རང་རེའི་ཆོས་འབྱུང་དང་ལོ་རྒྱུས་ཁག་ཅིག་ཏུ་ཡོངས་སུ་གྲགས་པའི་མི་ཡུལ་གྱི་དག་ཞིང་ཁག་ཅིག་ཡོད་པ་ནི་ཤམྦྷ་ལ་དང་ཟངས་མདོག་དཔལ་གྱི་རི་བོ། པོ་ཊ་ལ་གསུམ་རེད་ལ། རྐང་མགྱོགས་གྲུབ་པའི་མི་བུ་རེ་ཟུང་དེ་རུ་སོང་བའི་ལོ་རྒྱུས་ཀྱང་ཡོད་འདུག་པས། དེར་བགྲོད་པ་ལ་རྫུ་འཕྲུལ་གྱི་ནུས་པ་གཞན་དག་མི་དགོས་པར་རྐང་བ་མགྱོགས་པོ་ཞིག་ཡོད་ན་འགྲིགས་པ་འདྲ་ཞིག་འདུག དེས་ན་གནས་དེ་དག་རྒྱ་གར་དང་བོད་ནས་ཐག་ཅུང་རིང་ས་ཞིག་ཏུ་ཡོད་པ་ལས་དེར་ནམ་ཡང་བསླེབས་རྒྱུ་མེད་པ་ཞིག་ཡིན་ཚོད་མི་འདུག ཡིན་ན་ཡང་། དེང་སྐབས་ཚན་རིག་འཕྲུལ་ཆས་ཀྱིས་ས་སྟེང་ས་འོག་གི་གསང་བ་ལྐོག་གྱུར་གྱི་བྱ་དངོས་གང་མང་ཞིག་གི་གསང་བ་རྗེན་པར་སྟོན་བཞིན་པའི་དུས་སུ། ང་ཚོའི་གནའ་སྔ་མོའི་འགྲོ་བ་མི་རྐང་མགྱོགས་ཅན་ཚོ་སླེབས་ཐུབ་ས་དེར་དེང་སྐབས་ནམ་ཡང་སླེབས་རྒྱུ་དང་རྙེད་རྒྱུ་མེད་པ་ཞིག་ཆགས་སོང་བ་རེད་དམ། ལམྦྷ་ལ་རུ་སྟོན་པས་དུས་འཁོར་གསུངས་དུས་རྒྱལ་བོ་ཟླ་བཟང་གིས་ཚངས་པར་སྐྱབས་སུ་འགྲོ་བའི་མུ་སྟེགས་པའི་སློབ་དཔོན་ཁྲི་ཕྲག་ཁ་ཤས་ཤིག་ལ་སྟོན་པའི་བཀའ་ཆོས་ལ་ཉན་རྩིས་ཡིན་ན་གནས་འདིར་སྡོད། དེ་མིན་འདི་ནས་བུད་དེ་རྒྱ་གར་དུ་རྒྱུགས་གསུངས་འདུག་པས། ཤམྦྷ་ལ་ཡང་རྒྱ་གར་བྱང་རྒྱུད་ཅིག་ཏུ་ཡོད་པ་འདྲ་ཞིག་འདུག་ལ། དེ་རུ་འགྲོ་བ་མི་དག་གིས་རྒྱ་གར་དུ་རྒྱུ་འགྲུལ་བྱེད་བཞིན་པ་ཡང་གསལ་སྟོན་བྱས་འདུག ཡིན་ན་ཡང་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་འཇིགས་མེད་རྒྱ་མཚོའི་རྣམ་ཐར་དུ་ཁོང་གིས་ནམ་མཁའ་རུ་ཤམྦྷ་ལའི་ཞིང་ཁམས་གཟིགས་ཏེ་ཞབས་ཞུ་བ་ཞིག་ལ་བསྟན་ཚུལ་ཡང་འདུག དེ་བཞིན་གུ་རུ་རིན་པོ་ཆེ་བོད་ནས་ཐད་ཀར་ཟངས་གླིང་གི་ཡུལ་ཏེ་དེང་སྐབས་ཀྱི་ཤྲི་ལིངྐའི་ཡུལ་དུ་འགྲོ་བ་མིའི་ཤ་ཁྲག་ལ་རྔམས་པའི་སྲིན་མོ་དག་འདུལ་བའི་ཆེད་དུ་ཕེབས་པ་ཞིག་ཡིན་ཚུལ་ཡོངས་གྲགས་ཡིན་པས། ད་ལྟ་ད་དུང་སྲིན་མོ་དེ་དག་གི་བུ་རབས་ཚ་རྒྱུད་རེ་ཡོད་དམ་མེད། ཡོད་ན་རྒྱལ་ཁབ་དེའི་ས་ཆ་གང་ཞིག་ཏུ་ཡོད། དེ་བཞིན་གུ་རུ་རིན་པོ་ཆེ་བོད་ནས་ཤྲི་ལིངྐ་ལ་ཕེབས་དུས་སུ་དེ་རུ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་ནང་པའི་བསྟན་པ་ས་ཁྱབ་རྡོ་ཁྱབ་ཏུ་དར་བའི་སྐབས་ཡག་ཤོས་ཤིག་ཡིན་པས། ཁོང་ལྟ་བུའི་གྲུབ་ཐོབ་རྫུ་འཕྲུལ་ཅན་ཞིག་གིས་སྲིན་པོ་སྲིན་པོ་འདུལ་བཞིན་ཡོད་པ་ས་གནས་ཡུལ་མི་དག་གིས་མི་རིག་མི་ཚོར་བའི་གནས་ཤིག་ཡོད་དམ། ཡོད་ན་དེ་ལུགས་ཁོ་ཚོའི་ནང་བའི་ཆོས་འབྱུང་དང་ལོ་རྒྱུས་ཁག་ཏུ་བཀོད་ཡོད་དམ་མེད། ཟངས་མདོག་དཔལ་རི་ལ་མཚོན་ན་དེ་རུ་དག་དང་མ་དག་པའི་འགྲོ་བ་གཉིས་ཀ་ཡོད་ལུགས་གསལ་བོར་འདུག་པས་མི་རང་ག་བ་ཡང་དེ་རུ་སླེབས་ཐུབ་པ་འདྲ་ཞིག་འདུག དགེ་ཆོས་ཀྱིས་ཨོ་རྒྱན་རྡུ་མ་ཐ་ལུ་དེ་ལ་ཧོར་དང་ཐག་ཉེ་ས་ཞིག་ཏུ་ཡོད་ལུགས་བཀོད་འདུག་པ་བདེན་ན་དེ་ཡང་བར་སྐབས་ཤིག་རྩ་སྟོང་དུ་གྱུར་པ་ལྟ་བུ་ཞིག་འདུག སྔ་འགྱུར་རྙིང་མ་ཚང་གི་མཆོག་དམན་ཚང་མས་སྨོན་ལམ་ཆེན་པོ་འདེབས་སའི་ཞིང་ཁམས་དེ་འདྲ་ཞིག་ཉམས་རྒུད་དུ་འགྲོ་རྒྱུ་ཡོད་ན་དེ་རུ་བཞུགས་པའི་གྲུབ་པ་ཐོབ་པའི་དཔའ་བོ་དང་མཁའ་འགྲོ་མ་དེ་དག་གང་དུ་བཞུད་པ་རེད། དུས་རབས་༡༩པའི་ནང་བྱོན་པའི་གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་བའི་རྣམ་ཐར་དུ་གསལ་བའི་ཁོང་གི་རྨི་ལམ་ཞིག་གཞིར་བཞག་བྱས་ན་ཟངས་མདོག་དཔལ་རི་དེ་དུང་གཟི་བརྗིད་ཉམས་པ་མེད་པའི་ངང་དཔའ་བོ་མཁའ་འགྲོའི་རྫོང་མཐུག་ས་ཞིག་རེད་འདུག དེ་བཞིན་པོ་ཊ་ལ་ཡང་ཇོ་ནང་བའི་རྒྱ་གར་ཆོས་འབྱུང་ལྟར་ན་རྒྱ་གར་དུ་ཡོད་པ་དང་། མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དུ་རྒྱ་ནག་ན་ཡོད་པར་བཤད་པ་ལྟ་བུ་གནས་ཆེན་གཅིག་སྐབས་རེར་ས་གནས་མི་འདྲ་བ་གཉིས་གསུམ་དུ་ཡོད་པ་ཡང་འདུག་པས། ངོ་མ་ས་སྟེང་འདི་ན་གོང་གི་གནས་ཆེན་དེ་དག་ཆུ་བུར་མིག་གིས་མཇལ་རྒྱུ་དང་ཤ་ཁྲག་ལུས་པོ་སླེབ་རྒྱུ་ཡོད་པ་ཞིག་རེད་དམ་ཐ་མལ་བའི་མིག་གིས་ནམ་ཡང་མཐོང་དུ་མེད་པའི་དག་ཞིང་དག་དག་རེད།
ཁྱེད་རང་གིས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེ་ཁོང་གི་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་མཆན་འོག་ནས་དངོས་སུ་འཁྲུངས་ཡོད་མེད་སྐོར་གསུངས་ཐུབ་ན། ངས་ཁྱེད་ཀྱི་སེམས་ན་རབ་རིབ་ཏུ་གྱུར་པའི་ཤམ་བྷ་ལ་དང་། ཟངས་མདོག་དཔལ་གྱི་རི་བོ། པོ་ཊ་ལ་གསུམ་རི་མོ་མཛུབ་སྟོན་གྱི་ཚུལ་གྱིས་བཤད་ཐུབ།
ངས་མཆན་འོག་ནས་འཁྲུངས་ཞེས་པ་དེར་ངོས་ལེན་བྱེད་བཞིན་མེད། རྒྱུ་མཚན་ནི་ཡུམ་གྱི་མངལ་དུ་བཞུགས་པ་དེས་ཁོང་གི་གཟི་བརྗིད་ལ་མི་གནོད་ན་ཡུམ་གྱི་མངལ་སྒོ་ནས་འཁྲུངས་པ་དེས་ཁོང་གི་མཚན་སྙན་ལ་གནོད་པའི་དཔེ་ཞིག་ག་ལ་ཡོད། བཤད་ཚུལ་དེ་ནི་ཐེག་ཆེན་དང་ཁྱད་པར་གསང་སྔགས་རྒྱ་གར་དུ་དར་ནས་དགའ་རབ་རྡོ་རྗེ་ཡབ་མེད་པར་འཁྲུངས་པའི་བཤད་སྲོལ་ལྟ་བུ་དང་བསྟུན་ནས་སྟོན་པའི་ཆེ་བ་འབྱིན་པའི་ཆེད་ཡིན་པ་འདྲ། ཡང་མིན་ན་ཕྱི་རོལ་བའི་སྟོན་པ་ཞིག་དང་འགྲན་བསྡུར་གྱི་ཆེད་དུ་ནང་པའི་སློབ་དཔོན་ག་གེ་མོས་རྟོགས་བཟོ་བྱས་པ་འདྲ། གལ་སྲིད་སྟོན་པའི་སྐུ་གཟུགས་ཆེ་དྲགས་ནས་མངལ་སྒོ་ནས་འཁྲུངས་མ་ཐུབ་པར་མ་ཡུམ་གྱི་ལྟོ་བ་གཡས་པ་གཤགས་ནས་ཕྱིར་བླངས་པ་ཡིན་ན་དེ་འདྲ་སྲིད་པ་ཞིག་རེད་ལ། ཁོང་སྐུ་འཁྲུངས་ནས་ཞག་བདུན་གྱི་རྗེས་སུ་མ་ཡུམ་གྲོངས་སོང་བ་ཡོངས་གྲགས་ཡིན་པར་དཔྱད་ན་གྲོངས་དོན་ཡང་དེ་འདྲ་ཞིག་མིན་འགྲོ་བསམས། འདི་ནི་དགེ་ཆོས་ཀྱི་ལོ་རྒྱུས་ལ་དཔྱད་སྟངས་ལ་སློབ་སྦྱོང་བྱས་པའི་ང་རང་གི་ལྟ་ཚུལ་གསར་བ་ཞིག་ཡིན།
དེ་བཞིན་མདོ་སྡེ་བསྐལ་བཟང་ལས་སངས་རྒྱས་སྟོང་གི་ཡབ་ཡུམ་དང་རིགས་རུས། སློབ་མའི་གྲངས་འབོར་དང་སྐུ་ཚེའི་ཚད་སོགས་མང་པོ་ཞིག་གསུངས་ཡོད་ན་ཡང་། སངས་རྒྱས་ལ་ལ་རྩིབས་གཡས་ནས་འཁྲུངས་ལ་ལ་རྩིབས་གཡོན་ནས་འཁྲུངས་ལྟ་བུ་སྐུ་འཁྲུངས་སྟངས་མི་འདྲ་བ་མང་པོ་ཞིག་གསུངས་མེད་པ་དེས་ཀྱང་འཁྲུངས་སྟངས་དེ་ནི་མགོ་ནག་མི་དཀྱུས་མ་ནང་བཞིན་ཨ་མའི་མངལ་ལས་འཁྲུངས་པ་ཞིག་ཡིན་པ་གསལ་སྟོན་བྱས་འདུག་བསམས།
ཨ་རོ། ད་ཁྱོད་ཀྱིས་ཅིག་བཤད་རན་རེད་ཡ། ངའི་སྟོན་པ་ཡུམ་གྱི་རྩིབས་གཡས་ནས་འཁྲུངས་དང་མ་འཁྲུངས་ཀྱི་ལྟ་ཚུལ་འདི་ཙམ་ཡིན། ཁྱོས་ཞ་ཞིས་ཚོར་ནོར་རྫིར་འགྲོ་ན་ཀ་ར་སྟེར་གྱི་ཡིན་ཟེར་ནས་མགོ་གཡོག་གཡོག་བྱེད་རྒྱུ་ཡིན་ནམ། གལ་སྲིད་དེ་ལྟར་ཡིན་ན་དགེ་ཆོས་ཀྱིས་བཤད་པ་ལྟར། ས་མཐའི་སྙིང་རླུང་དང་འགྲོགས་པའི་ངུ་རྒྱངས་རེ་འཐེན་རྒྱུར་ང་ལ་དཀའ་ངལ་ཅིག་མི་འདུག་གོ
ཨ་རོ། ངས་ཁྱེད་ལ་ལན་ཡུམ་མི་འདེབས་ན། ཁྱོད་བྲེལ་དགོས་དོན་མེད། ངས་འདིར་ཧི་མ་ལ་ཡའི་ཡིག་གཟུགས་འདི་བེད་སྤྱོད་གཏོང་ཐུབ་དང་མི་ཐུབ་ལ་འབད་ནས་མ་ཁོམ་པར་ཡོད། རབ་གསལ་གྱིས་ཧི་མ་ལ་ཡའི་ཡིག་གཟིགས་བེད་སྤྱོད་གཏོང་རབས་ཀྱིས་བསམ་འཆར་ཤོད་ཀྱི་འདུག ཡིག་གཟུགས་འདི་བེད་སྤྱོད་གཏོང་ཐུབ་རྗེས། བྱང་ཕྱོགས་ཤམ་བྷ་ལ་དང་། ཟངས་མདོག་དཔལ་གྱི་རི་བོ། པོ་ཏ་ལ་གསུམ་གནས་གང་ཞིག་ལ་ངོས་འཛིན་གནང་གི་ཡོད་མེད་ལ་ལན་བཏབ་ཆོག རྒད་པོ་ང་ཁ་དན་ཚིག་ལ་གནས་པ་ཞིག་ཡིན། ཁྱོས་དགེ་ཆོས་ཀྱི་ཚིག་འདྲ་མི་འདྲ་ད་དུང་དྲུད་ནས་མ་ཡོང་། ངེད་གཉིས་ལ་ལུང་འདྲེན་གྱི་དུས་སྐབས་རྗེས་ནས་ཡོད་གི་རེད།
ཁྱོད་གཉིས་ཀྱིས་དག་ཞིང་ལ་དག་ཞིང་བཤད་ནས་ད་ཡིན་ན་ངས་ཕ་ཡུལ་དྲན་སོང་། བོད་ནང་ལ་སི་ཀེབ་Skype དང་ཡང་ན་QQདེ་མིན་ག་རེ་སྒང་ནས་འབྲེལ་བ་སྟབས་བདེ་རེ་བྱེད་ཡ་ཡོད་རེད། ནང་མིའི་གདོང་པ་མཐོང་ནས་སྐད་ཆ་བཤད་ཐུབ་ཡའི་ཐབས་ཤེས་གཞན་པ་ག་རེ་ཡོད་རེད། ང་རང་ལ་སི་ཀེབ་ཅིག་ཡོད། ཁའུ་ཁའུ་ཐོ་འགོད་བྱས་ཡོད་རུང་བཀོད་སྟབས་ཐབས་དཀའ་ངལ་འཕེར་མ་འཕྲད་ཀིན་འདུག སེམས་བཟང་རེ་ཡོད་ན་ལན་རེ་འདེབས་རོགས།
ཀླུ་སྨྱོན། ཚེ་རིང་གི་བུ། སྤོབས་པ་མཐའ་ཡས་འདི་གསུམ་མི་གསུམ་ལ་རྒྱུ་མ་གཅིག འདི་གསུམ་དུད་ནག་ལ་ལྐོག་རྔན་སྤྲད་ནས་ངའི་ཚབ་ལ་སྐེ་ཐག་པ་བསྐོན་ནས་མར་འདྲུད་འཇུག་གི་ཡིན། འདི་ཚོ་བེད་སྤྱོད་ཅན་གྱི་མི་དེ་འདྲ་མ་རེད། གནད་ལ་ཐུག་དུས་མཁོ་མེད་རྐྱང་རྐྱང་རེད།
དཀོན་མཆོག་ལ། ང་ལ་མཚོན་ན་སེ་ཁ་ཡེབ་ཡག་ཤོས་རེད། ཁུ་ཁུ་བེད་སྤྱོད་གཏོང་མ་མྱོང་།
བསམ་བློ་ཞིབ་མོ་བཏང་ན་དུད་ནག་ཅེས་པ་འདི་ཁ་དོག་གི་ཆ་ནས་མིང་འདོགས་སྟབས་མགོན་པོ་བེར་ནག་ཅན་དང་ཁ་དོག་གཅིག་མཚུངས་བརྟེན་ཁོང་ཕྱག་གཉིས་པ་དང་མི་གཅིག་མ་ཡིན་ནམ་སྙམ།
ཀླུ་སྨྱོན། དེ་རིང་གཟའ་ཉི་མ་རེད། ངས་ཁྱོད་ལ་འདེབས་དགོས་བསམས་སོང་སྟེ། ལྕོགས་མ་སོང་། དོ་དགོང་། ངེད་ཚང་ལ་མགྲོན་པོ་ཁ་ཤས་ཤིག་ཡོད། ངས་དེ་ཚོར་ཚོད་མ་ལས་ཀྱི་ཡོད། ལོ་གཉིས་ཀྱི་སྔོན་དུ་དེབ་གཅིག་བྲིས་ཡོད། དེབ་འདི་དབྱིན་ཡིག་ལ་བསྒྱུར་ཚར་འདུག་སྟེ། སྒྱུར་མཁན་བོད་པ་ཡིན་སྟབས། ཡག་པོ་ཞིག་བྱུང་མི་འདུག དེབ་འདི་མི་ཞིག་ལ་བསྐུར་དགོས་ཡོད། དེ་ཙམ་མ་ཟད། རྒྱ་གར་ནས་གྲོགས་པོ་ཞིག་གིས་དེབ་གཅིག་ཕྱོགས་བསྒྲིགས་བྱེད་གི་ཡོད་ཟེར། དེ་ལ་གླེང་བརྗོད་ཅིག་ཕྲིས་ཟེར། དོ་དགོང་། ང་ལ་དངོས་གནས་དུས་ཚོད་འདུག སང་གནངས་ཤིག་ལ་དུས་ཚོད་ཅིག་ཡོད་གི་ད། དགོངས་དག་ཞུ། ཨ་རོ། བདག་གི་སྟོན་པ་བཀའ་དྲིན་ཅན་དེ་ཁོང་གི་ཡུམ་གྱི་རྩིབས་གཡས་ནས་འཁྲུངས་ཟེར་བ་དེ་སྟོན་པའི་ཆེ་བ་འབྱིན་པའི་ཆེད་ཡིན་ཟེར་ན་ངོས་ལེན་ཡོད། དེ་མིན་གཤག་བཅོས་སོགས་དེང་རབས་ཀྱི་སྤྱི་ཚོགས་དང་བསྡུར་ནས་བཤད་ན་ངོས་ལེན་མེད། བཀྲ་ཤིས་བདེ་ལེགས།
གཡས་ནས་སྐྱེས་ན་རྐུབ་ནས་སྐྱེས་ན་དེ་ལ་ཁྱད་པར་མི་འདུག གལ་ཆེ་ཤོས་དེ་མཛད་པ་རེད།
ཤམ་བྷ་ལའམ་བདེ་འབྱུང་འཛིན་པ་ཞེས་པ་ནི། རི་བོ་གངས་ཅན་ཞེས་པའི་ཡུལ་དུ་གྲོང་ཁྱེར་བྱེ་བའི་བདག་ཉིད་ཅན་དུ་བཤད་པར་མ་ཟད། དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་ཧ་ཅང་རྒྱས་པར་གྲགས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་པར་གྲགས། དེ་ལ་འདིར་བདེ་འབྱུང་འཛིན་པའི་དབྱིབས་དང་ཁ་དོག རྒྱ་ཁྱོན་དང་མི་འབོར་གྱི་གྲངས་ཀ་སོགས་ལ་ངལ་བ་བསྟེན་འདོད་མེད་ཀྱང་། བདེ་འབྱུང་འཛིན་པ་ཞེས་པའི་ཡུལ་འདི་གནས་གང་ཞིག་ལ་ངོས་འཛིན་བྱེད་དགོས་པའི་སྐོར་རོབ་ཙམ་གླེང་ན། ཐུའུ་བཀྭན་ཆོས་ཀྱི་ཉི་མས། ཤམ་བྷ་ལ་ཞེས་པ་ནི་ལྷ་དབང་གིས་བཟུང་བའི་གནས་གངས་ཏི་སེ་ཡིན་ཞེས་དང་། སུམ་པ་ཡི་ཤེས་དཔལ་བྱོར་གྱིས་གངས་ཅན་དེ་དང་ཏི་སི་ནི་ཤམ་བྷ་ལའི་གངས་རི་ཡིན་ཞེས་པའང་ཡོད་ཀྱང་། གངས་ཅན་རི་ཞེས་པ་མ་དྲོས་པ་དང་ཉེ་བའི་དེ་དང་ཤམ་བྷ་ལའི་གངས་རི་ལ་བཤད་དུ་རུང་ངོ་ཞེས་དང་། པཎ་ཆེན་དཔལ་ལྡན་ཡི་ཤེས་ཀྱིས་མདུན་ཕྱོགས་ཆུ་བོ་སིཏའི་ཕྱོགས་ལ་བསྟན་པའི་གཡས་ན་ཕྱེད་པའི་དེ་ཤམ་བྷ་ལའི་ཡུལ་ཆེན་པོ་ཡིན་ནོ་ཞེས་གསུངས་པ་དང་། དེ་བཞིན་སྐལ་བཟང་ཆོས་ཀྱི་རྒྱ་མཚོ་བསོད་ནམས་དབང་པོའི་སྡེས་ཆུ་བོ་སིཏའི་བྱང་གངས་ལྡན་གྱི་ལྷོ་ན་ཤམ་བྷ་ལའི་དབུས་ཀྱི་ལྟེ་བ་ཀེ་ལ་ཤར་གྲགས་པ་ན་ལྷས་བཀོད་པའི་གྲོང་ཁྱེར་ཀ་ལ་བ་ཅེས་དང་། ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་གཞན་སྡེས་དུས་འཁོར་ལ་སོགས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་ཤམ་བྷ་ལ་ནས་བསྒྱུར་བར་བཤད་པ་སོགས་ཀྱང་འོལ་མོ་གླིང་ནས་གཞན་དུ་བསྒྱུར་པ་ཡིན་ཏེ། རྒྱ་གར་གྱི་མི་རྣམས་ཀྱིས་ཞིང་ཁམས་དེ་ལ་ཤམ་བྷ་ལར་མིང་བཏགས་པ་མདོ་ལས་བཤད་དོ་ཅེས་དང་། ཡང་། པཎ་ཆེན་དཔལ་ལྡན་ཡི་ཤེས་ཀྱི་གསུང་འབུམ་གྲུབ་པའི་གནས་མཆོག་ཤམ་བྷ་ལའི་རྣམ་བཤད་ཅེས་པའི་ནང་རྒྱ་གར་དང་། བོད་དང་། ལི་ཡུལ་དང་། རྒྱ་ནག་དང་། རྒྱ་ནག་ཆེན་པོ་དང་། ཀེ་ལ་ཤའི་དུམ་བུ་དྲུག་ཏུ་བྱས་པའི་དྲུག་པ་ཀེ་ལ་ཤའི་དུམ་བུ་དེ་ལ་ཕྱེད་ཕྱེད་དུ་བགོས་པའི་གཡས་ཕྱེད་མ། རྒྱབ་རི་རྒྱལ་ལྷུན་པོའི་ངོས་ལ་བསྟན་ཅིང་། མདུན་ཆུ་བོ་སི་ཏའི་ཕྱོགས་ལ་བསྟན་པ་དེ་ཡིན་ཅེས་གསུངས་པ་དང་། སློབ་དཔོན་བྱིག་གཉེན་གྱིས་ཤམ་བྷ་ལ་ནི་འཛམ་བུ་གླིང་ནས་བྱང་དུ་རི་ནག་པོ་དགུ་འདུས་པའི་ཕ་རོལ་ན་གངས་རི་དཔལ་དང་ལྡན་པ་བྱ་བ་ན་ཡོད། དེའི་ཕ་རོལ་དུ་སྤོས་ངད་ལྡན་པའི་རི་བོ་དང་། དེའི་ཚུ་རོལ་དཔག་ཚད་བཅུ་ན་མ་དྲོས་ཀྱི་མཚོ་ཡོད་པར་གསུངས་ཡོད། མདོར་ན། ཤམ་བྷ་ལ་ནི་སློབ་དཔོན་དབྱིག་གཉེན་དང་། ཐུམ་བཀྭན་ཆོས་ཀྱི་ཉི་མ་དང་། སུམ་པ་ཡི་ཤེས་དཔལ་བྱོར། པཎ་ཆེན་དཔལ་ལྡན་ཡི་ཤེས། སྐལ་བཟང་ཆོས་ཀྱི་རྒྱ་མཚོ་བསོད་ནམས་དབང་པོ། ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་སོགས་ཀྱིས་ཤམ་བྷ་ལ་ནི་གངས་ཏི་སེར་བསྟན་པ་ཤུགས་ནས་ཤེས་ཐུབ།
བདག་ཅག་གི་སྟོན་པས་བྱ་རྒོད་ཕུང་པོ་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་དུ་དུས་འཁོར་གྱི་རྩ་རྒྱུད་གསུངས་པ་དང་། དེར་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དངོས་སུ་གསན་པ་དང་། དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་པ་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ་མཛད་པར་གྲགས། རྩ་རྒྱུད་གསུངས་པའི་ལོ་རྗེས་མ་དེར་རྒྱལ་པོ་རང་ཉིད་ཀྱིས་ཕོ་བྲང་དེའི་ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་ཆེན་པོའི་དབུས་དུས་འཁོར་གྱི་བློས་བསླངས་བཞེངས་ནས་འདས། དེའི་རྗེས་སུ་རྒྱལ་པོ་ཟླ་བ་། ལྷ་དབང་ནས་ལྷའི་དབང་ལྡན་བར་ཆོས་རྒྱལ་བདུན་བྱོན་ཞིང་། ཆོས་བསྟན་ནས་རྒྱལ་པོ་མཛད་པས་ཆོས་རྒྱལ་ཞེས་བྱ་ཞིང་། དེ་ནས་རིགས་ལྡན་རྒྱལ་པོའི་ཐོག་མ་འཇམ་དཔལ་གྲགས་པ་ནས་དྲག་པོ་འཁོར་ལོ་ཅན་བར་རིགས་ལྡན་ཉེར་ལྔ་འཁྲུངས་པ་སོགས་སྡེ་སྲིད་སངས་རྒྱལ་གྱིས་བཻཌའུ་དཀར་པོ་དང་། གཡའ་སེལ་དུ་གསལ། བྱང་ཕྱོགས་ཤམ་བྷ་ལ་གྲགས་པ་འདི་ཉིད་རྩ་ནས་མེད་པ་འདོད་མཁན་ཡོད་ན། ཤམ་བྷ་ལར་བྱོན་པའི་ཆོས་རྒྱལ་ལྡན་དང་། རིགས་ལྡན་ཉེར་ལྔ་འདི་དག་ཀྱང་མཁས་ལེན་ཐུབ་ཐབས་མེད་ལ། དཔལ་དུས་ཀྱི་འཁོར་ལོ་ཟེར་བ་དེ་བས་ཀྱང་ཡིད་ཆེས་བྱེད་དཀའ་བར་འདུག
ཤམ་བྷ་ལའི་རིའི་རྒྱལ་པོ་རི་རབ་དང་། གྲོང་ཁྱེར་བྱེ་བ་ཕྲག་གོ་གཉིས། མི་གྲངས་ཀ་སོགས་སྔོན་དུས་ཆོས་ཀྱི་ཞིང་ཁམས་སུ་གྲགས་པའི་ཡུལ་འདིའི་གཟི་བརྗེད་ལ་གནོད་པར་འཇིགས་ཏེ་ལོལ་ཚོད་ཀྱི་སྒྲོ་བཏགས་ཡོད་སྲིད་མོད། དེང་སང་ས་ཁམས་བརྟག་དཔྱད་པ་ཚོས་ས་གནས་ས་ཐོག་ཏུ་ཕྱིན་ཏེ་བརྟག་དཔྱད་གསལ་པོར་བཏང་ན་གཏོང་རྒྱུ་མེད་མི་སྲིད་ལ། དཔལ་ཆོས་ཀྱི་གྲགས་པས། མ་མཐོང་ཕྱིར་ན་མེད་པ་མིན།། ཞེས་གསུངས་པ་དང་། འོན་ཀྱང་། གོང་ས་མཆོག་གིས་ང་ཚོར་གནའ་སྔ་མོ་ནས་གྲགས་ཚོད་དུ་གྱུར་པའི་གནས་སྟངས་མང་པོ་ཞིག་ལ་འདི་འདྲ་ཞིག་གསུངས་འདུག དཔེར་ན། ཟླ་བའི་ཐོག་ཏུ་འོད་མེད་པ་དེ། ས་གནས་ས་ཐོག་ཏུ་ཕྱིན་པའི་མི་དེ་དག་གིས་མཐོང་སྣང་གཅིག་ཡིན་པ་དང་། ད་ལོར་མི་གཅིག་ཕྱིན་ནའང་། སང་ལོར་མི་གཞན་ཕྱིན་ནའང་མཐུན་སྣང་གཅིག་པ་ཡིན་སྟབས། ཁས་ལེན་ཏུ་རུང་བ་རེད། དཔེར་ན། རིའི་རྒྱལ་པོའི་རི་རབ་ཅེས་པ་དེ། སོ་སོའི་ལས་ཀྱི་དག་སྣང་གི་རྐྱེན་པས་འཆར་སྣང་སྣ་ཚོགས་ཤིག་ཡོད་པར་གྲགས་ཀྱང་། ང་ཚོས་རིའི་རྒྱལ་པོའི་རི་རབ་ཀྱི་གྲིབ་ནག་ལོངས་སྤྱོད་མི་ཐུབ་པའི་ཐོག རིའི་རྒྱལ་པོ་རི་རབ་ཀྱང་མཐོང་རྒྱུ་མེད་ན་འགལ་ཟླ་ཆགས་ཡོང་གི་འདུག འདི་རིག་པར་གནོད་ཡོང་གི་འདུག ཅེས་གསུངས་འདུག
ཤམ་བྷ་ལའི་སྐོར་རེ་ཞིག་བཤད་ཟིན། པོ་ཏ་ལ་དང་ཟངས་མདོག་དཔལ་གྱི་རི་གཉིས་རྗེས་སུ་གླེང་། ཁ་སང་དེ་རིང་རྩོམ་གཞན་པ་ཞིག་འབྲི་གིན་ཡོད།
སྐུ་ཉིད་ཀྱིས་གསུངས་པ་འདི་ནི་སྔོན་གྱི་མཁས་པ་ཚོས་ངེད་གཉིས་ཀྱི་རྣ་ཚ་ཚ་བར་དུ་སྐྱར་ཟློས་བྱས། ལག་ན་ན་བར་དུ་བྲིས་བསུབ་བྱས་པའི་བཤད་ཚུལ་རྙིང་བ་དེ་དག་རེད། འདིས་ངའི་འདོད་པ་མ་ཚིམས་ནས་འདིར་དོགས་སློང་ཞིག་བྱས་པ་ཡིན། ལུང་འདི་དག་ངས་ཀྱང་སྔ་མོར་ཕ་ཡུལ་གྱི་ལུང་ཁུག་ཏུ་ཡོད་དུས་ནས་བཀླགས་ཟིན། ངས་ཉིད་ལ་དག་ཞིང་འདི་ཚོའི་སྐོར་ལ་ཚན་རིག་དང་མཐུན་པའམ་ཡང་ན་དེང་རབས་པའི་བཤད་སྟངས་དཔྱད་སྟངས་དང་མཐུན་པའི་ལྟ་ཚུལ་དང་ངེས་པ་རྙེད་པ་ག་རེ་ཡོད་ཞུས་པ་ཡིན། དགེ་ཆོས་དང་ཧོར་འཇིགས་སོགས་ཀྱིས་དཔྱད་སྟངས་བཞིན་གྱི་ལྗགས་རྩོམ་རེ་ཡོད་དམ་མེད། དཔྱད་སྐྱབས་འཇུག་ཞུ་ཤོག་འདི་ཙམ་ཡིན་ལ་སྐྱབས་འཇུག་ཞུ་རྟེན་རྗེས་ན་ཡོད།
དངོས་མེད་ཀྱི་ལྷ་སྒྲུང་དེ་ཚོ་དངོས་ཡོད་ཀྱི་སྒྲུང་དང་ལོ་རྒྱུས་ལ་བརྟེན་ནས་སྒྒྲུབ་པའི་དུས་ཤིག་འཆར་རྒྱུར་ངས་རེ་བས་སྒུག་བསྡད་ཡོད། མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག རུས་སྦལ་གྱི་སྤུ་དེ་ཚོ་ཡང་མ་སྲིད་པ་ཞིག་ཡིན་མི་སྲིད་པའི་རེ་བ་བྱ་ཡི་ཡོད།
ཡ། ང་ཁྱོད་ལ་སྒུག་བས྄ྭསྡད་ཡོད། ཁམས་སྤྲུལ་ཚང་གི་གསུང་འབུམ་ྐློག་མྱོང་ངམ། ཁོང་གིས་ཤམ་བྷ་ལ་དངོས་སུ་མཐོང་བའི་ལོ་རྒྱུས་འདུག་ རྩོམ་འདི་བྲི་དུས། ཁོང་གིས་བརྩམས་ཆོས་ལ་ཞིབ་འཇུག་བྱེད་རྒྱུ་བརྗེད་འདུག ཚན་རིག་དང་མཐུན་པའི་ལྟ་བ་དགོས་ཚེ། ཁྱོད་ལ་རྡོག་རྡོག་ཅིག་སྟོན་རྒྱུ་ང་ལ་མེད།
ཡོངས་གྲགས་སུ་གླང་ཆེན་ས་ལ་རབ་བརྟན་ཟེར་བ་མེད་ཚོད། ཡིན་ནའང་བོད་ཀྱི་གླུ་བ་ཚངས་དབྱངས་རྒྱ་མཚོས་དངོས་སུ་མཐོང་བའི་ལོ་རྒྱུས་རང་རྣམ་དུ་འདུག་ག དེར་འགྲེལ་ག་འདྲ་བྱེད་ནས་རྒྱག་དགོས་རྒྱུ་ཡོད་པ་རེད་དམ།
ཁམས་སྤྲུལ་སུ་ཚང་གསུང་གི་ཡོད། དེང་སང་ཡོད་པའི་རྡ་སའི་ཁམས་སྤྲུལ་ལམ་ཡང་ན་བཀྲ་ཤིས་ལྗོངས་ཀྱི་ཁམས་སྤྲུལ་གཞན་པ་དེ་ཡིན་ནམ། དེ་མིན་སྔོན་མའི་སྙན་འགྲེལ་མཛད་མཁན་གྱི་ཁམས་སྤྲུལ་དེ་ལ་གསུང་གི་ཡོད།
ཞིབ་འཇུག་བྱོས། ཁྱོད་འདིས་ལྟ་རྒྱ་ཐོས་རྒྱ་ཆེ་མདོག་ཡོད་རབས་སྟོན་གི་འདུག་སྟེ། ཁྱོད་འདི་ཨ་ཁ་ཁ།
ལོ་བཅུ་གྲངས་ཤིག་ཡར་སྔོན་དུ། ངས་ཤམ་བྷ་ལའི་སྐོར་བོད་ཀྱི་རྩིས་པ་ཆེན་མོ་ཨ་ཁུ་བསམ་འགྲུབ་རྒྱ་མཚོ་ཚང་ལ་དྲིས་པ་ཡིན། ཁོང་གིས་ག་རེ་གསུངས་སོང་ཟེར་ན། བྱང་ཕྱོགས་ཤམ་བྷ་ལ་འདི་གངས་ཏི་སེ་ཡིན་ན། རིགས་ལྡན་འཁོར་དང་བཅས་པ་གྲང་ནས་ཤི་འགྲོ་གི་རེད་གསུངས་སོང་། ཨ་རོ། གོ་ཐོས་ལྟར་ན། ནུབ་ཕྱོགས་པའི་ཞིབ་འཇུག་པ་ལ་ལས་ཤམ་བྷ་ལ་འདི་ར་ཤི་ཡའི་ས་ཆ་ག་གེ་མོ་ཞིག་ལ་ངོས་འཛིན་གནང་གི་འདུག ག་རེ་ཡིན་ནམ།
དེང་སང་གི་ཁམས་སྤྲུལ་འདི་སྦིར་གྱི་སི་ཏུུ་དགོན་པར་བཞུགས་ཡོད་པ་མ་རེད་དམ། བཀྲཤིས་ལྗོངས་སུ་ཁམས་སྤྲུལ་གཞན་པ་ཞིག་ཨེ་ཡོད་དམ།
ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་དེང་སང་བཞུགས་སྒར་རྡ་ས་རུ་བཞུགས་ནས་རྡ་ཤོད་ནོར་གླིང་དུ་དགོན་པ་གསར་བཞེངས་གནང་བཞིན་པ་འདི་ལོར་དགུང་ལོ་བརྒྱད་ཅུ་དང་གྱ་སྟོན་རྡ་ས་ནས་བྱེད་སྐབས་ཁོང་གི་རང་རྣམ་ཤོག་ལྡེབ་༤༠༠ཡོད་པ་དེ་སྐུ་མགྲོན་ཟམ་སྟོང་བླ་མ་སོགས་ལ་འབུལ་མཁན་དེ་དང་། གཞན་པའི་ཁམས་སྤྲུལ་བཀྲ་ཤིས་ལྗོངས་སུ་བཞུགས་ཡོད་པ་དེས་ཐེ་ཝན་དུ་ལོ་འགའི་སྔོན་དགོན་པ་ཡག་པོ་ཞིག་གསར་བཞེངས་གནང་ཡོད།
རིགས་ལྡན་གྲང་ནས་གྲོངས་ས་རེད་ཅེས་པ་འདི་ཀུ་རེ་གྱལ་ཀའི་གཏམ་ཞིག་དང་ཨེ་སི་ཀེ་མོ་བ་ཚོ་མ་མཐོང་བའི་གསུང་རང་རེད། སྡེ་སྲིད་ཀྱི་ཤམ་བྷ་ལའི་ལམ་ཡིག་ཆེན་མོ་ལྟར་ན་ར་ཤི་ཡའི་ནུབ་བྱང་གི་ཕྱོགས་ཕལ་ཆེར་ས་གཞི་ལྗང་ཁུ་Green Landཞེས་པ་དེའི་ཕྱོགས་ཤིག་ཏུ་བཙལ་ན་རྙེད་རྒྱུ་ཡོད་པ་ཞིག་གསུངས་འདུག
ཁྱེད་ཀྱིས་ཞེ་ས་རྒྱག་གི་འདུག་ག
ཨ་རོ། ཟངས་མདོག་དཔལ་གྱི་རི་བོ་དང་། པོ་ཏ་ལ་གཉིས་དེང་སང་གནས་གང་དུ་གང་ཡོད་མེད་སྐོར་ལ་སློབ་སྦྱོང་གང་འཚམས་རེ་བྱས་ཡོད། ྐླད་པའི་ནང་སྒྲོམ་གཞི་ལྟ་བུ་ཞིག་ཀྱང་བཟོས་ཡོད། ག་རེ་བྱེད།
ད་ངེད་གཉིས་ལ་འདི་མོ་འདིའི་ག་རེ་བྱེད། སི་ཏུ་གང་དུ་བཞུགས་ཡོད་མེད་དེ་གལ་ཆེན་པོ་མ་རེད། རྗེས་ཕྱོགས་ནེའུ་ཡོག་ཏུ་ཕེབས་ན། ངེད་ཚང་ལ་ཤོག ངེད་ཁྱེད་ལ་ཇ་དཀར་པོ་སྤྲི་དཀར་པོ་ཞིག་བསྐོལ། ཁ་བརྡ་ལྷོད་ལྷོད་རྗེས་ནས་བྱེད།
ཨ་གསར་བུ་རེ་བ་ཅན་པོ། རིག་པ་གསར་བ་རེ་ཡོད་ན་ཅིག་ཤོད་དང་། ངས་དག་ཞིང་འདི་ཚོ་མི་འདུག་ཟེར་བ་མིན་ན་ཡང་། ས་སྟེང་འདི་ན་ཡོད་པ་ཞིག་དང་ང་ལྟ་བུའི་ལས་མ་དག་པའི་གང་ཟག་ལ་ཡང་སྣང་རྒྱུ་ཡོད་པ་ཞིག་རེད་དམ། ཡང་ན་སྟེང་ན་ཡོད་ཀྱང་ལས་མ་དག་པའི་མི་ངན་ང་འདྲ་བས་ནམ་ཡང་མཇལ་དུ་མེད་པ་ཞིག་རེད། དེ་མིན་ན། བར་སྣང་སྟོང་བའི་དབྱིངས་སུ་ཡོད་ལ་ལས་དག་པའི་གང་ཟག་གི་སྣང་ངོ་འབའ་ཞིག་ཏུ་མཇལ་དུ་ཡོད་པ་ཞིག་རེད། སྤྱིར་ཁ་བརྡ་ནི་ཁ་བརྡ་རང་ཡིན་པས། ཁ་མི་དལ་ཁ་ཤ་འདར་ས་དང་ལག་མི་མཐེབ་རྡེལ་གནོན་ས་ཞིག་རང་རེད།
ཨོ། སྤྲི་ཞིག་ད་ཁ་ནང་ལ་མི་ཡོང་བསམས། ལོ་ཆུང་དུས་སུ་ཨ་མ་ལགས་ནས་སྤྲི་རེ་བསྐོལ་ནས་བླུགས་ན་དེའི་བྲོ་བ་རྗེས་སུ་སློབ་གྲྭ་ན་ཡོད་དུས་ཀྱང་ཁ་ནང་ལ་འཁོར་ཡོང་། ད་ལོ་ལོན་སོང་བས་སྤྲི་ཡི་བྲོ་བ་དེ་ཡང་བྱིས་པ་ཡིན་དུས་ལྟ་བུ་ཞིག་མེད་ཐག་ཆོད་རེད།
ཁྱོད་འདྲ་བའི་བྱང་འཕགས་ཐོབ་པའི་བླ་མ་ཁྱད་པར་ཅན་ཞིག་གིས་མ་གཟིགས་ན། ང་ལྟ་བུའི་མི་སྐྱ་དུ་འཐེན་ཞིག་གིས་ཆེ་རིག་གོ
རིག་མི་རིག་འདི་ལུས་ཀྱི་རྩ་ཞིག་གི་གནས་སྟངས་ལ་ཡང་སྐབས་རེར་རག་ལས་འདུག སྔོན་མར་ངའི་ངོ་ཤེས་ཤིག་ལོ་ན་ཆུང་དུས་ལྷ་རིག་འདྲེ་མཐོང་མང་དྲགས་པས་ཁོའི་ཕ་རྒན་གྱིས་ཁོའི་ལུས་སྟོད་དུ་བླ་མ་ཞིག་ལ་མེ་བཙའ་གདབ་ཏུ་བཅུག་པས། དེ་ནས་བཟུང་སྔོན་ཆད་རིག་རྒྱུ་ཡོད་པ་ཚང་མ་ཡལ་སོང་ཟེར། བདེན་མི་མ་ཤེས། ལོ་རྒྱུས་འགའ་རེའི་ནང་དུ་རྩ་ཁམས་དྭངས་སྟོབས་ཀྱིས་ཟེར་བ་ཞིག་ཡོང་གི་འདུག
ཨ་མ་བྱང་སེམས་ཅན་གྱི་སྤྲི་ལོས་དྲན། ལོ་རྒས་ཀྱིན་རྒས་ཀྱིན་ཕ་ཡུལ་གྱི་གཞོན་ཤ་དར་ལ་བབས་པའི་གཞོན་ནུ་མ་ཚོའང་དྲན། ངས་བྱ་ཁྱུང་རྫ་འདབས་ནས་བུ་མོ་ཞིག་ལ་ལ་གཞས་འདི་ལྟར་བླངས་མྱོང་།
དགུང་སྔོན་པོ་ཁ་ཞེང་ཆེ་གི།
འབྲུག་ཕོ་ཆུང་རྔམ་ཁ་མཐོ་གི།
དེའི་ཚོད་ཀྱི་ཆར་ཞིག་བབས་ན།།
ང་ལོ་ཡག་སྙེ་མའི་འདོད་རེད།།
སྡེ་ཆེན་པོ་ཁ་ཞེང་ཆེ་གི།
རོགས་ཆུང་ལོའི་ཁ་ཚིག་ཡག་གི།
དེའི་ཚོད་ཀྱི་སྣང་བ་མཐུན་ན།
ང་ཕ་བཟང་ཞི་ལིའི་འདོད་རེད།
ཅེས་མི་ལོ་བཅོ་ལྔའི་སྔོན་ལ་ཞེ་མཐུན་གྱི་རོགས་ལོ་ཞིག་ལ་བླངས་པའི་ལ་གཞས་འདི་ངོ་མ་བརྗེད་ཐབས་མི་འདུག
ལུས་ཀྱི་རྩའི་དང་ལྷོད་དང་རྨི་ལམ་གྱི་སྐོར་གྱི་དེབ་འབྲི་མཁན་ཐོག་མ་དེ་ཡུ་རོབ་ཀྱི་ཨེ་ལན་དྲིའི་མི་ཞིག་གིས་བྲིས་པ་རེད་ཟེར། དེའི་སྐོར་ལ་ཞིབ་འཇུག་ནན་ཏན་གྱིས་བགྱིས་ཏེ་དེབ་རྒན་ཞིག་བརྩམས་འདུག་ཟེར། ཡིན་ནའང་ཁོ་རང་ལྷ་མེད་སྨྲ་བ་རེད་འདུག
ཨ་ལགས་ཀླུ་སྨྱོན་འདི་ལ་ངས་ཇི་ལྟར་བཤད་ཀྱང་མི་ཉན་པ་ད་དུང་ཡང་དོན་མེད་ཀྱི་བྱ་བ་ལ་ཇུས་ཏོག་བྱེད་པར་དགའ་ཞིང་། རྒྱུས་མེད་ཀྱི་སྐད་ཆས་ཆོ་མེད་ཀྱི་འཆལ་གཏམ་སྣ་ཚོགས་སྒྲོག་བཞིན་འདུག ཁྱེད་ཀྱིས་དོན་དངོས་ཀྱི་འཇིག་རྟེན་ཚུལ་མཐོང་གི་ཡུལ་དུ་གྱུར་པ་རྒྱལ་རང་གི་ལོ་རྒྱུས་བཤད་པ་ཙམ་ལ་ཡང་དོན་དང་མི་མཐུན་པའི་ཚུལ་གོང་དུ་དྲྭ་གྲོགས་ཁ་ཤས་ཀྱིས་བཤད་ཟིན་པ་ལྟར་ཡིན་དུས། མ་རིག་པའི་མིག་ཤེལ་ཆེན་པོ་དེའི་འོག་ནས་ཤམ་བྷ་ལ་དང་པོ་ཏ་ལ་སོགས་གཞལ་འདོད་པ་ནི་གད་མོའི་ཡུལ་ལས་ཅི། ད་དུང་ཆོས་ལུགས་གཞན་དང་ཡུལ་ལུང་གཞན་ལ་རྒྱུས་ཡོད་མདོག་གི་མཁས་ཉམས་དེ་ངེས་པར་དོར་རན་ཚོད་ཡིན། ད་དུང་ཁམས་སྤྲུལ་གྱིས་ལོ་འགའ་སྔོན་ཐེ་ཝན་ལ་དགོན་གསར་གཞེངས་གནང་ཡོད་ཅེས་དོན་མེད་བཞིན་དུ་སྐྱག་རྫུན་ཆེན་པོ་ཅི་ལ་བཤད་པ་ཡིན། ཁམས་སྤྲུལ་ཁོང་ད་ལོ་ཐེངས་དང་པོ་ཐེ་ཝན་ལ་ཕེབས་པ་ཡིན།
zôh-ˆÛ-zÞ-hqº-zô-Pô-¤-hï-Xï-z®ßm-¤Û-¾-¼¾-q-¼ïhü DôP-GÛÅ-GP-GÅÞPÅ-ºhÝG-G¤ü wô-¼P-Åï¤Å-hG-m-hG-q-¼ïhüü hG-ŸÛP¸ï¼-z-hï-¼P-Åï¤Å-hG-qºÛ-ÇoP-z¼-ºV¼-zºÛ-ŸÛP-D¤Å-¾-¸ï¼-z-¼ïhü hï-fÞm-¤ôP-zºÛ-Å-V-Pô-¤-ŸÛG-¤ïhü zôh-ˆÛ-„¨-¤Ûm->Àâm-¤Ûm-hï-±ôÅ-ŸÛP-D¤Å-hP-vݾ-D¤Å-hP-¾Ë-»Þ¾-ÅôGÅ-¤Û-¤P-¾-ÇoP-z-GP-im-zÁh-q¼-V-zŸG-m-¤Þ-¤fÞh-zôh-ºhÛ-XïÅ-¾ÞÅ-ÅÞ-zÇkôh-hGôÅ-q-VGÅ-ˆÛ-¼ïhü Eïh-±ô-Ç+zÅ-¼ï-uP-qô-hP-Ç+zÅ-¼ï-¿+ÝG-dGÅ-Pô-¤-zÇeôm-HÛ-ºhÝG-G Íï¤Èô
འབྲུག་ཁམས་སྤྲུལ་ཟེར་བའི་མཁས་པ་ཆེན་པོ་དེ་ལ་དེང་སང་ཡང་སྲིད་ཡིན་ཟེར་མཁན་མང་པོ་ཞིག་ཡོད་ངེས་རེད་། ངས་རྡོ་རྗེ་གླིང་ནས་འབྲུག་ཆེན་སྤྲུལ་སྐུའི་ཞབས་གཡོག་གི་གྲས་སུ་འབྲུག་ཁམས་སྤྲུལ་རེད་ཟེར་བ་གཅིག་མཐོང་བྱུང་། དེའི་རྗེས་ཞིག་ནས་བཀྲ་ཤིས་ལྗོངས་ནས་ཕོ་གསར་རྒྱག་རིལ་རིལ་འབྲུག་ཁམས་སྤྲུལ་རེད་ཟེར་བ་གཅིག་ཐུག་བྱུང་། འཛམ་གླིང་བྱེ་བ་ཕྲག་རྒྱའི་ཞིང་ཁམས་སུ། །ཨོ་རྒྱན་པདྨ་བྱེ་ བ་ཕྲག་བརྒྱ་ཟེར་བ་ལྟ་བུ་ལོས་ཡིན། སྐྱབས་སུ་མཆི།
རྡ་རམ་ས་ལའི་ཁམས་སྤྲུལ་རིན་པོ་ཆེ་ཟེར་བ་དེ་ཅི་གང་ཡང་མ་རེད། རྒད་པོ་ཇག་ཁེ་ཏྲི་གྱོན་ནས་འགྲོ་མཁན་ཞིག་ཡོད་རེད། དེ་སྐུ་སྒེར་ཡིག་ཚང་གི་གཏོ་འཐེན་མཁན་རེད། ཁོའི་བུའི་བུ་དེ་སྤྲུལ་སྐུ་ཡིན་ཟེར་ནས་རྡ་རམ་ས་ལ་ནོར་བུ་གླིང་ཁའི་འགྲམ་ཞིག་ན་དགོན་པ་ཞིག་ཀྱང་བཞེངས་ཡོད་རེད།
བཀྲ་ཤིས་ལྗོངས་སུ་ཡོད་པའི་ཁམས་སྤྲུལ་ལོ་གཞོན་རྒྱགས་རིལ་དེས་ཐེ་ཝན་དུ་དགོན་པ་བཞེངས་འདུག་པས་མི་ཚད་འདྲ་པར་ཡང་རྒྱ་མིའི་ངོ་ཤེས་ཤིག་གིས་ང་ལ་བཏང་བྱུང་། དེར་མ་ཟད་དགོན་པ་གསར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོའི་པར་ཁ་ཤས་ཀྱང་འདུག ངས་དེ་ལ་བརྟེན་ནས་བཤད་པ་ཡིན་མ་གཏོགས་ང་ཐེ་ཝན་ལ་འགྲོ་མ་མྱོང་། གཞན་རྡ་སའི་ཁམས་སྤྲུལ་རིན་པོ་ཆེ་ཡང་ལོ་ཤས་གོང་ནས་ཐེ་ཝན་དུ་ཕེབས་པ་ང་ལ་ཆ་རྒྱུས་ཡོད། གང་ཡིན་ཟེར་ན་ཁོང་གི་སྲས་མོ་ས་སྐྱ་ཚང་གི་མནའ་མ་རེད།
གསལ་བཤད་ཅིག་ལ་རྡ་སའི་ཁམས་སྤྲུལ་འདི་བ་འབྲུག་ཁམས་སྤྲུལ་གྱི་ཡང་སྲིད་མ་ཡིན་པར་ཁམས་ལི་ཐང་སྒར་རྗེ་ཁམས་དབུས་དགོན་པའི་སྤྲུལ་སྐུ་ཞིག་རེད། དེ་ལ་བརྟེན་ནས་ཁམས་སྤྲུལ་ཐོགས་འདུག
ག་རེ་ཅིག་གི་མནའ་མ་རེད་མག་པ་རེད། ཨ་ལགས་དོལ་རྡོ་འདི་བའི་སྐད་ཆ་བཤད་སྟངས་གྲོང་གི་རྒད་པོ་རྒན་མོ་ནང་བཞིན་རེད་འདུག ཁ་ཉིན་ནས་ཆོས་པ་དང་མི་ནག་པའི་འཆད་ཉན་ལོགས་པ་དགོས་འདུག་ཟེར་མཁན་ཁྱོད་ཀྱང་ཡིན་པ། དེ་ལས་སྐད་ཆ་ཆོ་མེད་བཞག་ནས་དུས་བབ་ཟིན་བྲིས་ནང་ལ་སོང་དང་། བུ་མོ་བྱིའུ་མཆོས་ཟེར་ན་གྲ་བ་ཞིག་ལ་རེག་དུག་གམ་ཨེ་ཙི་འདུག་ཟེར། སྐད་ཆ་དེར་ང་ཞེ་སྣང་དང་ཧ་ལས་སོང་། གང་ཡིན་ཟེར་ན་ང་རང་ཁ་ཉིན་སྨན་ཁང་དུ་སོང་ནས་རྐུབ་ལ་ཁབ་ཁ་ཤས་གཙགས་པ་ཡིན། གྲ་བ་དེར་ཡང་ཨེ་ཙི་ཁབ་ནས་འགོས་པར་ཐག་གིས་ཆོད། མིན་ན་གཞང་ཁང་སོགས་ནས་འགོས་པ་ཡིན་ན་བུ་མོ་དེས་གྲ་ལོག་ཞིག་མི་ཟེར་བར་གྲ་བ་ཞིག་ཟེར་དོན་མེད། བུ་མོ་དེས་ཟིན་བྲིས་པ་འབིག་ནང་བཞིན་གྲ་བ་དང་བུ་མོ་ཕལ་ཆེ་བར་དམའ་འབེབས་གཏོང་འདོད་པ་ནི་ཡིན་དོན་མེད།
ཨ་ལགས་སྐུ་ཚེ་རིང་པོ། སྐྱག་བརྫུན་གྱི་ཆེད་དུ་སྐྱག་བརྫུན་མ་གཤད། བཀྲ ་ཤིས་ལྗོངས་ཀྱི་ཁམས་སྤྲུལ་དང་ང་འབྲེལ་བ་ཡོད་མཁན་ཡིན། ཁོང་གི་ཐེ་ཝན་ལ་དགོན་པ་བཞེངས་ཡོད་མ་རེད། ད་དུང་ཁྱེད་ཀྱིས་ཁམས་ལི་ཐང་སྒར་རྗེ་དགོན་པ་ཟེར། སྒར་རྗེ་དགོན་པ་ནི་ལི་ཐང་ནས་མ་རེད་ཁམས་དཔལ་ཡུལ་ནས་རེད། དཔལ་ཡུལ་ནི་སྡེ་དགེའི་ཁོངས་སུ་གཏོགས་པ་རེད། སྒར་རྗེ་ཁམས་སྤྲུལ་འཁྲུངས་ཡུལ་ལི་ཐང་ནས་རེད། དེའི་ཕྱིར་ཁྱེད་ཉིད་འཁྲུལ་ཡིན་ས་རེད། ཆ་རྒྱུས་མེད་བཞིན་ཆོལ་མེད་ཀྱི་སྐད་ཆ་དེ་ཚོ་མ་ཤོད་རོགས་སྐུ་མཁྱེན་ཨ་ལགས་ཚེ་རིང་པོ།
ངས་བསམ་སོང་། མིའུ་ཕྲུག་འདི་སྤྲུལ་རྫུན་ཞིག་མིན་ན་གྲྭ་རྫུན་ཞིག་རེད། ཁྱེད་ཚོས་མི་ཚེ་གང་བོར་ལས་ཀ་མི་བྱེད་པར་དགོན་པ་རྫིག་པོ་རྒྱག་པའི་དངུལ་དེ་ཚོ་གང་ནས་ཡོང་རེད། vampire ནང་བཞིན་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཁྲག་འཇིབ་ནས་ཡོང་བ་མ་རེད་དམ། ད་རུང་མིང་ལ་རབ་བྱུང་བ་ཡིན་ན་ཅིག་ལབ་ནས་འཁོར་བ་གཉིས་པ་ཞིག་ནང་ཚུད་ཚར་ཡོད་པ་དེ་ད་རུང་ངོས་མ་ཟིན། དོན་དམ་པས་འཇིག་རྟེན་པ་ཞིག་ལས་ཀྱང་ཆེས་ཆེར་སྡུག ཁག་མེད། རྒྱ་ནག་གིས་སྔོན་ཇག་པ་སེར་བོ་དང་རྐུན་མ་དམར་པོ་ཟེར་ནས་གཤེ་གཤེ་གཏོང་བ་དེར་རྒྱུ་མཚན་མེད་པ་མ་རེད། དེ་ཁྱེད་རང་འདྲ་བ་དེ་འདྲ་ལ་ཤོད་ཀྱི་ཡོད་པ་རེད། གལ་སྲིད་དམྱལ་བ་ཟེར་བ་ཞིག་ཡོད་ན་ཁྱེད་རང་འདྲ་བོ་གཞན་ལ་བཤུ་གཞོག་དང་རང་མཐོང་ཅན་འདི་འདྲ་མི་འགྲོ་བར་སུ་འགྲོ། དགོན་པོ་རྫིག་པོ་ཞིག་བརྒྱབས། ད་རུང་ཡིན་མདོག་མདོག་བྱས། དགོན་པའི་འཁྲིས་ཀྱི་ཁང་ཧྲུལ་ནང་སྡོད་པའི་མི་མང་དེ་ཚོར་ཚ་ཉོ་བྱེད་ཀྱི་སྒོར་ཙམ་ཡང་མེད་པ་དེ་མཐོང་གི་ཡོད་མ་རེད།
ཁ་སང་དེ་རིང་། སྤྲུལ་སྐུ་ྐླུ་སྨྱོན་གྱིས་མཇལ་འདོད་པ་ཤམ་བྷ་ལ་དང་། ཟངས་མདོག་དཔལ་གྱི་རི་བོ། པོ་ཏ་ལ་གསུམ་རེད། དགེ་ཆོས་ཀྱིས་ཕྱི་རོལ་བ་ཞིག་ལ་ལན་མཛད་པ་ལྟར། ང་ཚོའི་སེམས་ན་ལྐོག་གྱུར་དུ་གནས་པའི་གནས་མཆོག་འདི་དག དཔག་བསམ་འཁྲི་ཤིང་གི་རྩེ་མོར་འཛེགས་ཏེ་བལྟས་ན་ད་བཟོད་མཐོང་ཐུབ་ཅེས་གསུངས་པ་ལྟར། ྐླུ་སྨྱོན་དང་ང་ལྟ་བུ་ད་དུང་དཔག་བསམ་འཁྲི་ཤིང་གི་རྩེ་མོར་འཛེགས་པར་རྒྱུན་རིང་པོ་འགོར་སྟབས། དེ་ལས་སྤྱི་ཟླ་བཅུ་གཅིག་པའི་ཚོགས་འདུ་ཆེན་མོ་དང་མ་འོངས་བོད་ཀྱི་གནད་དོན་གྱི་སྐོར་ལ་བསམ་ཚུལ་ཕྲིས། འདི་གནད་འགག་རེད། གཞན་ཁམས་སྤྲུལ་རིན་པོ་ཆེ་ས་ནས་འཁྲུངས་ན་གནམ་ལས་བྱོན་ན། ཡང་སྤྲུལ་བཅུ་གྲངས་རེ་ཡོད་ནའང་གལ་ཆེན་པོ་མ་རེད། འདིའི་སྐོར་ལ་རྩོད་པ་མ་བྱེད།
སྐད་ཆ་དེ་དགེ་འདུན་ཆོས་འཕེལ་གྱིས་བཤད་པ་མ་རེད། ཁོའི་གྲོགས་པོ་ཁྱད་མཚར་ཞིག་ཡོད་པ་དེས་བཤད་རེད། ཡང་སྐྱར་རཀ་ར་རིན་པོ་ཆེས་མཛད་པའི་དེབ་དེ་ཀློག གཞན་ཞིག་གིས་ཁྱེད་ཚོའི་རིའི་རྒྱལ་པོ་རི་རབ་ཟེར་བ་དེ་གང་ན་ཡོད་པ་རེད་དྲིས་པར་དེ་ཁྱེད་ཚོའི་གཞུང་ན་བཤད་པའི་དཔག་བསམ་འཁྲི་ཤིང་ཟེར་བ་དེའི་རྩེར་འཛེམས་ཏེ་བལྟས་ན་མཐོང་གི་རེད་ཅེས་ལན་བཏབ་པ་རེད། ཚིག་ཇི་བཞིན་མི་ཤེས།
རཀ་ར་རིན་པོ་ཆེའི་དགེ་ཆོས་ཀྱི་ལོ་རྒྱུས་བློ་ངོར་ཆུ་བཞུར་བཞུར་ཡོད། གྲོགས་པོ་ཁྱད་མཚར་སུས་བཤད་པ་རེད་དམ། ཚིག་འདི་ཇི་མ་ཇི་བཞིན་གྱི་བཤད་ན། ཕྱི་རོལ་བ་ཞིག་གིས་དགེ་འདུན་ཆོས་འཕེལ་ལ་དྲིས་དོན། ཁྱོད་ཚོའི་རི་རྒྱལ་དེ་གང་ན་ཡོད་ཅེས་པའི་ལན་དུ། ཁྱོད་ཚོའི་དཔག་བསམ་འཁྲི་ཤིང་གི་རྩེ་ལོར་འཛེགས་ཏེ་བལྟས་ན་ད་བཟོད་ང་ཚོའི་རི་རྒྱལ་དེ་མཐོང་ཐུབ་ཅེས་གསུངས་ཡོད། འདི་འདྲ་རེད། ཕྱག་གཉིས་པ་ལགས།
ཚེ་རིང་གི་བུ། རཀ་རའི་དགེ་ཆོས་ཀྱི་ལོ་རྒྱུས། ཤོག་གྲངས་༥༩ ཐིག་ཕྲེང་༧ པའི་མཇུག་ནས་མར། ་་དེ་དུས་ཡེ་ཤེས་ཆོས་པ་འགས། ནང་པའི་མདོ་ནས་བཤད་པའི་རིའི་རྒྱལ་པོ་རི་རབ་དེ་གར་ཡོད་ཤོད་དགོས་ཟེར་བར། ཧི་མ་ལ་ཡའི་རི་བོའི་ཁོངས་སོགས་མང་པོ་ཞིག་བཤད་ཀྱང་། སྒྲུབ་བྱེད་གཙང་མ་ཞིག་མ་བྱུང་བའི་སྐབས་དེར། དུས་རྒྱུན་དེ་ཙམ་གྲགས་མི་ཆེ་བའི་དགེ་སློང་ཀྱལ་ཀའི་གནས་སུ་བྱེད་འདུག་པ་ཞིག་ཡོད་འདུག་པ་། ཁོང་གིས། ཁྱེད་ཚོས་ང་ཚོའི་རིའི་རྒྱལ་པོ་མཐོང་དགོས་ན། ཁྱེད་རང་ཚོའི་མདོ་ནས་བཤད་པའི་དཔག་བསམ་གྱི་ལྗོན་པ་འདྲ་བའི་ཤིང་རིང་པོ་དེའི་རྩེ་ལ་བརྫེགས་ནས་ལྟོས་དང་། དེའི་རྩེ་ནས་ངེས་པར་མཐོང་ངེས་ཞེས་བཤད་པས། དེ་གར་རྩོད་མཚམས་ཆད་འདུག་ཅེས་བཞད་མོ་བཞད་་ ཞེས་འདུག བརྫེགས་དེ་དཔེ་ཆ་ལྟར་ཇི་བཞིན་བཀོད་པ་ཡིན།
ཨོ། ད་གསལ་བོ་ཞིག་དྲན་ཁག་པོ་རེད། རཀ་རའི་དགེ་ཆོས་ཀྱི་ལོ་རྒྱུས་ནང་དེ་འདྲ་ཞིག་བྲིས་ཡོད་པ་བདེན། ཀིརྟི་ཚང་གི་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཡིན་ནམ། བདེ་སྦྱིན་བཟང་མོའི་ཨ་མདོའི་སྤྲང་པོ་ཡིན་ནམ། ཡང་ན། རྡོ་བརྟན་རྒྱལ་གྱི་དགེ་ཆོས་ཀྱི་ལོ་རྒྱུས་ཡིན་ནམ། གང་ལྟར་དེབ་གཅིག་གི་ནང་དུ་དགེ་ཆོས་ཀྱི་གསུང་རེད་ཅེས་བཤད་འདུག
བདེ་སྦྱིན་བཟང་མོའི་ཨ་མདོའི་སྤྲང་བོ་ཞེས་པ་དེ་དེབ་ཅིག་ཡིན་ནམ་ཤོག་ལྷེ་ཁ་ཤས་ཡོད་པའི་ཆེད་རྩོམ་ཞིག་རེད། གལ་སྲིད་དེབ་ཅིག་ཡིན་ན་གང་ནས་རག་ཐུབ།
ཨ་མདོའི་སྤྲང་པོ་ཞེས་པ་དེ་དེབ་ཅིག་རེད། ཧ་ལམ་ཤོག་ངོས་བཞི་བརྒྱ་ཡས་མས་ཤིག་ཡོད། དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་འབྲི་མཁན་ཐོག་མ་དེ་མོ་རང་ཆགས་འདུག ཕྱིས་སུ་དགེ་ཆོས་ཀྱི་སྐོར་ལ་དེབ་མང་པོ་ཞིག་ཐོན་སྟབས། མོས་དེ་ཚོར་བསྐྱར་ཞིབ་ཀྱིས་ཨ་མདོ་སྤྲང་པོ་ཞེས་པའི་དེབ་ལས་རྒྱས་པ་ཞིག་དབྱིན་ཡིག་ནང་བྲིས་ཡོད། ཨ་རིའི་སློབ་གྲ་ཆེན་མོ་ཞིག་གིས་དཔར་དུ་བཏབ་ཡོད། ཡིན་ནའང་། དེབ་ཀྱི་ཁ་བྱང་བརྗེ་བོ་བརྒྱབས་འདུག ཕལ་ཆེར་དུས་རབས་ཉི་ཤུ་བའི་བོད་ཀྱི་གཙུག་ལག་གི་དཔའ་བོ་འདྲ་པོ་ཞིག་བཏགས་འདུག་སེམས། དེབ་རྗེས་མ་དེ་གསལ་པོ་ཞིག་མི་ཤེས།
ཨ་མདོའི་སྤྲང་པོ་དེ་དབྱིན་ཡིག་དང་བོད་ཡིག་ནང་བྲིས་མི་འདུག དེ་ཙམ་གྱིས་འཐུས།
ཐུགས་རྗེ་ཆེ།