དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ལུང་རིག་རྣམ་རྒྱལ།
བེ་རི་འཇིགས་མེད།
དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ལུང་རིག་རྣམ་རྒྱལ་དཔལ་བཟང་པོ་ནི། རབ་བྱུང་བཅོ་ལྔ་མེ་ཕོ་སྟག་༡༩༢༦ལོར་སྤོམ་འབོར་སྒང་གི་ཉེ་འགྲམ་དུ་ཡབ་བློ་བཟང་ཕུན་ཚོགས་དང༌། ཡུམ་ནོར་འཛོམས་ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་བདུན་ལ་ཕེབས་པར་འཇོལ་བདེ་ཆེན་གླིང་གི་མཁན་པོ་བློ་བཟང་ཀུན་དགའ་འཕྲིན་ལས་དཔལ་བཟང་པོའི་དྲུང་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང༌། ལི་ཐང་དགོན་ཆེན་གྱི་མཁན་པོ་སྒོ་སོགས་མཆོག་སྤྲུལ་རྗེ་བཙུན་བློ་བཟང་འཇམ་དཔལ་སྙིང་པོ་ལུངརིགས་བསྟན་འཛིན་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། དགུང་གྲངས་ཉི་ཤུ་རྩ་གསུམ་པ་རབ་བྱུང་བཅུ་དྲུག་ས་བྱི་བའི་༡༩༤༨ལོར་དབུས་སུ་ཕེབས་ཏེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་ནོར་གླིང་གྲྭ་ཚང་དུ་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་གསན་བསམ་རྒྱ་ཆེར་མཛད་པས་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ། དགུང་ལོ་སོ་གསུམ་པར་རབ་བྱུང་བཅུ་དྲུག་ས་ཁྱིའི་༡༩༥༨ལོར་བསྟན་དགྲ་རྒྱ་དམར་ཀླ་ཀློའི་དཔུང་གིས་བོད་ལྗོངས་བསྟན་འཚོའི་བདེ་སྐྱིད་རྨེག་མེད་དུ་བཅོམ་པའི་སྐབས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས། དེ་ནས་དགུང་གྲངས་བཞི་བཅུ་མ་ཟིན་བར་དུ་སྦག་ས་ཆོས་སྒར་དུ་མཁས་མང་རྒྱ་མཚོའི་དབུས་སུ་མདོ་སྔགས་ཡོངས་རྫོགས་ཀྱི་གནད་ལ་ཤིན་ཏུ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ་ཀུནགྱིས་བཀུར་བའི་འོས་སུ་གྱུར། དེའི་ཕྱི་ལོར་རྒྱལ་བའི་བཀའ་དགོངསབཞིན་ཝཱ་ར་ཎ་སི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དངོས་སུ་གསར་འཛུགས་མཛད་སྐབས། རིས་མེད་མཁས་དབང་སློབ་གཉེར་བ་བརྒྱའི་ཁོངས་སུ་ཕེབས་ཏེ་སློབ་དཔོན་དུ་མའི་དྲུང་ནས་རྒྱ་གཞུ་གཙོ་བོར་གྱུར་པའི་གཞུང་ཆེན་ཁག་ལ་ལོ་གསུམ་བསྐྱར་སྦྱོང་མཛད་པའི་འབྲས་རྟགས་སུ་ཨ་ཙཱརྱ་ཨང་རིམ་དང་པོའི་ཕྱག་ཁྱེར་བཞེས་གནང་མཛད། དགུང་གྲངས་ཞེ་བཞི་པར་སློབ་དཔོན་རྒྱུགས་སྤྲོད་ཟིན་པའི་མཁས་དབང་ཡོངས་རྫོགས་རྡ་སར་གཟིམ་ཆུང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྩོད་རྒྱུགས་བཞེས་སྐབས་ཀུན་གྱི་དབུས་སུ་ལྷ་རམས་པའི་མཚན་གནས་བཞེས། དེ་ནས་ལྷོ་ཕྱོགས་གདན་ས་ཁག་གསུམ་གྱི་གཞུང་ལུགས་རབ་འབྱམས་སྨྲ་བ་མཁས་མང་རྒྱ་མཚོའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་གྲྭ་སྐོར་དང༌། ལྷ་རམས་པའི་དམ་བཅའ་འཇོག་པར་མཛད། དགུང་གྲངས་ཞེ་ལྔ་པ་དཔལ་ལྡན་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་བཞུགས་གནང་སྟེ་ཆོས་འགྲིམ་ཆ་ཚང་དང་ཁ་གཏད་དགེ་བཤེས་ཀྱི་མཛད་འགན་བཞེས། དེའི་རིང་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་དང༌། སྐྱབས་རྗེ་རྣམ་པ་གཉིས་གཙོས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཇི་སྙེད་ཅིག་གི་དབང་ལུང་མན་ངག་རྣམས་བུམ་པ་གང་བྱཱུའི་ཚུལ་དུ་གསན་སྦྱངས་མཛད་ནས། དགུང་གྲངས་ཞེ་དྲུག་པར་སྔགས་དམ་བཅའ་འཇོག དེ་ནས་སླར་ཡང་ཝཱར་ཎ་ཆོས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ཏེ་རིགས་གཅིག་རྐང་འཛིན་ཉམས་ཞིབ་ལོ་གསུམ་གནང་སྟེ་ཚིག་དོན་ཟབ་ལ་གོ་བདེ་བ། སྡེབ་སྦྱོར་སྙན་འཇེབས་ལྡན་པ་ཉམས་ཞིབ་ཀྱི་ལམ་དང་མཐུན་པ་དེབ་གཞི་ཚད་ལངས་ཅན་ཚད་མ་རིག་པའི་སྐོར་གྱི་གསུང་རྩོམ་ཡང་མཛད། དགུང་གྲངས་ང་བདུན་པར་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན་བརྒྱུད་སྟོད་བླ་མ་དབུ་མཛད་དང་དེ་ནས་མཁན་པོ་བཅས་ཀྱི་ཕྱག་རྟགས་རིམ་སྩོལ་བཞིན་སྔར་སྲོལ་རྒྱུད་ཆེན་གོང་མའི་བཞེད་སྲོལ་རྣམས་མི་ཉམས་རྒྱུན་བསྐྱངས་ཐོག་བཀའ་འགྲེལ་གྲྭ་ཚང་འདིར་ཆོས་སྲིད་གང་ལའང་སྨན་པའི་སློབ་གྲྭའི་རྣམ་པར་གཞུངཆེན་ཁག་གི་སློབ་ཚན་གསར་བཟོས་མཛད་གནང་གིས་བཀའ་དྲིན་ཆེ་བར་སྩལ། དེ་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ཕག་སྟེ་༡༩༩༥ལོར་དགུང་གྲངས་དྲུག་ཅུ་རེ་དགུར་སོན་པ་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོས་ཤར་པ་ཆོས་རྗེའི་མཚན་གནས་མངའ་གསོལ་ཏེ། གཞུང་གནས་དང༌། གདན་ས་གྲྭ་ཚང་བཅས་ནས་ཁྲི་གསོལ་རྟེན་འབྲེལ་ལེགས་པར་མཛད་དེ། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་དྲི་མ་མེད་པར་འཛིན་བའི་རིག་གྲོལ་འཕགས་ཚོགས་འདུས་པ་རྒྱ་མའི་དབུས་སུ་ས་ལམ་གྱི་ཉམས་རྟོགས་ཕུན་སུམ་ཚོགས་ཏེ་མཁས་ཤིང་གྲུབ་པ་བསྙེས་པའི་བསྟན་འཛིན་གྱི་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུའི་དབུས་སུ་ལྷུན་པོ་ལྟར་མངོན་པར་འཕགས་པའི་འཕྲིན་ལས་ཀྱི་འཇུག་པའི་རྒྱུན་སྐྱོང༌། རབ་བྱུང་བཅུ་བདན་པའི་ས་གླང་སྤྱི་ལོ་ 2009་ལོར་ དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་ལ་གསེར་ཁྲི་བཏོད་ནས་ཁྲི་ལས་ཟུར། ད་ལྟར་ཡོབ་རོབ་ཁུལ་དུ་བསྟན་འགྲོའི་བསོད་ནམས་ཀྱི་མགོན་དཔུང་དམ་པར་འཚོ་ཞིང་བཞུགས་པ་འདི་བཞིན་ལགས་སོ།
ནོར་བཅོས། ལུང་རིག་རྣམ་རྒྱལ།__ལུང་རིགས་རྣམ་རྒྱལ།
ཆོས་གྲོགས་ཁྱེད་ཕེབས་པར་དགའ་བསུ་ཞུ། ཝ་ན་མཐོ་སློབ་ཀྱི་དགེ་རྒན་ཡིན་ལུགས་ཤིག་ཐོས་བྱུང་།
བེར་སྨྱོན་ལགས།
སྐུ་ཉིད་ཀྱི་རྩོམ་ཡིག་འདི་གཉིས་ལ་རྩོམ་འཕྲོར་བལྟ་རྒྱུ་ཡོད་པའི་སྒོ་ནས་དྲ་ཐོག་ལ་མངོན་ཐུབ་ན་ཡག་གི
དེ་མ་གཏོགས་དྲ་ངོས་ཀྱི་ས་རྒྱ་ཆེན་པོ་ཁེབས་འདུག འདི་ལ་ཐུགས་བསམ་ཞིག་བཞེས་རོགས། དེ་ཙམ་ཡིན།
བེ་རིའི་གསར་འགྱུར་རྣམས་ལ་ཐུགས་རྗེ་ཆེ། དྲི་བ་གཅིག་ཡོད་པ་ནི། དགའ་ལྡན་ཁྲི་བ་འདི་དག་སྐུ་འཚོ་བཞུགས་ཡིན་བཞིན་དུ་ཁྲི་ལས་ཟུར་དགོས་པའི་ལུགས་སྲོལ་འདི་ག་དུས་ནས་དར་བ་རེད། འདི་ནི་སྲིད་དོན་གྱི་དགོས་མཁོ་ཅིག་ལ་དམིགས་པ་རེད་དམ། ཡང་ན་དགོས་དབང་གཞན་ཅིག་ཡོད་པ་རེད།
ཟླ་མེད་ལགས། སྐུ་ཁམས་བདེ། དགའ་ལྡན་ཁྲི་བ་འདི་དག་སྐུ་འཚོ་བཞུགས་ཡིན་བཞིན་དུ་ཁྲི་ལས་ཟུར་དགོས་པའི་ལུགས་སྲོལ་འདི།
ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད་༼༡༦༣༦༽དགའ་ལྡན་ཁྲིར་ཕེབས་སྐབས་བྱུང་བའི་ལོ་རྒྱུས་ཤིག་རེད། དེ་ཡང༌། སྐབས་དེར་དགེ་ལྡན་པའི་གནས་བརྟན་རྒན་གྲས་ཀུན་གྱི་གྲོས་མོལ་གྱིས་དབུས་སུ་གདན་དྲངས་ནས་རྒྱུད་སྟོད་སྨད་དང་ཤར་བྱང་གང་ཡང་མ་བརྒྱུད་པར་ཕེབས་སྲོལ་ཡོད་པ་ལྟར། རབ་བྱུང་བཅུ་གཅིག་པའི་མེ་གླང་༡༦༣༧ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད། བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་འཕེལ་ཡང༌། དེ་སྔོན་་ཀོང་པོའི་གྲྭ་རྒྱུན་རྣམས་དགའ་ལྡན་ཤར་བྱང་གང་མོས་སུ་འཛུལ་ཞུགས་བྱེད་སྲོལ་་ལས་ངེས་གཏན་ཐོབ་ཁོངས་ཀྱི་ཀྲིག་ཅར་མེད་པ་དང༌། ཁྲི་ཆེན་འདི་པ་ཡང་ཤར་བྱང་ཐུན་མོང་བ་ཡིན་ཡང༌། བྱང་རྩེ་པ་རྣམས་ཀྱིས་རང་ཁོངས་ཡིན་ཤག་གཞིར་གཟུང་གིས་ཁྲི་པ་འདིའི་རྗེས་ཐོག་ཏུ་ཤར་པ་ནས་ངེས་ཅན་མི་དགོས་ཞེས་སྨྲས་པས། བསྟན་པའི་གད་ཆག་ལྟ་བུས་དགའ་ལྡན་ཤར་པའི་དཔུང་གིས་ཁྲི་བཙན་འཕྲོགས་བྱས་པས། ཤར་བྱང་དབར་འཁྲུགས་པ་ཚབས་ཆེར་ལངས། ཁྲི་པ་རང་ཡང་ཁྲི་མཐའ་མ་འཁྱོངས་པར་ཁམས་དཔལ་འབར་དུ་བྲོས་སྟབས་ཀྱིས་ཕེབས་དགོས་བྱུང༌། རྩོད་སྙོག་འདིའི་ཁ་མ་འདུམ་པར་སྐབས་དེའི་བོད་གཞུང་འཛིན་པ་སྡེ་པ་གཙང་པ་ཀརྨ་བསྟན་སྐྱོང་དབང་པོ་ལ་ཞུས་པས་བརྩད་ཞིབ་ནན་གནང་གིས་ཐག་གཅོད་བཀའ་ལུང་ཕྱིར་ཕེབས་སུ། ད་ནས་བཟུང་སེར་འབྲས་དགའ་གསུམ་དང༌། མངའ་དྭགས་རྒྱལ་གསུམ་གང་ནས་དགའ་ལྡན་གསེར་ཁྲིར་ཕེབས་ན་ཡང༌། དགའ་ལྡན་ཤར་བྱང་གི་ཁྲིར་བརྒྱུད་དགོས་པ་དང༌། དེ་ཡང་ཤར་བྱང་གི་བླ་མ་རེས་མོས་ཀྱིས་གསེར་ཁྲིར་ཕེབས་བཞུགས་གནང་བ་ལས་ཐད་བརྒལ་དུ་ཕེབས་མི་ཆོག་པ་དང༌། ཁྲིར་ཕེབས་རྗེས་ཁྲི་པ་ལོ་ངོ་བདུན་ངེས་ཅན་དུ་བྱེད་དགོས་པའི་གཏན་འབེབས་གནང༌། དེ་ནས་བཟུང་དགའ་ལྡན་ཕོ་བྲང་གསར་འཛུགས་བྱས་པའི་རྗེས་སུའང་ལུགས་སྲོལ་དེ་བཞིན་རྒྱུན་ཆགས་སུ་གནས་པར་མ་ཟད། རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚཱུམཚོའི་སྐུ་དུས་སུ་ལུགས་སྲོལ་དེ་ཉིད་སོར་གནས་ཐོག །རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་བླ་རིམ་པར་བརྒྱུད་དགོས་རྒྱུ་དང༌། སྐབས་མཚམས་སུ་གཞུང་འབྲེལ་བསྐོ་བཞག་བསྐྱངས་ཏེ་ཁྲི་འདོན་དང་པོ་རྒྱལ་བའི་ཕོ་བྲང་ནང་དང༌། དེ་རྗེས་དགའ་ལྡན་དུ་གནང་རྒྱུ་བཅས་ཀྱི་སྲོལ་ཚུགས།། དེ་ལས་གཞན་སྲིད་དོན་གྱི་དགོས་མཁོ་གང་ཡང་ཡིན་ས་མ་རེད།
རིག་འབྱུང་ལགས། དགོངས་འཆར་གནང་བ་ཐུགས་རྗེ་ཆེ། དྲ་ངོས་འཇུག་སྟངས་ཐད། དེ་སྔོན་ཕྲན་གྱིས་འཇུག་པ་ཡོངས་རྫོགས་རབ་གསལ་ལགས་ཀྱིས་ཕྱག་རོགས་གནང་གི་ཡོད་པ་རེད། ངས་ཁོང་ལ་ཁག་བཞག་ནས་ཡར་བླུགས་སྟངས་ཙམ་བ་ཞིག་ལས་ཤེས་ཀྱི་མེད། ད་དུང་ཁོང་ལ་ཐུགས་རྗེ་ཆེ་ཞེས་ཀྱང་ཞུ་མྱོང་མེད། རྗེས་ནས་ངས་དྲ་འཇུག་ཤེས་བྱ་འདི་དག་བསླབ་ནས་སྐུ་ཉིད་ཀྱི་དགོངས་འཆར་ལྟར་བཟོ་ཐུབ་རེ་ཞུ་རྒྱུ་ཡིན།
གྲོགས་པོ་ཀླུ་སྨྱོན་ལགས། དྲ་ངོ་སནས་ཡང་བསྐྱལ་མཇལ་བ་ཤིན་ཏུ་སྤྲོ། སྐུ་ཉིད་སྐུ་མཆེད་གསུམ་གྱིས་བརྩམས་པའི་ཕྱག་དེབ་དེ་རྒྱ་གར་ལ་འབྱོར་ཐབས་བྱེད་ཀྱི་ཡོད་དམ། དེབ་དེ་ཤིན་ཏུ་ཀློག་པར་འདོད། ལྗགས་ལན་ཞིག་ཡོད་པར་ཞུ།
ཡང་དྲ་རྒྱ་འདིའི་ནང་གཡག་པགས་གོན་མཁན་གྱི་ལྟོ་ལེ་ཁ་ནག་གཅིག་འཛུལ་ཚར་འདུག དེ་རིང་དུས་ཚོད་ཡོད་པས་དྲ་རྒྱ་ནང་ཨ་ལགས་ཀླུ་སྨྱོན་དང༌། ཨ་ཁུ་བེ་རི་གཉིས་ཀྱི་རྩོམ་ཡིག་འདྲ་ཀློག མེ་སྒྱོགས་དང་མི་ཕྲུག་གཞོན་ནུ་སོགས་ཁ་རྩོད་འདྲ་བསམས་བྱུང་ཡང༌། མི་མ་ཐུག་གོང་ལྟོ་ལེ་སྨྱོན་པ་ཞིག་ཐུག་ཚར་སོང༌།
སྐྱེས་ཡུལ་འབྲོག་ས་ཡིན། འཚར་ཡུལ་འབྲོག་ས་ཡིན། གཡག་ཀོ་ཟེར་བ་ཞིག་མ་གཏོགས་གཡག་པགས་ཟེར་བ་ཞིག་ད་བར་གོ་མ་མྱོང་། ལུག་ལྤགས། ལུག་གི་པགས་པ། པགས་པ་ཟེར་བ་དེ་འདྲ་གོ་མྱོང་།
གཞན་ཡང་རྟོལ་བའི་རྟོལ་ནི་ར་རྟོལ་ཟེར་བ་གོ་མྱོང་མ་གཏོགས་ལྟོ་ལེའི་ལྟོ་ནི་ལ་ལྟོ་ཟེར་བ་དེ་འདྲ་ཡང་གོ་མ་མྱོང་། འདི་རིགས་ནི་བོད་ཀྱི་མིང་བརྡ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐབས་ལམ་གཞན་ཞིག་ཡིན་པ་འདྲ།
ད་རུང་དྲན་སོས་པ་ཞིག་ལ། དྷ་སར་བོད་རིག་པའི་མཁས་པ་དེ་འདྲས་ཀྱང་། རྟས་ཕྲ་རྒྱག་གི་རེད་ཟེར་བའི་ཚབ་ལ་རྟས་རྡོག་རྒྱག་གཞུ་གི་རེད་ད་ཟེར་བའི་ཚོག་འདི་འདྲ་ངའི་བསོད་ནམས་ཟད་པའི་རྣ་གཤོག་ལེབ་ལེབ་འདི་གཉིས་ཀྱི་བུ་གའི་ནང་དངོས་སུ་འཛུལ་མྱོང་། དེར་མ་ཟད། འབྲས་ལྗོངས་བྱ་མ་རྟའི་རྩོམ་སྒྲིག་པ་ཚེ་དབང་རྟ་མགྲིན་གྱིས་བོད་ནང་ལོ་བདུན་གྱི་མ་ཟིན་ནང་ཡང་རྟ་ཡིན་ནམ་གཡག་ཞིག་ཡིན་རྡོག་རྒྱག་གཞུས་ཟེར་ནས་བསྒྱུར་ཡོད་པའང་ངའི་མི་རིག་དགུ་རིག་གི་མིག་འདིས་དངོས་སུ་རིག་མྱོང་།
མགོན་པོ་སྟུ་ལྡག དེ་རིང་ཡིན་ན་ཁྱོད་འཇིགས་ཧ། དངོས་གནས་སྤུས་གཙང་བཤད་འདུག འདི་འདྲ་ཡིན་ན་ང་གཉིས་རྒྱག་རེ་ཤོར་ས་མ་རེད། བཤད་སྟངས་འདིར་བལྟས་ན་ཁྱོད་མྱི་རྒན་ལོ་དྲུག་ཅུའི་ཚོད་ལ་སླེབས་པའི་བཟོ་འདྲ་བོ་འདུག་བདའ། ཇོ་རིན་པོ་འདུག ད་དེ་རིང་ངས་ཁྱོད་ལ་སྨྲ་བརྗོད་རང་དབང་སྤྲོད་འོང༌། མཁའ་འགྲོ་ཡིན་ན་འདིས་དང་པོ་ཡི་གེ་དག་ཆ་ཡག་པོ་ཞིག་སྦྱངས། དེ་ནས་ཨ་ལགས་ཀླུ་སྨྱོན་དང༌། ཨ་ཁུ་བེ་སྨྱོན་གཉིས་སར་བཅར་ན་ཏག་ཏག་རེད། ད་ལྟར་སྔ་དྲགས་འདུག་བདའ། ཇོ་རིན་པོ་འདུག མ་གཞི་ཁོང་གཉིས་ཁ་ཁར་ཞོགས་ཨ། མོ་རེ།
གངས་གཡག་གི་ཕ་གསོད་མཁན་དགེ་ལུགས་ཡིན་རྒྱུ་ཨེ་རེད། ད་གང་ཤེས། འདིས་ཟླ་རེར་རྒྱ་སྒོར་ག་ཚོད་རག་གི་ཡོད་སུས་ཤེས།
གངས་གཡག་འདི་གསེར་རྟ་ཚུལ་ཁྲིམས་མིན་པར་ཤོག དཀོན་མཆོག་མཁྱེན།
ས་སྐྱ་ལེགས་བཤད་ལས། གཏིང་ནས་ཉམས་པའི་ཁྲེལ་འདས་རྣམས།། རང་གི་ངན་བྱས་ངོ་སོར་ཁྱེར།། པཉྩའི་ཡུལ་གྱི་རྒྱལ་ཕྲན་འགར།། ཕ་བསད་པ་ལ་རྒྱལ་རྔ་བརྡུངས།། ཞེས་གསུངས་པ་ལྟར། ངོ་མ་བཤད་ན་དགེ་ལུགས་པ་ལ་སྨོད་མཁན་དེ་དགེ་ལུགས་པ་རང་གི་ནང་གི་རྩ་མི་ཚང་བའི་འཆལ་པོ་རྐུབ་དཀྱོག་ཚོ་རེད། དཔེར་ན་སྒོམ་སྡེ་ལྷ་རམས་ཟེར་བ་དེས། དགེ་ལུགས་པས་ཆོས་བརྒྱུད་གཞན་གྱི་ཡིག་ཆ་ལྟ་ཅི། གྲྭ་ཚང་ཕན་ཚུན་གྱི་བར་ཡིག་ཆ་གཡོར་རེས་བྱས་ཀྱང་དམ་སེལ་ཞུགས་པར་བརྩི་རབས་ཟེར་བ་དང་། གཞོན་ནུ་ཟླ་མེད་ཟེར་བས་རྗེའི་དངོས་སློབ་རྒྱལ་བ་དགེ་འདུན་གྲུབ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ལ་དམ་སེལ་ཡོད་རབས་བསྒྲགས་པ་དང་། ཁར་སང་ཡང་བོད་མི་མང་སྤྱི་འཐུས་ནང་གི་དཀྲུགས་འདྲེ། ཁ་མི་སོས་གི་སྨོན་ལམ་རྒྱག་རྒྱུ་ཁྱི་རྒན་གཟན་ཤམས་ཅན་བེ་རི་འཇིགས་མེད་ཟེར་བས་དགའ་ལྡན་ཁྲི་ཐོག་སོ་དྲུག་པའི་རིང་ལ་དགའ་ལྡན་ཤར་བྱང་བར་དུ་ནང་འཁྲུག་ཆེན་པོ་ལངས་པ་དང་། ཁྲི་བཙན་འཕྲོགས་བྱས་ཚུལ། ཁྲི་པ་ལས་ཐོག་པས་ཁྲི་མཐའ་མ་འཁྱོངས་པར་བྲོས་དགོས་བྱུང་ཚུལ་སོགས་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་ལྟ་བུ་རེད། ནང་མཚང་ཕྱི་ལ་ངོམ་རྒྱུ་མང་ན་མི་གཞན་གྱིས་ཁ་ལོས་གཏོང་ཡ།
བློ་བཟང་རྒྱ་མཚོ། ཁྱོད་ཀྱིས་བྲིས་པ་དང་ངས་ཤེས་པ་གཉིས་ལ་མི་འདྲ་ས་འདུག དཔེ་ཁུངས་གང་ཡིན་ཅིག་འབྲི་རོགས།
༡ པཉྩའི་ཡུལ་ཡིན་ནམ་ཀཉྩའི་ཡུལ་ཡིན།
༢ ངན་བྱས་ཡིན་ནམ་གཏམ་ངན་ཡིན།
༣ ངོ་སོར་ཁྱེར་ཡིན་ནམ་ངོ་སོར་འཁྱེར་ཡིན།
༤ རྒྱལ་ཕྲན་འགའ་ཡིན་ནམ་རྒྱལ་རིགས་འགའ་ཡིན།
འོ་མི་ཤེས་ཡ་ལག་པ་གཉིས་ཅན་ལགས། ངས་ནི་བོད་ནང་གི་དུས་དེབ་ཅིག་གི་ནང་ནས་མཐོང་བ་ཡིན། ཚིག་དེ་སྙན་པོ་ཞིག་འདུག་པས་བློ་ལ་བཟུང་བ་ཡིན། དཔེ་མི་འདྲ་བ་ཡིན་ནམ། གཅིག་ཐང་ན་ནོར་ཡོད་ན་ཡང་ཐང་།
ཨཱ། བློ་བཟང་རྒྱ་མཚོ། མ་ཤེས་ན་ཁ་ཁར་སྡོད་མི་སྡོད་ནས་ཅི་བྱེད། ངས་དྲན་གཟོ་ཞིག་གཏོང་ན་འདོད། གངས་གཡག་གམ་བློ་རྒྱམ་གྱིས། འདིར་གང་བྱུང་བཤད་པའི་རྐྱེན་གྱིས་དགེ་ལུགས་པ་ཁ་ཤས་ངར་ནས་ཤོར་ཤོར་བྱེད་དེ། རྙིང་མ་སོགས་ཆོས་ལུགས་གཞན་ཁག་ལ་གང་བྱུང་ལབ་རྒྱུ་འདྲ་མ་བྱེད་ཨ། དེ་འདྲ་བྱས་ན་དཀྲུགས་འདྲེ་འདིའི་རེ་བ་ཡོངས་སུ་འགྲུབ་འགྲོ། དེ་བས་ཁ་ཁར་མཛེ་ནད་ཅན་ནང་བཞིན་བྱས་ནས་ཟུར་ལ་ཞོགས་དང༌། ཁོ་ཅི་བཟོ་འདི་བཟོ་མེད་པ་ཆས་འགྲོ་གི་རེད། གགངས་གཡག་གིས་མིང་རྫུན་ག་རེ་བྱེད་ནའང་ཁོ་རེ་རང་དབང་རེད། ཡིན་ནའང་བློ་བཟང་གི་མིང་པགས་གོན་པ་དེ་དགེ་ལུགས་ལ་བརྙས་བཅོས་རེད།
གངས་གཡག་ལགས། ཁྱོད་ཀྱིས་དགེ་ལུགས་ཚང་ལ་བསླབ་བྱ་གནང་ན་རང་མིང་དངོས་སུ་བྲིས་ནས་གནང་དང༌། གངས་གཡག་འདྲ་ལབ། ཡང་བློ་བཟང་རྒྱ་མཚོ་འདྲ་ལབ་ནས་གང་བྱུང་བཤད་སྡོད་ན། མི་ཚོས་ཁྱོད་རང་དགེ་ལུགས་ལ་སྡང་མཁན་ཞིག་མ་གཏོགས་བསླབ་བྱ་ཉན་མཁན་སུ་གཅིག་ ཡོང་གི་མ་རེད། མ་གཞི་དགེ་ལུགས་ཚང་ལ་བསླབ་བྱ་གནང་མཁན་གང་མང་མང་ཡོད་པ་རེད། མི་ཐབས་ཆགས་ཁྱོད་འདྲ་ས་ ནས་ཉན་མི་འོང༌། ཡང་སྒོམ་སྡེ་པ་དང་བེ་རི་གཉིས་ལ་འདྲ་མིན་ལབ་རྒྱུ་མང་དྲགས་ན་ཁྱོད་རང་ཨ་མདོའི་ སྔགས་རྒན་ཞིག་རེད་དྲན་སྲིད། དེས་ཨ་མདོའི་སྔགས་རྒན་ཚོ་དམྱལ་བར་མི་ལྷུང་ཡང་ཁྱོད་རང་མདོ་ཁམས་གཉིས་ཀའི་ དཀྲུགས་འདྲེ་དང༌། གསར་རྙིང་གཉིས་ཀའི་བསྟན་དགྲ་ཆགས་འོང༌། ཁྱོད་ཀྱི་མི་གཞི་ལ་ལྟོས་ན་ངའི་བཟང་བཤད་རྒྱག་ནའང་ཐོག་ཅི་ཡོད་བསམས། འོན་ཏེ་དྲ་གྲོགས་གཞན་ཚོ། འདི་ལ་གཟབ་དགོས། ང་ཚོའི་དྲ་རྒྱ་འདི་བོད་ནང་ནས་སྒོ་ཕྱེ་ཐུབ་ཀྱི་ཡོད་པ་འདྲ། དེ་འདྲ་ཡིན་ན་ཁྱོན་ནས་ཡག་པོ་མི་འདུག དེ་སྔོན་ངས་ཀྱང་སྡུག་སྐྱག་མང་པ་བཤད་ཡོད། དེ་ཚོ་རྦད་དེ་ནོར་འདུག དྲ་བདག ལགས་ཀྱིས་སྟངས་འཛིན་ཡག་པོ་གནང་རོགས་གྱིས།
ཨ་རོ་བདེ་རྡོར་སྟུ་ལྡག ཁྱོད་འདིས་ཅི་ཟེར། ང་སོ་གངས་གཡག་ཟེར་བ་དེ་མིན་ཀོ། ངས་དགེ་ལུགས་སང་ལ་སྡུག་པོ་གེ་ལབ་མེད་ད། བེ་རི་འཇིགས་མེད་ལ་མ་དགའ་ན་ཨ་མདོའི་སྔགས་རྒན་ཞིག་ཡིན་གི་ཡོད་ན། ཕྱིར་སྡོད་བོད་རིགས་སྨྱུག་འཛིན་པ་ཚོའི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཨ་མདོའི་སྔགས་རྒན་ཏག་ཏག་ཡིན་རྒྱུ་རེད་པ། རྒྱུ་མཚན་ཁྱོད་དྲ་ཐོག་ཏུ་ཉུལ་སྡོད་མཁན་ཞིག་རེད་འདུག་པས་ཁྱོད་ཀྱིས་ཀྱང་སྨྱུག་ཐོགས་པ་ཅི་འདྲའི་མང་པོ་ཞིག་གིས་བེར་འཇིགས་ལ་སྡིག་གི་ཡོད་པ་མཐོང་ཡོད་རྒྱུ་རེད་བསམ། དེ་མཐོང་མེད་ན་གཏམ་ངན་རང་རྣ་སྲ་ ཟེར་བ་ཡིན་པས། ཁྱོད་བེ་རི་འཇིགས་མེད་ཟེར་བ་དེ་ཡིན་རྒྱུ་རེད། དེ་ཡིན་ན་སྣམ་སྦྱར་ཞིག་གྱོན་ནས་ཆགས་སྲེད་ཀྱི་རྩོམ་ཏག་ཏག་འབྲི་སྡོད་པ་ལས་གྲྭ་ཆས་ཕུད་ལ་མེག་ལོར་ནས་མོག་མོག་བཙོང་སྟེ་འཚོ་བ་སྐྱེལ་ཐབས་བྱས་ན་ཧྲ་ནི་རེད་ཡ། ཨ་མངལ་གྱི་སྲིན་བུ་ལས་ངན་པོ།
རྒན་བེ་རི་འཇིགས་མེད་ལགས་
དགའ་ལྡན་ཁྲི་པ་རིན་པོ་ཆེ་འདི་ཕ་ཡུལ་ག་ནས་ཡིན་ནམ་ གོང་གི་རྣམ་ཐར་ནང་་དུ་སྤོམ་འཔོར་སྒང་ཅེས་པ་དེ་ད་ལྟའི་ཁམས་ལི་ཐང་ཕྱོགས་སུ་ཡོད་པའི་སྤོམ་འཔོར་སྒང་ཅས་པ་དེ་ཡིན་གྱི་ལེན་ཞིག་ཡོད་པ་མཁྱིན་
ཡིན་མིན་གྱི་ལེན་ཞིག་ཡོད་པ་
དགའ་ལྡན་ཁྲི་ཟུར་འདི་ངས་གོ་ཚོད་ལ་ཡག་པོ་ཞིག་མིན་པ་གོ་མྱོང་ཡང་ད་ལན་སུས་དགག་པ་རྒྱབ་མི་འདུག་པས་ཕལ་ཆེར་ང་འཁྲུལ་བ་འདྲ། འོན་ཀྱང་ད་ལོ་ཨ་རིར་དོལ་རྒྱལ་ཚོགས་པས་བཤད་པ་ལྟར་ན་ང་ཚོ་ལ་དགའ་ལྡན་ཁྲི་ཟུར་རིན་པོ་ཚེ་དང་། སྐྱབས་རྗེ་ཡང་རྒྱ་རིན་པོ་ཆེ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་སོགས་ཡོད་པ་རེད། ཁྲི་ཟུར་རིན་པོ་ཆེས་ཁ་སེང་གསུངས་སྐབས། ཏཱལའི་བླ་མས་མགོ་སྐོར་བཏང་ཚུལ་གསུངས་བྱུང་ཨ་སོགས་བཤད་གི་འདུག་ཀྱང་། ་ཕལ་ཚེར་ངས་ཉན་མ་ཤེས་པ་ཡིན་རྒྱུ་འམ་ཡོངས་ན་ཁྲི་ཟུར་གཞན་ཞིག་ཡིན་པ་མ་གཏོགས་བཤད་པ་དེ་ལྟར་བཤད་སོང་། ང་རང་ལ་དོག་པ་ཞིག་ལ་རྡོ་རྗེ་གདན་དགའ་ལྡན་ཁྲི་པ་མངའ་གསོལ་སྐབས་༧གོང་ས་མཆོག་གིས་རིན་པོ་ཆེས་སྔོན་དོལ་རྒྱལ་བསྟན་པ་རེད། ད་སྐབས་མཚམས་འཇོག་ཚར་ཡིན་གསུངས་གི་འདུག་དེ་ཡག་པོ་རེད་གསུངས་པ་ཙམ་ལས་༧་གོང་ས་མཆོག་གིས་ཁོང་སྤངས་ཟིན་པ་རེད་གསུངས་མ་སོང་བས་དེ་དུས་ནས་ག་འདྲ་ཡིན་ན་བསམ་པའི་དོག་བློ་སྐྱེ་མྱོང། དེ་རྗེས་དགེ་བཤེས་ངོ་ཤེས་གཉིས་ཡོད་ཁོངས་གཉིས་ཀྱིས་ད་ཁྲི་པ་གང་ཤེས་ད་ལོ་བཀའ་སློབ་དེས་ཚང་མ་བློ་མ་བདེ་བ་བྱས་སོང་ཟེར་ནས་ཤོད་གི་འདུག་པས་ང་རང་གིས་ཡག་རྒྱུ་མི་འདུག་བསམ་པ་ཞིག་དྲན་མྱོང། ཡུ་ཏྲུ་བའི་ལ་གཟིགས་ན་དོལ་རྒྱལ་ཚོགས་པས་གཏམ་བཤད་ཆ་ཚང་འདུག །།
ཁོང་གི་གསུང་པ་བརྒྱབ་སྐྱོར་ཡོད། དགའ་ལྡན་ཁྲི་པ་༸གོང་ས་མཆོག་དང་བོད་མིར་མགོ་བསྐོར་བཏང་མཁན་ཞིག་་རེད་འདུག། རྣམས་པ་ཚོ་ཐུགས་ཡིད་མ་ཆི་ན་you tube ནང་གཟིགས་ན་གསལ་པོ་ཤེས་ཀྱི་རེད།
སྤྱི་ལོ་༢༠༡༢་ལོར་བོད་མི་ཀུན་གྱི་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་པའི་སྐུ་སྲོག་མཆོད་མེ་འབུལ་མཁན་རྩིས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་བོད་ནང་ཡོད་པའི་སྤུན་ཟླ་རྣམས་དང་སྡུག་སེམས་མཉམ་སྐྱིད་ཀྱི་ལོ་ནག་ཞིག་ཡིན་ཕྱིན་ དེ་ལས་ལྡོག་ཏེ་བོད་མི་ཁ་ཤས་གི་ཨ་རི་ནུའུ་ཡོ་ནང་སྤྲོལ་སྐྱིད་བཏང་བ་དང་སྐུ་མགྲོན་གཙོ་བོ་མི་རྫུན་ལུང་རིགས་རྣམས་རྒྱལ་ཡིན་པ་གསལ་པོ་རེད། you tube losar 2012.wmv ནང་གཟིགས་ན་ཤེས