟར་གང་བྱུང་ཟུར་ཟ་དང་ངན་སྨྲས་བཟོ་བཞིན་པ་འདི་ཚོ་ལ་ཕྱོགས་གཅིག་ནས་བསམ་ན་སྙིང་རྗེའི་ཡུལ་ཙམ་ལས་མ་འདས་པས་ཁྱི་ཕྱི་བ་མཉམ་དུ་ལངས་པའི་དགོས་གལ་མ་མཐོང་མོད།་་་་་ཅེས་བཤད་འདུག
ལན་་་་་ལངས་དགོས་པ་མེད་ན་ཉལ་ནས་སྡོད།་་་ཧཧ
༤་་་་་ཁྱོད་ཚོས་་་་སྐབས་རེར་གསལ་བཤད་དམ་དགག་ལན་སྟེ། ལེ་ལན་རྔ་དང་དབྱུག་གུའི་དཔེ་ལྟར་མ་བྱས་ཚེ་སྐྱེ་བོ་རེ་ཟུང་ལོག་ལམ་དུ་གྱར་མི་སྲིད་པའང་མིན་པས་ཁ་ཤས་བཤད་ན་འདོད། ཅེས་བཤད་འདུག
ལན་་་་ཧམ་བཤད་དང་ལོག་བཤད། རྫུན་བཤད་གསུམ་གྱིས་དགག་པ་རྒྱག་ནའང་མི་དམངས་ཀྱིས་ཡིད་ཆེས་བཤད་ཀྱི་མ་རེད། བདེན་ཁ་སུ་ལ་ཡོད་ན་མི་དམངས་དེའི་རྗེས་སུ་འགྲོ་གི་རེད་དོ།།།
༥་་་་ཁྱོད་ཚོས་་་་ང་ཚོས་ངེས་པར་དུ་དོ་སྣང་དགོས་གལ་ཆེ་བ་ཞིག་ནི་མི་བུ་འདི་ཚོས་བྱ་སྤྱོད་དག་ཡིན། ཁོང་ཚོས་དེ་སྔར་ད་བར་དུ་རང་ནུས་གང་ཡོད་ཀྱི་སྒོ་ནས་འཆལ་རྩོམ་སྤེལ་བ་དང་། སྐད་འཕྲིན་སོགས་གཞིས་བྱེས་བར་གྱི་བརྒྱུད་ལམ་ཁག་གི་ནང་དུ་གནས་ལུགས་དང་། བཟང་སྤྱོད་ཡོངས་སུ་བྲལ་བའི་སྒོ་ནས་འུར་སྒྲོག་སྣ་ཚོགས་བྱེད་བཞིན་པ། དོལ་ཚོགས་ལ་རྒྱབ་སྐྱོར་དང་། ཡང་ན་དོལ་ཚོགས་གནད་དོན་དེ་ཡང་ཆོས་ལུགས་བྱེ་བྲག་པ་གཅིག་གི་གནད་དོན་ལ་བསྒྲུབ་ཅི་ནུས།ཅེས་བཤད་འདུག
ལན་་་་་མི་བུ་དེ་དག་གིས་དོལ་ཚོགས་དང་ཁྱོད་ཚོའི་བར་དུ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་ཅེས་བཤད་པ་ནི་བོད་མི་རིགས་ཀྱི་བདེ་སྡུག་གྱི་ཆེད་དུ་རེད། བོད་རིགས་ནང་ཁུལ་དུ་ཆིག་སྒྲིལ་གཏོར་མཁན་ཚོ་ནི་བོད་མི་རིགས་ལངས་མི་ཐུབ་བཟོ་མཁན་ངོ་མ་དེ་རེད། དེ་ནི་སུ་ཡིན་མིན་་་རྒྱ་ཆེན་མི་དམངས་ཀྱིས་དེང་རབས་༢༡་པའི་ནང་དུ་དྲ་རྒྱའི་རྒྱུད་ལམ་ལ་བརྟེན་ནས་མཁྱེན་རྟོགས་ཡོད་ངེས་ཡིན།
༦་་་་ཁྱོས་ཚོས་་་བོད་མའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་གཏོར་གཤིག་གཏང་འདོད་ཀྱི་སྦྱོར་དངོས་ཅི་རིགས་པ་སྤེལ་བཞིན་པ་འདི་ནི་དང་པོ་ནས་ངོས་ཟིན་དགོས་ངེས་སུ་མཐོང་།ཞིས་བཤད་འདུག
ལན་་་དམངས་གཙོ་འགྲོ་ལུགས་ཀྱི་ཐོག་ནས་བལྟས་ན་དབུ་མ་ལམ་ནི་མི་དམངས་ཀྱི་ལངས་ཕྱོགས་མིན་སྟབས་བོད་མི་སྒྲུག་འཛུགས་ཀྱི་ལངས་ཕྱོགས་ཡིན་པ་ལ་ངོས་ལེན་མེད།
ཁྱོད་ཚོས་་་་དང་པོ་སྤྱི་པའི་རྩ་དོན་ལ་ཞེན་པ་དཀར་བའི་ལྷག་བསམ་དང་། རང་ཉིད་ལ་སྙིང་སྟོབས་དང་ལ་རྒྱ་ཡོད་མཁན་གྱི་མི་ཞིག་ཡིན་ཕྱིན་དྲང་བདེན་ནི་མ་མཐའི་ཆ་རྐྱེན་ལོས་ཡིན། འོན་ཀྱང་ཁྱེད་ཅག་ལ་དེ་ཚོ་ལྟ་ཅི་སྨོས། ཐ་ན་མི་གཞིའི་ཀུན་སྤྱོད་ཀྱི་རིན་ཐང་ཙམ་ཡང་མི་ཤེས་པ་དང་། རང་མགོ་རུལ་དྲི་རང་སྣས་མི་ཚོར་པའི་གནས་སྟངས་དེའི་ཕྱིར། དེ་སྔར་ད་བར་དུ་ཕྱོགས་རིས་ཀྱི་ནད་གདོན་དྲག་པོ་དེས་རྐྱེན་པས་གཞན་གྱི་དཔལ་ཡོན་ལ་མི་བཟོད་པའི་སྡུག་ནད་དྲག་པོའི་དབང་གིས་ཐབས་དང་། གོ་སྐབས་འདྲ་མིན་སྣ་ཚོགས་པར་བརྒྱུད་སྟེ་གཞི་མེད་སྐུར་འདེབས་དང་། ཧམ་བཤད། ཐ་ན་སྐྱག་རྫུན་ནས་བཟུང་སྟེ་བཤད་པ་ཉུང་ཉུང་མིན་པ་དེ་ཡང་གཟུར་གནས་ཀུན་གྱིས་མཁྱེན་ཆུབ་ཡོད་ངེས་རེད། ཅེས་བསད་འདུག
ལན་་་་འདི་ནི་ཁྱོད་རང་ཚོའི་དོན་ལ་གནས་འདུག ཧམ་བཤད་དང་ལོག་བཤད། རྫུན་བཤད་གསུམ་པག་ཟ་ཟ་ཡིན་པ། མ་ཟད་བོད་གངས་ཅན་པའི་ལོ་རྒྱུས་ལའང་རྫུན་བཤད་བྱས་ཀྱི་ཡོད་པ། བོད་ཆེན་པོ་ཟེར་བ་ཞིག་ལོ་རྒྱུས་ཐོག་ཏུ་མེད་ཟེར་ནས་རྫུན་བཤད་མཁན་ཁྱོད་རང་ཚོ་རེད་དོ།།
དཀྲུག་ཤིང་སློང་ཐབས་ལ་མཁས་དགོས་ན་ཁྱོད་ཚོའི་འགྲན་ཟླ་སུ་ཡིན་ཆོད། ནང་ཁུལ་དུམ་བུ་ཁ་བྲལ་གཏོང་དགོས་ན་ཁྱོད་ཚོ་ལ་འགྲན་ཟླ་མེད་ངེས་ཡིན། རྩོམ་ཡིག་འདིས་ཀྱང་བོད་རིགས་དུམ་བུ་ཞིག་སྤྱི་ཚོགས་ནས་ཁ་བྲལ་གཏོང་ཆེད་དུ་ཡིན་པ་ནི་མིག་ལྡན་ཀུན་གྱི་མཁྱེན་ངེས་རེད་དོ།།།
ཝ་ཡེ། བློ་མཐུན་ཅོ་རི་ལགས། ངས་བོང་བུ་ཁེར་རྒྱུགས་བྱེད་དུ་འཇུག་དགོས་བསམ་བསྡད་ཡོད། འོན་ཀྱང་ཁྱེད་རང་སྐྱག་པར་ལག་པ་འཆངས་ནས་ག་རེ་གནང་ག། སྐྱག་པར་བསྐོར་ནས་འགྲོ་རྒྱུ་དེ་གལ་ཆེན་པོ་ཡིན་ཡང་ཁྱེད་ཀྱིས་སྐྱག་པར་ལག་པ་འཆངས་ཚར་འདུག་ག། ད་ནི་དྲི་འཚུབ་རྒྱུ་ཉག་ཅིག་རེད་དོ། ཧ་ཧ། དེ་མིན་ན་ཁོ་པའི་འཆལ་རྩོམ་དང་འཆལ་མཆན་ལ་མིག་མྱུལ་ཁྱུག་ཙམ་བགྱིས་དང་། སྐྱག་པ་ཞེས་པའི་ཐ་སྙད་དེ་མེད་པ་ཞིག་ཁྱོན་ནས་ཡོད་པ་མ་རེད། བྱས་ཙང་ངས་སྐྱག་རྩོམ་དང་སྐྱག་མཆན་ཞེས་འབོད་འདོད་ལ་དོན་སྙིང་ཟེར་བ་ཏིལ་འབྲུ་ཙམ་ཡང་ཡོད་པ་མ་རེད།
ད་དུང་ད་རེས་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རིན་པོ་ཆེ་དང་ཟམ་གདོང་བླར་རྒན་སྤེན་ཚེ་སོགས་བཙན་གྱིས་དྲུད་ཡོང་སྟངས་ལ་བལྟས་ན་ཁོ་པ་འུ་འཐུག་པ་འདྲ། འདིའི་མིང་ལ། འུ་འཐུག་མཆོང་རྒྱག་གྱེན་ལ་རྒྱག། ཟེར། ཕལ་ཆེར་ངས་ཁོ་པའི་རྩོམ་འཆལ་སྔོན་མའི་འོག་ཏུ་མཆན་འདི་འདྲ་ཞིག་བྲིས་ཡོད་པས། རླུང་ནད་ཀྱིས་མནར་བ་ཡིན་པ་འདྲ།
ཆིག་སྒྲིལ་གསེར་གྱི་ནོར་བུའི་བང་མཛོད་དེ།
ཕྱོགས་ལྷུངས་ཀླད་སྟོང་ཇག་པ་ཁྱོད་ཀྱིས་བཅོམས།
རྨོངས་དད་སྟ་རེ་དགུང་དུ་འཕྱར་ནས་ནི།
བཙན་བྱོལ་བོད་མིའི་དམངས་གཙོའི་སྲོག་དབུགས་ལེན།
ཡོད་ཚད་མགོ་འབུལ་ལུས་འབུལ་རྒྱལ་བཙོང་ལ།
གནས་ལུགས་འཆད་པའི་སྐལ་བ་མི་ལྡན་པས།
ཟམ་གདོང་སྤེན་ཚེའི་ཕོ་རྒྱོ་གཟེད་རྒྱུའི་ལས།
དུས་ལས་མི་གཡེལ་འབད་པས་བསྒྲུབས་ཤིག་ཀྱེ། དུག་སྨན་འདི་གནད་ལ་ཕོག་པ་འདྲ། ཧ་ཧ།
མ་གཞི་ལོ་རེ་གཉིས་གོང་ནས་འཇམ་གཅེས་ཞེས་པའི་མིང་རྫུན་འདིའི་འོག་ནས་རྩོམ་འཆལ་ཕར་ཟད་མཆན་ཐུང་འགའ་རེ་བྲིས་པ་དེ་ཚོ་ཡང་དག་ནོར་རྟགས་ནོར་གྱི་ར་བཟི་འདྲ་ཞིག་ཡིན་པས། གློ་བུར་ཐོག་རྒྱག་ཁ་བདེ་ལག་བདེ་རྩོམ་འཆལ་འབྲི་སྟངས་འདི་ལ་བལྟས་ན་དབུ་མའི་ལམ་ཀྱོག་ལས་འགུལ་ཁང་གི་འདྲེ་བྱ་དེ་དང་རྐུབ་འབྲེལ་གཏོང་གིན་མེད་དམ་སྙམ་པའི་དྭོགས་པ་ཇེ་ཆེ་རེད་ལ་ཡེ་རྡོར་གཉིས་པ་ཞིག་དེ་ཐོན་ཁུལ་ཡིན་པ་འདྲ།
བོད་པ་ནང་ཁུལ་དུ་ཕྱོགས་རིས་ཀྱི་སྐད་ཆ་བཤད་པ་དང་།
དཀྲུགས་ཤིང་རྒྱབ་པ་ལས།
བོད་པ་ཆིག་སྒྲིལ་ལ་ཕན་པའི་རྩོམ་ཡིག་རེ་སྤེལ་ན་ལེགས་སེམས།
རང་བཙན་ཁ་ལ་གཡར་ནས་ཆོས་ལུགས་གཏོར།།
དབུ་ལམ་ཁ་ལ་གཡར་ནས་ཆིག་སྒྲིལ་གཏོར།།
བླ་མ་ཁ་ལ་གཡར་ནས་ནང་ཁུལ་གཏོར།།
དཀྲུགས་ཤིང་སློང་ཐབས་མིན་ན་ཅི་ཟིག་རེད།།
xxདེ་ཚོའི་སྣ་ཁུང་ལ་ཏག་ཏག་ཕོག་འདུག །
xxཞོལ་ཇོ་གཉིས་ཀྱི་རྩོམ་ཡིག་འདི་ངའི་མིང་གཡར་བ་ཙམ་ལས་ངའི་བྲིས་རྩོམ་མ་ཡིན་པར་ངོས་འཛིན་འདིར་གཟུར་གནས་དྲྭ་གྲོགས་ཚོ་ལ་གསལ་བཤད་ཐུང་ཙམ་ཞུ་རྒྱུ་ཡིན། སྤྱིར་ཏང་ངོ་དེབ་དང་། ཁ་བརྡ་དྲྭ་ལམ། བོད་ཀྱི་དུས་བབ། མཚོ་སྔོན་པོའི་ཟིན་བྲིས། བང་ཆེན་ཟིན་བྲིས་སོགས་དྲྭ་ལམ་མི་ཉུང་བ་ཞིག་ལ་ངའི་བྲིས་རྩོམ་ཡང་མི་ཉུང་བ་སྤེལ་མྱོང་བ་དང་། སྤེལ་བཞིན་པ། སྤེལ་འཆར་ཡོད། ཡིན་ནའང་ཡུལ་དུས་གང་ཞིག་དང་། གནད་དོན་གང་ཞིག་གི་ཐོག་ནས་བྲིས་རྩོམ་སྤེལ་སྐབས་ང་ལ་འདོར་མི་སྲིད་པའི་བཅའ་ཁ་ཤས་ཡོད།
དང་པོ་སྤྱི་ཚོགས་དྲྭ་འབུ་མི་འཁྲབ་རྒྱུ། གཉིས་པ་མི་རིགས་རྩ་དོན་ལ་གནོད་གཞིར་ཅན་གྱི་རྩོམ་འཆལ་མི་སྤེལ་རྒྱུ། གསུམ་པ་ཟ་སའི་ཕོར་པ་ནང་དུ་སྐྱག་པ་དང་། འདུག་སའི་ཁང་པ་མེར་བསྲེག་མི་གཏང་རྒྱུ། བཞི་པ་མི་གཞི་གོས་དང་བྲལ་བའི་སྒོ་ནས་གང་བྱུང་ཧམ་བཤད་དང་ལོག་འགྲེལ་མི་བྱེད་རྒྱུ། ལྔ་པ་བཀའ་དྲིན་ཅན་དྲིན་ལོག་མི་བྱེད་རྒྱུ། འདི་དག་ནི་ངའི་མི་ཚེ་ནང་གི་དམ་བཅའ་གལ་ཆེ་དག་ཡིན། ང་སུ་ཡིན་མིན་དང་། ངའི་མིང་འདི་རྫུན་མ་ཡིན་མིན་གསལ་གསལ་ཐིང་ཐིང་ངོ་ཤེས་མཁན་གྱི་སྐྱེ་བོ་རྒྱ་སྟོང་མང་པོ་ཡོད་པ་མ་ཟད། ཁ་བརྡ་དྲ་བདག་གིས་ཀྱང་དྲྭ་འབུ་སུ་ཡིན་མིན་ཤེས་ངེས་རེད། མདོར་བསྡུས་ན་མི་ངན་ཁྱེད་ཅག་འདྲ་བ་ཚོས་ང་དང་བསྡུར་རིན་གཏན་ནས་མེད་པ་དེ་ཡང་དྲང་བདེན་དང་། འགན་འཁུར་ལྡན་པའི་བློ་ཁོག་འདིས་དབྱེ་བ་གསལ་པོ་འབྱེད་ཡོད་དོ།། །།
བློ་མཐུན་ཞོལ་གཡག་འབྲོང་རྒྱུད་ལགས། ཁྱེད་བདེན། དཀྲུག་ཤིང་མགོ་འདི་ཚོས་བོད་མི་རིགས་ཆིག་སྒྲིལ་ཆགས་མི་ཐུབ་པའི་ཆེད་དུ་ག་དུས་ཡིན་ན་དུམ་བུ་ཁ་བྲལ་གཏོང་ཐབས་ཁོ་ནར་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད། དཀྲུག་མགོ་འདི་ཚོའི་སྐད་ཆ་ནི་སྐྱག་པ་ངོ་མ་རེད། བོད་མི་རིགས་ཀྱི་མགོ་ཐོག་བཏང་འོང་དུས། བོད་མི་ཤེས་ཡོན་ཅན་དང་ལྷག་བསམ་གྱིས་ཕྱུག་པའི་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོའི་ཐོག་ཏུ་བཏང་འོང་དུས་ལན་ཞིག་རྒྱག་ཐལ་སོང་།
དཀྲུག་ཤིང་མགོ་འདི་ཚོའི་སྐད་ཆའི་ནང་དུ་་་་འབུ་དང་ཁྱི། མི་ངན་དང་གདོན་འདྲེ་ཟེར་བའི་ཚིག་ངན་ཁོ་ན་མ་གཏོགས་གནད་ལུགས་ཡོད་པའི་སྐད་ཆ་ཚིག་གཅིག་ཀྱང་ཡོད་མ་རེད། བློ་མཐུན་གྱིས་གསུངས་པ་ལྟར་་་རྗེས་སུ་བོང་བུ་ཁེར་རྒྱུགས་གཏོང་བཞག་གི་ཡིན་ནོ།།
ཨེ་་་འཇམ་གཅེས་་་རྩོམ་ཡིག་འདི་ཁྱོད་རང་སྒེར་ཁོ་ནའི་ཡིན་ཟེར་ནས་༧རྒྱལ་བ་རིན་པོ་མགོ་ལ་བཞག་ནས་མནའ་ཞིག་སྐྱལ་ཐུབ་ས་རེད་པེ། མ་གཏོགས་དཀྲུག་ཤིང་མགོ་ཁྱོད་ལ་སུ་ཡིས་ཡིད་ཆེས་བྱེད་ཀྱི་མ་རེད།
ཧ་ཧ། རེད་ཡ། བོང་བུ་ཁེར་རྒྱུགས་བཏང་བཞག་ན་ཡག་ཤོས་རེད་ལ་སྐྱག་ཁུང་བསྔོག་རྒྱུ་དེ་བས་ཡོད་པ་མ་རེད་དོ། ཧ་ཧ།
བོང་བུ་ཁེར་རྒྱུགས། ཅི་འདྲའི་མིང་ཚིག་ཡག་པོ་ཞིག་བཏགས་འདུག་ཨང་།
དེ་ཁྱེད་རང་ཚོའི་ནང་ལ་དབུ་མའི་ལམ་ཞིག་དགོས་ས་རེད། ཧ་ཧ་
ཧ་ཧ་ཧ་་སྙིང་མ་རྗེ། ངོ་མ་ང་ཁྱེད་ཚོ་ལ་སྙིང་རྗེ་ཡོང་གིན་འདུག མི་ཚེ་གཅིག་ལ་འདི་ལྟར་རང་ཡིན་ན། གལ་སྲིད་ཡིན་ཚེ་སྐྱོ་བ་ལ་་་
གོང་ས་སྐྱབས་མགོན་དང་། སྲིད་སྐྱོང་དང་། ཟམ་གདོང་སྤྲུལ་སྐུ་དང་། དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་ན་ཆོལ་ཁ་ཆོས་ལུགས་ཀྱི་གཏིང་ནད་བརྩད་པ་ཡིན་པའི་སྒྲུབ་བྱེད་བཀོད་རོགས། གོང་ས་མཆོག་དང་ཁོང་གི་དབུ་མའི་ལམ་འདི་ཆོལ་ཁ་ཆོས་ལུགས་གང་གི་ཚབ་མཚོན་རེད། དེ་ལ་རྒོལ་མཁན་ཚོ་ཆོས་ཁ་ཆོས་ལུགས་གང་གི་ཚབ་མཚོན་རེད། ཁ་གསལ་དུ་གཏོང་རོགས།
དོལ་རྒྱལ་གནད་དོན་ཆོས་ལུགས་བྱེ་བྲག་པ་ཞིག་གི་ནང་འགལ་ཙམ་ལས་ཀྱང་ཆུང་བར། བླ་བྲང་གོང་འོག་བར་གྱི་རྩོད་གླེང་ནང་འཛིངས་ཙམ་ལས་བྱུང་ཚུལ་དོལ་རྒྱལ་ཞིབ་འཇུག་ཚོགས་པ་སོགས་ཀྱིས་སྤེལ་བའི་དེབ་དང་། གོང་ས་ཆེན་མོས་གནང་བའི་བཀའ་སློབ་ཁག་ལ་ཡང་གསལ་པོ་འདུག་བསམ་སོང་།
ང་རང་གི་ལྟ་སྟངས་ལྟར་ན་གོང་ས་མཆོག་ལ་དད་པ་ཡོད་མེད་དང་། བཙན་བྱོལ་སྒྲིག་འཛུགས་ལ་ཡིད་ཆེས་ཡོད་མེད་ཟེར་བ་དེ་གལ་གནད་ཆེན་པོ་གང་ཡང་མ་རེད་བསམ་གྱིན་ཡོད། གོང་ས་མཆོག་ནི་བགྲེས་ཡོལ་དུ་ཕྱིན་པའི་ལས་བྱེད་ཟུར་པ་ཞིག་ཡིན་པས་གླེང་རིན་ཆེར་མེད། བཙན་བྱོལ་སྒྲིག་འཛུགས་ནི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་དེ་ལ་སྐྱོན་དང་ནོར་འཁྲུལ་ཡོད་ན་ཐེར་འདོན་དགོས་པ་དང་། ལམ་དང་ལས་ཀ་ནོར་ན་ཡོ་བསྲངས་དགོས་པ་དེ་ཡང་གལ་ཆེན་པོ་རེད་འདོད།
གལ་ཆེ་ཤོས་དེ་བོད་མི་རིགས་ཀྱི་ལ་རྒྱ་ཡོད་པ་དང་། བོད་མི་མང་ལ་ལྷག་བསམ་དཀར་བ། བོད་ཀྱི་རིག་གནས་ལ་དོ་སྣང་མ་བོར་བ ཞིག་བྱུང་ན་བོད་མི་རྣལ་མ་ཞིག་ལ་བརྩི་ཆོག་པར་སེམས།
གང་ཟག་བཟང་ངན་གླེང་བ་ལས་ལྟ་གྲུབ་བཟང་ངན་གླེང་བ་གལ་གནད་ཆེ། ཤི་བོའི་ཁ་ཆེམས་དང་། གསོན་པོའི་རེ་བ་དེ་ནི་བོད་རང་བཙན་རེད། ཁ་ཆེམས་དང་རེ་བ་དེ་སྙིང་ལ་བཅངས་ནས་སྲོག་གཏོང་མཁན་གྱིས་སྲོག་བློས་བཏང་། ཕ་ཡུལ་བློས་བཏང་མཁན་གྱིས་ཕ་ཡུལ་བློས་བཏང་ནས་སྐྱབས་བཅོལ་དུ་ཡོང་བ་རེད། ལས་ཀ་གཞན་གང་ཡང་མ་ནུས་ན་ཡང་དེ་ཙམ་ཁོ་ན་ཡང་བསམ་གྱིས་མི་ཁྱབ་པ་རེད། གསོན་པ་རླབས་ཆེ་བ་དང་ཤི་བ་གཟི་བརྗིད་ལྡན་པ་ངོ་མ་དེ་རེད། མི་ལོ་བཅུ་ཕྲག་གཉིས་གསུམ་གྱི་གོང་ནས་དབུ་མའི་ལམ་ཞེས་པའི་བཤད་རྒྱུ་གླེང་རྒྱུ་འདི་བྱུང་ཉིན་ནས་བཙན་བྱོལ་བ་ཉུང་ཉུང་དེ་ཡང་ཁ་འཐོར་དུ་འགྲོ་མགོ་ཚུགས་པ་རེད། གསལ་པོར་བཤད་ན་དེ་ཙམ་རེད། དེ་མིན་པའི་འབུ་དང་ཁྱི་ཟེར་བའི་ནག་ཉེས་ཅན་མང་པོ་ཞིག་ངས་མཐོང་ཐོས་བྱུང་མ་སོང་ལགས།
xxx་་སྤོབས་པ་མཐའ་ཡས་པའི་བཀའ་མོས་ལ་ལན་ཞིག་འཁྱེར་ཤོག་ཨ། བོད་གངས་ཅན་པའི་མི་རིགས་ཀྱི་དཔའ་དང་སྤོབས་པ་ཉིན་རེ་ནས་ཉིན་རེར་ཇེ་མཐོ་འགྲོ་བཞིན་ཡོད། རྟོག་སད་པ་ཇེ་མང་འགྲོ་བཞིན་ཡོད། དཔའ་དང་སྤོབས་པ་མཐོ་བའི་མི་རིགས་ཤིག་ཆགས་འོང་དུས་སྒེར་གཅོད་པའི་དུས་རབས་མཇུག་སྒྲིལ་པ་ཡིན། ང་ཚོས་ངོས་ནས་དོན་དམ་པའི་རང་དབང་འཐབ་རྩོད་བྱེད་ཀྱི་ཡིན། ཆོས་ལུགས་ཀྱི་རྨོངས་དད་འོག་ཏུ་བཅུག་ནས་བོད་མིའི་སེམས་ཁམས་ལ་དབང་བསྒྱུར་བྱས་པ་འདི་མཇུག་སྒྲིལ་རན་པའི་དུས་ལ་བབ་ཡོང་གི་ཡོད་དོ། ང་ཚོ་ལ་དོན་དམ་དམངས་གཙོ་ཡང་དག་པ་ཞིག་དགོས། དེ་མེད་ན་བོད་མི་རིགས་ཀྱི་རང་དབང་འཐོབ་ཐུབ་ཐབས་མེད། དེའི་ཕྱིར་དུ་འཐབ་རྩོད་བྱ་ངེས་ཡིན་ལ་སྤོབས་པ་བྱ་ངེས་ཡིན།
སྤོབས་མཐའ་ལགས། རྩམ་ཡིག་འདི་འབྲི་དགོས་པའི་དམིགས་དང་། ཉམས་མྱོང་། དངོས་བྱུང་གི་མཐོང་ཐོས་ཡོད་པ་གཞིར་བྱས་ནས་བྲིས་པ་ཡིན་པས་སྐབས་རེ་མི་གཞན་གྱིས་གོ་དོན་རྟོགས་པར་ཏོག་ཙམ་ཁག་པོ་ཡིན་སྲིད། ངས་འདི་ནས་གསལ་བཤད་ཟེར་ན་འདྲ། རྩོམ་མཆན་ཟེར་ན་འདྲ། གོང་གསལ་ལྟར་སྤྱི་ཚོགས་ནང་འགན་ཁུར་གང་ཡང་མི་འདོད་མཁན་གྱི་དྲྭ་འབུ་དག་ལ་དམིགས་ནས་བྲིས་པ་ལས། རང་བཙན་དོན་གཉེར་མཁན་རྣམས་པ་དང་། ཁོང་ཚོས་ལྟ་གྲུབ་ལ་དགག་པ་གང་ཡང་བྱས་མེད། གང་ལྟར་དྲྭ་འབུ་དེ་དག་གིས་བྱ་སྤྱོད་ལ་གཞིགས་ནས་བྲིས་པ་ཡིན་པར་ཤེས་དགོས། ད་དུང་བཤད་དགོས་པ་མང་དུ་མཐོང་སོང་བས་མཆན་ཙམ་མ་ཡིན་པར། དམིགས་བསལ་རྩོམ་ཡིག་ཞིག་སྤེལ་རྒྱུ་ཡིན་པས་དེ་ལས་ཤེས་པར་བྱོས།
དམིགས་ཡུལ་ལ་ཆོས་་
་ཧེ་ཧེ་་་འཇམ་གཅེས་་་ཁྱོད་ཀྱི་རྒྱུ་བདག་ཚོ་ལ་དྲིས་ནས་ལན་རྒྱག་དང་འགྲིག་རེད། ཁྱོད་རང་སྒེར་ངོས་ནས་ལན་རྒྱག་ཐུབ་ཐབས་ཡོད་མ་རེད། རྩོམ་ཡིག་དེའི་དོན་ཡག་པོ་རྟོགས་མ་ཐུབ་མཁན་དེ་ཁྱོད་རང་ཡིན་གྱི་རེད།་་་་ཨོ་་་ཧཧཧཧཧ སྙིང་རྗེ་ཡ་་་་སྒེར་གཅོད་ལག་གཡོག་ཁྱོད།
སྐད་ཆ་འདི་ཡང་xxxxསྤྲོད་རོགས་བྱོས།
༡་་་དབུ་མའི་ལམ་ཟེར་བའི་ཆོས་མིན་སྲིད་འདི་གཏན་ལ་འབེབས་པ་ནས་བཟུང་བོད་མི་རིགས་ཀྱི་ཆིག་སྒྲིལ་དང་འཐབ་རྩོད་ཀྱི་རྨང་གཞིར་གཏོར་ཡོད།
༢་་་དབུ་མའི་ལམ་ཟེར་བ་འདི་ས་བསྒྲགས་གནམ་བསྒྲགས་བྱས་པ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་འདི་ཀྲུང་གོའི་ནང་སྲིད་ལ་ངོས་ལེན་བྱས་འགོ་བཙུགས་ནས་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ལག་པ་འཆང་ཐབས་མེད་པ་བཟོས་ཡོད། ཐ་ན་ནུས་ཕྱོགས་སུ་བསླེབས་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ལག་ཁྱེར་གྱི་ཐོག་ཏུ་ཡང་ china ཟེར་ནས་འབྲི་འགོ་བཙུགས་ཡོད་ལ་་་Tibet་་་་ཟེར་ནས་འབྲི་ཡི་མེད།
༣་་་དབུ་མའི་ལམ་ཟེར་བའི་་སྲིད་ཇུས་འདིའི་ནང་དུ་་་་དམངས་གཙོ་མེད་ལ་དམར་ཕྱོགས་པའི་ཁྲིམས་འོག་གི་རང་སྐྱོང་ཞིག་ཡིན། དམངས་གཙོ་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་འདི་ནི་རྒྱ་མི་རིགས་ལ་ངོ་ཚ་དགོས་པའི་གནད་དོན་ཡིན་ལ་བོད་དོན་བདེན་མཐའ་གསལ་མི་ཐུབ་པའི་འགག་རྡོ་ཡིན། དབུ་མའི་ལམ་གྱི་རྗེས་འབྲངས་པ་ཚོས་དམངས་གཙོ་བརྩད་ཀྱི་མེད་ཟེར་ནས་འཛམ་གླིང་ལ་བསྒྲགས་པ་འདིས་མ་འོངས་རྒྱ་ནག་གི་བདག་པོ་རྒྱ་རིགས་དམངས་གཙོ་དོན་གཉེར་ཚོ་ལ་བློ་ཕམ་བཟོས་ཡོད། འདིའི་མཇུག་འབྲས་་་རྒྱ་ནག་དམངས་གཙོ་ལ་བསྒྱུར་སྐབས་སུ་རྒྱ་ནག་མི་དམངས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱ་ཡི་མ་རེད། དེང་སང་ཁྱོད་ཚོས་ངོས་ནས་རྒྱའི་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་ཀྱི་ལས་ལྡོག་ཏེ་རྐུ་རྒྱབ་ཇག་ལངས་བྱས་ནས་དམར་པོའི་རྩ་ཁྲིམས་ལ་མགོ་འབུལ་ལུས་འབུལ་བྱེད་ཀྱི་ཡོད་པའི་ཕྱིར།།
༤་་་དབུ་མའི་ལམ་གཏན་འབེབས་བྱས་པ་ནས་བཟུང་བོད་མི་མང་པོའི་རྒྱུད་ལ་རྒྱལ་གཅེས་འདུ་ཤེས་ཉམས་ཡོད། མ་འོངས་བོད་མི་རིགས་ཆིག་སྒྲིལ་ཡོང་མིན་དང་བོད་ཟེར་བ་ཞིག་འཛམ་གླིང་ཐོག་ཏུ་གནས་མིན་ནི་བོད་མི་རིགས་ཀྱི་རྒྱུད་ཀྱི་རྒྱལ་གཅེས་རིགས་ཞེན་གྱི་འདུ་ཤེས་ལ་རག་ལུས་ཡོད། འདུ་ཤེས་འདི་ཉམས་སོང་ན་བོད་ཚར་བ་ཡིན།
༥་་་་གོང་དུ་སྤོབས་པ་མཐའ་ཡས་ལགས་ཀྱི་གསུངས་པ་ལྟར་་ཤི་བའི་ཁ་ཆེམས་དང་གསོན་པོའི་རེ་སྨོན་ལ་རྡོག་རོལ་བཏང་མཁན་ཚོ་ནི་གསོན་ན་རྐང་འདྲེན་དང་ཤི་ན་ཉེས་ཅན་ཡིན། འཛམ་གླིང་འདིའི་ཐོག་ཏུ་འགྲན་ཟླ་བྲལ་བའི་ཐབས་རྩོད་ཤིག་བྱེད་མ་ཐུབ་ནའང་རང་ཚུགས་མ་ཤོར་ན་འགྲིག མི་རབས་འདིས་མ་འཇོན་ནའང་མི་རབས་ཕྱི་མ་ཚོས་འཇོན་སྲིད་པ་རེད། མི་རབས་རྗེས་མ་ཚོ་ལ་འཐབ་རྩོད་ཀྱི་རྨང་གཞི་བཞག་ས་མེད་པ་བཟོས་ནས་ཁྱོད་ཚོ་ཤི་སོང་ན་ལོ་རྒྱུས་ཀྱི་ཉེས་ཅན་པ་ངོ་མ་དེ་ཁྱོད་ཚོ་ཡིན།
དེང་སྐབས་ཁྱི་རྒན་ཞིག་ལྟོ་རག་གི་མེད་པ་འདྲ་འདུག་་ཁག་མེད། ཤུགས་རྒྱོབས་དང་ཆར་བཞིན་འབབས་ཡོང་ངེས་རེད་་་་་་་ཧི་་ཧི་་ཧི་ཧི་་་
xxxxxx
བོད་གངས་ཅན་པའི་འབྲོང་གཡག་གི་ང་རོ་འདིར་ཡང་ཉན་བྱོས་་་་ཨ
ཆིག་སྒྲིལ་གསེར་གྱི་ནོར་བུའི་བང་མཛོད་དེ།
ཕྱོགས་ལྷུངས་ཀླད་སྟོང་ཇག་པ་ཁྱོད་ཀྱིས་བཅོམས།
རྨོངས་དད་སྟ་རེ་དགུང་དུ་འཕྱར་ནས་ནི།
བཙན་བྱོལ་བོད་མིའི་དམངས་གཙོའི་སྲོག་དབུགས་ལེན།
xxxxxxx
གཅིག་དགུ་བདུན་ཅུའི་སྨད་ནས་བཙན་བྱོལ་ལ་ཡོང་མཁན་ཚང་མ་༧རྒྱལ་བ་མཆོག་གི་དབུ་མ་ལ་སྐྱབས་བཅོལ་དུ་སླེབས་པ་རྐྱང་རྐྱང་ཡིན། བལ་ཡུལ་སྣེ་ལན་ཁང་ན་རང་བཙན་རྩོད་དུ་ཡོང་བའི་གསར་འབྱོར་བ་ཞིག་མི་འདུག། གལ་སྲིད་བཙོན་བྱོལ་གྱི་སྲིད་ཇུས་ཁ་ཕྱོགས་ཀྱང་མ་ཤེས་བར་རྒྱ་གར་ལ་འབྱོར་ཡོད་ན། རང་ཉིད་ལྟོ་ཙམ་གྱི་དོན་དུ་ལས་གཞན་མི་རིགས་ཞིག་ལ་ལྟ་བ་ཞིག་མེད་པ་གསལ་བོ་རེད། གསར་འབྱོར་བ་ཚོས་དེ་ཤེས་དགོས།
དེའི་སྔོན་གྱི་མི་རྒན་མི་དྲག་ཚོ་བཞུགས་གྲལ་གཅིག་དུ་འཚོགས་ནས་དབུ་ལམ་ལ་འབུད་རྒྱུ་ཡིན་པ་ཐག་བཅད་པ་རེད། ལྟ་བ་མང་པོའི་ནང་ནས་ལྟ་བའི་ཡག་སྡུག་བཤན་ནས་དབུ་ལམ་གྱི་ལྟ་བ་འབུར་དུ་ཐོན་པ་རེད། འདི་རྙིང་འབྱོར་བ་དཔའ་བོ་ཚོས་ཤེས་དགོས།
དེ་རིང་ཁ་སང་ཕྱི་རྒྱལ་ཡུལ་གྲུ་རེ་ནས་ཁ་ལྟོ་རྒྱགས་དུས། ཁ་ནས་རང་བཙན་རྩོད་དགོས་ཟེར་ནི་གཅིག་གཉིས་ཡོད། འདི་དག་སུ་རེད་ཟེར་ན། ཟ་ཁང་གི་གཡོག་པོ། ཆོས་ཚོགས་ཀྱི་ལས་མེད། ཁ་ཚིག་ལ་རིན་པ་རྒྱག་པའི་འཆལ་རྩོམ་པ་སོགས། གཞོན་ནུ་དང་སློབ་ཕྲུག་ཚོགས་པ་ཚང་ལ་རྒྱབ་རྩ་ཉན་ནི་གཅིག་ལ་མི་འདུག།
རང་བཙན་རྩོད་པ་ལ་རྒྱུ་དགོས་བ་ལས་ཁ་མི་དགོས། གོང་ལ་རྙོབ་ནིའི་རྒྱུ་དགོས། གོང་མ་བསྒྱུར་ནིའི་རྒྱུ་དགོས། དེ་འདྲ་མེད་ན། ཟས་གཡོག་ལ་མི་མཐུད་དུ་རྒྱུགས། སྙིང་ཉེ་བའི་དྲ་འབུ་དག། ཧ་ཧ་ཧ་ཧ་ཧ་ཧ།
ནུབ་ཕྱོགས་ཡུལ་གྱི་བོད་པའི་ཆོས་ཚོགས་པ་དང་ཟས་ཁང་གི་ལས་བྱེད་པ་དེ་དག་ནི་རང་མགོ་རང་ཐོན་རེད། བཀའ་ཤག་གསར་པའི་རྩ་དོན་གསུམ་གྱི་ནང་ནས་གཅིག་ལ་ལག་ལེན་ཐོག་ཡོད་མཁན་རེད་མ་གཏོགས་ཁ་རྒྱག་པ་བཤད་ནས་ལྟོ་གོས་སྤྱི་པའི་རྒྱུ་དངོས་ཀྱི་བསྐྱེལ་མཁན་མ་རེད།། ལྐོག་ཟ་དང་བོད་པའི་མིང་ཐོག་ནས་དངུལ་དང་དངོས་པོའི་ཁེ་ཕན་ལ་ལོངས་སྤྱོད་མཁན་ཚོ་ནི་ལོང་བ་མིན་ན་མཐོང་ཚོད་དང་འོན་པ་མིན་ན་གོ་ཚོད་ཡིན།
གཅིག་དགུ་བདུན་བཅུའི་སྨད་ནས་བསླེབས་པའི་གསར་འབྱོར་བ་ཚོའི་ནང་དུ་དབུ་མའི་ལམ་ཟེར་བར་རྣ་བས་གོ་མ་མྱངས་མཁན་མང་བ་ལས་རྒྱབ་སྐྱོར་ཡོད་ཀྱི་ཕར་ཞོག ༡༩༨༧ དང་༢༠༠༨་ལོར་ཞི་རྒོལ་ཆེན་མོའི་སྐབས་ཀྱི་རང་བཙན་འཐབ་རྩོད་པ་མང་པོ་རྒྱ་གར་ལ་སྐྱབས་བཅོལ་བསླེབས་པ་རེད། བརྒྱ་ཆའི་དགུ་བཅུ་གོ་དགུ་སྲིད་ཆབ་ཀྱི་སྐྱབས་བཅོལ་བ་ཡིན། རང་བཙན་འཐབ་རྩོད་པ་ཡིན། སྤྲང་ཕྲུག་རྒྱལ་བཙོང་བ་རེ་གཉིས་ཡུལ་གྱར་གྱུར་པ་ནི་ལྟོ་ཡི་ཆེད་དུ་ཡིན་གྱི་རེད།
རང་བཙན་རྩོད་པ་ལ་རྒྱུ་དགོས་པར་ཤེས་ནས་ཆོས་ཚོགས་ཚོས་རྒྱུ་བསགས་ཀྱི་ཡོད། ཟས་ཁང་ནང་དུ་ལས་ཀ་བྱེད་ཀྱི་ཡོད། མ་གཏོགས་ལྟོ་ཕོར་གཞུང་ལ་བརྟེན་ནས་བོད་མི་རིགས་ནང་ཁུལ་དུ་དཀྲུག་ཤིང་རྒྱག་ནས་བསྡད་མེད།། ཧཧཧཧ
བཙན་བྱོལ་བོད་མི་ཡོངས་རྫོགས་ལ་ནུབ་ཕྱོགས་ཀྱི་བོད་མི་ཆོས་ཚོགས་པ་ཚོ་དང་ཟས་ཁང་མགྲོན་ཁང་གི་ལས་བྱེད་པ་ཚོའི་དཔལ་འབྱོར་ལྟ་བུ་དང་འཚོ་བ་ཡར་རྒྱས་འདི་ལྟ་བུ་ཡོད་ན་་་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ལ་ཕན་ངེས་ཡིན་པ་ནི་རིག་པས་གྲུབ། དེ་མིན་པར་རྡ་སའི་སྐྱོབ་གསོ་སྒུག་ནས་མི་ཚེ་སྐྱེལ་དགོས་ན་བྲན་གཡོག་ལྟར་གཞན་གྱིས་ཅི་བཤད་ལས་རང་ཐག་རང་གིས་གཅོད་ཐུབ་པའི་བློ་སྟོབས་སྐྱེས་མི་ཐུབ། དེར་བརྟེན་འཚོ་བ་རང་མགོ་ཐོན་དགོས་པ་ནི་འཐབ་རྩོད་ཐུབ་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ནོ།
ཁྱོད་དེ་འདྲའི་ཡོད་པོ་འབྱོར་ལྡན་པ་ཞིག་ཡིན་ན། སོ་སོ་ཅང་མེད་ཡིན་དུས་ཀྱི་ཟས་རིན་དང་ཆུ་རིན་གྱི་སྐྱིན་ཚབ་རེ་རྒྱ་གར་ཕྱོགས་སུ་སྟེར་དང་། ཁྱེད་ཚོ་ལ་སྐྱག་པ་རྐམ་པོ་ལྷག་མ་ཞིག་མེད་པ་ཚང་མས་ཤེས་ནི་རེད། ཡོད་མདོག་མ་སྟོན། ཟ་ཁང་དང་སྐྱག་ཁང་འགྲིམ་ནས་ཁ་བསོད་ཆེན་པོ་ཞིག་རག་རྒྱུ་མེད་པ་ཡོངས་གྲགས་རེད་ལོ།
ཕྱུག་པོར་ཆགས་ཡོད་ན་འདི་རུ་ཤོག་དང་། སྦྱིན་པ་གཏོང་དང་། རང་བཙན་པ་སྐོང་དང་། བཙན་བྱོལ་བོད་མི་དུང་ཕྱུར་བ་འབུམ་ལྔ་ཡོད་དུས། རང་བཙན་ལེན་ཆོག་གི་རེད། དེ་མིན། རང་ཁ་རང་གསོ་ཙམ་དང་སྐྱག་ཁ་བདག་མེད་ཙམ་གྱིས་རང་བཙན་ཞིག་མི་ལོན་པ་ནི། མིག་མཐོང་ལ་ངེས་ཟིན་དག་ཙམ་ཡོད་ན་ཤེས་ཤེས་བ་རེད། དོལ་ཁྱི།
དབུ་མའི་རང་སྐྱོང་དགོས་པར་ཡུལ་བགྱར་བྱེད་དོན་ཞིག་ཨེ་ཡོད།
སྙིང་རྗེ་མགོ་སྟོང་ཀླད་མེད་ཁྱོད་ཚོས་ཁྱི་འབོད་འཐེན་གྱི་མ་གཏོགས་ཅི་ཤེས། གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་སྒེར་གཅོད་པའི་གཤིས་ཀ་ངན་པ་འདིར་ག་དུས་དོར་གྱི་ཡིན་ནམ།
ང་འབྱོར་ལྡན་ཞིག་མིན་ཀྱང་ཉམ་ཐག་བཙན་བྱོལ་བོད་མིའི་སྐྱོབ་གསོ་ལྐོག་ཟ་བྱས་ནས་ཕྱུག་པོ་ཡིན་མདོག་དང་གྲོ་པ་ཆེ་མདོག་བྱེད་མཁན་མིན། མི་ལོ་ལྔ་བཅུ་ཕྱིན་ཀྱང་སྤྱི་པའི་སྒྲིག་འཛུགས་ལ་བླ་བྲང་ཞིག་གི་སྟོབས་འབྱོར་ཡང་མེད་པ་འདི་སུ་ཡིས་བཟོས་པ་རེད་དམ།
མི་དམངས་རྒྱ་ཕྲག་གསོ་རྐྱེན་གྱི་དཔལ་འབྱོར་མེད་ཀྱང་་རང་གི་གྲོ་པ་རང་གིས་གསོ་ནས་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་མཁན་ཞིག་ཡིན། ཧཧཧ
ངོ་མ་་་སྔ་ནས་ད་ལྟའི་བར་དུ་བསམ་བློ་ཞིག་བཏང་པ་ཡིན་ན་་་ཡར་ཕུལ་པ་མང་བ་ལས་མར་གནང་བར་ཉུང་། ད་ནི་་་ག་དུས་ཡིན་ནའང་དྲིན་ལན་ལོག་འཇལ་དང་ཇ་ལན་ཆུ་འཇལ་མིན་པར་བོད་མི་ཉམ་ཐག་ཚོ་ལ་མར་སྒོར་རྡོག་རེ་གཉིས་གནང་ནའང་འགྲིག་ས་རེད། གལ་སྲིད་མར་གནང་ཕོག་ནའང་་་བོད་མི་ཉམ་ཐག་ཚོའི་མིང་ཐོག་ནས་ཡོང་བའི་ནུབ་ཕྱོགས་པའི་སྐྱོབ་གསོ་དེ་དག་བོད་མི་ཉམ་ཆུང་ཚོའི་ལག་ཏུ་སྤྲོད་རོགས་བྱེད་ན་འགྲིག་ས་རེད་དོ།།
ལོ་རབས་བདུན་བཅུའི་རྗེས་ཀྱི་བཙན་བྱོལ་བ་ཚོ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་མ་ལ་སྐྱབས་བཅོལ་སླེབས་པ་རྐྱང་རེད།
རྨུག་སྤྲིན་གྱིས་འཐིབ་པའི་གནམ་ངན། རྟགས་མ་གྲུབ། དམངས་གཙོ་མི་དགོས་པའི་རང་སྐྱོང་ཞིག་སྔར་ནས་ཡོད་དེ། བོད་རང་སྐྱོང་ལྗོོངས། མཚོ་སྔོན་རང་སྐྱོང་ལྗོངས། ནང་སོག་རང་སྐྱོང་། ཤིང་ཅང་རང་སྐྱོང་སོགས་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་སྣ་མང་ཡོད་པས་ཕྱིར། འོ་ན་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་བཟང་ལགས་དང་བཙུན་མ་ངག་དབང་གསང་སྒྲོལ། ཕུན་ཚོགས་ཉི་སྒྲོལ་ལ་སོགས་པའི་ལོ་རབས་བརྒྱད་བཅུ་དགུ་བཅུའི་ཆབ་སྲིད་བཙོན་པ་རྣམས་ཆ་བརྒྱུས་ཡ་བརྒྱུས་ཨེ་ཡོད། ཁོང་རྣམས་རང་སྐྱོང་གི་ཁ་བོ་ཆེ་གདངས་ནས་བཙོན་ལ་ཚུད་དེ་མནར་གཅོད་མྱངས་དགོས་བྱུང་བ་ཨེ་རེད། དམངས་གཙོ་མི་དགོས་པའི་དབུ་མའི་རང་སྐྱོང་ལ་མི་ཚེའི་ཆ་ཤས་གང་ཙམ་བཙོན་དུ་འགྲོ་དགོས་ན་ཐབས་སྐྱོ་པོ་རེད།
ངས་ཁྱེད་ལ་ཁྱི་འབོད་བྱས་བ་ཅང་མེད། xxxx སོ་སོས་སོ་སོ་ལ་གསོལ་བའི་མྱིང་རྫིག་རེད། ཁྱེད་ཀྱིས་ཉོས་བའི་ཆང་རེད། ཆང་སྐྱུར་མོ་ཡིན་རུང་འཐུང་དགོས་རེད། xx
ཁྲིམས་མེད་ས་ཞིག་གི་མི་གཤིས་དང་སྡེ་གཞུང་ལ་བསྡུར་ན། བཙན་བྱོལ་གཞུང་གི་ནང་ནས་བུད་པའི་ལྐོག་ཟ་རྐུན་མ་ནི་ཧ་ཅང་གི་ཚད་དམའ་བོ་རེད། ཁྲིམས་ཡོད་སའི་རྒྱལ་ཁབ་ན་དེ་ལས་ཀྱང་ལྡབ་བརྒྱ་འགྱུར་གྱི་ལྐོག་ཟ་བ་མང་པོ་རེད།
ཕྱོགས་ཡོངས་ལ་བལྟས་ནས་ཤེས་མདོག་སྟོན། དེ་མིན་ན། ཁ་རྐུབ་བཙུམ་ལ་སྡོད།
བཙན་བྱོལ་ན་ཆོས་བ་དང་རྒྱུ་བཟང་། ཡོན་ཏན་པ། སེམས་དཀར་བ། ལྷག་བསམ་ཅན་མེད་པར་ཚར་བསྡད་མེད་ཁོ་རེ། ང་ཚོ་ལ་རྒྱལ་སྤྱིར་བྲིན་པའི་ཚོང་བ་རེ་མེད་པ་ཙམ་ལས། ཁྱེད་ཚོ་འདྲ་བའི་བོད་མིའི་སྐྱིད་སྡུག་གི་དཔྱ་དངུལ་མི་སྤྲད་པ་དག་ལ་རེ་དགོས་དུས། ང་ཚོས་མ་བལ་ནས་རེད། གོ་སོང་ངམ། ངོ་ཚ་རྒྱུ་མེད།
དང་པོར། བཙན་བྱོལ་བོད་གཞུང་ཞེས་འབྲི་བའི་ཐོབ་ཐང་ཁྱོད་ཚོ་ལ་མེད། ཁྱོད་ཚོ་བཙན་བྱོལ་བོད་གཞུང་གི་མཚན་བྱང་དམར་གསོད་བཏང་མཁན་གྱི་ཤན་པ་ལག་དམར་བ་རེད།
གཉིས་པ། དོལ་འདྲེ་ཟེར་ནས་ཤུགས་ལྡན་བརྟེན་མཁན་གྱི་བོད་མི་དམངས་ལ་དམོད་འབོད་དང་མཐོང་ཆུང་ཁྱད་གསོད་བྱེད་ན་འགྲིག་གི་མ་རེད། སྤྱི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན། སྒེར་ཡ་རབས་བཟང་སྤྱོད་དང་མི་མཐུན། གསུམ་ནས་བོད་མི་རིགས་ཀྱི་ཆིག་སྒྲིལ་ལ་གནོད། བསམ་བློ་ཐོངས་དང་། སོ་སོའི་དད་ཡུལ་ལ་བླ་རྒན་ཞེས་འབོད་འོང་དུས་ཁྱོད་ཚོ་ཁོང་ཁྲོ་ག་ཚོད་ལངས་ཀྱི་མེད་དམ། ཕར་ཕྱོགས་དེ་ཡང་མི་རེད་ད། ཐེག་པ་ཆེན་པོའི་ཆོས་ལུགས་ཀྱི་ནང་དུ་་་་གང་ཕྱིར་བདག་དང་གཞན་གཉིས་ཀ། བདེ་བ་འདོད་དུ་མཚུངས་པ་ལ་་་ཞེས་བདག་གཞན་འདྲ་མཉམ་གྱི་ཐོག་ནས་གསུངས་ཡོད་པ་ལས་་་ཕར་ཕྱོགས་ལ་མཐོང་ཆུང་དང་ཁྱད་གསོད། ཁྱི་འབོད་དང་འདྲེ་འབོད་བྱོས་གསུངས་མེད་པ། ཤེས་སོང་ངམ་་་རྒྱལ་བཙོང་བ་ཚོ།
གསུམ་པ། ཤུགས་ལྡན་བརྟེན་མཁན་གྱི་བོད་རིགས་སྤུན་ཟླ་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་ལ་ཁྱི་འབོད་འཐེན་དགོས་ན། བོད་མི་ས་ཡ་དམར་གསོད་བཏང་མཁན་དང་དགོན་སྡེ་སྟོང་ཕྲག་གཏོར་བཤིག་བཏང་མཁན་རྒྱ་དཔོན་མའོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བུ་ལྟ་བུ་ལ་ག་རེ་འབོད་ཀྱི་ཡིན་ནམ།
ཁྱོད་ཚོས་ཁ་ཡར་གྲགས་འོང་དུས་ནས་ཉམ་ཆུང་ཚོའི་ཐོག་ཏུ་ཁྱི་འབོད་དང་སྐྱག་འབོད། དམོད་མོ་དང་ཁྱད་གསོད་བྱས་སྟངས་འདི་ལ་བལྟས་ན་ཁྱོད་ཚོ་ལ་སངས་རྒྱལ་བསྟན་པའི་དྲི་མ་ཙམ་མི་ཁག བྱམས་དང་སྙིང་རྗེའི་ས་བོན་ཙམ་ཡང་མེད། ཐེག་ཆེན་པའི་མི་གྲལ་དུ་མི་ཚུད་ངོ་མ་ཡིན་ལ་ནང་པ་སངས་རྒྱས་པའི་རྐང་འདྲེན་ཡིན་ནོ།།
ཞོལ་གཡག། ཁྱོས་ལབ་མ་རྒྱགས། ཁྱོད་བཙན་བྱོལ་ལ་འབྱོར་དུས། ཁྱོས་བལ་བོའི་སྣེ་ལེན་ཁང་ལ། ཁྱོས་ཁྱོད་རང་བཙན་ལེན་དུ་ཡོང་ཡོད་ལབ་བམ། ༧རྒྱལ་བ་མཆོག་ལ་མཇལ་ཁ་དང་། རང་དོན་ཁུག་མ་རུམ་བཅུག་བྱེད་དུ་སླེབས་ཡོད་ཟེར་ནས་བྲིས་ཡོད་པ། ཚང་མས་ཤེས་ནི་རེད།
རྟགས་མ་རྟགས་འདྲ་ཞིག་བཤད་བསྡད་པར་རྟོག་ན། དཀོར་ཁ་ལ་བབས་པའི་དཀོར་ཁ་གསོན་པོ། དཀོར་སྙིང་ལ་བབས་པའི་དཀོར་སྙིང་སྨྱོན་པ་ཞིག་ལོས་ཡིན་འདོད་ཀི།
དེ་འདྲ་ཞིག་ཡིན་ན། གཙོ་བོ་དཀོར་བཤགས། གཉིས་བ་ཆོས་སྦྱོངས། དེ་ལས་གཞན་པ་ཞིག་ཁྱོས་བྱུང་ནི་མ་རེད། བན་རྒན།
ཁྱོད་ལ་དཀོན་མཆོག་མ་དགོས་རྡོ་ཆག་ཞིག་ཡང་མེད་པ་ཤེས་ཡོད།
རྒྱུ་ནི་མེད་པ་ཁྱོད་ཀྱིས་བཤད། ཡོན་ཏན་མེད་པ་ཡིས་ཤེས། བཟང་སྤྱོད་མེད་པ་ཀུན་གྱིས་ཤེས། མེད་པ་གསུམ་ལྡན་དོལ་ཁྱི་ཁྱོད། ཉམ་ཆུང་ཉམ་ཆུང་སྐྱོབས་སྣང་འཕྲུལ།།
ཡོན་ཏན་མེད་པ་ང་ཡིས་ཤེས།
ཉམ་ཆུང་མི་དམངས་གཉའ་ནས་གནོན་མཁན་དེ།
ཐེག་ཆེན་སེམས་དཔའ་རྣམས་ཀྱི་སྤྱི་དགྲ་རེད།
སྐྱེས་པ་ཕོ་རབ་རྣམས་ཀྱི་སྒེར་དགྲ་རེད།
ས་སྟེང་འགྲོ་བ་མི་ཡི་གད་རྙིགས་རེད།།
ཉམ་ཆུང་བདེ་སྡུག་སེམས་སུ་མེད་མཁན་ལ།
བྱམས་དང་སྙིང་རྗེ་སྐྱེས་པའི་ས་བོན་མེད།
སྙིང་རྗེའི་ས་བོན་མེད་པའི་ཞིང་ས་རུ།
འབྲས་བུ་ཐམས་ཅད་མཁྱེན་པ་སྐྱེས་དོན་མེད།།
ཉམ་ཆུང་མི་དམངས་རྩ་བའིི་བླ་མ་བཞིན།
གཙུག་ཏུ་བཀུར་བའི་ས་སྟེང་སྐྱེ་བོ་ཚོ།
སྤྱི་ན་ཐེག་སེམས་དཔའི་རྗེས་འཇུག་ཡིན།
སྒེར་ན་དམངས་གཙོའི་ཡུལ་གྱི་དེད་དཔོན་ཡིན།།
བདག་ལས་གཞན་གཅེས་ཐེག་ཆེན་ལྷ་ཆོས་དང་།
ཉམ་ཆུང་རྒྱབ་ལངས་འཇིག་རྟེན་མི་ཆོས་གཉིས།
ས་སྟེང་འགྲོ་བ་མི་ཡི་རྒྱུན་ཆ་རེད།
སུ་ལ་འདོགས་ན་མཛེས་པའི་སྐྱེ་བོ་རེད།།།
གནམ་རྒན། ང་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་དུས་རང་བཙན་ལེན་དུ་ཡོང་བ་ཡིན་བཤད་མེད་ཀྱང་དབུ་མའི་རང་སྐྱོང་ལེན་དུ་ཡོང་བ་ཡིན་ཞེས་ནམ་ཡང་བཤད་མེད། ངས་རྒྱ་གུང་ཁྲན་གྱིས་ངའི་ཕ་མེས་མ་མེས་ཀྱི་ཁ་རྗེ་དབང་ཐང་ཕྲོགས་པ་མ་ཟད་ངའི་སྲོག་ལ་བསྡོ་བའི་ལས་བརྩམས་དང་རྩོམ་བཞིན་འདུག་ལ། ངའི་སྤུན་ཟླའི་ཚེ་སྲོག་མེ་མདའི་ཁ་འོག་ན་གནས་ལ་དམར་གསོད་དང་བཙོན་འཇུག་མནར་གཅོད་དེའི་འཛམ་གླིང་ལ་ཞུ་འབོད་བྱེད་ཆེད་སླེབས་པ་ཡིན་ཞེས་བཤད་ཡོད་ལ། ༧རྒྱལ་བ་རིན་པོ་ཆེ་བོད་མི་རིགས་ཀྱི་ལོ་རྒྱུས་རང་བཞིན་གྱི་དབུ་འཁྲིད་ཡིན་པས་ཁོང་ཞལ་མཇལ་གྱི་སྐལ་བཟང་ཐོབ་རྒྱུ་དེ་ཡང་གཞིས་ལུས་ཀྱི་སེམས་ཁོང་ན་ལྷན་སྐྱེས་གཞིར་བཅས། འོན་ཀྱང་ང་བཙན་བྱོལ་ཡོང་བའི་ཐོག་དང་པོར་ལམ་དབུ་མ་ཞེས་པ་ཞིག་ཆ་རྒྱུས་ཡང་རྒྱུས་མེད་ལ་གོ་མྱོང་ཐོས་མྱོང་ཡང་མེད། མ་གཞི་རྒྱ་གུང་ཁྲན་གཤིབ་མྱོང་བའི་ཆ་རྒྱུས་ཡ་རྒྱུས་ཡོད་མཁན་ཞིག་ཡིན་ན་ལམ་དབུ་མའི་རང་སྐྱོང་དྲན་མི་སྲིད་པ་རེད། འདི་གུང་ཁྲན་གྱིས་བསླབ་བྱ་སྤྲད་ཟིན་པའི་མྱོང་བ་རྣལ་མ་དེ་རེད།
བླ་མ་བསྟེན་ཚུལ་མི་ཤེས་བར།།
ཐེག་པ་ཆེ་ཆུང་ཤེས་མདོག་འདི།
དམ་ལོག་འདྲེ་ལ་སྐྱེས་མིན་ན།
བསྟན་པ་འཇིག་པའི་སྔ་ལྟས་ཉིད།
ད་མི་འདི་ཚོ་ཁ་རྒྱགས་པ་ལ། བླ་མ་ཟེར་བ་དེ་བརྟག་ནས་བརྟེན་དགོས་རེད་མ་གཏོགས་བཙན་གྱིས་བརྟེན་དགོས་པ་ཞིག་ག་ལ་ཡིན། སྟོན་པ་ཐུགས་རྗེ་ཅན་ལའང་བསྲེག་བརྡར་བྱེད་ཆོག་པས། དེའི་རྗེས་འཇུག་མཁན་དག་ལ་ཡིན་ད་ཡིན།
སྙིང་རྗེ་་་་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཡང་མི་ཤེས་པའི་སྐྱེ་བོ་ཁྱོད་ལྟ་བུ་ཚོས་མཐའ་སྐོར་ནས་བསྡད་ན་ཡག་བ་ཞིག་ནས་འོང།་་་་དོན་དངོས་པོའི་ཐོག་་ནས་སེམས་སྐྱ་ཡ་རེད། སོ་སོའི་རྩ་བའི་བླ་མ་རྒྱལ་གཅེས་ཁོང་གི་བརྟེན་པའི་ལྷ་ལ་འདྲེ་འབོད་འཐེན་ན་རྣམ་སྨིན་འཁོར་འོང་ངེས་རེད་དོ།
སྤྱོད་འཇུག་ཆེན་མོ་ལས།
ལས་ཀྱི་རྣམ་པ་སྨིན་པ་བསམ་མི་ཁྱབ།
བརྩེ་བའི་བདག་ཉིད་ཅན་ཡང་དུད་འགྲོ་སྐྱེས། ་་་་་ཅེས་གསུངས་ཡོད་རེད་ད།
གནམ་ཡིན་ན་ས་ཡིན་ན་དེས། ཁྱོས་བཙན་བྱོལ་ལ་འབྱོར་དུས། ཁྱོས་བལ་བོའི་སྣེ་ལེན་ཁང་ལ། ཁྱོས་ཁྱོད་རང་བཙན་ལེན་དུ་ཡོང་ཡོད་ལབ་བམ། ག་རེ་བཤད་ཁུལ་རེད། ལོ་རབ་བདུན་བཅུའི་ལོ་འཇུག་ཏུ་དབུ་ལམ་ཞེས་པའི་ཐ་སྣད་ཙམ་ཡང་གོ་རྒྱུ་མེད་པས་དབུ་ལམ་ལ་མོས་ནས་སྐབས་དེར་གསར་འབྱོར་བ་ཞིག་ཤེས་བྱ་ལ་མི་སྲིད་པ་ཞིག་རེད།
དྲྭ་ལམ་ནང་དུ་ཁ་བདེ་ལྕེ་མཁས་ཅན།།
གནས་ལུགས་རང་མཇལ་བའི་མིག་ཟུང་ཞར།།
རང་དབང་ལུང་པར་དཔའ་དང་སྤུང་པ་རྒོད།།
དགྲ་བོས་ཕ་ས་འཕྲོག་དུས་སྡར་མ་ཝ། །
སྨྱུ་གུའི་རྩེ་མོ་དགྲ་ལ་མ་ཕྱོགས་པ།།
ཚིག་གི་མདའ་སྣེ་གཉེན་ལ་འཕེན་མཁས་པ། །
ཁྱི་ཕྲུག་ཅོ་རི་དྲྭ་འབུ་ཞོ་གཡག་གཉིས། །
བུ་ངའི་སྙིང་རྗེའི་དམིགས་རྐྱེན་དྭངས་མ་འདྲ། །
ཧི་ཧི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
གནས་ལུགས་རང་ཞལ་མཇལ་བའི་མིག་ཟུང་ཞར་ལ་ཆོས་་
སྔོན་བསགས་ལས་ཀྱིས་རིགས་མཐུན་སྤུན་ཟླར་སྐྱེས།
ཕན་ཚུན་འགྲིག་མཐུན་ཡོང་བ་ཀུན་གྱི་གཞི།
རིགས་མཐུན་སྤུན་ཟླའི་ལ་རྒྱ་མི་སྲུང་བར།
ཕན་ཚུན་སྨོད་རེས་བྱེད་པ་གླེན་པའི་སྤུན།
ད་དཀོན་མཆོག་གསུམ། ག་པར་ཕྱིན་ནའང་བརྩོད་པ་འདི་འདྲས། ཉོབ་སོང་།
རང་གིས་གང་བྱས་སྐྱོན་མེད་ཁོ་ན་དང་། །
གཞན་གྱིས་བྱས་ཚད་སྐྱོན་ཅན་ཁོ་ན་བལྟ།།
རྟག་ཏུ་རང་སྣང་དག་པའི་སྐྱེ་བོ་དེ། །
གཞན་གྱི་མིག་སྔར་བླུན་པོ་གླང་རྒན་འདྲ། །
འཇམ་གཅེས་ཀྱི་མིང་དེ། དཀྲུག་གཅེས་ལ་བསྒྱུར་ན་རན་པོ་འདུག
ཨོ་ཡ་་་གསན་རོགས་བྱོས་ཨ།
ཁྱོད་ཚོ་དབུ་མའི་ལམ་པ་བ་ཚོས་ངོས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་ན་བོད་མི་རིགས་ལ་དཔལ་འབྱོར་གྱི་ཁེ་ཕན་འཐོབ་ཀྱི་རེད་ཟེས་བའི་སྐད་ཆ་འདིའི་སྐོར་ལ་གསལ་བཤད་ཞུ་རྒྱུ་ཡིན། ཁྱོད་ཚོས་གསུངས་པ་ལྟར་བོད་མི་རིགས་དཔལ་འབྱོར་ལ་དགའ་བ་ཡང་དངོས་ཡོད་ཡིན། དཔལ་འབྱོར་མེད་ན་མི་ཚེ་སྐྱེལ་ཐབས་མེད་པ་ཡང་ཆོས་ཉིད་ཤིག་རེད།།། ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་བོད་མི་རིགས་ལ་དཔལ་འབྱོར་གྱི་ཁེ་ཕན་འཐོབ་ཀྱི་ཡིན་པར་བདེན་ན།
༡་་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་༡༩༦༡་ལོ་ནས་མཉམ་ལས་བཙུགས། བོད་ནང་གི་ས་བདག་དང་འབྲོག་བདག ཕྱུག་བདག་ཟེར་བའི་མིང་བཏགས་ནས་བོད་མི་རིགས་ཀྱི་རྒྱུ་དངོས་ཡོངས་རྫོགས་ཏང་གིས་ཕྲོགས། ས་ཆ་དང་ཞིང་ཁ། རྟ་ཟོག་སེམས་ཅན་ར་ལུག་ཕག་དང་བཅས་པ་རྒྱ་གཞུང་གིས་ཕྲོགས། བོད་རྒྱ་ཆེན་མི་དམངས་ལ་ཉིན་མཚན་མེད་པ་ལས་དཀའ་བྱས་བཅུག དོན་དངོས་པོའི་ཐོག་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་བྲན་གཡོག་བཟོས། བཀའ་བཀོད་རྒྱུད་འཛིན་གྱི་བྲན་གཡོག་ལས་ཀྱང་ཐབས་སྐྱོ་བའི་བྲན་གཡོག་བཟོས།
སྐབས་དུས་་་བོད་རྒྱ་ཆེན་མི་དམངས་ཀྱིས་ལས་ཀ་བྱས་བྱས་ཀྱི་མཐའ་མ་་་ཞིང་པ་ཚོས་འབྲུ་ཁྲལ་དང་། འབྲོག་པས་ཤ་ཁྲལ་དང་མར་ཁྲལ། བལ་ཁྲལ། སོགས་སྤྲད་དགོས། ཡོང་འབབ་ཀྱི་བརྒྱ་ཆ་མང་ཤོས་ཁྲལ་སྤྲད་དགོས། བོད་མི་དམངས་ཀྱི་ལྟོ་གོས་ཧ་ཅང་སྐྱོ་བོ་ཡིན། ༡༩༦༡་ལོར་བོད་མི་མང་པོ་མུ་གེ་ཤི་ཡོད། འདི་ནི་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་དཔལ་འབྱོར་གྱི་ཁེ་ཕན་ཟེར་ནའང་འདྲ། བྲན་གཡོག་ཟེར་ནའང་ཆོག རང་ལུས་རང་དབང་མེད་པའི་དེར་རབས་ཡིན།
༢་་་་རྒྱ་གུང་ཁྲན་བོད་ལ་བཙན་འཛུལ་བསླེབས་པ་ནས་བཟུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་ཀྱི་ཤིང་ནགས་དང་སྨན་རྩྭ། གསེར་གཏེར་དང་དངུལ་གཏེར་སོགས་གཏེར་རིགས་མི་འདྲ་བ་བཅུ་ཕྲག་མང་པོ་རྒྱ་ཡུལ་དུ་ཁྱེར་དང་འཁྱེར་བཞིན་པ་རེད། རྒྱུ་དངོས་འདི་དག་གི་ཐོག་ནས་བརྒྱ་ཆའི་བཅུ་ཙམ་བོད་མི་དམངས་ལ་སྤྲད་ཡོད་ནའང་བོད་མི་དམངས་ཀྱི་འཚོ་བ་ཡག་པོ་ཆགས་ངེས་ཡིན་ཀྱང་། སྤྲད་ཀྱི་ལྟོག་ཏེ་ཇག་པ་ལྟར་ཕྲོགས་ཀིན་ཡོད། བོད་མི་རིགས་ལ་ཁེ་ཕན་ཟེར་བ་རྩ་བ་ནས་ཐོབ་ཀྱི་མེད། འདི་ནི་་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ཇག་པ་རྒྱག་སྟངས་རེད།
༣་་་་མའོ་ཀྲུང་ཞིའི་ཤི་རྗེས་སུ་སྤྱི་ཚོགས་རིང་ལུགས་ཀྱི་མཉམ་ལས་ཐོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་ས་གནས་མི་རིགས་སྐྱོང་བཙུགས། ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་གཏན་འབེབས་བྱས། རང་ཁྱིམ་རང་བདག་ཡིན་པའི་དྲིལ་བསྒྲགས་བྱས། ཡིན་ཀྱང་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མུ་མཐུད་ཇག་པ་རྒྱག་གི་ཡོད། བོད་མི་རིགས་ཀྱི་རང་བྱུང་ཐོན་ཕྲོགས་དང་འཕྲོག་བཞིན་པ་རེད། མི་ལོ་དྲུག་བཅུ་ལྷག་གི་རིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཀྱི་ཕར་ཞོག གྱོང་ཆེན་པོ་བོད་མི་རིགས་ལ་རེག་ཡོད།
༤་་་་འདི་ནས་ཡར་རྩིས་པའི་ཕྱིན་ཟིན་པའི་མི་ལོ་དྲུག་བཅུ་ལྷག་གི་རིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་མི་རིགས་ལ་ཁེ་ཕན་མ་ཐོབ་བའི་རྒྱུ་མཚན་དང་། བོད་མི་རིགས་ལ་གྱོང་རེག་པའི་རྒྱུ་མཚན་གྱིས་བོད་ནང་གི་གཞིར་ལུས་རྒྱ་ཆེན་མི་དམངས་ཀྱིས་ངོ་རྒོལ་གྱེན་ལོག་བྱས་ཀྱི་ཡོད་པ་ནི་གསལ་པོ་དང་དག་པོ་ཡིན། དེར་བརྟེན་་་དབུ་མའི་ལམ་གྱི་སྲིད་ཇུས་འདིར་ཁྱོད་ཚོས་ངོས་ནས་མཁྲེགས་འཛིན་ཇི་ལྟར་བྱེད་ཀྱང་བོད་མི་རིགས་ལ་ཁེ་ཕན་འཐོབ་ཐུབ་པའི་སྲིད་ཇུས་ཤིག་ཡིན་པ་ལ་ངོས་ཡོང་ཐབས་རྩ་བ་ནས་མེད་ཞུ་རྒྱུ་ཡིན།
རང་ཁྱིམ་རང་བདག་ཡིན་པའི་དྲིལ་བསྒྲགས་བྱས། ཡིན་ཀྱང་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མུ་མཐུད་ཇག་པ་རྒྱག་གི་ཡོད། བོད་མི་རིགས་ཀྱི་རང་བྱུང་ཐོན་༼ཁུངས་༽ཕྲོགས་དང་འཕྲོག་བཞིན་པ་རེད། མི་ལོ་དྲུག་བཅུ་ལྷག་གི་རིང་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་དཔལ་འབྱོར་གྱི་ཁེ་ཕན་ཐོབ་ཀྱི་ཕར་ཞོག གྱོང་ཆེན་པོ་བོད་མི་རིགས་ལ་རེག་ཡོད།་་་་ཅེས་བཅོས་རོགས་
གནས་ལུགས་བྲལ་བའི་ཁྱི་སྐད་དེ་གསར་པ་གང་ཡང་མ་རེད། ཡིན་ཡང་གོང་གསལ་གུས་པའི་རྩོམ་ཡིག་ལས་འཕྲོས་པའི་སྤོབས་མཐའ་མིང་ཅན་གྱིས་དྲི་བ་དང་། སྤྱི་ཚོགས་དྲ་འབུ་ཚོས་བཤད་ཡམས་དག་ལ་ལེན་དང་གསལ་བཤད་ཀྱི་ཚུལ་དུ་རྩོམ་ཡིག་ཞིག་ཁ་བརྡ་ཚང་ལ་ཁ་རྩང་ནས་ཕུལ་ཟིན། ཡིན་ཡང་དེ་རིང་ཡང་བསྐྱར་ནོར་བཅོས་ཁ་ཤས་བཏང་ནས་ཕུལ་ཡོད་པས་གང་མགྱོགས་དྲྭ་ལམ་དུ་བརྒྱུད་འགོད་ཡོང་བར་སྒུག་ཡོད།
ཧ་ཧ། སྡུག་ནད་འཁྱོག་མེད་པ་འདྲ།
འདི་མཆན་ལམ་དུ་མི་འཇོག་ཀ་མེད་བྱུང་སོང་། གོང་གསལ་བཞིན་དྲྭ་བདག་ལ་ལེན་མང་ཕུལ་རུང་རང་ཉིད་ཐུགས་མ་གཉེས་པའི་རྒྱུ་མཚན་གྱིས་དྲལམ་བཀོད་མ་སོང་། ད་ནི་ཕྱོགས་ལྷུང་དང་༸གོང་ས་མཆོག་དང་། བཙན་བྱོལ་སྒྲིག་འཛུགས། སྲིད་སྐྱོང་སོགས་ལ་ངན་སྨྲས་མ་བྱས་ཚེ་དྲང་བདེན་ནི་འགྲོ་ས་མེད་པ་འདྲ་འདུག་་་