༄༅།། ངའི་བློས་གྲོགས་ཚེ་རིང་དབང་ཕྱུག་སོགས་ལྟོས་ལྟོས་རིག་རིག་ལ་ཨ་ཕ་ཆགས། དེ་རིང་སང་ཉིན་ང་ཚོ་གྲོགས་པོ་རྣམས་ཐེངས་གཅིག་འཛོམས་པ་ལའང་དུས་ཚོད་དེ་ཡར་བསྟུན་མར་བསྟུན་མང་པོ་ཞིག་བྱེད་དགོས་ཀྱང། བསྟུན་ས་གཙོ་བོ་དེ་སོ་སོའི་བདག་མོ་རྣམས་ཡིན་པ་འདྲ། རྒྱུ་མཚན་དེས་ལོ་ངོ་འདི་དག་ལ་ཕོ་གསར་གྱི་རང་སྣང་ང་རྒྱལ་ཡལ་བ་མ་ཟད། རང་ལ་མེད་ཀྱང་བོད་ཀྱི་སྤྱི་དོན་ཟེར་བའི་སྤྲང་པོའི་ལྷག་བསམ་དེའི་ཁར། དེ་རིང་སང་ཉིན་ཆུང་མ་དང་བུ་ཕྲུག ད་དུང་ཚ་ལམ་ལམ་གྱི་ཁྱིམ་གཞིས་སོགས་ལ་བསམ་བློ་གཏོང་ཤེས་མཁན་ཞེ་གཅིག་ཏུ་གྱུར་ནས། འཇིག་རྟེན་ལ་དབང་དུ་འབྱོར་རྒྱུའི་བཟོ་ལྟ་མངོན་ཡོང་སྟེ། དངོས་གནས་རང་ཕྱི་ཡི་རྣམ་པ་ལས་ནང་གི་དོན་དག་གཙོ་བོར་བྱེད་པའི་ལམ་ཁ་ཞིག་ཏུ་བསྐྱོད་བཞིན་པ་གྲོགས་པོ་ཚོའི་བྱ་སྤྱོད་དང་མཚུངས། རྒྱུ་མཚན་དེ་དག་གིས་དེ་རིང་དགའ་རོགས་ཀྱི་ཉིན་མོར་ང་ཚོས་སྔར་བཞིན་སོ་སོའི་སྙིང་ཉེ་བློ་གཏོད་བཅོལ་ཡུལ་རྣམས་འཁྲིད་ནས་འཛོམས་རྒྱུ་ལྟ་ཞོག ཐ་ན་དགའ་རོགས་ཀྱི་ཉིན་མོ་ཟེར་བའི་ཚོར་བ་ཅན་གྱི་ཉིན་དེའང་སླེབས་ན་མ་སླེབས་ན་ཁྱད་པར་ཅི་གང་མེད་པ་འདྲ་ཞིག་འདུག ཡིན་རྒྱུ་ནི། སྙིང་སྡུག་དང་འཕྲད་པ་ནི་འཁྲིག་སྤྱོད་དང་ཁ་ཕྲལ་བ་ལྟ་བུའི་ཉིན་མོ་དེ་ནས། དམ་ཚིག་ཕྱི་གཙང་ནང་གཙང་དང། ངར་དགའ་ཁྱེད་དགའི་བརྩེ་བ་བརྩི་བཀུར་ཟུང་འབྲེལ་དེས་ངའི་གྲོགས་པོ་རྣམས་ཀྱང་རང་བཞིན་འཇིག་རྟེན་སྙིང་པོས་བཙོན་དུ་བཟུང་བ་ལྟར་གྱུར་འདུག་བསམས་ནས། དེ་རིང་དགའ་རོགས་ཀྱི་ཉིན་མོར་ཕོ་སར་མོ་སར་གསར་པ་ཚོར་རྟེན་འབྲེལ་རེ་ཞུ་ན་འདོད་བྱུང།
ཡ་གྲོགས་པོ་དགའ་རོགས་ཀྱིས་རྩེད་མཚར་ལབ་ཉིན་འདྲ་བོ་ཞིག་གཏན་ནི་མིན་ཀྱང།
དགའ་རོགས་ཀྱི་འདོད་གཏམ་ཙམ་ལ་རོལ་བར་འདོད།་འདི་ནི་ངའི་འདོད་གཏམ་ཁོ་
ན་ཡིན་ལ། ད་ནི་ངའི་འདོད་དོན་ཡང་མཐར་ཐུག་རྒྱུ་ལས་འདོད་ཐོག་ལ་འདོད་པ་བསྣན་
པས་ང་ནི་འདོད་པའི་སྤྲང་རྒན་འགྱུར་རྒྱུ་ཉེ་སར་སླེབས་སོང
༄།དགའ་རོག་དུས་ཆེན་གལ་ཆེན་པོ་རེད་ དགའ་རོག་ཡོད་ན་སེམས་ལ་བདེ་སྐྱིད་ཡོད་།
དགའ་རོག་ཡོན་ན་མཚན་མོ་བདེ་བ་ཡོད། དགའ་རོག་ཡོད་ན་དགའ་བ་ངང་ནས་ཡོང།
བུ་ལ་བུ་མོའི་དགའ་རོག་ཡོད། བུ་མོ་ལ་བུ་ཡི་དགའ་རོག་ཡོད། བུ་མོ་ལ་བུ་མོ་ཡི་དགའ་རོག་ཡོད།
བུ་ལ་བུ་ཡི་དགའ་རོག་ཡོད། རྒན་ལ་གཞོན་གྱི་དགའ་རོག་ཡོད། གཞོན་ལ་རྒན་གྱོ་དགའ་རོག་ཡོད།
བོད་ལ་རང་བཙན་གྱི་དགའ་རོད། དགའ་རོག་ཀུན་གྱི་རྩ་བ་ཡིན།
དགོངས་དག་དགའ་རོགས་ཞེས་པ་ལ་ཡིག་ནོར་ཤོར་འདུག་
ཉམས་དགའ་བ་ལྟེ་བའི་འོག་ལ་ཡོད། །ཕུང་དང་སྲི་ཡང་དེ་ན་ཡོད། །ཟེར་བ་ལྟར་དགའ་རོགས་བདེ་སྐྱིད་ཀྱི་རྩ་བ་དང་སྡུག་བསྔལ་གྱི་རྩ་བ་གཉིས་ཀ་ཡིན། དགའ་རོགས་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དེ་ཡང་གཙོ་བོ་ལྟེ་བའི་འོག་ལ་ཡོད་པ་དེ་ལ་བརྟེན་ནས་ཡིན་ལ། ལྟེ་བའི་འོག་ལ་ཡོད་པའི་དངོས་པོ་དེ་ལ་བརྟེན་ནས་བཟོད་མི་ཐུབ་པའི་སྡུག་བསྔལ་ཡང་འབྱུང་གི་ཡོད། དེ་ཡང་ཐོག་མར་ལྟེ་བའི་འོག་གི་དངོས་པོ་དེ་ལ་སེམས་ཆགས་པའི་སྡུག་བསྔལ། ཆགས་ནས་དེ་རྙེད་མི་ནུས་པའི་སྡུག་བསྔལ། རྙེད་ནས་གཞན་གྱིས་ཁྱེར་བའི་སྡུག་བསྔལ། གཞན་གྱིས་ཁྱེར་ཟིན་ན་ཡང་ད་དུང་སླར་ཐོབ་འདོད་ཀྱི་སྡུག་བསྔལ་དང་། ཁྱེར་བ་པོ་དེ་ལ་ཞེ་སྡང་བའི་སྡུག་བསྔལ། མཐར་གསོད་བརྡུང་གི་སྡུག་བསྔལ་ཡང་བྱུང་དང་འབྱུང་བཞིན་པ་ལགས་སོ། །
མི་སུམ་ཅུ་ལ་བསམ་པ་སུམ་ཅུ། ཟེར་བ་ལྟར་དགའ་ས་མང་མོད། ང་ཡི་དགའ་ས་ནི་གཞོན་ནུ་དར་མ། མཚན་གཅིག་ལ་ཚར་དྲུག་སྤྱད་ཀྱང་མི་ངལ་བ། ངའི་འདོད་པ་ཡོངས་སུ་ཚིམས་བཅུག་མཁན་དེ་ཡིན།
མཚན་གཅིག་ལ་ཚར་དྲུག་སྤྱད་རྒྱུ་དེ་ནི་ལྟེ་བའི་འོག་ཏུ་ཡོད་པའི་དངོས་པོ་ཁྱུ་མཆོག་གི་རྨིག་རྗེས་དང་འདྲ་བ་དེ་རེད་བ།