ཕར་ཕུ་ཕུན་ཚོགས་ནས།
སྐལ་དམན་བདག་ཅག་འདོད་སྨྱོའི་འཁྱག་རོམ་ཁྲོད།།
ཉིན་མཚན་མེད་པར་གྲང་བས་གདུང་བའི་ཚེ།།
བསྟན་འགྲོའི་འབྱུང་གནས་མཁས་གྲུབ་ཉི་མའི་གཉེན།།
ནུབ་རིའི་རྩེ་ནས་མྱུར་དུ་ཡལ་དོན་ཅི།།
ཚན་རྩལ་འཁྲུལ་བའི་དམག་འཁྲུག་བཙན་དབང་གིས།།
ཉམ་ཐག་འགྲོ་བ་ཡུན་རིང་གཙེས་པའི་ཚེ།།
འཁྲུལ་བའི་ནད་དུག་ཞི་མཛད་བདུད་རྩིའི་བཅུད།།
སྦྱིན་ལ་མཁས་པའི་ལྷ་མཆོག་གང་དུ་ཕེབས།།
བོད་བརྒྱུད་ནང་བསྟན་ཞི་བསིལ་གླེག་བམ་ཞེས།།
འགྲོ་ཀུན་མགུ་ཞིང་སློབ་མའི་རེ་བའི་མིག །
ཅི་རེར་བལྟས་ནས་གདུང་ཞིང་འབོད་པ་ན།།
ཁྱེད་ཐུགས་མཁྱེན་བརྩེའི་ཀློང་ནས་གསན་ལགས་སམ།།
བླ་མ་ཁོང་གི། དགོངས་བཞེད་ནི། རྒྱལ་དབང་དེའི། དགོངས་པ་དེ། འགྲུབ་རྒྱུ་དེ། རེད་ལགས་པས། བློ་ཕམ་བྱུང་།
དགའ་ལྡན་ཁྲི་པ། བོད་ཀྱི་རྒྱན་མཛེས་རྒྱན། བླ་མ་སྤྲུལ་སྐུ་མིན་པའི། ཐུབ་པའི་མཛེས་རྒྱན།
དབྱུག་པ་ལེབ་བརྡུང་མ་བྱེད་ཨ།