བར་ཕུ་ཕུན་ཚོགས།
གངས་ཅན་རི་ཡིས་སྐོར་བའི།།
མདོ་སྨད་མཁས་པའི་ཞིང་ཁམས།།
སྟག་འཚེར་ཡུལ་དུ་འཁྲུངས་པའི།།
སྐྱེས་མཆོག་ལྷ་མོ་དོན་འགྲུབ།།
བོད་ཁམས་ཆོས་སྲིད་གཉིས་ཀྱི།།
འདི་ཕྱི་ཀུན་གྱི་དབུ་ཁྲིད།།
རྒྱལ་ཁམས་ཚུལ་བཞིན་སྐྱོང་བའི།།
དབུ་ཁྲིད་བཟང་པོ་ཁྱེད་ཡིན།།
བོད་མིའི་ཆོས་དང་རིག་གཞུང་།།
མི་རིགས་རྩ་མེད་བཟོ་བའི།།
རྒྱ་དམག་འོག་ནས་སྐྱོབས་མཁན།།
སྐྱབས་མགོན་བླ་མ་ཁྱེད་ཡིན།།
འཛམ་གླིང་མི་ཡིས་རྩོད་པའི།།
སྲིད་གཞུང་མང་གཙོའི་ལམ་སྲོལ།།
བོད་པར་འགྲོ་སྟངས་བསླབས་ཏེ།།
གསར་གཏོད་གནང་མཁན་ཁྱེད་ཡིན།།
མདོ་དབུས་ཁམས་ཀྱི་སྤུན་ཟླའི།།
རིགས་ཞེན་སྙིང་སྟོབས་བསྐྲུན་ཞིང་།།
ཆིག་སྒྲིལ་གསོན་ཤུགས་སྦྱིན་པའི།།
བདུད་རྩིའི་སྨན་མཆོག་ཁྱེད་ཡིན།།
མི་མཐུན་སྡང་སེམས་སེལ་ཞིང་།།
ཞི་མཐུན་བྱམས་སེམས་སྤེལ་མཁས།།
འཛམ་གླིང་ཀུན་གྱི་མོས་པའི།།
ཞི་བདེའི་དེད་དཔོན་ཁྱེད་ཡིན།།
ས་སྟེང་འགྲོ་བ་ཡོངས་ལ།།
དམིགས་མེད་བརྩེ་བས་གཟིགས་ཤིང་།།
བྱམས་སེམས་ཀུན་ལ་ཆེ་བའི།།
རྩ་བའི་བླ་མ་ཁྱེད་ཡིན།།
ད་ལྟ་རང་དུས་བབས་ལས་ ད་ལྟ་རང་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་ ༥ ཉིན་གྱི་དགོང་མོར་བོད་ནང་གི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་དུ་བོད་མི་གཞོན་སྐྱེས་ཕོ་གསར་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་རྒྱ་ནག་གཞུང་གིས་ས་གནས་ཀྱི་བརྒྱུད་ལམ་ཁག་ཚང་མར་དམ་དྲག་བྱས་ཡོད་སྟབས། རང་ལུས་མེར་བསྲེཊ་གནང་མཁན་ཁོང་གི་མཚན་དང་འཆི་གསོན་སོགས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་རག་ཐབས་མ་བྱུང་། ས་གནས་ཀྱི་གནས་ཚུལ་རིམ་པ་ཐོན་སྐབས་ཐོན་རིམ་བཞིན་ཁ་སྣོན་བྱ་རྒྱུ་ཡིན།
མང་གཙོའི་ལམ་སྲོལ་གསར་གཏོད་བྱས་བ་མ་རེད། དར་སྤེལ་བཏང་བ་རེད། སྟོད་པ་ཞུ་དུས། མཐོ་རྒྱག་དམའ་རྒྱག་མ་མང་ན་ཡག་ནི་རེད། ལོ་གཅེས།