ཚེ་རིང་།
སྤྲིན་དཀར་སྤྲིས་མ་བཞིན་ཆགས་པའི་འོག་ཏུ
ཁྱོད་ནི་བརྟན་བརླིང་དང་ལྷང་འཇག་གིས་འཁྱིལ་ནས་འདུག
འདི་ཙམ་ཡང་ཁྱོད་ཀྱིས་མི་ཡུལ་དུ་བཞག་པའི
བླ་ན་མེད་པའི་མཛེས་སྡུག་ཅིག་ཡིན
དབྱར་ཁའི་ནམ་ཟླ་འཇམ་པོ་འདིའི་ཁྲོད་དུ
ད་ནི ཁྱོད་ཀྱི་ངལ་གསོ་ཅུང་ཞིག་བསྟེན་ན་འོས་ཨང
དཀའ་ཁག་གི་ལོ་ཟླ་དུ་མ་ཞིག་བརྒྱུད་བརྒྱུད་པའི་དེ་རིང་
ཁྱོད་ནི་སྔར་བཞིན་ཁྱོད་རང་སྟེ
དུང་སྒྲ་རིང་མོ་དེ་ད་དུང་རྒྱང་ནས་རྒྱང་དུ་མཆེད་ཀྱིན་འདུག་ལ
བསང་དུད་སྔོན་མོ་དེའང་ད་དུང་ཕྱོགས་ནས་ཕྱོགས་སུ་འཐོར་གྱིན་འདུག
འཇིག་རྟེན་འདི་ཇི་འདྲའི་རྒས་ནའང
ཁྱོད་འདི་ལྟར་གསོན་དགོས་ལ
མི་ཚོགས་འདི་ཇི་འདྲའི་འགྱུར་ནའང
ཁྱོད་འདི་ལྟར་འགྲོ་དགོས
2014/08/26–མཚན་མོ།