ཤར་ཕྱོགས་ཁུག་རྟ།
བཙན་བྱོལ་བོད་མིའི་བྱུང་རབས་ལ་བལྟས་ཚེ་བོད་ནས་འབྱོར་མ་ཐག་འཛམ་གླིང་གི་གནས་ཚུལ་མ་མཐོང་བ་དང། དུས་ཀྱི་འགྱུར་འགྲོས་དང་ལེན་བྱེད་འདོད་མེད་པ་ཅི་རིགས་ཀྱིས་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞིར་ལམ་དུ་ལྷོང་རྒྱུར་བར་ཆད་བྱས་ཡོད་ནའང། བར་ཆད་དེ་དག་ལྷག་བསམ་རྨ་མེད་པ་ལས་བྱུང་བ་ཡིན་སྟབས་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་བྱུང་མེད་ཅེས་ན་མི་ཆོག་པ་མེད། ཡིན་ནའང། བར་ལམ་ཞིག་ནས་བཙན་བྱོལ་ས་ཐོག་གི་སྡོད་སའི་གནས་དྲོ་ཟ་རྒྱུའི་ཟས་ཞིམ་ཏེ་གྲོད་ཁོག་ཅུང་ཙམ་རྒྱགས་ཤིང། དཀའ་སྡུག་སྐྱོ་གདུང་གི་སྨྲེ་སྔགས་ཀྱང་རྣ་བར་སྒྲུང་གི་མཚུངས་ཟླར་གྱུར་སོང་བ་དང་མཉམ། རིམ་པར་མང་གཙོ་དང་ཆབ་སྲིད། ད་དུང་ཁྲིམས་དང་ཐོབ་ཐང་ཟེར་བ་སོགས་ཀྱི་ཚིག་འདི་རྣམས་གོ་ཡོང་སྐབས།
བོད་མི་ཉུང་ཤས་ཤིག་གིས་སྔ་རྒྱུད་དར་རྒུད་ཀྱི་གནས་བབ་བརྗེད་སོང་བ་ལྟ་བུའམ། ཡང་ན་སུ་གང་ལའང་བསྟུན་མི་དགོས་པར་རང་ཉིད་ཀྱི་རང་ཤེད་མཁྲེགས་གཟུགས་ཀྱིས་འཛིན་རྒྱུར་དང་དོད་ཤིན་ཏུ་ཆེན་པོ་བྱས་ཤིང། དེའི་ཆེད་དུ་ཕྱོགས་ཁག་སྒྲིལ་ཏེ་བསམ་བཞིན་ཤེས་བཞིན་ཁྱད་གསོད་ཟུར་འབུད་ཀྱི་རྣམ་པ་ཤུགས་ཆེན་པོར་བསྟན་པས། རྒྱ་ནག་གཞུང་གི་ཆེས་མི་འདོད་པའི་ཆོལ་གསུམ་ཆིག་སྒྲིལ་གྱི་གཞི་རྩའང་རྨ་ཁ་བཏོད་ཡོད་པ་རེད།
བསམ་ཕྱོགས་འདི་དག་ལ་ཆེད་མངགས་ཞིབ་འདེད་མཐའ་དཔྱོད་བྱས་པ་ཡིན་ན། བོད་སིལ་བར་འཐོར་རྗེས་ཀྱི་མི་ལོ་བརྒྱ་ཕྲག་འགའི་རང་ཤེད་བག་ཆགས་མུ་མཐུད་འཁྱོག་ལམ་དུ་སོང་བ་དང། རྒྱ་བསྐྱེད་རིང་ལུགས་ཀྱི་གཡའ་མ་དག་པའི་དབང་གིས་རྒྱུ་མཚན་ཚད་ལྡན་ས་ཆེན་པོ་དང་གནམ་སྔོན་པོ་ལྟར་མདུན་དུ་བསྟར་ཡང། གླེན་ཤེད་ལ་གོམས་པའི་བློའི་རྨོངས་མུན་གྱི་འཐོམས་ལས་མ་གྲོལ་བ་ནི་ཕལ་ཆེར་ཐག་བཅད་ཆོག་པ་ཞིག་རེད་འདོད།
བོད་ཀྱི་ཉེ་བའི་བཞུད་ལམ་ཀྱག་ཀྱོག་ལ་བལྟས་པ་ཡིན་ན། ༧གོང་ས་ཆེན་པོ་ན་རིམ་དང་ལྷག་པར་༧བཅུ་བཞི་པ་ཆེན་པོ་མེད་ན་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མ་སྒྲུབ་པའི་རླབས་ཆེན་དབུ་ཁྲིད་ཅིག་དུས་འགྱུར་རླུང་འཚུབ་ཀྱིས་ཡུལ་བྱོལ་བྱེད་དགོས་པའི་སྐབས་སུ་ཡོང་རེ་མེད་པ་གསལ་བོ་ཡིན་ནའང། རྒྱ་སྡེ་བོད་སྡེར་ཞེན་པའི་སྐུ་དྲག་འཁྱོག་མིག་ཅན་རེ་འགའ་མ་བྱུང་བ་མིན་ལ། བྱུང་རབས་དེབ་ཐེར་དུ་གསལ་བ་ལྟར་མང་གཙོའི་ལམ་ལུགས་དབུ་བརྙེས་དུས་༧གོང་ས་ཆེན་པོར་ཅི་ཙམ་དཀའ་ངལ་འཕྲད་པ་དག་ནི་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད། འདི་ལྟར་འགལ་ཟླའི་རྣམ་འགྱུར་ཐོན་སྐབས་ལུས་ངག་ཡིད་གསུམ་༧གོང་ས་ཆེན་པོའི་རླབས་ཆེན་ལམ་སྟོན་འོག་འགྲོ་མཁན་མེད་པ་མིན་ཡང། འགྲོ་མ་ཤེས་པ་དང། འགྲོ་རྒྱུའི་གནས་ཚད་མ་འདང་བ། ཤེས་བཞིན་མ་སོང་བ་སོགས་ཀྱིས་བོད་ནང་ལས་ཀྱང་ཕྱི་རུ་འཚར་ལོངས་བྱུང་བའི་མི་རབས་གསར་བའི་ཁྲོད་ཕྱོགས་འཐེན་གྱི་དྲི་མ་ཧ་ཅང་ངན་པ་བགས་འདུག རྩ་དོན་སྒྲུབ་ཀྱིན་སྒྲུབ་ཀྱིན་རྩ་དོན་སྒྲུབ་པར་ཁ་བསྙད་ཀྱིན་བསྙད་ཀྱིན་ང་ཚོ་བོད་མིའི་ནང་ཁུལ་ལ་མི་དགོས་པའི་རྣམ་འགྱུར་འདི་རིགས་ད་དུང་ཡང་གནམ་མཁའ་གཡའ་དྭགས་པ་ལྟར་སེལ་ཐུབ་མེད་པ་ཧ་ཅང་གསལ་བོ་རེད།
དེང་གི་དུས་ན་དེ་བས་ཀྱང་འཇིགས་སྐྲག་ཞེད་སྣང་ཡོང་གཞི་ཞིག་ནི། སྔ་མོའི་མ་ཤེས་རྨོངས་པ་དང་རྣམ་རྟོག་གི་གཞན་དབང་ནས་ཐོན་པའི་འགལ་ཟླ་འདི་རིགས་ད་ནི་བསམ་བཞིན། ༧གོང་ས་ཆེན་པོའི་རླབས་ཆེན་མཛད་འཕྲིན་དང་རང་རེའི་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་རྒྱུའི་རྣམ་འགྱུར་ཐོན་གྱིན་ཡོད།
ང་ཚོས་ཐད་ཀར་བལྟས་ན། སྒྲིག་འཛུགས་ཤིག་ལ་བློ་གཏོད་མི་འདུག་ཟེར་མཁན་འཇམ་དབྱངས་ནོར་བུ་དང། བོད་གཞུང་གི་མཚན་དང་ལས་ཐམ་སོགས་ལ་བདག་པོ་བརྒྱབས་ནས་མ་འོངས་པར་བོད་ཀྱི་བདག་པོར་ཕུལ་རྒྱུ་ཡིན་ཟེར་བའི་གཞོན་ནུ་སོགས་ནི་སྒྲིག་འཛུགས་ཙམ་དང་སྒེར་བ་རེ་ཟུང་ཡིན་ནའང་། རྣམ་འགྱུར་འདིས་རྩ་བའི་ཆ་ནས་དབུས་བོད་མིའི་སྒྲིག་འཛུགས་གཞིས་བྱེས་ཚབ་མཚོན་གྱི་སྲིད་གཞུང་ཡིན་མིན་ལ་ཟུར་ཟ་དཀྲོགས་གཏམ་སྤེལ་འདོད་ཡོད་པ་དེ་རེད་ལ། དེར་གྲུབ་འབྲས་ཡག་པོ་གང་ཡང་ཐོན་རྒྱུ་མེད་པ་གསལ་བོ་ཡིན་ནའང། རང་གཞན་གཉིས་མེད་ཆགས་སོང་ན་འགྲིག་པ་འདྲ་བའི་བྱ་སྤྱོད་འདི་རིགས་ནི་ཤིན་ཏུ་ནས་ཐབས་སྐྱོ་བོ་ཞིག་ཡིན་པ་འདིས། ང་ཚོར་གསལ་བཤད་གཞན་ཅི་ཞིག་བྱེད་ཀྱི་ཡོད་པ་རེད་ཟེར་ན། མི་འདི་དག་དང་འདིའི་སྐྱེད་བྱེད་རྣམས་ནི་ཁྲིམས་དང་མང་གཙོའི་ལོངས་སྤྱོད་ལ་བརྩི་བཀུར་བྱེད་ཐུབ་མཁན་ཞིག་མིན་པ་དང། དེ་ལས་ཀྱང་ཆབ་སྲིད་ཐད་ཀྱི་དམིགས་དོན་ཅི་ཡིན་ལ་དོགས་གཞི་ཆེན་པོ་ཡོད་པ་ནི་རིག་པས་བརྡར་ཤ་གཅོད་མི་ཐུབ་པ་ཞིག་མིན་པ་དེ་རེད།
དེས་ན་རང་གཞན་རོགས་གསུམ་གཞན་གྱི་བསླུ་བྲིད་འོག་འགྲོ་མི་དགོས་རྒྱུར་འབད་བརྩོན་བྱས་ཏེ། ཆོལ་གསུམ་ཆིག་སྒྲིལ་ལ་ཡིད་ཆེས་རྩེ་གཅིག་ཞུ་རྒྱུ་ནི་རྩ་དོན་རེད་འདོད་ན། ལར་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞིར་སྐུར་འདེབས་ལོག་འགྲེལ་མི་བྱེད་པ་དང། བཀའ་བློན་ཁྲི་པས་ཟླ ༨ ཚེས ༣༡ ཉིན་ཡིག་ཐོག་དང་མང་གཙོའི་དུས་དྲན་ཉིན་ངག་ཐོག་ནས་གསལ་བཤད་ཞིབ་གནང་ཟིན་པ་ལྟར། བོད་གཞུང་གི་ཁྲིམས་མཐུན་གྱི་རྒྱུན་མུ་མཐུད་གནས་ཡོད་པ་ཚོར་བ་ཙམ་མིན་པར་རིག་པའི་གཞུང་ལུགས་ཀྱིས་གསལ་འགྲེལ་ལམ་སྟོན་གནང་བ་དེ་འདྲ་སླད་མར་བོད་མི་རང་ལ་ཕེབས་དགོས་ཚེ་དངོས་གནས་ཐབས་སྐྱོ་བོ་རེད། གང་ཡིན་ཟེར་ན། བོད་གཞུང་གི་ཁྲིམས་མཐུན་རྒྱུན་མེད་པ་རེད་ཟེར་མཁན་བོད་མི་ཡིན་ཟེར་མཁན་དག་གིས་དཀྲོགས་གཏམ་སྤེལ་བ་ཡིན་ཙང། དངོས་གནས་བྱས་ན་མི་རིགས་གཞན་དང་རྒྱ་ནག་གི་མདུན་སར་ཤིན་ཏུ་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། དེས་ན་བོད་མི་དྲག་ཞན་ཚང་མས་ལམ་ནོར་ལྡོག་ཤེས་བྱ་རྒྱུ་དང། དཔལ་ལྡན་བཀའ་ཤག་གི་ཚིག་ཐག་ཆོད་པོའི་ལངས་ཕྱོགས་ལ་རྗེས་སུ་ཡི་རངས་དང། བདེན་པའི་གནང་སྟངས་འདི་འདྲར་སྙིང་ཁུངས་རུས་པའི་སྟེང་ནས་བརྩི་བཀུར་ཞུ་བཞིན་ཡོད།། །།
༢༠༡༢། ༩། ༣། ཉིན་ཤར་མར་བགྱིས།།
ཤར་ཁུག་ཞེད་སླ་བ་ལ། [དེང་གི་དུས་ན་དེ་བས་ཀྱང་འཇིགས་སྐྲག་ཞེད་སྣང་ཡོང་གཞི་ཞིག་ནི། སྔ་མོའི་མ་ཤེས་རྨོངས་པ་དང་རྣམ་རྟོག་གི་གཞན་དབང་ནས་ཐོན་པའི་འགལ་ཟླ་འདི་རིགས་ད་ནི་བསམ་བཞིན། ༧གོང་ས་ཆེན་པོའི་རླབས་ཆེན་མཛད་འཕྲིན་དང་རང་རེའི་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་རྒྱུའི་རྣམ་འགྱུར་ཐོན་གྱིན་ཡོད།] ཟེར། དེ་ལ་ཞེད་དགོས་དོན་ག་རེ་ཡོད་རེད། འཆར་གཞི་དང་སྒྲིག་འཛུགས་རྩ་ནས་མེད་པའི་མི་འགའ་རྩ་མེད་འགའ་ཙམ་རེད། ཁོང་ཚོས་ཁ་ནས་གང་ཐོན་བཤད་པ་རེད། ང་ལྟར་ན་ཡ་བྱེད་རན་མི་འདུག
བྲིས་ཡོད་ཀི་ཡ། གསེར་ཡུམ་མེད་ཀི་ན། བུ་ཟེར་ནོས་རེད།
ངས་ཤར་ཕྱོགས་ཁུག་རྟའི་ལེགས་བཤད་འདིར་མངོན་པར་བསྟོད་ངས་ཡིན། ད་ངོ་མ་ང་ཚོས་ཡིད་གཟབ་དགོས་པའི་དུས་ཤིག་ཡིན་ངེས་སུ་འདུག རྒྱ་དམར་སྲིད་གཞུང་གིས་མ་ཐུབ་པའི་བྱ་སྤྱོད་ཐལ་ཤལ་རིགས་དེ་འདྲ་བཙན་བྱོལ་བོད་པའི་ནང་ཁུལ་ནས་ཐོན་ཡོང་གྱི་འདུག །དཔེར་ན་ལོ་ཤེས་སྔོན་འདི་འདྲའི་གནས་ཚུལ་ལས་༧གོང་ས་མཆོག་གིས་གྲོས་ཚོགས་ནང་ཐུགས་ཕམ་གསུངས་འཕྲིན་གནང་དགོས་བྱུང་བ་དང་། ཉེར་ཆར་ལྭ་དག་དང་། ཨེ་ཕྲ་གླིང་སོགས་སུ་གནང་བས་བཀའ་སློབ་ཁག་མཇལ་ཚེ། ངོ་མ་འགན་མི་བཟོད་པའི་ནས་ཚུལ་སྐྱོ་བོ་ཞིག་མ་ཡིན་ནམ། སྤྱིར་བཏང་མང་གཙོའི་འགྲོ་སྟངས་ནང་དུ་ལེགས་ཉེས་གང་ཡིན་ཡང་གཞུང་དང་དབུ་འཁྲིད་དག་ལ་བསམ་ཚུལ་དང་ལེགས་ཉེས་བརྗོད་པའི་ཐོབ་ཐང་ནི་ལོས་ཡོད། ཡིན་ནང་ངའི་བསམ་ཚུལ་དང་། ལྟ་བ། ལོང་ཕྱོགས། འདོད་མོས་སོགས་དང་མཐུན་གྱི་འདུག་ཞེས་བརྗོད་ནས་དགག་བྱ་དང་དགོས་པ་གལ་ཆེ་ཆུང་མི་ལྟ་བར་སེམས་ནས་གང་དྲན་བཤད་པ་དང་། ལག་ནས་གང་ཐོན་འབྲི་བ་སོགས་ནི་སྤྱིར་བའི་ལས་འགན་གཙང་མ་ཞིག་འཁུར་གྱི་མེད་པའི་རྟགས་གསལ་པོ་རེད། ཁྱོད་ཚོས་བོད་སྤྱིར་ལ་ཕན་པའི་བྱ་བ་བསྒྲུབ་འདོད་ན་ནང་ཁུལ་བཟོད་མི་བདེ་བ་དང་། དགྲ་དགའ་གཉེན་སྡུག་གི་ལས་སུ་མ་འཇུག་རོགས་ཞུ་རྒྱུ་ཡིན་ནོ། །
ཤར་མར་འབྲི་སྐྱོན་ནམ་ཡང་ན་གོ་སྐལ་དམ་འཛིན། གང་ལྟར་ཨུ་ཚུགས་ཀྱི་གོ་བ་ལེན་ཁུལ་བྱས་ན། ཤར་ཁུག་གིས་བོད་གཞུང་དགོས་པའི་དགོས་འདུན་བཏོན་པ་ནི་རྒྱ་དགའ་བའི་རྒྱུ་རེད་ཟེར་གི རྒྱ་དགའ་བའི་རྒྱུ་དེ་ཁྱེད་ཀྱིས་སྒྲུབ་ཤེས་པ་ལས་གཞན་སུ་གང་གཅིག་གིས་སྒྲུབ་འདོད་ཡོད་མི་སྲིད་ལ། དགའ་འཇུག་དོན་ཡང་་ཡོད་པ་མ་རེད། ཁྱེད་ཀྱིས་གཅིག་ཤེས་ཀྱིན་ཡོད་པ་ཁས་ལེན་ཞུ་རུང་བ་ཞིག་ནི་་་་་་སྐབས་འཚོལ་བའི་ཟློས་གར་འཁྲབ་རྒྱུ་དེ་རེད་་་་་མ་གཞི་ཡང་དག་པའི་མང་གཙོ་ཟེར་བཞིན་་་གྲོས་ཚོགས་ལ་དབང་ཚད་ཅི་ཡང་མེད་པར་ཡོད་ཚད་༧གོང་ས་མཆོག་གི་བཀའ་དགོངས་རྐྱང་རྐྱང་སྒྲུབ་འོས་པ་ཞིག་ཡིན་ཚེ། དད་པའི་དབང་གིས་འཐུས་ཀྱང་སྲིད་མོད། ཆབ་སྲིད་ལམ་ལུགས་ཀྱི་ཆ་ནས་བཤད་ན། དེ་ནི་སྲིད་དབང་སྒེར་གཅོད་ཟེར་བ་དེ་རེད།
ཡང་བོད་གཞུང་དགོས་པའི་དགོས་འདུན་དང་བོད་རང་བཙན་ལ་སྡང་ཟུག་ཆེ་བའི་ཁྱེད་དང་ཁྱེད་ཀྱི་སྡེ་དེ་ད་གཟོད་བོད་ཕྱི་རབས་ཀྱི་ཞབས་འདྲེན་རེད་མོད། འདི་ད་གཟོད་བོད་སྤྱིའི་བསོད་ནམས་ཀྱི་མ་ལྕོགས་པའི་རྣམ་སྨིན་ཞིག་དང་་་་་་་་་མུན་ནག་གི་རིག་གནས་གསར་བརྗེ་སླར་ཡང་ཤར་ཚེ། རྗེ་བླ་མར་གཅིན་པར་བླུད་མཁན་ཁྱེད་ཚོའི་གྲས་ཡིན་ངེས་་་་་་་ཁྱེད་ཀྱིས་གང་བཤད་དང་གང་བྱས་ཐམས་ཅད་ཀྱིས་མི་རྣམས་ལ་རིག་གསར་དྲན་གསོས་གཏོང་གི་ཡོད་པ་ལས་་་་གཞན་གང་ཡང་མ་རེད། ད་ངོ་ཚ་ཞེས་པ་ཅུང་ཟད་་ཡོད་པའི་ཐོག་ཚད་ཅིག་འཛིན་རན་ཡིན། ཤ་ཚ་བའི་གཏམ་ཡིན།
ཤར་ཁུག་གིས་བློ་སེང་གི་གསུང་བཤད་ཅིག་འཐད་ལྡན་དུ་ཁས་ལེན་པའི་དུས་ཤིག་ཤར་བ་འདི་ཕལ་ཆེར་ཤར་ཁུག་འདི་དབུས་བོད་མིའི་སྒྲིག་འཛུག་གི་ལས་ཁུང་ག་གེ་མོར་ལྟོ་སྙེལ་ས་རེག་མིན་འགྲོ། དེ་མིན???????????
ཤར་ཁུག་གིས་བཤད་སྟངས་ལ་གཟིགས་ན་དྲང་པོ་ཡོད་པ་འདྲ། དེ་སྔོན་བཀའ་ཤག་ལ་སྐྱོན་བརྗོད་མང་པོ་བྱས་ཀྱང་ད་རེས་གུས་བརྩི་དང་་་ག་རེ་ཟེར། དཔལ་ལྡན་བཀའ་ཤག་གི་ཚིག་ཐག་ཆོད་པོའི་ལངས་ཕྱོགས་ལ་རྗེས་སུ་ཡི་རངས་དང། བདེན་པའི་གནང་སྟངས་འདི་འདྲར་སྙིང་ཁུངས་རུས་པའི་སྟེང་ནས་བརྩི་བཀུར་ཞུ་བཞིན་ཡོད་ཅེས་གསུངས་འདུག སྐྱོན་བརྗོད་གཅིག་བྱས་ན་ག་དུས་ཡིན་ན་ཡང་། ལས་བཟང་པོ་ཞིག་བྱས་ཀྱང་སྐྱོན་བརྗོད་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ཚེ་མི་དེ་རྒྱུ་དག་མེད་པ་དང་། སྐབས་འཚོལ་བ། མགོ་གཉིས་པ་རེད་ཟེར་ན་བདེན་པ་མ་རེད། ཁྱི་རྒན་སངས་རྒྱས་ཚར་ན་ཡང་ད་དུང་ལྷམ་གྱིས་མགོ་ལྕག་ཞུས་ན་ག་ལ་འགྲིགས། དགྲ་བོ་ཡིན་ཡང་དྲང་པོ་དང་བདེན་པ་བཤད་ཚེ་ལེགས་སོ་བརྗོད་ཐུབ་པ་གལ་ཆེན་པོ་རེད།
ཤར་ཁུག་གསུངས་བ་བདེན། ཆོས་གསུམ་མཐུན་བསྒྲིལ་དང་དབུས་བོད་སྒྲིག་འཛུཊ་ད་དུང་བཀའ་ཤག་སོཊ་ལ་སྐུར་འདེབས་དང་སྡིགས་དམོད་བྱེད་མཁན་འགའ་རེ་སྣང་ནའང་དེ་དག་གིས་ཅི་ཞིག་བསྒྲུབས་ཐུབ་པ་དང་ཅི་ཞིག་བསྒྲུབ་བཞིན་པ་ང་ཚོས་ཧ་ལམ་གསལ་བོ་ཤེས་གི་རེད་ལ་དབུས་བོད་སྒྲིག་འཛུཊ་དང་བྱེས་གཞིས་ཚང་མས་ཀྱང་མི་དྲི་མི་བྲོ་བའི་སྲོག་ཆཊ་དེ་དག་ལ་གང་འདོད་འདོད་བྱེད་དུ་འཇུག་མི་རུང་ལ་ང་ཚོའི་ཁ་དཔེར་ཡང་”མ་བྱེད་ཟེར་མཁན་མེད་ན། མི་བྱེད་ཤུལ་ན་གཅིག་མེད”པའི་དཔེ་ཡིན་པས་ང་ཚོས་ཀྱང་བོད་མི་རིཊ་ཀྱི་མདུན་ལམ་དང་ཁ་ཕྱོཊ་ལ་གཏོར་བརླགས་བྱེད་མཁན་དེའི་རིཊ་ལ་རིཊ་རུས་དང་ཕྱི་ནང་མེད་པར་སྙིང་རྗེ་སྤུ་ཙམ་ཡང་མི་སྒོམ་པར་ཐད་ཀར་འབུར་འཇོམས་གཏོང་དགོས་འདུག སྨྱོན་པ་མང་པོ་སྨྱོ་རུ་བཅུག་པ་དེའི་མིང་ལ་རང་དབང་མི་ཟེར་ལ་ཀླད་མེད་མང་པོ་སྐྱག་ལངས་བཏང་བ་དེའི་མིང་ལ་དམངས་གཙོ་དེ་བས་ཀྱང་ག་ལ་ཟེར། དེ་བས་ང་ཚོར་དགོས་བ་ནི་སྒྲིག་གཞི་བཙན་པོ་ཞིག་དང་དམ་པོ་ཞིག་ཅིའི་ཕྱིར་མིན། འདི་ནི་ཚོཊ་པ་དང་རྒྱལ་ཁབ་གང་ལ་ལྟོས་ནའང་ངེས་བར་དགོས་ངེས་ཀྱི་ཆ་རྐྱེན་དང་པོ་དེ་རེད།
ཤར་ཁུག་ལགས་ཀྱིས་གསུངས་པ་ཤིན་ཏུ་བདེན། ཁྱེད་ལྟ་བུའི་རྩོམ་པ་པོ་ཤིན་ཏུ་དཀོན་པོ་འདུག རྗེས་སུ་ཡི་རངས་ཡོད།
འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང། ཀླུ་མཁར་བྱམས། ཚེ་དབང་རིག་འཛིན་སོགས་ད་དུང་ལམ་ནོར་དུ་བསྐྱོད་པ་ཡིན་ན། ང་ཚོ་མི་མང་གིས་ཀྱང་བསམ་བློ་གཟབ་ནན་ཞིག་མི་གཏོང་རང་གཏོང་འཁེལ་བསྡད་ཡོད་པ་རེད། བོད་མི་ཚོར་ཆིག་སྒྲིལ་ཡོད་ན་དགའ་བ་ལས་མེད་ན་ཡག་པོ་མི་ཡོང་བ་གསལ་བོ་རེད།།
འཇམ་དབྱངས་ནོར་བུ་འདི་མདུན་རྒྱབ་ཤེས་མཁན་ཞིག་མ་རེད། དབྱིན་ཡིག་ནང་བོད་ནང་གི་བདེ་སྡུག་རྒྱལ་སྤྱིའི་ནང་གོ་ཐུབ་པ་ཞིག་འབྲི་རྒྱུའི་ཚབ་ཏུ་བོད་གཞུང་མེད་པ་དང་། དམངས་གཙོ་མེད་པ། ལྟ་ས་མེད་པ། འཇུ་ས་མེད་པ། གྲོས་ཚོགས་དེ་རྫུན་མ་ཡིན་པ། དམིགས་བསལ་ཚོགས་ཆེན་མི་མང་མགོ་སྐོར་ཡིན་པ་སོགས་མང་བ་བྲིས་ཡོད་རེད། ཨ་རི་གཞུང་གིས་རྒྱ་ནག་གི་སྙན་ཐོ་བཏོན་སྐབས་དྲང་བདེན་མེད་པ་དང་། དམངས་གཙོ་མེད་པ། རང་དབང་མེད་པ་སོགས་བྲིས་པ་ནང་བཞིན། འཇམ་ནོར་གྱི་རྩོམ་ནང་བོད་གཞུང་ལ་དེ་ལྟར་འབྲི་བཞིན་ཡོད་རེད། དེ་ཚོ་དབྱིན་ཡིག་ནང་བྲིས་ན་སུ་ལ་ཕན་གྱི་རེད། ཨ་རི་དང་དབྱིན་ཇི་གཞུང་དམངས་ཀྱིས་གོ་ན་སུ་ལ་ཕན་ཀྱི་རེད། སུ་ལ་གནོད་ཀྱི་རེད། ད་དུང་དེ་ཚོ་བདེན་པ་ཡིན་ན་ཟེར་ཡ་གང་ཡང་མེད། འོན་ཀྱང་དེ་ཚོ་རྫུན་མ་ཡིན་པ་ཚང་མས་ཤེས་གསལ་རེད། ངས་བལྟས་ན་རྒྱ་གར་སོགས་དམངས་གཙོའི་རྒྱལ་ཁབ་ཆེན་མོར་གྲགས་པ་འགའ་ལས་བོད་གཞུང་དམངས་གཙོ་ཚད་མཐོ་བ་འདུག
འཇམ་དབྱངས་ནོར་བུ་བཀྲས་མཐོང་ཚང་གི་མི་ཡིན་ཟེར་གྱི་ཡོད་པ་རེད། བཀྲས་མཐོང་སྤུན་གསུམ་ཤེས་རྒྱ་ཆེན་པོ་དེ་འདྲ་རེད། བསྟན་རྣམ། རྣམ་རྒྱལ། བསྟན་དགེ་གསུམ་ནས་ངེས་པར་དུ་འཇམ་དབྱངས་ནོར་བུར་བསླབ་བྱ་རྒྱག་དགོས་པ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་ཁྱེད་ཚོར་དམིགས་བསལ་བཀའ་དྲིན་ཆེན་པོ་རེད། ༧གོང་ས་ཆེན་པོ་དེ་བས་ཀྱང་བཤད་མ་དགོས་པ་རེད། དེས་ན་དྲིན་ལན་ལོག་མཇལ་མ་བྱེད་རོགས། མིན་དབུས་གཙང་གཅིག་པུར་རང་བཙན་དགོས་ན་ཁ་གསལ་བོ་བྱས་ན་ཡག་གི་རེད། ཁམས་པ་ཨ་མདོ་ཤི་ཡི་མ་རེད། དེ་མིན་དཀྲོགས་གཏམ་མ་སྤེལ་ན་དགའ།།
ཡང་རྡོ་རིལ་རྩིག་རྨང་དཀྲུག་གཞི་ཤར་ཁུག་གིས་ཡང་སྐྱར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་གྱི་གཤམ་གྱི་ཟུར་གཅིག་ན། དྲག་པོའི་སྐུ་རུ་བཞེངས་ནས་ཁ་ནས་ཆིག་སྒྲིལ་འབོད་གྱིན་འབོད་གྱིན་རང་གི་དགྲ་ཟླ་རུ་གྱུར་པའི་རང་བཙན་ལྟ་གྲུབ་པ་ཚང་མ་ཐལ་བའི་རྡུལ་དུ་སློག་རྒྱུའི་དམ་བཅའ་བརྟན་པོ་བཟུངས་ཏེས། དམངས་གཙོ་དང། ཆབ་སྲིད། ཁྲིམས་དང་ཐོབ་ཐང་གོ་མི་ཆོག་ཟེར། རང་བཙན་ལྟ་གྲུབ་པ་ནི༧གོང་ས་མཆོག་གི་དགྲ་ཟླ་རུ་བལྟ་བར་མ་ཟད། བོད་སིལ་བུར་འཐོར་རྗེས་ཀྱི་མི་ལོ་བརྒྱ་ཕྲག་འགའི་རང་ཤེད་དང་བག་ཆགས་མུ་མཐུད་འཁྱོག་ལམ་དུ་སོང་བ་དང་། རྒྱ་བསྐྱེད་རིང་ལུགས་ཀྱི་གཡའ་མ་དག་པའི་དབང་གིས་རྒྱུ་མཚན་ཚད་ལྡན་དང་ས་ཆེན་པོ་དང་གནམ་སྔོན་པོ་ལྟར་མདུན་དུ་བསྟར་ཡང་། བྱས་པར་གོམས་པའི་བློའི་རྨོངས་མུན་གྱི་འཐོམས་ལས་མ་གྲོལ་བ་ཐག་བཅད་ཆོག་ཟེར། ད་བྱས་ན་དམར་གསོད་དང་བཙོན་འཇུག་རྡུང་རྡེག་ཚ་ནན་གྱི་མྱང་ངམ་ཐང་ཆེན་དུ་ལུས་པའི་བོད་མི་རིགས་འདི་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་ཆབ་སྲིད་ཀྱི་ལམ་ཀྱོག་འདིར་མི་འདོད་བཞིན་དུ་ཞུགས་དགོས་པ་དེ་ཅི་ཡིན་ནམ། མ་བྱེད་དགུ་བྱེད་བྱེད་མཁན་དེ་ཤན་པ་ལྷ་ལུང་དཔལ་རྡོར་ཡིན། ཁོས་ལྷ་སྲས་དར་མ་ཁོང་བསད་མེད་ན་བོད་རྒྱལ་ཁབ་སིལ་བུར་ཐོར་མི་སྲིད་ལ་འོད་བསྲུང་དང་ཡུམ་བརྟན་གཉིས་གང་རུང་གིས་བོད་འདི་ཆིག་སྒྲིལ་གྱི་གོང་བུ་གཅིག་གྱུར་གནས་ཐུབ་པ་གནང་སྲིད། དེས་ན་ཤན་པ་ལྷ་ལུང་དཔལ་རྡོར་གྱིས་གྲུབ་མཐའ་གཅིག་གི་དོན་དུ་བོད་རྒྱལ་ཁབ་གཅིག་གྱུར་བཟོ་ཐུབ་པའི་ནུས་ལྡན་གྱི་གང་ཟག་ལྷ་སྲས་དར་མ་དཀྲོངས་ནས་བྲོས་བྱོལ་ཕྱིན་པའི་མཇུག་འབྲས་དེ་ད་ལྟ་གཞི་ནས་མངོན་འགྱུར་བྱུང་བ་རེད། ད་ནི་ས་མཐའ་ན་གནས་དགོས་པ་འདྲ།
༧གོ་ས་མཆོག་གིས་ཨེ་ཕྲ་གླིང་ཕེབས་སྐབས་འདི་ལྲ་གསུངས། སྐད་ཆ་འདི་བྱུང་བའི་སྐབས་ལ་ང་ཚོའི་བོད་རིགས་ནང་ནས་ཞེན་ཁོག་དང་ཤ་ཚ་ཡིན་ཀྱང་ཁ་ཤས་ཤིག་གིས་ད་བོད་གཞུང་བསྡུ་གསོག་བརྒྱབ་སོང། འགྲིག་གི་མི་འདུག་ཅེས་སྐད་རྒྱག་མཁན་བྱུང་བ་དེ་ལ་ང་རང་ཏོག་ཙམ་བློ་ཕམ་བྱུང། ངས་ལོ་བཅུ་དྲུག་ནས་བོད་གཞུང་གི་འགན་འཁྱེར་བ་ཡིན། ལོ་བཅུ་དྲུག་ནས་ད་ཆ་ལོ་བདུན་ཅུ་དོན་དྲུག་ལ་སླེབས་པའི་བར་ངས་འགན་འཁྱེར་བ་ཡིན། མི་ལྟ་བུར་མཚོན་ན་ཕྲུ་གུ་ཆུང་ཆུང་གཡས་འཁྱོར་གཡོན་འཁྱོར་བྱེད་མཁན་ཞིག་མགོ་འདོན་འཚོ་སྐྱོང་བྱས་པ་ཡིན། དེ་འདྲ་བྱེད་མཁན་གྱི་མི་གཅིག་ལ་ད་ཆ་བོད་གཞུང་བསྡུ་གསོག་བརྒྱབ་སོང་བརྗོད་ན་ལ་དག་གི་རེད་དམ། ལོ་དྲུག་ཅུའི་རིང་ངས་ཕར་གཡས་སྐྱོར་གཡོན་སྐྱོར་གྱི་ལྟ་རྟོག་བྱས་པ་དེ་ཇི་ལྟར་བྱས་ཏེ་བསྡུ་གསོག་རྒྱག་གི་རེད་དམ། དེ་ཙམ་ཡང་བསམ་བློ་མ་འཁོར་བར་བོད་གཞུང་བསྡུ་གསོག་བརྒྱབ་སོང་ཞེས་སྐད་ཅོར་རྒྱག་དུས་དེ་ནི་ང་ལ་ཡིད་ཆེས་མེད་པའི་རྟགས་རེད་བསམ་པ་དྲན་བྱུང། ཚུར་ཡིད་ཆེས་མེད་ན་དེ་ལ་བྱེད་རྒྱུ་གང་ཡང་མི་འདུག ཡིད་ཆེས་ཡོད་ན་ལོ་བཅུ་དྲུག་ནས་འགན་འཁྱེར་མཁན་གྱི་༸རྒྱལ་བ་རིན་པོ་ཆེས་བོད་གཞུང་བསྡུ་གསོག་རྒྱག་གི་མ་རེད། དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་ཀྱི་རེད་བསམ་དྲན་དགོས་པ་ཡིན། ཤེས་སོང་ངམ”ཞེས་གསུངས་འདུག
གོ་སྐབས་དམ་འཛིན་བྱས་ནས་ཕན་ཚུན་ལ་སྐྱོན་བརྗོད་བྱེད་བཞིན་པར་ཡིད་སྐྱོ་བྱུང་། འཇམ་ནོར་དང་། ལྷ་བཟང་ཚེ་རིང་། ཀླུ་མཁར་བྱམས། ཚེ་དབང་རིག་འཛིན་བཞི་ལ་དམའ་འབེབས་བྱས་ན་བདེན་མཐའ་གསལ་གྱི་ཡོད་པ་ཨེ་རེད།
ཤར་ཁུག་ནི་དོན་དག་ཆེ་ཆུང་གང་ཡིན་བློ་ལ་ངེས་ཆ་ཡོད་པ། དོན་དག་ཡོད་སར་མུན་རྡོ་འཕེན་པ་མ་ཡིན་པས་དོན་གྱི་གནད་ལ་འཇུས་པས་ད་བར་བྲིས་པ་གང་ཡོད་གོང་ས་མཆོག་ལ་མཚན་སྨོད་དང་ཟུར་གྱིས་འཕྱ་བ་སོགས་རྩ་བ་ནས་མ་འདྲེས་པས་དོན་དག་གང་ཞིག་ཡིན་རུང་བོད་དོན་ལ་ཕན་པ་ཁོ་ན་བྲིས་འདུག །གང་ཟག་ལ་མི་རྟོན་དོན་ལ་རྟོན་པ་འདི་གལ་ཆེ་བས་དོན་ལ་བལྟས་ནས་གང་ཟག་གི་ཚད་གཞལ་ཐུབ་ན་ཡག་པོ་ཡོད་པ་རེད།
དང་པོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་ནང་གི་ཚོགས་པ་ཡག་ཤོས་དང་ཡིད་ཆེས་བློ་གཏད་ཆོག་སའི་ཚོགས་པ་ཞིག་རེད། ཅིའི་ཕྱིར། གཞོན་ནུ་ལྷན་ཚོགས་འདི་ཡག་ཤོས་རེད་དམ་ཞེ་ན། བོད་ཀྱི་གཞོན་ནུ་ཚོགས་ཀྱི་ཚོགས་མི་མང་ཆེ་བ་བཙན་བྱོལ་ནང་དུ་སྐྱེས་ནས་༧གོང་ས་མཆོག་གི་དབུ་འོག་དང་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་ཁག་གི་ནང་དུ་མཚའ་ལོངས་བྱུང་བ་ཤ་དག་རེད། ཚོགས་མི་དེ་དག་གིས་དམའ་རིམ་སློབ་གྲྭ་འགོ་འཛུགས་དུས་ནས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་༧གོང་ས་མཆོག་གི་རྩོམ་པའི་བདེན་ཚིག་སྨོན་ལམ་གཉིས་དབྱངས་སུ་སྐྱོར་གིན་སྐྱོར་གིན་མཚའ་ལོངས་བྱུང་ཡོད། བོད་མི་རིགས་ཀྱི་དཀྱུས་ནས་ཡིད་ཆེས་ཆོག་ས་དང་བློ་གཏོད་ཆོག་སའི་བུ་ཕྲུག་རེད།
གཞོན་ནུའི་ཚོགས་མི་དེ་དག་གི་ཕ་མ་རྣམས་ལ་བཤད་ན་༡༩༥༩ལོར་༧གོང་ས་མཆོག་གི་རྗེས་སུ་འབྲངས་ནས་བཙན་བྱོལ་དུ་བསླེབས་པ་རེད། ༧གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་རེད། ༧གོང་ས་མཆོག་དང་ལྷན་དུ་མི་ལོ་ལྔ་བཅུའི་རིང་དུ་བཙན་བྱོལ་བའི་དཀའ་སྡུག་མཉམ་ཁུར་བྱས་ནས་བཙན་བྱོལ་བོད་གཞུང་བཙུགས་མཁན་རྣམས་རེད། བོད་མི་རིགས་ཀྱི་ནང་དུ་ཁོང་རྣམས་པ་ལས་ལྷག་པའི་བློ་སེམས་དཀར་བ་ཞིག་མེད་ཅེས་ཚིག་ཐག་བཅད་བཤད་ཐུབ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མི་ཚོགས་དང་མི་ཚོགས་ཀྱི་ཕ་མ། སྐྱེས་ས་དང་སློབ་གྲྭ་སོགས་ཕྱོགས་གང་ལ་བལྟས་ཀྱང་༧གོང་ས་མཆོག་གི་ཆེད་དུ་བྱ་བའི་གདུལ་བྱ་ཡང་དག་ནི་གཞོན་ནུའི་ཚོགས་མི་རྣམས་ཡིན་དགོས་པར་འདོད་དོ།
ཤར་ཁུག་གུན་ཁྲན་ཏང་གི་སློབ་གྲྭར་འགྲོ་སྐབས་གཞོན་ནུའི་ཚོགས་མི་རྣམས་བཙན་བྱོལ་བོད་གཞུང་གི་སློབ་གྲྭར་ཕྱིན་པ་རེད།
ཤར་ཁུག་གིས་ཀྲུང་གོའི་རྒྱལ་གླུ་ལེན་སྐབས་གཞོན་ནུའི་ཚོགས་མི་ཚོས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ལེན་ཡོད།
ཤར་ཁུག་གིས་མའོ་ཀྲུང་ཞིའི་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་འབོད་སྐབས་གཞོན་ནུའི་ཚོགས་མི་ཚོས་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་འབོད་ཡོད།
ཨེ་་་ཤར་ཁུག་ཁྱོད་ལྟ་བུ་མི་བརྒྱ་ལས་མཁས་དབང་འཇམ་དབྱངས་ནོར་བུའི་མཛུབ་མོ་གཅིག་གི་དགའ། བོད་རང་བཙན་འཐབ་རྩོད་པ་རྣམས་ལ་རྡུང་རྡེག་མ་གཏོང་རོགས་བྱོས། ཁྱོད་རང་ཡང་བོད་རིགས་གཅིག་རེད་བ།
ཁྱོད་དང་ཁྱོད་ལྟ་བུའི་མི་ངན་རེ་ཟུང་གིས་༧གོང་ས་མཆོག་གི་སྐུ་མདུན་དུ་རྫུན་གྱིས་འཁོར་ལོ་སྐོར་གྱི་འདུག་བསམས་པའི་དོགས་པ་ཡོད།
ཆིག་སྒྲིལ་རྩ་ནས་གཏོར་མཁན་དང་རྒྱལ་ཚོང་བའི་ལས་ཀ་ཁྱེད་ལས་སུ་ཡོད། ད་ངོ་མ་ཁྱེད་མདོག་ཇེ་གསལ་རེད།གོ་སྐབས་བཟུང་ནས་བོད་རང་བཙན་པ་ཚོར་ནག་ཉེས་བཟོས་དང་ཡོད་ཚད་གནས་ལུགས་དང་རྒྱུ་མཚན་གྱིས་འདྲོངས་ཏེ་ལོ་རྒྱུས་ཀྱི་ཐག་གཅོད་ཀི་རེད། ཆབ་སྲིད་ནང་དད་པའི་རྗེས་སུ་འབྲངས་བ་ནི་མུན་འཐོམ་དང་ནུས་མེད། ཁྲམ་པ་སོགས་ཡིན་པ་ཤེས་པར་གྱིས།
ཤར་ཁུགས་ཚང་གིས་ལམ་དབུ་མ་རྩོད་གི་འདུག སྤྱི་རྒྱུ་སྒེར་བདག་ཚང་ནས་བསྡད་དེ་རྩོད་ཀི་འདུག ངོ་མ་ངར་གི
མིག་བརྒྱད་པས་གསུངས་པ་དེ་དངོས་གནས་རེད། འདིར་རྩོམ་པ་པོ་གྲགས་ཅན་ཤར་ཁུག་ནས་རང་བཙན་པ་ཚོར་གང་བཤད་འདུག ཅི་གང་བཤད་མི་འདུག བོད་མིའི་ཆིག་སྒྲིལ་གནད་འགག་གླེང་འདུག གལ་སྲིད་རང་བཙན་པ་ཚོ་ཤར་ཁུག་ཁོ་ནར་འདི་ཞེད་དགོས་ན་ཐབས་དེ་བས་ཀྱང་སྐྱོ་བ་ལ། སུས་ཤར་ཁུག་ལགས་ཀྱི་འདི་ལྟའི་གནད་འགག་གླེང་ཐུབ་བམ། ཐུབ་མཁན་ཉུང་ཉུང་རེད།
ཤར་ཕྱོགས་ཁུག་རྟ་ནང་བཞིན་ཕྱི་ནང་གི་འཁྱོག་བཤད་དཀྲོག་གཏམ་ཁག་གི་གནད་རྩ་ཐལ་བའི་རྡུལ་དུ་བརླགས་མཁན་གྱི་རྩོམ་པ་པོ་བཙན་བྱོལ་ནང་དངོས་གནས་ཉུང་ཉུང་རེད། ངས་ཁོང་ངོ་མི་ཤེས་ཀྱང་ཤིན་ཏུ་དགའ་བོ་ཡོད། ཁྱེད་ཀྱི་བྱ་བཞག་ལྷུན་གྲུབ་ཡོང་བ་དང་བོད་མིའི་ཆིག་སྒྲིལ་རྒྱལ་གྱུར་ཅིག
ངོ་མ་འཁྲབ་སྟོན་ལ་མཁས་པ་རེད། གོང་གི་ལྷ་བྱམས་པ་དང་པ་སངས་ཆོས་དབྱངས་སོགས་ཀྱི་མི་ནི་ཤར་ཁུགས་ཐན་བྱ་ཁོ་རང་རེད། ཧཧཧཧཧཧཧམི་འདི་ལ་ངོ་ཚ་རྒྱུ་ཞིག་མེད་ཀ ཧཧཧཧཧ
དངོས་གནས་རྣམ་དཔྱོད་ཀྱི་མིག་ཤེལ་གྱོན་ལོ་རྒྱུས་ལ་རྒྱབ་བརྟེན་བཅོལ་གནས་ལུགས་ཀྱིས་རྨང་གཞི་བྱས་པའི་དཔྱད་བརྗོད་འདི་ལ་མི་འདོད་པའི་ཐལ་བ་འཕེན་མཁན་མཚོ་མོ་ནས་བོད་གཞུང་དགོས་པའི་དགོས་འདུན་དང་བོད་རང་བཙན་ལ་སྡང་ཟུག་ཆེ་བའི་ཁྱེད་དང་ཁྱེད་ཀྱི་སྡེ་དེ་ད་གཟོད་བོད་ཕྱི་རབས་ཀྱི་ཞབས་འདྲེན་རེད་ཟེར་བ་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་བོད་མི་བརྒྱ་ཆའི་དགུ་བཅུ་དང་དཔལ་ལྡན་བཀའ་ཤག་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བར་ཁྱབ་ཡོད་པས་ཕྱི་རབས་བོད་མིའི་ཞབས་འདྲེན་ཡང་ཁོང་ཚོ་རེད། དེས་ན་བོད་མི་རིགས་ཀྱི་དགོས་འདུན་བོད་རང་བཙན་རྩོད་སྒྲུབ་པར་ཁས་ཆེ་བའི་མི་སྒེར་དང་ཚོགས་པ་ཁག་ཅིག་གིས་བཙན་བྱོལ་གྱི་མི་ལོ་ལྔ་བཅུ་ནང་རང་བཙན་སྒྲུབ་པའི་འཇུག་འབྲས་གསལ་སྟོན་གནང་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་དང་དེ་འཛིན་གྱི་སྐྱེས་བུ་རྣམ་ནི་ཕྱི་རབས་བོད་མིའི་ཞབས་འདྲེན་རེད་ཟེར་ན་ད་བཟོད་གནས་ལུགས་སུ་གོ་ཆོག་པ་ཞིག་རེད།དེ་མིན་རང་ཉིད་ཀྱི་བསམ་ཚུལ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་གང་བྱུང་མི་ལ་སྡིག་ར་བསྐུལ་ན་འོས་མཚམས་མི་འདུག མང་པོ་ཞིག་གིས་བསམ་ཚུལ་དང་དཔྱད་བརྗོད་གང་སྤེལ་ཡང་བརྩམས་ཆོས་ཀྱི་ལེགས་ཉེས་འཐེར་འདོན་མི་བྱེད་པར་རྩོམ་པ་པོའི་སྐྱོན་རྐྱང་རྐྱང་ལ་མཛུབ་མོ་འཛུགས་པ་ནི་ཤིན་ཏུ་མི་འོས་པའི་སྤྱི་ཚོགས་དཀྲིགགཞི་རུ་འགྱུར་ཉན་ཆེ་བའི་གཟབ་མནན་གནང་བར་གལ་ཆེ་བར་བསམ།
རྒྱ་གུང་ཁྲན་གྱི་དབང་ཤུགས་བཙན་དྲགས་པས་བོད་མིའི་བདེན་དོན་རང་བཙན་བོད་སྤྱི་ཚོགས་ནང་གླེང་མཁན་དག་ལ་རྡུང་རྡེག་གཏོང་བ་འདི་ལ་བསམ་ན་ལས་རྒྱུ་འབྲས་མེད་པ་རང་རེད་ལ་དྲང་བདེན་ཟེར་བ་རྐྱག་རྫུན་རང་རེད།
༧གོངས་ས༧སྐྱབས་མགོན་ཆེ་པ྄ོ་མཆོག་སྐབས་འཚོར་རིང་ལུགས་པ་དག་གི་་དམིགས་ཡུལ་སྒྲུབ་བྱེད་ཀྱི་ལག་ཆ་བྱེད་བཞིན་པ་འདི་དངོས་གནས་བོད་མིས་བཟབ་བཟབ་གནང་རོགས།
སྐྱོན་བརྗོད་ལ་མི་དགའ་བའི་བོད་ཀྱི་དམངས་གཙོ།
སྐྱོན་བརྗོད་ལ་འཇིགས་པའི་བོད་ཀྱི་དམངས་གཙོ།
སྔར་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་།
དེང་གི་བཙན་བྱོལ་དམངས་གཙོ་སྲིད་གཞུང་།
གཅིག་མཚུངས་ཀྱི་ཁྱད་ཆོས་ནི།
བཀས་བཀོད་དགའ་ལ།
སྐྱོན་བརྗོད་ལ་མི་དགའ།
གདན་སའི་ནང་གི་བཀས་བཀོད་ལམ་ལུགས་ཀྱི་ཐ་སྙད།
འཛུབ་མོ་གང་བསྟན་ཤར་ཟེར་བ་ལྟར་རེད།
ཤར་ཕྱོགས་ཁུག་རྟའི་དཔྱད་རྩོམ་འདི་ལ་དངོས་གནས་དོན་སྙིང་འདུག། དེང་གི་ཚོགས་སྤྱི་འདིས་ནང་དུ་ཁུག་རྟ་ལྟ་བུ་གདོང་ལ་བུད་ཐུབ་པའི་སྨྱུག་ཐོག་པ་ཧ་ཅང་ཉུང་ཉུང་རེད། གཞུང་ཡིན་ཡང་རེད། སྒེར་བ་ཡིན་ཡང་རེད། ནག་པོ་ཡིན་ན་ནག་པོ་དང་དཀར་པོ་ཡིན་ན་དཀར་པོ་རེད་ཞེས་བློ་རིག་པའི་དཔྱད་དེ་ཅི་ཞིག་གླེང་ཡང་འགྲིག་གི་ཡོད་རེད། དངོས་གནས་བཤད་ན། གོང་ས་མཆོག་ལ་མཚན་དམོད་བཤད་མཁན་གྱི་གང་ཟག་སུ་ཞིག་ཡིན་ཡང་། རྒྱབ་རྩ་ཅི་འདྲ་ཡོད་ཀྱང་། བདག་གིས་ཡང་ཐ་གཅིག་ཏུ་དགག་ལན་དང་ཁ་གཏད་གཅོག་ཁོ་ཐག་ཡིན། ཆོལ་ཁ་ལ་ཕྱོགས་ཞེན་དང་འཐེན་འཁྱེར་མེད་པར་བོད་སྤྱི་འམ་ཡང་ན་གོང་ས་མཆོག་དང་འབྲེལ་བའི་དོན་གནད་ཅི་ཞིག་ཡིན་ཡང་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པར་འདོད། ལྷག་པར་དུ་གོང་གིས་མིང་ཟུར་འདོན་བྱས་ཡོད་པའི་གང་ཟག་དེ་དག་ལ་ང་ཚོས་ཁ་ཚ་དགོས་གཏུགས་གི་ཁ་གཏད་གཅོག་དགོས་པར་འདོད། ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། མུ་མཐུད་དཔྱད་རྩོམ་འདིའི་རིགས་འདི་སྤྱི་ཚོགས་ནང་དུ་བཏོན་ནས་དྲིན་ཆེན་ལ་དྲིན་ལན་མི་སློག་པ་ཤེས་སུ་འཇུག་དགོས་པར་འདོད
དབུས་ལམ་པ་དང་རང་བཙན་པ་སུ་ཡིན་རུང་བོད་དོན་གྱི་ཆེད་རེད། ཆབ་སྲིད་ཀྱི་རྣོར་ངར་ཆེ་ཤོས་གཉིས་རེད། གོང་ས་མཆོག་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལྡེ་མིག་ལྟ་བུ་ཡིན་པ་ནམ་ཡང་བརྗེད་མི་རུང་། སྐུ་ཞབས་གསེར་འབྲུག་ལགས་ཀྱིས་བོད་ཤོར་བ་ནི་ལྷ་ལུང་དཔལ་རྡོར་གྱིས་ལྷ་སྲས་དར་མ་བགྲོངས་པའི་རྐྱེན་ཡིན་པར་བཤད་པ་ནི་ཧ་ཅང་ཐག་རིང་སོང་ནི་རེད། སྲིད་གཞུང་དགའ་ལྡན་ཕོ་བྲང་མ་བཙུགས་གོང་ནས་རེད། དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ག་ཚོད་སོང་བ་རེད། དེ་འདྲའི་དུས་ཡུན་རིང་པོ་ཞིག་གི་རིང་ལ་དབང་བསྒྱུར་བྱས་པའི་ཡུན་བརྟན་དབུ་འཕང་བཙན་པ་ཞིག་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གང་ན་ཡང་བྱུང་མེད།
སྲིན་བྱ་འདི་ལ་བཤད་བཅུག་ཨ། ཁ་ནས་༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཡིན་མདོག་གིས་ལག་ལེན་ནང་། བོད་མི་བར་ལ་དཀྲུགས་གང་ཐུབ་བྱེད་ནས་བཙན་བྱོལ་གྱི་གོང་བུ་ནུས་ཤུགས་ཀྱིས་རྒྱ་གཞུང་ལ་དོ་ཕོག་མི་ཡོང་བ་བྱེད་འཆར་འདི་རེད། བོད་མི་ཚང་མས་ཡག་པོ་ལྟོས་དང་། ཁོས་གུང་ཁྲན་ཏང་ལ་སྐྱོན་འཚོལ་གྱི་འདུག་གམ། བོད་པ་སེམས་ཤུགས་ཅན་རྣམས་ནག་པོ་བཟོ་ཆར་འདུག ད་བོད་པ་ཚོ་གཟབས་ཤོག་མ་གཏོགས་ཁ་ནས་དབུ་མའི་ལམ་ལ་ཡིད་ཆེས་ཡོད་ཟེར་བཞིན་ལག་ལེན་དུ་དངོས་གནས་གང་རེ་བྱེད་ཀྱི་འདུག དོན་དམ་པ་ཁོས་རྒྱ་གཞུང་དང་ལྷན་དབུ་མའི་ལམ་མི་རྩོད་བར། གྲི་སོ་ནང་དུ་བཀུགས་ནས་རང་བཙན་འཐབ་རྩོད་པ་རྣམས་གཤགས་བཅོས་བྱེད་དོན་ཅི་ཡིན་ནམ། རང་བཙན་ཚོགས་པ་ཁག་དང་རང་བཙན་འཐབ་རྩོད་པ་རྣམས་ཀྱིས་དབུ་བའི་ལམ་གྱི་ནུས་ཤུགས་དེ་བཀག་འདུག་གམ། ཡང་ན་གུང་ཁྲན་ཏང་གིས་བཀག་འདུག སྐུ་ཆེ་ཁྱོད་བོད་མི་རིགས་ལ་ཤ་ཚ་ཡོད་ན་ཁྱོད་ཀྱིས་དཀྲུགས་གཞི་མ་རྒྱག་རོགས། བོད་པའི་སྤྱི་ཚོགས་ནང་མཚན་སྙནགྲགས་ལྡན་པའི་རྩོམ་པ་པོ་དང་། བོད་རང་དབང་འཐབ་རྪོད་པ་རྣམས་སྐྱོན་ཆེན་པོ་ཞིག་བཏགས་རྗེས་ཁྱོད་ལ་མིང་ཆེན་པོ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེ་ལ་སྟོང་སེམས་མ་འཆང་དུས་ནམ་ཡང་སྐྱག་པ་མཆོད་ཁྲི་སྒང་ལ་འཇོག་མི་སྲིད།
མཁས་དབང་འཇམ་དབྱངས་ནོར་བུ་དང་།
ལྷག་བསམ་ལྷ་སངས་ཚེ་རིང་དང་།
ཚེ་ནོར་དོན་གྲུབ་ལྷ་དར་སོགས།
གཞོན་ནུ་ལྷག་བསམ་ལྡན་རྣམས་དང་།
བསྟན་འཛིན་བརྩོན་འགྲུས་ལ་སོགས་པའི།
བོད་ལ་མཁོ་བའི་མི་དག་ཡིན།
བཀའ་ཤག་གསར་པའི་དཔུང་རོགས་ཡིན།
སྤྲུལ་བརྫུ་ཤར་ཕྱོགས་ཁུག་རྟ་སོགས།
བོད་མི་བཀྲུག་པའི་བྱེ་གཏེ་རྣམས།
བཀའ་ཤག་རྙིང་པའི་གད་སྙིགས་རེད།
ཟམ་གདོང་བླ་མའི་ཆབ་སྲིད་རེད།
ཨི་བདེན་མི་བདེན་ག་ལེར་གཟིགས།
ཨ་ཁ་ཁ། དམངས་གཙོ་དར་ལ་སྨིན་མི་འདུག་ཞེས་མང་མང་བཤད་བཞིན་པའི་གཏམ་དེ་བདེན་པ་ཡིན་པ་འདྲ། སྤྱིར་ན་དམངས་གཙོའི་སྤྱི་ཚོགས་ཞིག་ཡིན་ན་ལྟ་གྲུབ་འདྲ་མིན་ཡོང་ཆོག་ལ་དམངས་གཙོ་ཡར་རྒྱས་ལ་སྐུལ་འདེད་དང་། དམངས་གཙོའི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཀྱང་རེད། འོན་ཀྱང་ལྟ་གྲུབ་གཅིག་མ་གཏོགས་ཡོང་མི་ཆོག་པ་དང་ལྟ་གྲུབ་གཞན་ཡོང་ན་ཧ་ལམ་གཅིག་བྱེད་རྒྱུ་དང་བཏང་རྒྱུ་ཞིག་ཡོད་མདོག་བྱེད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། དེ་འདྲའི་བྱེད་རྒྱུ་བཏང་རྒྱུ་ཞིག་ཡོད་ན་ཁ་ཀྲུང་ནན་ཧེའེ་ལ་མ་བསྐོར་བ་ཅི་ཡིན་ནམ།
སྐུ་ཞབས་མིག་བརྒྱད་ལགས།
ངས་བཤད་པ་དེ་ཧ་ཅང་ཐག་རིང་སོང་ནི་མ་རེད། སྐུ་ཉིད་ཀྱི་གཟིགས་རྒྱང་ཐུང་སོང་ནི་རེད། གཉའ་ཁྲི་བཙན་པོ་ནས་འུ་དུམ་བཙན་པོ་བར་ལོ་ངོ་ཇི་ཙམ་སོང་ནི་རེད། དུས་རྒྱུན་དེའི་རིང་བཙན་པོའི་རྒྱལ་རིགས་ཀྱིས་བོད་ལ་དབང་བསྒྱུར་གྱི་ཡུན་ཚད་དང་། བོད་ཡོངས་རྫོགས་གོང་བུ་གཅིག་གྱུར་བཟོ་ཐུབ་པའི་ནུས་ཤུགས། ད་དུང་བཙན་པོའི་སྙིང་སྟོབས་ལ་གཞིག་ན་བོད་སིལ་བུའི་དུས་ཡུན་དང་ས་ཕག་རིན་གཙང་སོགས་མཐའ་མ་དགའ་ལྡན་ཕོ་བྲང་གི་དུས་ཡུན་ལ་བོད་རྒྱལ་ཁབ་དེ་གོང་བུ་གཅིག་བསྒྱུར་གྱིས་ཆབ་སྲིད་དབང་བསྒྱུར་བྱེད་པར་དཀའ་ངལ་ཅི་ཡང་མེད་ངེས་རེད། དཔེར་ན་ནུབ་ཕྱོགས་དམངས་གཙོར་གྲགས་པ་ཚོ་ཡང་རྒྱལ་རྒྱུད་རིང་ལུགས་མཇུག་སྒྲིལ་ནས་དུས་ཡུན་ཞེ་དྲག་ཕྱིན་མེད་པ་རེད། དེས་ན་ཤན་པ་དཔལ་རྡོར་གྱིས་བཙན་པོའི་གདུང་རྒྱུད་དར་མ་འུ་དུམ་སྐུ་དཀྲོངས་ནས་བྲོས་བྱོལ་ཕྱིན་པ་དེས་བོད་རྒྱལ་ཁབ་ཆེན་པོ་དེ་སིལ་བུར་འཐོར་སོང་བ་རེད་ལ། ལོ་ངོ་བཞི་བརྒྱ་ལྷག་ཙམ་སིལ་བུར་གནས་དགོས་བྱུང་བ་མ་ཟད་ས་སྐྱས་ག་ལེར་སོག་པོའི་འདྲེ་ལག་བསྐྱངས་བཅུགས་པ་རེད། དེའི་རྒྱུན་དགའ་ལྡན་ཕོ་བྲང་ལ་ཡང་སོག་པོའི་འདྲེ་ལག་བསྐྱངས་རྒྱུ་བྱུང་བ་རེད་ལ། མན་ཇུའི་འདྲེ་ལག་བསྐྱངས་ནས་མཐར་གུང་ཁྲན་དངོས་སུ་གདན་དྲངས་པ་མ་རེད་པས། བྱས་ཙང་ངས་ཤན་པ་དཔལ་རྡོར་གྱིས་གྲུབ་མཐའ་གཅིག་གི་དོན་དུ་བཙན་པོ་དར་མ་དཀྲོངས་པའི་མཇུག་འབྲས་ད་ཆ་གཞི་ནས་མངོན་འགྱུར་བྱུང་བ་རེད་ཟེར་བ་དེ་དོན་ལ་གནས་ཡོད།
ཤར་ཁུག་གིས་༧ གོང་ས་མཆོག་གི་བཀའ་སློབ་ཀྱི་གོ་སྐབས་འདི་བརྒྱུད་ནི་ཡང་དཀྲུག་མར་དཀྲུག་བྱེད་དེ། དགྲ་དགའ་གཉེན་འདུག་གི་ལས་འགུལ་སྤེལ་ཚར་སོང་། དཔྱོད་ལྡན་ཞིག་ཡིན་ན་ཤར་ཁུག་གི་རྗེས་སུ་འབྲང་མཁན་མེད།
ཡང་འདིས་དངུལ་ལོ་ཙམ་གྱི་ཕྱིར་དུ་སྡིག་པ་དམིགས་བཙུམ་བྱེད་འདོད་ནི་རེད།
བོད་ཀྱི་བསམ་བློ་པ་དང་ཚོགས་པ་སྐད་གྲགས་ཅན་ལ་དགག་པ་རྒྱབ་པ་ནི་་དོན་དངོས་བྱེས་འབྱོར་གྱི་བོད་མི་རྣམས་ཕྱོགས་ཁག་གཉིས་སུའི་གྱེར་བའི་སྔ་ལྟས་ཡིན་པས་རབ་བྱུང་ན་ཕན་ཚུན་དགག་ཡིག་མ་བྲིས་ན་ལེགས། གཞན་རྣམས་འུ་ཐུག་ཏུ་བཅུག་ན་ཕྱུགས་ལྡན་ཚོགས་པ་ལྟར་འོས་ལངས་བྱེད་མི་སྲིད་པ་མིན། མི་སུ་ཡིན་ཡང་འུ་ཐུག་རྒྱུ་ཡོད་ཅིང་བོད་མི་ཡོད་ཚད་གྱི་བསམ་པ་གཅིག་ཡིན་དགོས་བའི་ངེས་བ་མེད་པས་ཡིན། བོད་ས་མ་ཤོར་བའི་སྔོན་བོད་པ་ཡོད་ཚད་ཀྱི་བསམ་བློ་གཅིག་གྱུར་བཟོ་མ་ཐུབ་པ་ད་ལྟ་དེ་བས་དཀའ། དགྲ་ཡིས་གཉེན་རྣམས་གཅིག་གྱུར་བཟོ་བའི་དཔེར་ལྟར་དེང་སྐབས་ཅུང་མཐུན་པོ་ཡོད་པའང་རྒྱ་ནག་གི་བཀའ་དྲིན་ཡིན་ཞིང་། དེ་ངོས་ཟིན་ནས་ཕན་ཚུན་ལ་དགག་པ་མ་རྒྱབ་ན་ལེགས། སྒེར་གྱི་ལྟ་གྲུབ་མི་མཐུན་པ་གོ་སྐབས་སུ་སེམས་ནས་དེ་བས་དགག་པ་མ་རྒྱག་ན་ལེགས། དེ་ལྟར་བྱས་ན་བོད་ཀྱི་མཐུན་སྒྲིལ་ལ་གནོད་པ་ལས་ཕན་ཐོགས་མེད་པས་ཡིན། དེ་ནི་ཕྲན་གྱི་བསམ་ཚུལ་ཡིན།
གནས་ལུགས་བཤད་དགོས་པ་དེ་གལ་ཆེན་རེད། ༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་པར་གསལ་བཤད་ཚ་ནན་བྱས་པ་ལས་གཞོན་ནུ་སོགས་ཟུར་འབུད་བྱས་ན་བྱས། དེ་ཅི་གང་མ་རེད། ག་བ་འགྲོ་ན་འགྲོ བོད་མི་ཚོས་ནམ་ཞིག་༧རྒྱལ་བ་རིན་པོ་ཆེ་ལྟར་དོན་གྱི་བདག་པོས་ཚིག་ཏུ་བཅད་པའི་མཁྱེན་དཔྱོད་ན་མཉམ་པ་ཞིག་ཡོང་ན་ཁ་ཁ་རེད་མ་གཏོགས། དེ་མིན་༧གོང་ས་མཆོག་གི་དགོངས་གཞི་བོད་མི་རིགས་ཀྱི་སྲོག་དང་ལམ་སྟོན་ཉམས་ལེན་མ་བྱས་ཚེ་གྱོང་བོད་ལ་རེག་གི་རེད།།
ཤར་ཕྱོགས་ཁུག་རྟའི་རྩོམ་འདིར་ལོ་རྒྱུས་ཀྱི་གནས་ཚུལ་ལས་ཆོལ་གསུམ་ཆིག་སྒྲིལ་གྱི་གནས་བབ་གླེང་བ་དང། འབྱུང་འགྱུར་ཆིག་སྒྲིལ་སྲ་བརྟན་དགོས་ཚུལ་རེ་བ་གནང་འདུག་པ་ལས། ལྟ་གྲུབ་ཀྱི་སྐད་ཆ་གང་ཡང་མི་འདུག དེས་ན་དོལ་རྒྱལ་རྗེས་འབྲངས་པ་དང་རྒྱ་མིའི་ལས་བྱེད་པ་མིན་ན། དོན་དམ་གྱིས་གླེང་སློང་གནང་ན་རྩ་དོན་ཐོག་ཕན་གི་རེད། མི་རབས་གསར་པའི་ནང་རྒྱུ་མཚན་མི་ཤེས་པའི་ཕྱོགས་འཐེན་གྱི་དྲི་ཁྱབ་ཡོད་པ་གསལ་བོ་རེད། མི་རབས་གསར་པའི་རྩོམ་པ་པོ་ཞིག་གིས་མི་རབས་གསར་པའི་དམིགས་བསལ་ཆིག་སྒྲིལ་གྱིས་རྒྱུ་མཚན་གྱི་རྗེས་སུ་འབྲངས་དགོས་ཞེས་པ་འདིར་ངེད་རང་ནས་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད།།
ཤར་ཕྱོགས་ཁུག་རྟ་ལགས་ནས་སྲིད་སྐྱོང་མཆོག་ལ་གཞི་མེད་སྐྱོན་འདོག་དེ་རིགས་བྱས་མེད་ན་རེ་བ་རྒྱག་སའི་མི་ཞིག་ཡིན། འོན་ཀྱང་བྱེད་སྟངས་དེས་མི་མང་པོ་ཞེན་པ་ལོག་བཅུག་ཡོད། རྗེས་མ་ནས་ལམ་ནོར་ལྡོག་ཤེས་བྱས་པ་ཡིན་ན་ངའི་ངོས་ནས་རྒྱབ་སྐྱོར་བྱེད་ངེས་ཡིན།
འདི་ཤར་ཁུག་མས་བྲིས་པ་དང་རྐུས་པ་གང་ཡིན་མི་ཤེས། འོན་ཀྱང་གཙོ་བོ་ཆིག་སྒྲིལ་སོགས་གླེང་ཡོད་པ་ཡིན་དུས། རྒྱ་ཤར་ཁུག་གི་སྐད་ཆ་འདྲ་བོ་མི་འདུག གལ་སྲིད་རྒྱ་ཤར་ཁུག་མས་བྲིས་པ་ཡིན་དབང་དུ་བཏང་རུང་ཁ་ཁོག་མཚུངས་ཀྱི་མི་འདུག ༧གོང་ས་མཆོག་གི་བཀའ་ལ་བརྟེན་ནས་བོད་མི་ནང་ཁུལ་བརྒོལ་རྡུང་བྱེད་པ་འདི་ཉོབ་ལུད་ཚོགས་པ་དང་མགོ་འདོགས་རིང་ལུགས་པའི་བྱེད་ཐབས་རྙིང་པ་ཞིག་རེད། ཡང་སྙིང་གོ་ས་མཆོག་གི་ལྟ་གྲུབ་འདྲ་མིན་ཡོད་ཆོག་པ་དང་ཡོང་དགོས་པ་དགོངས་པ་ལས། གཅིག་བསྡུད་དང་སྒེར་སྤྱོད་རིང་ལུགས་ཤུལ་འཛིན་གནང་འདོད་ཡོད་རྒྱུ་མ་རེད་བསམ་གྱིས་འདུག ཉོབ་ལུད་ཚོགས་པ་དང་མགོ་འདོགས་རིང་ལུགས་པ་ཚོ་རང་བཙན་ཁ་ནས་ཐར་སོང་ན་བོད་དོན་འགྲུབ་བསྡད་ཡོད་པའི་ཟོ་འདྲ་སྟོན་པ་འདི། བོད་མིའི་མངོན་འདོད་མ་ཡིན་ཀྱང་རྒྱ་ཤར་ཁུག་དང་བཅས་པའི་ཕུགས་བསམ་ཡིན་པ་སྨོས་མེད་འདྲ།
དབང་ཆའི་དཀྱིལ་འཁོར་གསར་དུ་བཞེངས་པ་ཡིན་སྟབས། གསར་རྙིང་ཐམས་ཅད་རེ་ཞིག་ཐོམ་འཁྲུག་འབྱུང་བ་ཆོས་ཉིད་ཡིན། ཐུགས་ཁྲལ་མ་གནང་། ༧གོང་ས་ཆེན་པོས་བསྟན་གནང་བའི་ལམ་ནི་བདེ་སྐྱིད་ཀྱི་ལམ་ཡིན། ལམ་འདིར་ཞུགས་ཟིན་པ་རྣམས་ཕྱིར་མི་ལྡོག་པའི་དམ་བཅའ་བརྟན་པོས་མུ་མཐུད་མདུན་དུ་བསྐྱོད་དགོས། མཚམས་མ་འཇོག བདེ་སྐྱིད་ཀྱི་སྐྱ་རེངས་འཆར་ལ་ཉེ། རྒྱལ་ཁ་ཡི་རྔ་སྒྲ་བསྒྲག་ལ་ཉེ།
དྲ་གྲོགས་རྣམ་པས་ལེགས་ཉེས་ཀྱི་བསམ་ཚུལ་ལྷུག་བརྗོད་བྱས་པ་དགའ་ཡོད། ངས་ཤོབ་བཤད་པ་མིན་ཏེ། གནད་དོན་འདི་རྣམས་ལ་ཁྱོན་ཡོངས་ནས་མ་གཟིགས་ཚེ་དཀའ་ངལ་གང་ཡིན་ངོས་ཟིན་ཐོབ་རྒྱུ་ཁེག་པོ་རེད། གཉིས་ནས་འདིར་ལངས་ཕྱོགས་ཀྱི་རྩོད་པ་གཏན་ནས་ཡོད་པ་མ་རེད། དཀྲོག་གཏམ་རྗེས་ཀྱི་༧གོང་ས་མཆོག་དང་བཀའ་སྤྱི་གཉིས་ཀྱི་གསལ་བཤད་རྣམས་ཐོན་རྗེས། སླར་ཡང་མི་སྣ་འདིའི་རིགས་ཀྱིས་དཀྲོག་གཏམ་གྱི་ཁ་དཀྲི་ས་ལངས་ཕྱོགས་སྟེང་ཁྲིད་ཨེ་ཐུབ་ལྟ་བ་ནི་ཐག་བཅད་ནས་ཞུ་ཐུབ་པ་འདུག ངེད་ནས་ཁོམས་ལོང་བྱུང་མཚམས་འདིའི་སྐོར་ལོ་རྒྱུས་ནང་གནས་ཆེད་སྔ་ཕྱིའི་གནས་ཚུལ་ཞིབ་རྒྱས་ཤིག་འབྲི་ངེས་ཡིན་པ་དེ་ཙམ་ཞུ་འདོད་བྱུང།། གླེང་དོན་དང་འབྲེལ་ནས་དྲི་བ་ཡོད་ན་དགའ་བསུ་ཡོད།།
བདག་གིས་བརྩི་བཀུར་བྱེད་ཡུལ་ཆོས་སྲིད་ཀྱིས་ཕྱུག་པའི་གང་ཟག་རེ་འགའ་ཕེབས་ནས་འདིར་བསམ་ཚུལ་སྤེལ་འདུག་པས་དགའ་ཡོད།།
རྒྱལ་བ་རིན་པོ་ཆེར་བཅོས་རོགས།
ཤར་ཁུག་ལས་ལྷགས་ཤིག་བཙན་བྱོལ་ནང་མེད
ལ་ལ་རྩོམ་ལབ་ན་འདི་ནོ་འབྲི་དགོས་པ་རེད།
ཨ་ཁུ་ཤར་ཁུག རྒྱ་དར་དམར་པོ་དང་ཆོལ་གསུམ་མཐུན་འབྲེལ་དབར་གྱི་འབྲེལ་བ་ཅི་ཞིག་རེད།
བཀའ་བརྩི་གི་ཡིན་་་ཧ་ཧ་ཧ། ད་བརྩིས་བརྩི་རྒྱུ་ཡོད་ཚད་པོ་བརྩིས། བཙོང་རྒྱུ་ཡོད་ཚད་པོ་ཚོང་།
ད་ཅི་བཤད་རུང་དབུ་མའི་ལམ་གད་སྙིགས་ཆགས་ཚར་རེད། དེ་ནི་རྒྱ་འདྲེ་ཏིང་ཞི་ཕང་གིས་སྐད་ཆའི་སྐྱུགས་རོ་རེད། རྒྱ་འདྲེ་དེའི་སྐད་ཆ་བདག་པོ་བརྒྱབ་ནས་ལོ་ད་ལྟ་བར་བསྡད་རེད། རྒྱལ་ཁབ་དང་མི་རིགས་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་ན།་དེ་ལ་ཡིད་ཆེས་ཡོད་པ་མ་རེད། དེ་མིན་གཞན་དམིགས་ཡུལ་ཡོད་ན་མི་ཤེས།
དངོས་གནས་རྣམ་དཔྱོད་ཀྱི་མིག་ཤེལ་གྱོན་ལོ་རྒྱུས་ལ་རྒྱབ་བརྟེན་བཅོལ་གནས་ལུགས་ཀྱིས་རྨང་གཞི་བྱས་པའི་དཔྱད་བརྗོད་འདི་ལ་མི་འདོད་པའི་ཐལ་བ་འཕེན་མཁན་མཚོ་མོ་ནས་བོད་གཞུང་དགོས་པའི་དགོས་འདུན་དང་བོད་རང་བཙན་ལ་སྡང་ཟུག་ཆེ་བའི་ཁྱེད་དང་ཁྱེད་ཀྱི་སྡེ་དེ་ད་གཟོད་བོད་ཕྱི་རབས་ཀྱི་ཞབས་འདྲེན་རེད་ཟེར་བ་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་བོད་མི་བརྒྱ་ཆའི་དགུ་བཅུ་དང་དཔལ་ལྡན་བཀའ་ཤག་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བར་ཁྱབ་ཡོད་པས་ཕྱི་རབས་བོད་མིའི་ཞབས་འདྲེན་ཡང་ཁོང་ཚོ་རེད། དེས་ན་བོད་མི་རིགས་ཀྱི་དགོས་འདུན་བོད་རང་བཙན་རྩོད་སྒྲུབ་པར་ཁས་ཆེ་བའི་མི་སྒེར་དང་ཚོགས་པ་ཁག་ཅིག་གིས་བཙན་བྱོལ་གྱི་མི་ལོ་ལྔ་བཅུ་ནང་རང་བཙན་སྒྲུབ་པའི་འཇུག་འབྲས་གསལ་སྟོན་གནང་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་དང་དེ་འཛིན་གྱི་སྐྱེས་བུ་རྣམ་ནི་ཕྱི་རབས་བོད་མིའི་ཞབས་འདྲེན་རེད་ཟེར་ན་ད་བཟོད་གནས་ལུགས་སུ་གོ་ཆོག་པ་ཞིག་རེད།དེ་མིན་རང་ཉིད་ཀྱི་བསམ་ཚུལ་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས་གང་བྱུང་མི་ལ་སྡིག་ར་བསྐུལ་ན་འོས་མཚམས་མི་འདུག མང་པོ་ཞིག་གིས་བསམ་ཚུལ་དང་དཔྱད་བརྗོད་གང་སྤེལ་ཡང་བརྩམས་ཆོས་ཀྱི་ལེགས་ཉེས་འཐེར་འདོན་མི་བྱེད་པར་རྩོམ་པ་པོའི་སྐྱོན་རྐྱང་རྐྱང་ལ་མཛུབ་མོ་འཛུགས་པ་ནི་ཤིན་ཏུ་མི་འོས་པའི་སྤྱི་ཚོགས་དཀྲིག་གཞི་རུ་འགྱུར་ཉན་ཆེ་བའི་གཟབ་མནན་གནང་བར་གལ་ཆེ་བར་བསམ།
འོད་ལྡན་ཅན། ཁྱོད་ཀྱང་མགོ་བོ་འཁྲགས་སེ་འདུག་ད། མ་གཞི་རང་བཙན་རྩོད་མཁན་ཚོས་བརྩད་ནས་མ་ལོན་པ་དེ་གནད་འགག་མ་རེད། མ་དགོས་ལབ་ནས་བཙོང་མཁན་ཚོ་དེ་ཞབས་དྲན་རེད། མི་བདེན་ན་ལོས་རྒྱུས་ཀྱིས་ཁ་གྲགས་གི་རེད། སྒུག་དང་།
དྲ་གྲོགས་ངེས་པར་དུ་གཟབ་གཟབ་བྱ་དགོས། ཤར་ཁུག་གིས་དེ་སྔོན་བཀའ་ཁྲི་མཆོག་དང་མི་མང་དབར་དཀྲུག་ཤིང་ག་ཚོད་བརྒྱབ་མ་སོང་ངམ། ཡང་དེ་རིང་སྐབས་དེ་འདྲ་ཟུང་དགྱ་དམར་གྱིས་མིག་ནང་གི་ཐལ་བ་ལྟ་བུའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་མང་ཚོགས་དབར་དཀྲུག་ཤིང་གང་འདྲ་བརྒྱབ་ཀྱི་མི་འདུག་གམ།
ཤར་ཁུག་ཟེར་བ་དེ་སྐབས་འཚོལ་རིང་ལུགས་པ་ཞིག་རེད།
ཕུར་སྟོབས་ཉོན་ཤིག །རང་བཙན་བཙོང་མཁན་སུ་ཡིན་ནམ་་་དེ་ལྟར་བུ་དབང་ཚད་ལྡན་པའི་མི་དེ་གང་དུ་ཡོད་དམ། འོ་ན་་་སྐབས་དེ་དུས་ཁྱོད་རང་མགོ་དོང་ནང་དུ་བཅུག་ནས་བསྡད་པ་ཡིན་ནམ། བཙོང་ནས་རིན་པ་ག་རེ་ཐོབ་ཡོད་པ་རེད། རིན་པ་དེ་སུའི་བདག་ཡོད་དམ། སྐད་ཆ་འགན་ཁུར་མེད་པ་དེའི་རིགས་མ་བཤད་ན་མི་འཛེས་སམ། འོ་ན་་་་ཁྱོད་ལ་འདི་ལྟ་བུའི་དཀྲུགས་ཤིང་བཟོ་དགོས་པའི་འགན་ཞིག་ཡོད་ན་ལབ་ཡ་མེད།
ཤར་ཕྱོགས་ཁུག་རྟ་བཤད་པའི་སྐད་ཆར་དེ་དངོས་གནས་རྒྱུ་མཚན་ཡང་དག་རེད། དེང་སྐབས་སྐབས་འཚོལ་རིང་ལུགས་པ་འཇམ་དབྱངས་ནོར་བུ་དང་། ལྷག་བསམ་ཚེ་རིང་། ཚེ་དབང་རིང་འཛིན་ཀླུ་མཁར་བྱམས་བཅས་མི་ངན་ཁ་ཤས་ཀྱི་གོང་༧ས་མཆོག་གི་ལོ་ངོ་དྲུག་བཅུ་རིང་ལ་ཀ་ལས་རྒྱབ་པའི་འབྲས་བུ་དེ་ཆུ་ནང་ལ་དབྱུགས་ཡར་གྱི་དམིགས་ཡུལ་ངན་པ་བྱས་ཀྱི་འདུག་པས་མི་ངན་དེ་ཚོ་མགོ་སྐོར་འོག་ཏུ་མ་ཚུད་པ་ཚང་མའི་ཡིད་གཟབ་གནང་རོགས་ཞུ།
འཇམ་དབྱངས་ནོར་བུས་འདི་ཟེར་གྱི་འདུག
སྒྲིག་འཛུཊ་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད།
འདོན་སྤེལ། ༢༠༡༢/༠༧/༠༢
ཉེ་བའི་ལོ་འགའི་ནང་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་པའི་ཐད། རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལུགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། བཀའ་སྤྱི་གཉིས་ཀྱིས་བོད་ནང་གི་མེར་བསྲེགས་ལས་འགུལ་ཐོག་ཕྱག་ལས་གནང་སྟངས་ལ་འདོད་པ་ཁེངས་ཀྱི་ཡོད་མེད་དང་། མེད་ཚེ་ལས་དོན་གང་འདྲ་ཞིག་བརྩམ་དགོས་པར་མཐོང་གི་ཡོད་དམ།
ལན། ད་སྐད་ཆ་དྲང་པོར་བཤད་ན། སྔོན་མ་བཙན་བྱོལ་གཞུང་ཞིག་ཡོད་པ་རེད། ད་ལྟ་སྒྲིག་འཛུགས་ཡིན་གཞུང་མིན་ཟེར་གྱི་ཡོད་པ་རེད། དེར་བརྟེན་ང་ལ་ཅི་གང་ལབ་རྒྱུ་མེད། སྒྲིག་འཛུགས་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད། སྔོན་མ་ནས་རེ་བ་བཅོལ་བསྡད་ན་མར་ཆགས་ཡོང་དུས། ངས་མང་པོ་བཤད་བསྡད་ན་ཆོ་མི་འདུག ཕན་ཐོགས་ཀྱི་མི་འདུག དངོས་ནས་རང་གི་གཞུང་ཡིན་ན་བརྩེ་དུང་ཞུ་དགོས་པ་རེད། ད་འདི་སྒྲིག་འཛུགས་ཤིག་རེད། ད་ང་རང་ཚོ་བོད་མི་སོ་སོ་རང་ཉིད་ཀྱི་ངོས་ནས་ཤུགས་རྒྱག་དགོས་ཀྱི་འདུག འདི་ལ་རེ་བ་བཅོལ་ནས་བསྡད་ན་ཆོ་གཅིག་ཀྱང་མི་འདུག འདི་ནས་ཅིག་མ་འགྲིག་པར་ཁ་བཏང་སྟེ། ལས་ཀ་ཞིག་བྱེད་དགོས་པ་རེད་ཟེར་ནས་ལབ་ས་ཡོད་པ་མ་རེད། ཁོ་ཚོར་འདི་ལས་ལྷག་པ་ཞིག་འཇོན་རྒྱུ་ཡོད་པ་མ་རེད། དཔེར་ན། མི་མིག་མེད་མཁན་ཞིག་ལ་མཐོང་དགོས་པ་རེད་ཅེས་ལབ་ན་འགྲིག་གི་མ་རེད། ཁོ་ཚོས་ད་ལྟ་ད་དུང་རྒྱ་ནག་ལ་རེ་བཅོལ་བསྡད་ཡོད་པ་རེད།
ང་ནི་མི་རྒན་ཞིག་ཡིན་པས། བོད་ཀྱི་སྐད་ཀྱི་མིང་ཚིག་རྣམས་དཔེ་ཅག་དག་ན་གསལ་བ་ལྟར། སླ་བའི་ལྡོག་ཕྱོགས་གང་ཡིན་པ་དེ་མ་བཀོལ་བར་ཁ་ཤས་ཀྱིས། ཁག་པོ་རེད། ཡང་ཁ་ཤས་ཀྱིས། ཁེག་པོ་རེད། ཚིག་ལ་གཅིག་མཐུན་མ་བྱུང་ན། དོན་ལ་གཅིག་མཐུན་ག་ལ་འོང་། སེམས་དགོས། ཞེས་སོ།།
ད་རེས་ཤར་ཁུག་གིས་བྲིས་པར་མོས་མཐུན་ཡོད། ཨ་རིར་བཅའ་སྡོད་འཇམ་ནོར་སོགས་སྐུ་དྲག་གི་རྒྱུད་འཛིན་པ་ཁ་ཅིག་གིས་བོད་དོན་ལ་ཁ་གཡར་ནས་དགྲ་དགའ་གཉེན་སྡུག་གི་ལས་གང་མང་ཞིག་བྱས་པ་རེ་རེ་ནས་བགྲང་མི་དགོས་པར་ཉེ་ཆར་༧གོང་ས་མཆོག་གི་བཀའ་སློབ་ཉན་ན་དེས་གསལ་པོ་ཤེས་ཐུབ། གང་ལྟར་འཇམ་ནོར་སོགས་ཀྱིས་བོད་རང་ལ་ཡོད་པའི་ནོར་བུ་འདི་ནོར་བུ་ཡིན་པ་ངོས་མ་ཟིན་པར་སྤྱི་ཚོགས་ནང་དཀྲོགས་གཏམ་ལུ་གུ་བརྒྱུད་ནས་སྤེལ་བསྡད་ན་གྱོང་རག་ས་བོད་སྤྱི་བ་ཡིན་པས་ཚང་མས་འདི་ལ་དོ་སྣང་བྱེད་དགོས།
འཇམ་ནོར་གྱིས་བཤད་པ་ལྟར་རེ་བ་བརྒྱག་ས་གེ་ལྷག་་ཡོད་པ་མ་རེད། འོན་ཀྱང་རྙོག་དྲ་ཡོང་ས་ཞིག་ལྷག་ཡོད་པ་རེད། རྙོག་ཡོང་ས་དེ་རྡ་ས་རེད། རྡ་སའི་བཀའ་སྤྱི་གཉིས་རེད། བཀའ་ཤག་གི་ནང་གི་གཏེ་བོ་བློ་བཟང་སེང་གེ་རེད། འདི་འདྲ་ལབ་ན་ཀླད་མེད་མང་པོ་དགའ་གི་མ་རེད། འོན་ཀྱང་འོག་ཏུ་རྒྱུ་མཚན་ཆུང་ཆུང་གཉིས་ཙམ་འགོད།
དང་པོ། དང་པོ་སེང་གེ་འོས་མིར་ལངས་པ་རིམ་གཉིས་ཀྱི་ཐོག་ནས་ལས་འགུལ་སྤེལ་བ་རེད། དང་པོ་ཁོ་རང་ས་གནས་ཁག་སོ་སོ་ལ་ཆེད་དུ་སོང་ནས། ཆིག་སྒྲིལ་དང་རང་ཁ་རང་གསོ། གསར་གཏོད་ཟེར་བ་སྤྱད་ནས་འོས་རག་ཐབས་བྱས་པ་རེད། དྲང་པོ་བཤད་ན་གསར་གཏོད་དང་རང་ཁ་རང་གསོ། ཆིག་སྒྲིལ་ག་འདྲ་བྱས་ནས་བྱེད་དགོས་མིན་སེང་གེ་ལ་འཆར་གཞི་དང་རྒྱུས་མངའ་ཡོད་པ་མ་རེད། བྱས་ཙང་ལོ་གཅིག་གི་རྗེས་ནས་ལས་བསྡོམ་བརྒྱག་སྐབས་སུ། བྱས་ཙང་སེང་གེས་དམིགས་བསལ་གསར་གཏོད་སོགས་ཡར་རྒྱས་ཆེན་པོ་གཏོང་ཐུབ་མེད་ཀྱང་། འཐུས་ཤོར་བཏང་མེད་ཟེར་བ་དེ། འོན་ཀྱང་འོས་ལངས་སྐབས་ཁོས་གསར་གཏོད་མང་པོ་བྱེད་རྒྱུ་ཡིན་ཟེར་ནས་འུར་ཆེན་པོ་བརྒྱབ་པ་རེད། ཁོས་དང་པོ་འོས་བསྡུའི་སྐབས་ཡར་རྒྱས་གཏོང་ཁག་པོ་རེད། ཡིན་ནའང་འཐུས་ཤོར་གཏོང་གི་མིན་ལབ་ཡོད་པ་མ་རེད། གསར་གཏོད་བྱེད་རྒྱུ་ཡིན་ཟེར་ནས་འུར་བརྒྱབ་ཡོད་པ་རེད། འོན་ཀྱང་ད་ལོ་བློ་བཟང་སེང་གེས་ལོ་གཅིག་ལས་ཁུར་ཞུས་རྗེས་ཀྱི་ལོ་འཁོར་ལས་སྡོམ་གྱི་ནང་དོན་མདོར་བསྡུས་ན། སྔོན་མ་ངས་རྫུན་བཤད་ཡིན། ཚིག་པ་མ་ཟ་རོགས། གསར་གཏོད་གེ་བཏང་ཡ་རག་མ་སོང་ལབ་པ་དང་གཅིག་པ་རེད།
གཉིས་ཆིག་སྒྲིལ་སྐོར་རེད། ཁོས་ཕྱག་རོགས་བཀའ་བློན་འདེམས་སྐབས་ཆིག་སྒྲིལ་ཟེར་བ་རྒྱབ་ཏུ་བསྐྱུར་ནས། བཀའ་ཀག་གི་ནང་ཆོལ་གའི་དཔུང་སྒྲིག་ཡོད་པ་རེད། བོད་མི་སྤྱི་ཡིད་ཆེས་དང་དགའ་མོས་བྱེད་སའི་བཀའ་ཤག་ཁྲིམས་མཐུན་ཞིག་བཙུགས་ཐུབ་ཡོད་པ་མ་རེད། ཁོ་རང་གི་དགའ་བོ་ཉེ་བོ་ཁ་ཤས་ཆ་རྐྱེན་མི་ཚང་བཞིན་བཀའ་བློན་ཟེར་བའི་མིང་རེ་བཏགས་ནས། ས་ཡ་དྲུག་གི་རེ་ལྟོས་བྱེད་སའི་བཀའ་ཤག་ཟེར་བའི་ལས་ཁུངས་དེ་དཔང་ཁག་གཅིག་གི་སྒེར་བཛིན་བྱས་པ་རེད། དཔེར་ན་བཀའ་བློན་ཚོས་ནང་ན་མདོ་སྨད་ཀྱི་འཐུས་མི་ཕྱེད་ཀ་ཞིག་ལས་ཡོད་པ་མ་རེད། གཞན་ཡང་བོད་མི་ཆེས་མང་པོ་ཞིག་གིས་ཡིད་ཆེས་དང་རེ་ལྟོས་བཅོལ་ས་བཀྲས་མཐོང་ཕྱག་རོགས་བཀའ་བློན་དུ་མ་འདེམས་པ་ཆེས་བྱས་ཉེས་ཤིག་རེད། དེ་ནི་བོད་མི་ཁྲི་མང་པོ་ད་ལྟའི་བཀའ་ཤག་ནང་གི་ནང་ཡིད་ཆེས་དང་རེ་བ་བརྒྱག་ས་མེད་པ་བཟོས་པ་རེད། འཆལ་བོ་འཆལ་མོ་ཁ་ཤས་ཁ་མཐུན་ནས་ག་བྱུང་མང་བྱུང་བཤད་བསྡད་ཡོད་པ་མཐོང་གི་ཡོད་རེད། ཆིག་སྒྲིལ་ལ་འགན་ཁུར་འདོད་ཡོད་ན། བཀྲས་མཐོང་རྣམ་རྒྱལ་ཕྱག་རོགས་བཀའ་བློན་དུ་འདེམས་ཡོད་ན། ཁོང་གི་རྒྱབ་སྐྱོར་ཚང་མ་བློ་འགུག་བྱུང་ཡོད་པ་རེད། བཀའ་ཤག་ལ་ཁ་ཁོར་ནས་རྒྱབ་སྐྱོར་བྱེད་ཀི་རེད། འོན་ཀྱང་ཡིད་ཆེས་དང་རེ་བ་མེད་སའི་མི་རྐྱང་རྐྱང་ལ་སུ་ཞིག་གིས་རྒྱབ་སྐྱོར་དང་བརྩི་བཀུར་ཞུ་གི་རེད། ཡང་སྙིང་བཀའ་ཁྱི་སེང་གེས་ལས་རོགས་བཀའ་བློན་འདེམས་སྟངས་དེ། བོད་མིའི་སྤྱི་ཚོགས་ཆིག་སྒྲིལ་མེད་པར་དུམ་བུ་གཉིས་གསུམ་ཞིག་ཏུ་གྱེས་འགྲོ་རྒྱུའི་རྨང་གཞི་བསྐྲུན་པ་རེད། དེའི་ཕྱིར་ཁོས་བཤད་ཆིག་སྒྲིལ་ཟེར་བ་དེ་ཡང་རྫུན་གཏམ་ཡིན་པ་གསལ་བོ་ཆགས་པ་རེད།
སེང་གེས་བྱས་ཉེས་འདི་དག་མ་ཤེས་པར་བྱས་པ་ཡིན་ན་ནི། ཁོ་རང་བོད་ཀྱི་ཆབ་སྲིད་པ་བྱེད་རྒྱུའི་ཆ་རྐྱེན་གལ་ཆེན་དག་མ་ཚང་བ་རེད། དེ་ཉེན་ཁ་ཆེན་པོ་རེད། གལ་སྲིད་ཁོས་བྱས་ཉེས་འདི་དག་ཤེས་བཞིན་ཆེད་དུ་བྱས་པ་ཡིན་ན་བོད་མིའི་་ཆིག་སྒྲིལ་གཏོར་མཁན་གྱི་ཉེས་ཅན་པ་ཆགས་ཀི་རེད། དེའི་ཕྱིར་ཁོ་ལ་རྒྱབ་སྐྱོར་བྱེད་ཐབས་ཡོད་པ་མ་རེད། ཁོ་ལ་ཞེན་པ་ལོག་སྟངས་འདི་འདྲ་རེད།
སྲིད་སྐྱོང་བློ་སེང་གི་གསུང་པ་བཞིན་ཡོང་རྒྱུ་ཁག་པོ་རེད། གང་ལགས་ཞེ་ན་ཁོང་འོས་ཐོབ་རྒྱུ་གཏན་འཁེལ་བ་དང་གཞུང་ཕྱིར་བསྡུ་བྱས་པ་རེད། གསར་གཏོད་ཡོང་ས་འདུག་གམ། དཔལ་འབྱོར་ཕྲན་བུ་ཡོད་པ་རྣམས་བཀའ་ཤག་རྙིང་པས་ཞབས་རིམ་ཡིན་ཟེར་ནས་གྲྭ་ཚང་ཆོས་སྡེ་ཁག་ལ་བསྒོ་བཤའ་བྱས་ཟིན་པ་རེད། རང་ཁ་རང་གསོ་གནས་སྐབས་ཡོང་ས་རེད་པས། བཀའ་ཤག་རྙིང་པས་རྒྱ་མི་ལ་དགོས་པའི་ཆབ་སྲིད་དེ་བཙན་བྱོལ་ནང་ལ་ལོ་བཅུའི་རིང་བེད་སྤྱད་ནས་ཆོལ་ཁ་དང་ཆོས་ལུགས་གསར་རྙིང་བར་དཀྲུག་དཀྲུག་ནས་ཟིང་ངེ་ཟིང་ངེ་བཟོས་ཚར་ཡོད། གཅིག་དྲིལ་ཡོང་ས་རེད་པས། དེ་དག་དུས་ཐུང་ནང་འགྲུབ་རྒྱུ་ཁག་པོ་རེད་བཀའ་ཤག་གསར་པས་འབད་བརྩོན་བྱེད་མུས་ཀྱང་། རྙིང་པའི་ནད་རོ་ད་དུང་སྡད་ཡོད་དེང་སང་བཙན་བྱོལ་སྤྱི་ཚོགས་ནང་སྨྲ་བརྗོད་དང་བསམ་ཚུལ་རང་དབང་འདུག་གམ་ད་དུང་བླ་རྒན་ཚོས་གནོན་ཤུགས་ཡོད་ཡོད་རེད།
བཀའ་ཁྲི་རྗེས་མ་དེ་ཁུག་རྟ་ཡིན་ཨ། བོད་སྐད་ཤེས་པ་ཚང་མས་འདེམས་རོགས།
བཀའ་ཁྲི་བློ་སེང་ལགས་ཀྱིས་བོད་སྐད་མི་ཤེས་ན། བཀའ་ཁྲི་རྗེས་མ་ཁུག་རྟས་ཨིན་ཇི་དང་ཁྲིམས་ལུགས་ཤེས་སམ། ཧ་ཧ། པདྨ་ལགས།
སླ་བའི་ལྡོག་ཕྱོགས་གང་ཡིན་པ་དེ་མ་བཀོལ་བར་ཁ་ཤས་ཀྱིས། ཁག་པོ་རེད། ཡང་ཁ་ཤས་ཀྱིས། ཁེག་པོ་རེད། ཚིག་ལ་གཅིག་མཐུན་མ་བྱུང་ན། དོན་ལ་གཅིག་མཐུན་ག་ལ་འོང་། སེམས་དགོས། ཞེས་བྲིས་ཀྱང་། སུས་ཀྱང་ལན་བརྒྱབས་མི་འདུག སླ་བའི་ལྡོག་ཕྱོགས་མ་རྙེད་ན། དལ་འབྱོར་རྙེད་དཀའ། ཚེ་ལ་ལོང་མེད་པ། ཞེས་པ་མང་པོའི་ངག་ལ་ཡོད་པས། གཟིགས་ན་རྙེད་ངེས་། རྙེད་པ་ཡིན་ན། སྒྲ་འདི་རིན་ཐང་ཅན་ཞིག་ཡིན། འདི་ལ་བདག་པོ་བརྒྱབས་ཏེ། ཡི་གེར་འབྲི་ན། བོད་ཀྱི་མ་འོངས་པའི་མི་ཀུན་ལ་ཕན་ཐོགས་པར་གཏནའཁེལ་ལོ།།
ཁུག་རྟ་ལགས་ཀྱིས།
་་་་་་་ ང་ཚོས་ཐད་ཀར་བལྟས་ན། སྒྲིག་འཛུགས་ཤིག་ལ་བློ་གཏོད་མི་འདུག་ཟེར་མཁན་འཇམ་དབྱངས་ནོར་བུ་དང། བོད་གཞུང་གི་མཚན་དང་ལས་ཐམ་སོགས་ལ་བདག་པོ་བརྒྱབས་ནས་མ་འོངས་པར་བོད་ཀྱི་བདག་པོར་ཕུལ་རྒྱུ་ཡིན་ཟེར་བའི་གཞོན་ནུ་སོགས་ནི་སྒྲིག་འཛུགས་ཙམ་དང་སྒེར་བ་རེ་ཟུང་ཡིན་ནའང་། ་་་་་་་་་་་་་་་་་
ཞེས་དང་།
རང་གཞན་གཉིས་མེད་ཆགས་སོང་ན་འགྲིག་པ་འདྲ་བའི་བྱ་སྤྱོད་འདི་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་། གང་ཡིན་ཟེར་ན། བོད་གཞུང་གི་ཁྲིམས་མཐུན་རྒྱུན་མེད་པ་རེད་ཟེར་མཁན་བོད་མི་ཡིན་ཟེར་མཁན་དག་གིས་དཀྲོགས་གཏམ་སྤེལ་བ་ཡིན་ཙང། དངོས་གནས་བྱས་ན་མི་རིགས་གཞན་དང་རྒྱ་ནག་གི་མདུན་སར་ཤིན་ཏུ་ངོ་ཚ་དགོས་པའི་གནད་དོན་ཞིག་རེད། ་་་་་་་་་་་་་་་་་ཟེར།
སླ་བའི་ལྡོག་ཕྱོགས་ལ་དཀའ་པོ་དང་། དཀའ་མོ་དང་ཁག་པོ་ཡང་། བོད་ཀྱི་ཚིག་མཛོད་ཆེན་མོར་བྲིས་འདུག་ལགས།