དགའ་ལྡན་ཕོ་བྲང་གི་གསལ་བཤད་དང་བོད་ཀྱི་གཞོན་ལྷན། Posted on 2013-06-032013-06-03 By ཁ་བརྡ་ 95 Comments on དགའ་ལྡན་ཕོ་བྲང་གི་གསལ་བཤད་དང་བོད་ཀྱི་གཞོན་ལྷན། མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ། གློག་བརྙན་།
གང་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཏོར་མ་ཐུབ་པ་དེ་བཙན་བྱོལ་ནང་གི་སྒེར་སྲིད་ལ་ཕམ་ཁ་ཆེན་པོ་རེད། མ་གཞི་ད་རེ་དགའ་ལྡན་ཕོ་བྲང་གི་གསལ་བཤད་མི་དགོས་པར། ལྷོ་གཞིས་ས་གཞོན་རྣམས་ཚོགས་ལངས་བྱེད་སྟངས་ལ་གཞིག་ན་གསལ་པོ་རྟོགས་ནུས། ཡར་ཐོན་རང་དབང་ཅན་ཕྱིའི་རྒྱལ་ཁབ་ལ་གནས་པའི་ཚོགས་མི་དང་། བཀའ་རྡོར་སྒང་གསུམ་མཚོན་ཡར་རྒྱས་དང་དཔལ་འབྱོར་དཀའ་ངལ་དེ་ཙམ་མེད་པའི་ལུང་པར་གནས་པའི་ཚོགས་མི་རྣམས་དམ་བཅའ་གཏན་པོས་གཞོན་ནུའི་ལངས་ཕྱོགས་འགྱུར་མེད་འཛིན་ནས་ཚོགས་ཆེན་མཇུག་བསྡུ་ཐུབ་པ་བྱུང་པ་རེད།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་དང་ཚོགས་གཞོན་ལྷ་དར་མཆོག་རྣམས་གཉིས་གཙོ་བོ་གྱུར་པའི་རྒྱལ་གཅེས་གཞོན་ནུའི་ཚོགས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམས་པས་ལྷག་བསམ་རྣམ་དག་གིས་ཐོག་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ལུས་སེམས་གཉིས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱས་ནས་འཐབ་རྩོད་བྱས་པར་ཐུགས་རྗེ་ཆེ་ཞུ། རྒྱུན་ལས་གསར་པ་རྣམས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ལྟ་བུ་གཞོན་ནུའི་ཚོགས་མི་མིན་ཀྱང་ལངས་ཕྱོགས་མཐུན་པའི་བོད་མི་དཀྱུས་མ་བ་ཞིག་གིས་ངོས་ནས་དུས་དང་རྣམ་པ་ཀུན་རྒྱབ་སྐྱོར་བྱེད་ཀྱི་ཡིན།
རིན་པོ་ཆེན་་་་བཀའ་མོས་ཆ་ཚང་ཉན་པ་ཡིན། བཀའ་མོས་མང་ཤོས་ནི་སྔར་ནས་རྩོད་བསྡད་པའི་རྩོད་རྙོག་ཤ་དག་རེད་འདུག ད་ལན་ཁྱེད་གཞོན་ནུའི་ཚོགས་ཐོག་ཏུ་ཕེབས་པར་དགའ་པོ་བྱུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱི་བཀའ་མོས་དེ་དག་གི་ནང་དུ་གོ་བ་གཅིག་ལེན་ཐུབ་པ་ནི་གཞུང་གི་ལམ་ཕྱོགས་ལ་འགྱུར་བ་འགྲོ་མིན་དམངས་མོས་ཐག་གཅོད་ཀྱི་ཐོག་ནས་བྱེད་དགོས་པ་རེད་ཅེས་དམགས་གཙོའི་འགྲོ་ལུགས་ཐོག་ནས་གསུངས་པར་དགའ་གུས་ཞུ་རྒྱུ་ཡིན། ཡིན་ཀྱང་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་གྱི་སྐབས་སུ་བཙན་བྱོལ་བོད་གཞུང་གི་མཚན་བྱང་རང་འཇག་བཞག་དགོས་པ་དམངས་མོས་བྱུང་བ་ནི་དངོས་ཡོད་གནས་ཚུལ་རེད། སྐབས་དེ་དུས་ཁྱེད་རང་བཀའ་བློན་ཁྲི་པ་རེད། ད་དུང་མང་པོ་ཞུ་རྒྱུ་ཡོད་ཀྱང་ཞུ་འདོད་ཀྱི་འདུན་པ་ཞིག་མི་འདུག
བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་གསུངས་མཁན་ཁྱེད་ཡིན་ནའང་ཨུ་ཚུགས་རྒྱབ་མཁན་ང་ཆགས་བཞིན་ཡོད་་་ཧཧཧ་་་བདེན་པ་ལ་རྒྱལ་ཁ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ད་རིང་ཉམས་མྱོང་ཡག་པོ་བསགས་ནས་མ་འོངས་ལས་འཆར་སྒྲིག་ཕྱོགས་ལ་ཏན་ཏན་ཕན་ཐོགས་བྱུང་ཡོད་པར་དགའ་སྤོབས་བརྟས། རྒྱུན་ལས་གསར་པ་ཚོས་ཆབ་སྲིད་ཚོགས་པ་གལ་ཆེ་ཞིག་ཡིན་པའི་ཆ་ནས་དངོས་གནས་འགན་ཡང་ལྗིད་པོ་ཡོད་པས་བརྟན་ལྷིང་གནང་གལ་ཆེ་བ་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱ་ལ་ཁ་གཏད་གཅོག་མཁན་གཞུང་འབྲེལ་མིན་པའི་ཚོགས་ཡོད་ན་མེད་ན་ཞིག་རེད། བོད་མིའི་སྒྲིག་འཛུགས་དང་སྒེར་པ་སུས་ཀྱང་གཞོན་ནུ་ལྷན་ཚོགས་གཏོར་བཤིག་གཏོང་མཁན་མེད། གུང་བྲན་ཟེར་རྒྱུས་ཕོངས་མཁན་ཚོས། བོད་དོན་དང་རྒྱལ་བ་རིན་པོ་ཆེར་རྒྱབ་འགལ་བྱེད་མཁན་ཡོད་ན་ལམ་སེང་གཡོ་ཇུས་སྣ་ཚོགས་འོག་བསླུ་བྲིད་ཀྱིས་བོད་རྩར་མེད་བཟོ་རྒྱུའི་ངན་ཇུས་ནང་ཐེན་སྒྲིལ་གྱིས་ང་ཚོའི་ཆིག་སྒྲིལ་གནོད་བྱེད་དུ་བཀོལ་བ་ནི། དོ་ནན་གཟབ་གཟབ་གནང་དགོས་པ་གཞོན་ལྷན་ཡོངས་ཀྱི་ཁར་ཐུག་འགན་ཐེག་དོར་མི་རུང་བ་ཞིག་ཡིན། ང་ཚོ་ནི་མང་གཙོའི་སྟེང་བསྐྱོད་མུས་ཡིན་པས་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་གསལ་པོར་མཐའ་མའི་ཐག་ཆོད་མང་མོས་སྒང་ནས་འགྲོ་དགོས་གསུངས་པའི་གདེང་སྤོབས་ནི། མང་གཙོའི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་དང་སྲིད་སྐྱོང་ལམ་ལུགས་དེ་བཟང་ཤོས་སུ་མཁྱེན࿒པ་ནས་རེད་སྙམ། ཡང་བོད་མི་ཚོ་ཐབས་སྐྱོ་པོ་དང་ཤེས་འཇོན་ཡར་ཐོན་དེ་ཙམ་མིན་རུང་། སོ་སོའི་དབུ་ཁྲིད་དང་མ་འོངས་ལམ་ཕྱོགས་དེ་གུང་བྲན་མེ་མདའི་འོག་ནས་འདེམས་ནོར་མ་ཐེབས་ན། རང་དབང་ལུང་པའི་ནང་ཇི་ལྟར་ཐེབས་ཐུབ་བམ། འོན་ཀྱང་ད་དུང་གཟབ་གྲུང་ལེགས་ཉེས་ཕུགས་རྒྱང་གདམས་ཀ་མ་ནོར་བྱེད་གལ་ཆེ་བ་ཡོད། གཞོན་ནུ་ཚོགས་པ་ནི་ནང་ཁུལ་འགལ་ཟླས་འཐོར་ན་མ་གཏོགས་གཞན་གྱིས་གཏོར་ཐབས་ལམ་ལྷོང་དེ་རེ་སྟོང་ཙམ་ཡིན་སྙམ།
ང་སྒེར་ལའང་རང་བཙན་ཐོབ་ཐང་རྩོད་དབང་ཡོད་ན། དགའ་ལྡན་ཕོ་བྲང་ཡིག་ཚང་ལ་དབུ་མའི་ལམ་གྱིས་གསལ་བཤད་གནང་དབང་མེད་དོན་དེ་གང་ཡིན་སྙམ། ༧གོང་ས་སྐྱབས་མགོན་ཆེན་པོས། མང་གཙོའི་སྨྲ་བརྗོད་རང་དབང་མར་གནང་དུས། ཡར་ཁོང་གི་ཞལ་འགོག་རྒྱུའི་ཐོབ་ཐང་དེ་གང་ནས་བྱུང་བ་རེད། ང་དང་ཁྱོད་ཚོགས་སྒེར་སུ་དང་སུ་ཡིན་ན་ཡང་། དགའ་ལྡན་ཕོ་བྲང་ལོ་བཞི་བརྒྱ་ལྷག་དང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དགུང་ལོ་དྲུག་ཅུའི་རིང་སྐུ་ལས་ལ་ལུང་འཕྲང་གསུམ་བསྐྱོན་ནས་མཇུག་སྒྲིལ་ཟིན་པ་དང་། མཁས་དབང་ཟམ་གདོང་བླ་མས་ལོ་བཅུའི་བཀའ་ཁྲི་ཐུགས་འཁུར་བཞེས་ཏེ་ད་ལྟ་སྲིད་སྐྱོང་སེང་གེ་མཆོག་ལ་མང་གཙོའི་ལམ་སྒྲོམ་གཞིའི་འོག་ང་དང་ཁྱོད་སུ་ལ་ཡང། ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།སྲིད་སྐྱིང་ཁྲི་ལ་བདག་པོ་མེད། །ཅེས་པ་ལྟར་ཆོལ་ཁ་ཆོས་ལུགས་སྐྱ་སེར་དབྱེར་མེད་སུ་ལའང་གོ་སྐབས་མདུན་ལམ་ཡངས་པོར་ཕྱེ་ནས་འདུག་པས་ཕེབས་ཤོག་་་ང་ཚོ་ཚང་མས་མཉམ་སྒྲིལ་ཧུར་བསྐྱེད་ཡིན་དཱ་་་་
ངས་ཡང་དམངས་གླུ་ཞིག་ལེན་འདོད་བྱུང་། སླེབས་སོང་ལ་དང་སླེབས་སོང་།། ལྷོ་གཞིས་ཁག་ནས་སླེབས་སོང་།། ངར་སོང་ལ་དང་ངར་སོང་།། ལངས་ཕྱོགས་བསྒྱུར་དགོས་ཟེར་གིས།། ཚོགས་སོང་ལ་དང་ཚོགས་སོང་།། ཚོགས་ཆེན་སྔ་སྣུར་ཚོགས་སོང་།། ཐོན་སོང་ལ་དང་ཐོན་སོང་།། ཚོགས་རའི་ནང་ནས་ཐོན་སོང་།། ཕེབས་སོང་ལ་དང་ཕེབས།། ༧རྒྱལ་བའི་སྐུ་ཚབ་ཕེབས་སོང་།། གསུངས་སོང་ལ་དང་གསུངས་སོང་།། དམངས་གཙོར་ལོངས་སྤྱོད་ཟེར་གིས།། གསུངས་སོང་ལ་དང་གསུངས་སོང་།། ཡ་ལ་མ་འཛུགས་ཟེར་གྱིས།། ཕྱིན་སོང་ལ་དང་ཕྱིན་སོང་།། གཞོན་ནུ་མགོ་དཀར་ཕྱིན་སོང་།། བཅུགས་སོང་ལ་དང་བཅུགས་སོང་།། ཁ་ལ་མཛུབ་མོ་བཅུགས་སོང་།། གདམ་སོང་ལ་གདམ་སོང་།། མི་རབས་གསར་པ་གདམ་སོང་།། བརྟན་སོང་ལ་དང་བརྟན་སོང་།། ལངས་ཕྱོགས་རྩ་བ་བརྟན་སོང་།། ཧ་ཧ། གསང་ལམ་ཁྲོད་ཀྱི་དམངས་གླུ།
རིན་པོ་ཆེན་་་རླབས་ཆེན་གཙོ་མཛད་མའོ་ཀྲུང་ཞིའི་ཡི་མཚན་ཉིད་རིག་པའི་གསུང་རྩོམ་ནང་དུ་སྤྱི་ཚོགས་ཀྱི་འགལ་ཟླ་ཐག་གཅོད་བྱེད་སྟངས་ལ་གཉིས་གསུངས་འདུག འགལ་ཟླ་ལ་དགྲ་ཕྱོགས་ཀྱི་ཟླ་འགལ་དང་མི་དམངས་ནང་ཁུལ་གྱི་འགལ་ཟླ་གཉིས་གསུངས་འདུག དགྲ་ཕྱོགས་ཀྱི་འགལ་ཟླ་ལ་དྲག་རྒོལ་གྱིས་ཐོག་ནས་ཐག་གཅོད་བྱེད་དགོས་ཅེས་གསུངས་འདུག མི་དམངས་ནང་ཁུལ་གྱི་འགལ་ཟླ་གྲོས་མོལ་ལམ་ནས་སེལ་དགོས་ཅེས་གསུངས་འདུག ཏན་ཞོ་ཕིང་གིས་རང་བཙན་མ་ཡིན་པར་ཐམས་ཅད་གྲོས་སྡུར་བྱ་ཆོག་ཅེས་བཤད་པ་ནི་མའོ་མཚན་ཉིད་རིག་པའི་ལྟ་གྲུབ་གཞིར་བཞག་ནས་གསུངས་པ་རེད་བསམས་ཀྱི་འདུག གུན་ཁྲན་ཏང་དམར་ཕྱོགས་ཚོགས་པ་མགོ་རྟིང་ལོག་འགྲོ་བའི་ལྟ་གྲུབ་ཅན་ལ་དྲག་རྒོལ་ཁོ་ན་བྱེད་ཀྱི་རེད། དེ་ནི་མའོ་དམར་ཕྱོགས་པའི་ལྟ་གྲུབ་གཙོ་བོ་ཞིག་རེད། བོད་དང་ཡུར་གེར་མི་རིགས་དང་གུན་ཁྲན་ཏང་གི་བར་གྱི་འགལ་ཟླ་ནི་དགྲ་ཕྱོགས་ཀྱི་ཟླ་འགལ་ཡིན་པ་ལ་ངོས་འཛིན་གྱི་རེད། ༧གོང་ས་མཆོག་ནི་ངོ་བོའི་ཐོག་ནས་གུན་ཁྲན་དམར་ཕྱོགས་པའི་དགྲ་བོར་གྱུར་ཡོད། ཨ་རི་གྲོས་ཚོགས་ཀྱི་དམངས་གཙོའི་གསེར་གྱི་རྟགས་མ་སྐེ་ལ་ཀོན་ནས་བསྡད་ཡོད། དམངས་གཙོའི་ལྟ་གྲུབ་ཅན་རྣམས་ནི་གུན་ཁྲན་ཏང་གི་དགྲ་བོ་ཡིན། རྒྱ་མི་རིགས་ཡིན་ནའང་དྲག་རྒོལ་བྱས་དང་བྱེད་བཞིན་པ་རེད། སང་ཉིན་སྤྱི་ཟླ་༦པའི་ཚེས་༤་རེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་དོན་གཉེར་བའི་སློབ་མ་དམར་བསད་བྱས་པའི་ཉིན་མོ་རེད། རྒྱ་བོད་བར་གྱི་འཐབ་རྩོད་འདི་ནི་ངོ་བོའི་ཐོག་ནས་དགྲ་ཕྱོགས་ཀྱི་འགལ་ཟླ་རེད། ཁ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བཤད་པ་ཙམ་ལས་དོན་དངོས་པོ་ཐོག་ཏུ་ལོ་རྒྱུས་ཤ་འཁོན་ཡོད། དེ་ནི་བརྗེད་ཤེས་པའི་བྱ་བ་ཞིག་མིན། རེ་བ་མེད་ས་གུན་ཁྲན་ཏང་ལ་རེ་བ་བརྒྱབ་ན་ཕན་ཐོག་མི་འདུག་བསམ་བཞིན་ཡོད་དོ།།
གཞོན་ནུ་ཚོགས་པ་ནི་ཆབ་སྲིད་ཀྱི་ཚོགས་པ་ཆེ་ཤོས་ཤིག་རེད། དེས་ན་རང་གི་ལྟ་བ་ཁ་གསལ་དང་གཙང་མ། བརྟན་པོ་ཞིག་དགོས། དེ་བས་རིན་པོ་ཆེས་ལམ་སྟོན་ཁ གསལ་གནང་བ་ལྟར། དོན་ཚན་དང་པོ་དེ། རང་བཙན་གྱི་ལྟ་བ་མུ་མཐུད་འཛིན་རྒྱུ་ཡིན་དང་མིན་དེ་ཚོགས་ཞུགས་པ་ཚང་མར་གྲོས་མོལ་ལྷུག་པོ་གནང་བཅུག་ནས་མང་མོས་ཐག་གཅོད་བྱེད་དགོས་པ་རེད། གལ་ཏེ་རང་བཙན་ལྟ་བ་མུ་མཐད་འཛིན་རྒྱུ་ཡིན་ན་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་ཕྱིར་བསྡུ་གནང་དགོས་པ་རེད། དེ་གནད་འགག་གཅིག་རེད། གཉིས་ནས། ༑གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཐལ་ཆ་ཆེ་བའི་སྐུར་འདེབས་དེ་དག་ཐུབ་ན་ཁ་ཞེ་གཉིས་མེད་ཀྱིས་ཡོ་བསྲང་དང་མི་ནུས་ན་དེ་བཞིན་ཁ་གསལ་གནང་དགོས་པ་རེད། དོན་དག་གཉིས་ཐག་གཅོད་གཙང་མ་མ་ཐུབ་བར་དུ་དོན་ཚན་གཞན་པ་ཅི་ཙམ་བྱུང་ཡང་དོན་གྱི་འགྱུར་བ་ཅི་ཡང་སོང་མེད།
ཨེ་་་ལྷ་མོ་སྐྱབས་་་ཁ་ཡར་གྲགས་ཡོང་དུས་ནས་སྐུར་འདེབས་དང་སྐུར་འདེབས་་་ག་འདྲ་ཞིག་སྐུར་འདེབས་བྱས་པ་རེད་དམ། ཁ་གསལ་ཙམ་གསུང་དང་། སྙིང་རླུང་ལངས་བའི་གཡོ་སྒྱུའི་སྐད་ཆ་མ་བཤད་ན་དགའ་ནི་རེད་འདོད།
དྲང་པོར་ཞུ་ན། གུང་བྲན་དང་ང་ཚོའི་བར་གྱི་འགལ་ཟླ་དེ་ལྟ་གྲུབ་གཅིག་པུའི་འགལ་ཟླ་མིན་ལ། སྤྱོད་ཚུལ་གྱི་འགལ་ཟླ་ཆེན་པོ་ཡང་ཆགས་ཡོད་སྙམ། དེ་ཡང་རང་ཉིད་ཀྱི་བདེ་སྡུག་དེ་གཞན་དང་དངོས་ཤུགས་བརྒུད་གསུམ་ནས་འབྲེལ་བ་ཡོད་སྟབས། བདེ་བ་མཐར་ཐུག་དེ་གཞན་ཕན་དང་སྡུག་བསྔལ་མཐར་ཐུག་དེ་གཞན་ལ་གནོད་འཚེ་ལས་ཡིན་པའི་རྟེན་འབྱུང་རིགས་ཚུལ་ཟབ་མོར་གཏུགས་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་འདྲ་ཞིག་འོག མའོ་ལྟ་གྲུབ་དང་དྲག་སྤྱོད་ནི་འགལ་འདུ་ཅན་ཁུངས་འཕེར་ཕུགས་འདུན་ཡོད་པ་ཞིག་མིན། དགྲ་ཁ་གཏད་དང་ནང་ཁུལ་གྱི་འགལ་ཟླ་ནི། ཕན་ཚུན་མི་མཐུན་པ་དང་འཁྲུག་པར་བྱེད་པའི་ལས་ཅན་ཡིན་པ་གཅིག་མཚུངས་རེད། ངའི་བསམ་ཚུལ་ལ། མའོ་དང་དམར་པོའི་ལྟ་གྲུབ་ནི་འཚོ་འབྱོར་དང་རང་ལ་འཕྲལ་སེལ་གྱི་རྒྱལ་ཁ་འཐོབ་ཆེད། མདུན་ན་ལྷགས་པའི་དགྲ་བོ་སུ་དང་གང་ཡིན་རུང་མེད་པར་བྱེད་ཅིང་། དམག་དང་ཁྲག་སྦྱོར་གྱིས་རྒྱལ་ཁ་འཐོབ་ན་དེ་རང་ལ་བློ་གཏད་བཅོལ་རྒྱུ་དང་། གཡོ་སྒྱུ་ཁྲམ་གསུམ་གྱིས་རྒྱལ་ཁ་ལོན་རྒྱུ་ཡོད་ན་ཡ་ང་སྙིང་རྗེ་མེད་པར་དེ་རང་ཉམས་སུ་ལེན་རྒྱུའི་རྒྱབ་རྟེན་ལྟ་གྲུབ་དེའི་འོག་སྤྱོད་ཚུལ་འདི་ལྷག་ཡོང་ཐབས་མེད་སྙམ། དཔེར་ན་བོད་ཐོག་འཛིན་པའི་སྲིད་ཇུས་དྲག་གཡོ་གཉི་ག་ཡོད་ལ། གཞན་དང་གཞན་དུ་ཡང་དྲག་པོ་དམག་འཐབ་དང་འབྱོར་འཁོས་གཡོ་བསླུ་ཉིད་འཐབ་རྩོད་ཀྱི་ལག་ཆར་ཐོགས་ནས། བེའུ་ལྗང་ཁྲིད་དམ་ཁ་བསླུའི་གཟེབ་ཏུ་ཚུད་ཐབས་བྱེད་ཀྱི་ཡོད། མང་གཙོའི་ལམ་ལུགས་ནི་འཇིག་རྟེན་སྐྱོང་བའི་ཐབས་ལམ་བཟང་ཤོས་དེ་ཡིན་པ་གུང་བྲན་ཏང་གིས་མང་གཙོའི་སློབ་གསོའི་ཐོག་དོ་ནན་བསྐྱར་སྦྱོང་ངེས་པར་བྱ་དགོས། ང་རྒྱལ་གྱི་འགོང་བུར་འགྱིངས་ནས་བསྡད་རྒྱུར་ཚོད་མཚམས་ཡོད་དམ་སྙམ། མང་མོས་ཐག་ཆོད་ལས་བརྒྱ་ཁ་གཅིག་གཅོད་ཀྱི་གུང་བྲན་རིང་ལུགས་ཀྱི་སྒང་ཕུག་རྫུན་པས་དབུགས་འགེངས་དྲག་ན་ཐོར་རྒྱུ་ཡིན࿒པ་སྔ་ས་ནས་མཁྱེན་དགོས། གཅིག་སྡུད་དང་མང་གཙོ་འགལ་ཟླ་ཡིན་ལ་མི་མང་དང་དབུ་ཁྲིད་གཉིས་ལས་མི་མང་གལ་ཆེ་བ་ཡིན། ཤར་ཕྱོགས་མི་མང་སྤྱི་མཐུན་རྒྱལ་ཁབ་ཆེན་པོའི་ནང་བླ་ན་མེད་པའི་དབུ་ཁྲིད་ལ་རྩིས་མཐོང་ཆ་འཇོག་དེ་ཙམ་མེད་དུས། ནུབ་གླིང་ཐོན་སྐྱེད་སྔོན་ཐོན་ཅན་གྱིས་གཙུག་ཏུ་བཀུར་བར་ཕྱག་བཞེས་གནང་བར་སྙིང་མི་དགའ་དགོས་པ་གང་ཡང་ངས་མ་མཐོང་། ང་ཚོར་གུང་བྲན་ཏང་ལ་གཏད་པའི་བློས་བཅོལ་དེ་མེད་རུང་། ཀྲུང་ཧ་མི་མང་དང་འཛམ་གླིང་མི་མང་གཞིས་ལུས་མི་མང་མངོན་འདོད་སགྲུབ་པའི་སྙིང་སྟོབས་ལ་བཅངས་པའི་ཡིད་ཆེས་དང་ཕུགས་འདུན་ལ་རེ་བ་ཆེན་པོ་ཡོད།
༄༅།ད་རེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་རྒྱལ་ཁའི་ངང་ནས་ཚོགས་ཐུབ་བ་དང་རྒྱལ་ཁའི་ངང་ནས་ཚོགས་གཙོ་འདེམས་ཐོན་བྱུང་བ་རྒྱལ་ཁའི་ངང་ནས་ལེགས་སྒྲུབ་བྱང་བ་རང་བཙན་གང་མའི་རྒྱལ་ཁབ་དེ་སྔར་བཞིན་སླར་གསོ་ཡོངས་བའི་རྟེན་འབྲེལ་གྱི་རྒྱལ་ཁ་ཞིག་རེད་དེར་རྟེན་བོད་ཕྱི་ནང་གཉིས་ཀྱི་འགྲོ་བ་བོད་མི་ཡོངས་ནས་ནུས་ཤུགས་གོང་པོ་གཅིག་བསྒྲིལ་ནས་རང་བརྩན་ལས་མུས་མཐུན་ཤར་སྐྱོད་ཐུབ་བ་དགོས་། གཞོན་ནུའི་ཙོགས་འདུའི་ནང་ནས་ཐོན་ནས་འགྲོ་ཁན་དེ་ཚོར་ངེས་པར་དུ་རྟག་བཅད་གནང་དགོས་གང་ཡིན་ཟེར་ན་དེ་ཚོ་རྒྱ་དམར་དང་ལག་འབྲེལ་ཡོད་མི་སྲིད་པ་མ་རེད་
དགའ་ལྡན་ཕོ་བྲང་སྐུ་ཚབ་ནས་ཟབ་གསལ་དག་གསུམ་གི་བཀའ་སློབ་ཡག་ཐག་ཆོད་ཅིག་གནང་སོང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁ་ཤས་དང་མི་སྒེར་ཁ་ཤས་ཀྱིས་དུས་དྲན་རེ་རེར་ཐོན་དུས་སྐད་འབོད་སྟོང་བ་རེ་བྱས་པ་དེ་ཙམ་དཔུང་ལ་འཁུར་ནས་རང་ཉིད་རང་བཙན་འཐབ་རྩོད་པར་ཁས་ཆེ་བ་མ་ཟད་རང་གཞུང་དང་བླ་ན་མེད་པའི་དབུ་ཁྲིད་ལ་སྐྱོན་འཛུགས་པ་དང་ཁེངས་ར་བྱེད་པ་ནི་དངོས་ནས་ཡིད་སྐྱོ་དགོས་པ་ཞིག་རེད། ཁོང་ཚོས་སྐད་འབོད་སྟོང་བ་ཞིག་གིས་རང་བཙན་རག་རེ་བྱེད་པ་དེ་ནི་ཁོང་ཚོས་རང་བཙན་གི་མཐོ་ཚད་དང་རྒྱ་དཔང་ག་འདྲ་ཞིག་ཡོད་པ་ད་དུང་ཡང་རྒྱུས་ལོན་མེད་པ་གསལ་པོ་རེད་ལ། རི་བོ་ཧི་མ་ལ་ཡའི་ཚུར་ནང་ནས་རི་བོ་ཧི་མ་ལ་ཡའི་ཕར་ནང་ལ་རལ་གྲི་གཡུག་རེས་བྱེད་པ་དང་ཀི་རིང་རེ་བཏབས་ནས་མིང་འདོགས་ཅུང་ཟད་རེ་བྱས་པ་ཙམ་ལ་རང་བཙན་འཐབ་རྩོད་པ་ཡིན་ཟེར་པ་ནི་དེ་བས་ཀྱང་ག་བ་ག་བ། རང་བཙན་ཟེར་པའི་ཡིག་འབྲུ་དེ་གཉིས་པོ་གཟུངས་སྔགས་ཁྱད་པར་ཅན་དེ་འདྲ་གང་ཡང་མིན་ཙང་ངག་ནས་སྐྱོར་པ་ཙམ་གྱིས་ནུས་པ་ཐོན་པ་དང་དངོས་གྲུབ་ཐོབ་པ་དེ་འདྲ་དེ་སྔོན་ལོ་རྒྱུས་ཐོག་སྲིད་པའི་སྐད་ཆ་ཐོས་མྱོང་ཡོད་དམ། རང་རེའི་རང་བཙན་ཁས་ཆེ་བའི་ཚོགས་སྡེ་དང་མི་སྒེར་མང་པོ་ཞིག་གིས་བྱེད་སྟངས་ནི་དེ་ལས་དམིགས་བསལ་ཞིག་མེད་པ་མཛུབ་མོ་འཛུགས་དགོས་དོན་མེད། རང་བཙན་གྱི་ལས་ཀ་དེ་རི་ཞིག་དབོར་རྒྱུ་ཡིན་པར་ཆ་བཞག་ན་དབོར་གི་ཡིན་ཟེར་མཁན་དེ་ཚོས་བྱེད་སྟངས་ནི་ཐུར་མ་དང་ཁེམ་བུ་ཙམ་འཁྱེར་ནས་གྲ་སྒྲིག་བྱེད་བཞིན་འདུག་ལ། རང་བཙན་གྱི་ལས་ཀ་དེ་ཟླ་བའི་གོ་ལའི་ཐོག་སྐྱོད་རྒྱུ་ཞིག་ཡིན་པའི་དབང་དུ་བཏང་ན་ཁོང་ཚོའི་གྲ་སྒྲིག་ནི་ཀོ་ལྷམ་ཆ་གཅིག་དང་རྩམ་པ་ཁུག་མ་གང་རེད། ཧཧཧ
ཨོ་རེད་་ཐུ་བ་རྒྱ་མཚོ་ལགས་་་ཁྱོད་ཀྱིས་སྐད་ཆ་འདི་འདྲ་བཤད་ཀི་རེད། བོད་རང་བཙན་འཐབ་རྩོད་པ་རྣམས་མཐོང་ཆུང་དང་དམའ་འབོད་བྱས་ཀྱི་རེད། ང་ཚོས་ཁ་འདི་ཕར་དབུ་མའི་ལམ་པ་ལ་སྐོར་ནས་བཤད་ན་དེ་ལས་སྡུག་བ་རྐྱང་རྐྱང་བཤད་ཀྱི་རེད། དེ་ནས་སྐད་ཆ་ཆེ་རུ་འགྲོ་གི་རེད། དེ་དུས་ཁྱོད་ཀྱིས་ལན་འདེབས་མི་ཐུབ་དུས་༧གོང་ས་མཆོག་ལ་སྐུར་བ་འདེབས་འདུག་ཅེས་ཚིག་སྐམ་འདི་ཁུར་ཡོང་གི་རེད། དེ་ནས་སྤྱི་ཚོགས་དཀྲུག་གི་རེད། བསམ་བློ་ཐོངས།།
ཨ་ཇོ་ཅོ་རི་ཉི་མ་འདི། ། སྤྱོད་པ་རིལ་རིལ་རིལ་མ་འདྲ། ། ག་དུས་ཡིན་ཡང་ཁ་བརྡའི་ནང་། ། གྱོད་ཞིག་མ་བཙལ་འདུག་མི་ཐུབ། ཧཧཧ རྩེད་མོ་ཡིན་དྭ།
དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱིས་བཀའ་སློབ་ཡིན་པ་འདྲ་པོ་འབོད་བསྐུལ་ཡིན་པ་འདྲ་པོ། ལམ་སྟོན་ཡིན་པ་འདྲ་པོ། དགོངས་ཚུལ་ཡིན་པ་འདྲ་པོ་བརྐྱང་ཙམ་བསྐུམ་ཙམ། རིང་ཙམ་ཐུང་ཙམ་ཞིག་གནང་འདུག།
རྒྱལ་བ་ཡིད་བཞིན་ནོར་བུའི་བརྟག་པར་བཀའ་སློབ་གནང་དོན་་སྐུ་མའི་གོང་མ་ཕྱག་ལས་དེ་སྐུ་ཕྲེང་འོག་མའི་དེ་འཇུག་སྐྱོང་མཁན་ཞིག་མ་གཏོགས་དེ་ལ་གཏོར་མཁན་བཏོང་མཁན་་ཞིག་ཡོང་གི་མ་རེད་གསུང་གི་རེད། རྒྱལ་བ་གོང་མ་རང་བཙན་ལྟ་གྲུབ་འཛིན་མཁན་ཞིག་རེད། གསུང་དེ་དོའི་ན་དག་ག་རེ་ཡོད་ན།
དགའ་ལྡན་ཕོ་བྲང་སྐུ་ཚབ་ཀྱི་དམངས་བཙོ་ཧ་གོ་མི་འདུག་གང་ཡིན་ཟེར་ན་ཕྱོགས་གཅིག་གི་བསམ་ཚུལ་ལབ་ཆོག་ཕྱོགས་གཞན་པ་བསམ་ཚུལ་ལབ་མ་ཆོག་ཤུགས་གཏོང་ཡོང་གི་འདུག
འདས་པའི་ལོ་ཁ་ཤས་ནང་རང་བཙན་ཁ་ལ་ཁྱེར་ནས་གཞོན་ནུའི་དབུས་རྒྱུན་ཁ་ཤས་དང་དེ་མིན་གྱི་མི་ཁ་ཤས་ཀྱིས་ཁེ་འདོད་དང་གྲགས་འདོད་སོགས་ཀྱིས་དྲིན་ཆེན་ལ་དྲིན་ལོག་གིས་ཟུར་ཟ་དང་སྐྱོན་བརྗོད་སྣ་མང་བྱས་པ་དེ་ཚང་མས་མཁྱེན་གསལ་རེད། དེས་ན་ད་ནས་བཟུང་འགོ་གཙོ་མི་སྣ་དྲག་འདེབས་བྱས་ནས་ལྟ་གྲུབ་མི་འདྲ་བ་ལ་ཕན་ཚུན་བརྩི་བཀུར་དང་། དེ་ཡང་ལྟ་གྲུབ་གཅིག་པོ་ལ་མགོ་མ་འཁོར་བར་ནུས་ཤུགས་ལྡན་པའི་འཐབ་རྩོད་ལ་ཞུགས་རྒྱུ་དང་། ལྟ་གྲུབ་དེ་ཕྱི་གསལ་ནང་གསལ་བཟོ་རྒྱུ། གཞན་ཡང་རང་རེ་བོད་གངས་ཅན་རྣམས་ཀྱི་དྲིན་ཆེན་ལ་དྲིན་ཆེན་ཡིན་པར་ངོ་ཤེས་པའི་སྒོ་ནས་སེམས་གཏིང་ནས་སྤྱི་མང་ལ་ཕན་པ་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད།
དུས་རྒྱུན་ནས་༸གོང་ས་མཆོག་ལ་ཟུར་ཟ་དང་མཚན་དམོད་ཞུ་མཁན་མི་དྲུག་ཅིག་ཡོད་རེད་གསུངས་སོང་། དེ་ཚོ་སུ་དང་སུ་ཡིན་ནམ། ལགས།
ལྷག་བསམ་དང་གཅིག འཇམ་ནོར་དང་གཉིས། ཟླ་ནོར་དང་གསུམ། བཀའ་ཟུར་ག་གེ་མོ་དང་བཞི། ཚོགས་གཙོ་ག་གེ་མོ་ལྔ་། སྤྱི་འཐུས་ག་གེ་མོ་དང་དྲུག ཧཧཧ། ཧོ་ཧོ་ཧོ།
རེད་རེད་་གོད་དུ་དྲངས་པའི་མིང་གཞུང་དེ་ཚོ་བཙན་བྱོལ་བའི་བོད་མིའི་སྤྱི་ཚོགས་ནང་ནས་དམིགས་གསལ་གྱི་རྣམ་དཔྱོད་དང་ནུས་པ་ཡོད་ཁན ་བོད་མི་རིགས་ལ་ཤ་ཞེན་དང་ལྷ་བསམ་རྣམ་དག་་་་ད་དུང་ལྟ་བ་དང་ལང་ཕྱོགས་ཡོད་པ་སོང་ཙང་མིག་ནང་གི་རྡེའུ་ཆགས་སོང་བ་རེད་།་
བཙན་བྱོལ་གྱི་དམངས་གཙོ་འདི་མགོ་རྙོག་ཚ་བ་ལ། དམངས་གཙོའི་གཞུང་ལམ་དུ་བསྐྱོད་དང་བསྐྱོད་བཞིན་པ་རེད་ཟེར་གྱི་འདུག། ཡང་ཕྱོགས་གཅིག་གི་དགོངས་ཚུལ་མ་གཏོག་ཕྱོགས་གཞན་པའི་བསམ་ཚུལ་ལ་བརྩི་འཇོག་བྱེད་ཀྱི་མི་འདུག། ཡང་ཆབ་སྲིད་རང་བཞིན་གྱིས་གཞུང་དང་གཞུང་འཛིན་མི་སྣར་སྐྱོན་བརྗོད་བྱས་ན་མཚན་སྨོད་དང་བཀུར་འདེབས་ཟུར་ཟ་ཆགས་ནས་སྐྱོན་བརྗོད་བྱེད་མཁན་ཚང་མ་ལྟ་ལོག་དང་གདོལ་ཚོགས་སོ་མྱུལ་སོགས་ཀྱི་མཚན་བཟང་གསོལ་ཏེས་དངོས་ཤུགས་རྒྱུད་གསུམ་གྱིས་སྤྱི་ཚོགས་ནས་མཐའ་འབུད་གཏོང་གང་ཐུབ་བྱེད་ཀྱི་འདུག། ད་འདི་འདྲ་མཉམ་རང་བཞིན་གྱི་ལྟ་བ་མེད་པ་དང་ཆོས་ལུགས་རང་བཞིན་གྱི་ལྟ་བ་ཤུགས་ཆེ་དྲག་པ་ཡིན་ས་རེད། དེ་མིན་ན་ཕན་ཚུན་གཉིས་ཀས་གང་ཟག་ལ་མི་ལྟ་བར་སྐྱོན་བརྗོད་བྱ་རང་ལ་གཟིགས་ནས་གུ་ཡངས་པོའི་ཐོག་ནས་གནས་ལུགས་རྒྱུ་མཚན་ལྡན་པའི་སྒོ་ནས་དགག་བཞག་སྤོངས་གསུམ་བྱས་ན་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་དྲ་བ་འདི་ལས་ཐར་ཐུབ་སྲིད། དེ་མིན་གཅིག་གིས་གཅིག་ལ་རྒྱང་རྩོད་བརྒྱབས་བསྡད་ན་དཀའ་ངལ་ལྷག་ས་བོད་དང་བོད་མི་རིགས་ལྷག་པར་དུ་གཞིས་ལུས་མི་དམངས་ཀྱི་ལུས་སེམས་གཉིས་ཀྱི་དཀའ་སྡུག་འདི་རེད།
བཀྲ་རྒྱལ་ཁོ་རེ། རྒྱལ་བ་སྐུ་འཕྲེང་གོང་མའི་དུས་ལ་བོད་རང་བཙན་ཤོར་ཡོད་མ་རེད་ད། རང་བཙན་ཤོར་གོང་ལ་སུ་ཡིན་ཡང་རང་བཙན་ལྟ་བ་འཛིན་གྱི་རེད། དེ་འགལ་ཟླའི་གནས་ཚུལ་གེ་མ་རེད།
གཟབ་རྒྱུ་དེ་གལ་ཆེན་པོ་རེད། ད་དུང་ཕན་ཚུན་གཉིས་ཀས་གཟབ་གཟབ་བྱེད་རྒྱུ་དེ་གལ་ཆེན་ནང་གིས་དོན་ཆེན་རེད་ད། ཧི་ཧི།
ལུང་རྟོགས་ལགས།༧རྒྱལ་དབང་སྐུ་ཕྲེང་༡༣པའི་སྐབས་རང་བཙན་ཤོར་མྱོང་མེད་ན་སོག་ཡུལ་དང་རྒྱ་གར་བཅས་སུ་ག་རེ་གནང་གི་ཕེབས་པ་རེད།སོག་པོའི་དབུ་བླ་མི་རིགས་ལྷ་ས་བ་ཡིན་པ་ཁལ་ཁ་རྗེ་བཙུན་དམ་པས་༧གོང་ས་བཅུ་གསུམ་པར་སོག་ཡུལ་དུ་ཕྲག་དོག་བརྙད་བརྐོ་མང་དུ་བྱས་པའི་ཁ་གནོན་དུ།རྒྱ་ནག་གོང་མ་དང་ཚི་ཤིས་ཐ་ཧོས་ནས་༧རྒྱལ་དབང་མཆོག་ལ་བཀུར་བཟོས་གནང་དགོས་པའི་བཀའ་ཡིག་གནང་བར།༧སྐུ་ཕྲེང་བཅུ་གསུམ་པས་རྒྱ་ནག་གོང་མར་ཐུགས་རྗེ་ལེགས་འབུལ་དུ་རྒྱ་ཕྱོགས་སུ་ཕྱག་ཕུལ་བའི་ལོ་རྒྱུས་དེ་འདྲའང་རྣམ་ཐར་ཁ་ཤས་ནང་ཡོད་པ་རེད་ད། མ་གཞི་སྐབས་དེར་བོད་རང་བཙན་གྱི་ངོ་བོར་ལོ་ཤས་རིང་གནས་ཐུབ་ཡོད་པ་དེ་ང་ཚོས་འཇོན་དྲག་པ་ཇི་གང་མ་རེད་ད།རྒྱ་ནག་ལ་ཕྱི་རྒྱལ་བརྒྱད་ཀྱིས་བཙན་འཛུལ་དང་ཉལ་ཐ་དམག་འཁྲུག ནང་ཁུལ་གསར་བརྗེ་བཅས་ལངས་ཏེ་མངའ་སྡེ་ཁ་ཤས་མ་གཏོགས་ཧ་ལམ་མངའ་སྡེ་མང་ཤོས་ནས་རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།ང་ཚོའང་དེ་གྲས་ཀྱི་གཅིག་རེད།
སྤྱིར་བློ་མཐུན་ན་ཡག་པོ་རེད་ལགས་ངེས་པར་མཐུན་པ་བྱེད་དགོས། པ་ཕ་ཨ་མ་བློ་མཐུན་ན་རྒྱུད་པ་སྟོང་བའི་སེམས་བྲལ་མེད། ཕ་མ་དང་ཕྲུག་གུ་བློ་མཐུན་ན་ཡང་མེས་ཀྱི་ལོ་རྒྱུས་རླག་རྒྱུའི་སེམས་བྲལ་མེད། དགེ་རྒན་དང་དགེ་ཕྲུག་བློ་མཐུན་ན་མི་རིགས་ཀྱི་རིག་གཞུང་སྟོང་བའི་སེམས་བྲལ་མེད། དཔོན་དང་འབངས་བློ་མཐུན་ན་ཡུལ་ལུང་ལ་དམག་འཁྲུག་དང་མུ་གེ་ཡོང་རྒྱུའི་སེམས་བྲལ་མེད། རང་བཙན་པ་དང་དབུ་མ་པ་བློ་མཐུན་ན་བོད་ཀྱི་ལ་རྒྱ་རླག་རྒྱུའི་སེམས་བྲལ་མེད། འོན་ཀྱང་ཕ་མེས་ཀྱི་མགོ་བོ་རྡུང་མཁན་གྱི་དགྲ་དང་བློ་མཐུན་ན་དཔེ་བསགས་པ་རེད། མི་རིགས་ཀྱི་རྐང་འདྲེན་པ་ཆགས་པ་རེད། ཟབ་ཟབ་གནང་དགོས།
བོད་གངས་ཅན་པའི་ཕ་མེས་ཀྱི་དགྲ་བོ་གུན་ཁྲན་དམར་པོ་དང་བློ་མཐུན་སུ་ཆགས་བཞིན་ཡོད་ཉིན་རེ་ནས་ཉིན་རེ་ཇེ་གསལ་རེད་བ།།
བློ་མཐུན་མའོ་ཀྲུའུ་ཞི། ཏེང་ཞའོ་ཧྥིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ད་དུང་ཞི་ཅིན་ཕིན་སོགས་ཀྱང་བློ་མཐུན་དང་འཐབ་གྲོགས་ཡིན་ཟེར་གྱི་ཡོད་པ་མ་རེད་པས། ད་དུང་ཕ་ས་ཕྲོགས། ཕ་མ་བསད། ཕུ་ནུ་བཙོན་དུ་བཅུགས་རྡུང་རྡེག་ཚ་ནན་གཏོང་མཁན་དེ་ཚོ་དང་གཉེན་སྒྲིག་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཟེར་གྱི་ཡོད་པ་མ་རེད་པས། ད་ནི་བློ་རྦད་དེ་མཐུན་འདུག་མཐུན་འདུག། ད་དུང་མི་རིགས་ཀྱི་འཐབ་རྩོད་པ་ཐམས་ཅད་དགྲ་བོ་ངོ་མ་ཡིན་ཟེར་གྱི་འདུག་ག།
མའོ་ཀྲུའུ་ཞི། ཏེང་ཞའོ་ཧྥིང་གི་རི་འཁོགས་རྣམས་མེར་སྲེག་མྱུར་དུ་ཡོང་བ་དང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ཞི་ཅིན་ཕིན་གསུམ་གྱི་རོ་ལ་བདག་པོ་མེད་པར་ལུས་པར་ཤོག
སྐད་ཆ་གསལ་བོ་བཤད་ན་ང་ཚོ་ཨ་མདོ་ནི་སྔོན་མས་ལྷ་སའི་སྐུ་དྲག་ཚོས་ཀྱང་བདག་པོ་བྱས་མི་འདུག་ལ། དེང་སང་གཞོན་ནུ་རྩོད་པའི་རང་བཙན་གི་ནང་དུ་ཡང་ཡོད་ཚོད་མི་འདུག།་སྟབས་ལེགས་ནས་གོང་ས་བཅུ་བཞི་བ་ཆེན་མོ་སྨད་ལ་འཁྲུངས་རྗེས་དགའ་ལྡན་ཕོ་བྲང་གི་མིག་འོག་ཚུལ་ཙམ་བྱུང་བ་ལས། ད་ལྟ་གོང་ས་མཆོག་གི་དགོངས་པ་ལྟར་ཤར་བསྐྱོད་བྱས་པ་ཡིན་ན་མ་འོངས་བ་བོད་བཙན་པོས་གདུང་རུས་ཅན་མདོ་སྨད་པ་ང་ཚོ་ལ་བོད་ཅིག་ཡིན་པས་རེ་བ་ཡོད་པ་ལས། གཞོན་ནུ་འདྲ་བ་དེ་དག་གི་རྗེས་སུ་འབྲངས་ན་ང་ཚོ་ལ་གྱོང་ལས་ཅི་ཡང་ཐོབ་གྱི་མེད་པས། བདག་གི་བསམ་ན་མདོ་སྨད་ཡོད་ཚད་གཉིས་སྨན་དབུ་མའི་ལམ་དུ་བསྐྱོད་མཁན་ཡིན་པར་ཡིད་ཆེས་གཙང་མ་ཡོད།
༣༨༽ བཀྲ་ཤིས་རྒྱལ་མཚན་ནས། སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༥ སྐར་མ་ ༢༦ ལུང་རྟོགས་ལགས།༧རྒྱལ་དབང་སྐུ་ཕྲེང་༡༣པའི་སྐབས་རང་བཙན་ཤོར་མྱོང་མེད་ན་སོག་ཡུལ་དང་རྒྱ་གར་བཅས་སུ་ག་རེ་གནང་གི་ཕེབས་པ་རེད།སོག་པོའི་དབུ་བླ་མི་རིགས་ལྷ་ས་བ་ཡིན་པ་ཁལ་ཁ་རྗེ་བཙུན་དམ་པས་༧གོང་ས་བཅུ་གསུམ་པར་སོག་ཡུལ་དུ་ཕྲག་དོག་བརྙད་བརྐོ་མང་དུ་བྱས་པའི་ཁ་གནོན་དུ།རྒྱ་ནག་གོང་མ་དང་ཚི་ཤིས་ཐ་ཧོས་ནས་༧རྒྱལ་དབང་མཆོག་ལ་བཀུར་བཟོས་གནང་དགོས་པའི་བཀའ་ཡིག་གནང་བར།༧སྐུ་ཕྲེང་བཅུ་གསུམ་པས་རྒྱ་ནག་གོང་མར་ཐུགས་རྗེ་ལེགས་འབུལ་དུ་རྒྱ་ཕྱོགས་སུ་ཕྱག་ཕུལ་བའི་ལོ་རྒྱུས་དེ་འདྲའང་རྣམ་ཐར་ཁ་ཤས་ནང་ཡོད་པ་རེད་ད། མ་གཞི་སྐབས་དེར་བོད་རང་བཙན་གྱི་ངོ་བོར་ལོ་ཤས་རིང་གནས་ཐུབ་ཡོད་པ་དེ་ང་ཚོས་འཇོན་དྲག་པ་ཇི་གང་མ་རེད་ད།རྒྱ་ནག་ལ་ཕྱི་རྒྱལ་བརྒྱད་ཀྱིས་བཙན་འཛུལ་དང་ཉལ་ཐ་དམག་འཁྲུག ནང་ཁུལ་གསར་བརྗེ་བཅས་ལངས་ཏེ་མངའ་སྡེ་ཁ་ཤས་མ་གཏོགས་ཧ་ལམ་མངའ་སྡེ་མང་ཤོས་ནས་རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།ང་ཚོའང་དེ་གྲས་ཀྱི་གཅིག་རེད། ཟེར། དཔྱད་རིན་ཡོད་པར་སྙམ།
མདོ་སྨད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་སྐུ་ལུས་མེ་ལ་བསྲེགས་ནས་བོད་རང་དབང་རང་བཙན་འབོད་མཁན་ཚོའི་ཁ་ཆེམས་བདག་པོ་བརྒྱབ་མཁན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་པ་ལས་བཙན་བྱོལ་ནང་གི་མདོ་སྨད་པའི་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་མིན།།
འོ་ཙི་བྱས་ན་མདོ་སྨད་ཆེད་དང་ཐོག་ནས་རྩོད་མེད་ནུས་ལྡན་གྱིས་ཟི་ལིང་ཀྲུའུ་ཞིའི་ཁྱབ་ཁོངས་ཨེ་རེད། ཟི་ལིང་དེ་ཡང་གུང་ཁྲན་གྱིས་བཅོམས་པའི་རིགས་གཅིག་མ་རེད་པས། ཟི་ལིང་བཅོམས་པའི་དངུལ་རྣམས་རྒྱ་དངུལ་ཏཱ་ཡང་ཅི་བཟོས་ཏེས་རྔ་མོང་ལ་བརྐལ་ནས་བོད་ཀྱི་ས་ཆ་ཞིབ་བཤེར་དང་མི་འབོར་ཞིབ་བཤེར་བྱེད་དུ་སླེབས་པའི་གཏམ་བརྒྱུད་ཞིག་གོ་མྱོང་ཡོད་བདེན་མིན་མི་ཤེས། གང་ལྟར་བདེ་སྐྱིད་ཞིག་བྱུང་ན་འགྲིགས་པ་རེད། ཚང་མ་བདེ་སྐྱིད་དང་རང་དབང་དོན་དུ་དཀའ་ལས་བརྒྱག་གི་ཡོད་པ་རེད་ལ་མཐའ་ན་སྲོག་འགྲོན་ཡང་གཏོང་གི་ཡོད་པ་རེད།
ཧཧཧ་་་ད་ཡིན་ན་འདུག རྒྱ་གཞུང་གིས་བོད་སྔ་མོ་ནས་རྒྱ་ཁོང་ཡིན་པར་སྒྲུབ་པ་ལ་བོད་པ་རེ་ཟུང་གིས་གཏིང་གནོན་བྱེད་ཁུལ་བྱེད་པ་ནི་ཇི་འདྲའི་དགོད་བྲོ་བ་ཞིག་རེད། གོང་ས་བཅུ་གསུམ་པ་རྒྱ་སོག་ཡུལ་གྲུར་ཆིབ་བསྒྱུར་བསྐྱང་བ་དེ་རྒྱ་དམག་དང་དབྱིན་དམག་གི་ཉེན་ཁ་ལས་གཡོལ་ཆེད་ཡིན་པ་ལས་བོད་རང་བཙན་ཤོར་ནས་བཙན་བྱོལ་ལ་བྱོན་པའི་ལོ་རྒྱུས་མིན་པ་གསལ་པོ་རེད། རྒྱ་སོག་ཡུལ་གྲུ་ནས་ཕྱིར་ཕེབས་རྗེས་རང་བཙན་གསལ་བསྒྲགས་སྐྱང་བ་དེ་ཡང་བོད་འདི་ཡུལ་གྲུ་གཞན་གྱི་མངའ་འོག་མ་ཡིན་པར་རང་བཙན་གཙང་མ་ཡིན་པའི་གསལ་བཤད་གནང་བ་ཞིག་རེད།
མདོ་སྨད་པ་ཚོ་དགའ་ལྡན་ཕོ་བྲང་འོག་བསྡད་མྱོང་མེད་པ་༧རྒྱལ་དབང་རིན་པོ་ཆེས་ཞལ་བསང་པོའི་སྒོ་ནས་ཉེ་ལམ་ཨ་རིར་བཀའ་སློབ་སོགས་ཀྱི་སྐབས་བཀའ་ཐེངས་ཁ་ཤས་ལ་ཕེབས་སོང་ང་།བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ནང་བསྟན་གི་འདུག་ག འོན་ཀྱང་མདོ་སྨད་པ་ཚང་མ་ཡང་ཁ་ཆེ་མཱ་ཀྲོའུ་ཞིའི་འོག་ཡང་མ་རེད་ད།དཔེར་ན།རྔ་བ་དང་རྒྱལ་རོང་།མགོ་ལོག་དང་ཐེ་བོ།ཤར་ཁོག་དང་མཛོད་དགེ།ཅོ་ནེ་དང་རྨ་ཆུ་སོགས་རང་མགོ་རང་འཐོན་རེད།རྒྱ་བོད་སུའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོར་བསྡད་མྱོང་མེད་པ་རེད། དེ་སྔ་དབུས་གཙང་གི་མཁས་པ་མང་ཆེ་བའི་གསུང་ནང་མདོ་སྨད་ཨ་མདོ་རྒྱ་སོག་གི་ཡུལ་གྲུ་ཞེས་བྲིས་ཡོད་པ་མ་གཏོགས་བོད་ཡུལ་ཅིག་ལ་ངོས་ལེན་ཁོ་རང་མེད་པ་རེད།བཙན་བྱོལ་ནང་གི་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཀྱང་རླུང་འཕྲིན་བཅར་འདྲི་ཅིག་གི་ནང་༼དེ་སྔ་བརྒྱད་ཅུ་གྱ་གྲངས་སོགས་ཀྱི་ནང་་ང་ཚོས་ཆབ་སྲིད་ཀྱི་དགོས་དབང་ཙམ་གྱིས་ཨ་མདོ་དེ་ཚོ་བོད་ཁོངས་སུ་བཞག་པ་རེད་མ་གཏོགས།དེ་ཚོས་ཅིག་བོད་དོན་ལ་འཇོན་ཡོང་བསམ་པ་དང་།བྱས་ཡོང་བསམ་པ།བོད་མིའི་ངོ་བོ་ཅིག་འཛིན་ཡོང་བསམ་བསམ་ཁོ་རང་མེད་པ་རེད་༽ཅེས་བསྡོམས་བརྒྱབ་གནང་ཡོད་རེད།ཆབ་སྲིད་ཀྱི་དགོས་དབང་ཙམ་མ་གཏོགས་བོད་པ་མ་རེད་བསམ་མཁན་ཧ་ཅང་མང་པོ་རེད།གཞོན་ལྷན་ནས་ཀྱང་རང་བཙན་ནི་དེ་སྔའི་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཙམ་ཡིན་པ་བར་སྐབས་ཚོགས་གཙོ་སྒོ་དྲུག་པས་དུས་བབ་སྟེང་བཀའ་གནང་ཡོད་པ་རེད།ཕལ་ཆེར་དེ་འདྲར་དམིགས་ནས་ཡིན་ས་རེད།ད་རེས་གཞོན་ནུའི་འཚོགས་ཆེན་སྟེང་དུའང་ཨ་མདོ་མི་གསུམ་མ་གཏོགས་མི་འདུག་ཟེར། གང་ལྟར་ཨ་མདོ་ཡུལ་དེ་འདྲའི་ས་ཁྱོན་རྒྱ་ཆེན་པོ་ཅིག་དང་མི་གྲངས་འབོར་ཆེན་ཅིག་༧རྒྱལ་དབང་བཅུ་བཞི་བའི་བཀའ་དྲིན་གཟི་བརྗིད་ཉག་གཅིག་ལ་བརྟེན་ནས་བོད་ཁོངས་སུ་སླེབས་པ་རེད།ད་ཆ་བོད་པ་ཚོའི་སེམས་ནང་བོད་པ་ཡིན་ལ་མིན་ལ་ཀི་ཨམ་མདོ་བ་ཚོ་ནི་བོད་རང་དབང་འཐབ་རྩོད་དོན་བློས་གཏོང་ཆེ་ཤོས་བྱེད་མཁན་དང་ཉེན་མཆོངས་ཀྱི་སྣེ་ཁྲིད་མཁན།བོད་མིའི་སྐད་ཡིག་རིག་གཞུང་དང་བཅས་པ་སོ་སོའི་སྲོག་ལས་ཀྱང་གཅེས་འཛིན་བྱེད་མཁན་གཅིག་པུ་དེ་ཆགས་ཡོད་པར་སུས་ཀྱང་བསྙོན་འཛུགས་མི་ཐུབ།མཐར་དེད་ན་ལོ་བརྒྱ་ཕྲག་མང་པོར་ཁ་འཐོར་ཡ་འཐོར་དུ་གྱར་བའི་བོད་མི་རིགས་འདི།གཞི་རྩ་མེད་ས་ཅིག་ནས་༧རྒྱལ་དབང་༡༤པས་འཐབ་རྩོད་ཀྱི་དར་ཆ་གཅིག་གི་འོག་བཅུག་ཡོད་པ་བོད་མི་ཚོས་བརྗེད་མི་ཉན།
“མ་གཞི་སྐབས་དེར་བོད་རང་བཙན་གྱི་ངོ་བོར་ལོ་ཤས་རིང་གནས་ཐུབ་ཡོད་པ་དེ་ང་ཚོས་འཇོན་དྲག་པ་ཇི་གང་མ་རེད་ད།”ཞེས་པ་འདི་དང་། “རྒྱ་ནག་ལ་ཕྱི་རྒྱལ་བརྒྱད་ཀྱིས་བཙན་འཛུལ་དང་ཉལ་ཐ་དམག་འཁྲུག ནང་ཁུལ་གསར་བརྗེ་བཅས་ལངས་ཏེ་མངའ་སྡེ་ཁ་ཤས་མ་གཏོགས་ཧ་ལམ་མངའ་སྡེ་མང་ཤོས་ནས་རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།ང་ཚོའང་དེ་གྲས་ཀྱི་གཅིག་རེད།”ཞེས་པ་འདི་གཉིས་ནང་འགལ་དག་དག་རེད། བོད་རང་བཙན་གྱི་ངོ་བོར་གནས་ཐུབ་ཡོད་ན་རྒྱ་ནག་གི་མངའ་སྡེ་ཡིན་སྟངས་ཡོད་པ་མ་རེད་ལ་རྒྱ་ནག་གི་མངའ་སྡེ་ཡིན་ན་རང་བཙན་ཡིན་སྟངས་ཡོད་མ་རེད།
དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཀྱང་རླུང་འཕྲིན་བཅར་འདྲི་ཅིག་གི་ནང་༼དེ་སྔ་བརྒྱད་ཅུ་གྱ་གྲངས་སོགས་ཀྱི་ནང་་ང་ཚོས་ཆབ་སྲིད་ཀྱི་དགོས་དབང་ཙམ་གྱིས་ཨ་མདོ་དེ་ཚོ་བོད་ཁོངས་སུ་བཞག་པ་རེད་མ་གཏོགས།དེ་ཚོས་ཅིག་བོད་དོན་ལ་འཇོན་ཡོང་བསམ་པ་དང་།བྱས་ཡོང་བསམ་པ།བོད་མིའི་ངོ་བོ་ཅིག་འཛིན་ཡོང་བསམ་བསམ་ཁོ་རང་མེད་པ་རེད་༽ཅེས་གསུངས་ཡོད་ན་སྟོན་རོགས་བྱོས་དང་།
སྐབས་བཅུ་གསུམ་བཅུ་བཞིའི་གཞོན་ནུའི་དབུས་རྒྱུན་དག་གིས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དུམ་བུ་གཉིས་དང་། ལྟ་གྲུབ་ལངས་ཕྱོགས་དུམ་བུ་གསུམ་དུ་བཏང་སོང་། མང་ཚོགས་ཀྱིས་ཞིབ་འཇུག་ཞིབ་ཏུ་བྱས་པ་ཡིན་ན། བྱས་ཉེས་འདི་དག་ཡོངས་རྫོགས་ཀྱི་རྒྱབ་ཏུ་དོན་གྲུབ་ལྷ་དར་ཡོད།
ལུང་རྟོགས་ལགས།༧སྐུ་ཕྲེང་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་ལ་རང་བཙན་གསལ་བསྒྲགས་འདོད་མཁན་ཞྭ་སྒབ་དང་དེང་སང་གི་བཙན་བྱོལ་ནང་གི་གཞོན་སྐྱེས་བོད་ཡིག་ཙམ་ཡང་མི་ཤེས་མཁན་བསྐོར་ཅིག་རེད།རྩ་ཚིག་དེ་འདྲ་མང་པོ་༧སྐུ་ཕྲེང་བཅུ་གསུམ་པའི་སྐབས་བཀྲམས་ཡོད་པ་རེད།ལར་རྩ་ཚིག་དེའི་ནང་དགོན་སྡེའི་དོ་དམ་དང་བསྟན་པ་འཛིན་སྐྱོང་།དཔལ་འབྱོར་དང་ལྐོག་རྔན་བཀག་འགོག་སོགས་ཀྱི་སྐོར་ཙམ་བཀོད་ཡོད་པ་མ་གཏོགས།མགོ་རྔ་གང་དུའང་རང་བཙན་ཟེར་བའི་ཚིག་གཅིག་ཀྱང་མི་གདའ།ལར་ལོ་བར་ཆ་ཤས་རིང་གི་གསལ་བསྒྲགས་དེ་རང་བཙན་གསལ་བསྒྲགས་ཡིན་ན་དེ་སྔོན་རང་བཙན་མིན་པ་རིགས་པས་གྲུབ།གལ་ཏེ་ལོ་ཤས་རིང་གི་རང་བཙན་དེ་ཡག་པོ་ཅིག་ཡིན་དབང་དུ་བཏང་ནའང་ཁམས་ཀྱི་ཕྱེད་ཀ་དང་མདོ་སྨད་ཡོངས་རྫོགས་བོད་ཁོངས་ནས་ཕུད་ཚར་རེད་ད།
ཅོ་རི་ཉི་མ་ལགས།ཟླ་དུས་ཚེས་གྲངས་གསལ་བོ་དྲན་མ་སོང་།འོན་ཀྱང་།བར་ལམ་མདོ་སྨད་ཕྱོགས་ནས་༼ང་བོད་ཡིན༽ཟེར་བའི་གློག་བརྙན་ཅིག་འཐོན་པའི་སྐབས་ཐོག་དེར།ཨེ་ཤ་ཡ་རླུང་འཕྲིན་གྱི་གསར་འགོད་པ་ཀརྨ་རྒྱ་མཚོ་ལགས་དང་མཁས་དབང་འཇམ་དབྱངས་ནོར་བུ་རྣམ་གཉིས་ཀྱིས་གཟའ་ཉི་མའི་གཏམ་གླེང་ཅིག་གི་ནང་གསུངས་ཐས།
རྒྱ་གཞུང་ཁོང་ཁྲོ་མ་སློང་། རྒྱ་གཞུང་རྒྱུས་ལོན་བྱོས་ཤིག རྒྱ་གཞུང་ཁ་གཏད་མ་བཅོག རྒྱ་བོད་འདྲ་མཉམ་རྩོད་ཅིག བོད་རྒྱ་དགྲ་ཟླ་ཡིན་ཡང་། བོད་རྒྱ་ཁྱིམ་མཚེས་རེད་དོ། བོད་རྒྱ་འཁོན་འཛིན་བྱུང་ཡང་། བོད་རྒྱ་དབོན་ཞང་རེད་དོ། བོད་རྒྱ་ཕར་གསོད་ཚུར་གསོད། བོད་རྒྱ་ཁྱིམ་མཚེས་གཅིག་པ། བོད་རྒྱ་ཕར་འགྲོ་ཚུར་འགྲོ བོད་རྒྱ་ནང་ཆོས་གཅིག་པ།
ལུང་རྟོགས་ལགས།སྐུ་ཉིད་ཀྱིས་གསུངས་པ་ནང་བཞིན་ངའི་སྐད་ཆ་ནང་འགལ་རྩ་བ་ནས་ཆགས་མི་འདུག ང་ཚོས་འཇོན་ཏེ་རང་བཙན་བྱས་པ་གང་མ་རེད།རྒྱ་ནག་མན་ཆིན་ལ་ཕྱིའི་བཙན་འཛུལ་དང་ནང་འཁྲུག་རི་ལུགས་པ་ཐག་པས་མི་འདོམས་པ་ཅིག་བྱུང་སྐབས།མགོ་བདག་མེད་པར་འཐོར་བཤིག་གི་སྐབས་དང་བསྟུན་དེ་སྔ་རྒྱ་འོག་གི་སོག་ཕྱི་ནང་དང་ཤིན་ཅང་།མན་ཇུ་རི་ཡ།མཐའ་ན་རྒྱ་ནག་ནང་ཁུལ་གྱི་མངའ་སྡེ་ཁག་འགའ་ནས་ཀྱང་རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།ང་ཚོས་ཀྱང་གཞན་ལ་ལད་མོ་ཙམ་བྱས་པ་རེད།༧རྒྱལ་དབང་༡༣པས་ཀྱང་རྒྱ་ནག་མན་ཆིན་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གྱུར་ཏེ་བོད་པས་འདི་འདྲ་གནང་གི་ཡོད་ཅེས་གསལ་བོ་གསུངས་འདུག་ག།ཚིག་དེ་༧རྒྱལ་དབང་༡༤པས་ཀྱང་ཉེ་ལམ་ལུང་འདྲེན་གནང་སོང་ང་། རྒྱ་ནག་ནང་འཐོར་གྱི་སྐབས་སུ་ཐ་ན་འབྲི་ཆུ་ལྷོ་བྱང་དུའང་གཞུང་མི་འདྲས་དབང་བསྒྱུར་བྱས་ཏེ་ཕན་ཚུན་རང་བཙན་གྱི་ངོ་བོར་གནས་ཡོད་པ་རེད།
བཀྲ་ཤིས་རྒྱལ་མཚན་ལགས། ཁྱོད་ཀྱི་གཏམ་ཁ་ཚིག་ལ་བལྟས་ན་སུ་ཡིན་གསལ་པོ་རེད། རྫུན་མ་ཤོད། མཁས་དབང་འཇམ་ནོར་བུ་མཆོག་གིས་གསུངས་མྱངས་ཀྱི་མ་རེད་བསམས་ཀྱི་འདུག ཁྱོད་ལ་དཔང་རྟགས་མེད་ན་ཁས་ལེན་གྱི་མིན།།
ལོ་རྒྱུས་བྱེ་མའི་འོབས་དོང་སློག་ནས་ཅི། རིགས་ཞེན་ཁོ་ནའི་ཚོར་སྣང་ངོམ་ནས་ཅི། དུས་ཀྱི་འགྱུར་འགྲོས་དང་བསྟུན་གསོན་གནས་ཀྱི། ཐབས་ཚུལ་ཤེས་ན་རང་གཞན་ཀུན་ཕན་གཞི། ཅོ་རི་ཅོར་ཁོ། སྒྲོ་སྐུར་གང་རུང་བྱས་མེད་ན་གཞོན་ལྷན་འཐོར་ཉེན་གྱི་གནས་ལ་ལྷུང་དགོས་དོན་ཅི། དགོངས་དག་ཐུགས་བདེན་དང་བཟོད་གསོལ་ཞུ་དགོས་པ་ཅི། ངས་ཤོད་དགོས་པའི་གནད་དོན་གཉིས་གསལ་བོར་ཞུས་ཡོད། ཡང་བསྐྱར་བློ་གསལ་ཞིག་ཕུད་དགོས་ན། རག་ན་མ་རག་ན་ཐོབ་ཐང་རང་ཡིན་ཞེས་ཨུ་ཚུགས་ཀྱིས་རང་བཙན་ཁོ་ན་རང་རྩོད་འདོད་མཁན་ཚོས་རང་བཙན་གཙང་མ་ཞིག་བདག་ཉར་གྱིས། ཙོགས་མི་སྤུས་དག་བཟོས། འཇམ་ནོར་ལགས་དང་ལྷ་བཟང་ལགས་དམག་དཔོན་ལ་བཀུར་དགོས། དེ་མི་འདོད་པ་ཚོ་ངོ་གཉིས་པ་བྱས་ནས་མ་འདུག རང་བཙན་ཚོགས་པ་ནས་དགོངས་པ་ཞུ་དགོས་པ་རེད། ཚོགས་པ་གཞན་ལ་ཞུགས། ཡང་མིན་ན་སློབ་སྦྱོང་བྱོས། མི་ངོ་མ་ཞིག་བྱོས། རྩྭ་གཟུགས་མ་བྱེད་ཟེར་བ་ཡིན། འདི་ཨེ་འགྲིག་གི ཅོ་རུ་ཅོར་ཁོ། སྤོ་མ་ལང་གོ སྤྱི་དོན་གླེང་དུས་བདེན་པ་དང་བཟོད་བསྲན་དགོས་པ་རེད།
ཆབ་བྲག་མཆོག་ནས་གོང་དུ་གཞོན་ནུར་ཆབ་སྲིད་ཚོགས་པ་ཞེས་བྲིས་གནང་འདུག་མོད།གཞོན་ནུ་ལྷན་ཚོགས་ཀྱི་ཐོག་མའི་རྩ་འཛིན་ཁག་ནང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ནི་ལས་འགུལ་ཚོགས་པ་ཅིག་མ་གཏོགས་ཆབ་སྲིད་ཚོགས་པ་མིན་ཞེས་བྲིར་གདའ།
བཀྲ་རྒྱ་ལགས། གོང་ས་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་མིན་པར་བཤད་མཁན་ནི་ཤར་ཁུག་ཁྱེད་གཉིས་ལས་ཕལ་ཆེར་སུ་ཡང་ཡོད་རྒྱུ་མ་རེད། དེའི་སྐོར་ལ་ཆུང་ཚེ་རིང་ལགས་ནས་བོད་ཀྱི་དུས་བབ་ནང་གནད་ལ་ཁེལ་ཞིང་དོན་ལ་གནས་པ་ཞིག་གསུང་སོང་བས་དེ་ལ་ལྟོས། དེ་མིན་ལ་བཤད་ལུང་བཤད་མང་པོ་བྱས་ཀྱང་དགོས་པ་མི་འདུག རང་བཙན་གསལ་བསྒྲགས་དེ་སྐྱང་དགོས་དོན་ཡང་གོང་ས་མཆོག་རྒྱ་སོག་ཡུལ་གྲུར་ཆུབ་བསྒྱུར་བསྐྱང་རྗེས་རྒྱ་ནག་གཞུང་གིས་བོད་དེ་སྔ་མོ་ནས་རྒྱ་ཁོང་ཡིན་པའི་སྒྲུབ་བྱེད་འདྲ་མིན་བཀོད་ནས་འཛམ་གླིང་མི་མང་མགོ་སྐོར་བཏང་བཞིན་ཡོད་པ་དེ་མཁྱེན་རྟོགས་བྱུང་ནས། ལྷ་སར་ཕེབས་པ་དང་བོད་དེ་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་བ་ཞིག་རེད།
ཁྱེད་ཀྱི་སྐད་ཆ་ལ་ནང་འགལ་ཡོད་མེད་ནི་ཁྱོད་ཀྱིས་མེད་དང་ངས་འདུག་ཅེས་ཨུ་ཚུག་རྒྱག་དགོས་དོན་མི་འདུག དཔྱོད་ལྡན་ཚོས་གོང་གི་སྐད་ཆ་ལ་ལྟ་བམ་བྱེད་ན་ཤེས་ཀྱི་རེད།
ལུང་རྟོགས་ལགས།ཁྱེད་ཀྱི་ཀླད་པར་སྐྱོན་མེད་ན་གོང་གི་སྐད་ཆ་དེར་གང་འདྲ་བྱས་ཏེ་ནང་འགལ་འདུག ནང་འགལ་འདུག་ལུགས་ཀྱི་སྒྲུབ་བྱེད་རིགས་པ་གཅིག་ཀྱང་གཏོང་མེད་པར་ཧམ་པ་རི་ལྟ་བུ་ཅིག་བཤད་དེ་བདེན་པ་གཡག་འདྲ་ཅིག་ཐོབ་རེ་མ་བཅིངས།ཆུ་གླང་རྩ་ཚིག་དེ་ཆུང་ཚེ་ལྟ་བུ་ས་ར་མཐོ་སློབ་ཀྱི་སློབ་ཕྲུག་ཅིག་གིས་རང་བཙན་བསྒྲགས་གཏམ་དུ་བཤད་ན་ཧ་ལས་རྒྱུ་ཅི་ཡོད་རེད།མཁས་དབང་ཟམ་གདོང་རིན་པོ་ཆེས་དེ་རང་བཙན་བསྒྲགས་གཏམ་མིན་པ་ཉེ་ལམ་དབུ་ལམ་ཚང་གི་གོ་སྒྲིག་གཏམ་བཤད་སྟེང་ག་ཚོད་བཤད་སོང་།དོན་གྱི་བདག་པོ་༧རྒྱལ་བ་ཡིད་བཞིན་ནོར་བུས་ཀྱང་ས་ལི་སྒར་སོགས་ནས་ག་ཚོད་གསུང་སོང་། མདོ་ལུང་རྟོགས་ཁྱེད་རང་ལུང་མི་རྟོགས་པའི་བྱེ་མ་བཅུར་ན་ཆུ་འཐོན་རྒྱུ་མེད་པ་ཅིག་འདུག་པས་དེ་ཙམ་ཡིན།
ད་ལྟ་འཛམ་གླིང་གི་སྟེང་དུ་བོད་པ་ཚོགས་པ་ཆེ་ཤོས་གཞོན་ནུ་ཚོགས་པ་དང་། བོད་རང་དབང་སློབ་་ཕྲུག་ཚོགས་པ་གཉིས་རེད། ཚོགས་པ་འདི་གཉིས་ཉམས་ཐག་པ་བཟོ་མཁན་དང་། འདི་གཉིས་དཀའ་ངལ་སྤྲད་མཁན་སུ་རེད་དམ།
ལྟོས་དང་་་་ཟམ་གདོང་རིན་པོ་ཆེ་ཡིས་ཅིག་གསུངས་སོང་་་༧གོང་ས་མཆོག་གིས་ཉོག་གསུངས་སོང་ཟེར་ནས་བཤད་ཀི་རེད། དེ་ནས་རྩོད་པ་བརྒྱབ་ཀི་རེད། དེ་ནས་སྐུར་བ་འདེབས་ཀྱི་འདུག་ཟེར་གི་རེད།་་་་་ཁྱོད་ཚོས་སྤྱི་ཚོགས་དཀྲུག་སྟངས་ངས་རྒྱུས་རྦད་དུ་ལེན་སོང་། སུན་ཙེའི་དམག་དོན་བསྟན་བཅོས་ནང་གི་དམག་སྤྱི་བོང་ཆེན་གྱི་ལག་གཡོག་ཀུང་ཀྲི་ཧྲེན་་་ཟེར་བ་དེར་འདྲ་པོ་འདུག་བསམས་ནས་ཡང་ཡང་དྲན་མྱངས།།
བཀྲ་རྒྱ་ལགས། ཁྱེད་རང་ཁོང་ཁྲོ་ལང་དགོས་མ་རེད། ཁྱེད་རང་གི་སྐད་ཆ་ལ་ཡང་ཁུང་ལུང་ཡོད་པའི་སྐད་ཆ་གཅིག་ཀྱང་མི་འདུག སུ་གཅིག་གཅིག་བཤད་བཞག་པ་རེད་ཟེར་བ་ཙམ་ལས། གང་དུ་གསུང་ཡོད་པ་དང་། ག་དུས་གསུང་ཡོད་པ་སོགས་གཅིག་ཀྱང་མི་འདུག སྐད་ཆ་དེ་འདྲས་ཁུང་འཁྱོལ་གྱི་མ་རེད། ཁྱོད་རད་གི་སྐད་ཆ་ལ་ནང་འགལ་ཡོད་པ་ངས་གོང་དུ་གསལ་ཞིང་གསལ་བར་བཤད་ཡོད། མིག་ཡོད་ན་དེ་ལ་ལྟོས། སྐུ་ཞབས་ཆུང་ཚེ་ཧ་ལས་རྒྱུ་ཡོད་རུང་མེད་རུང་ཁྱོད་ལྟ་བཅུ་ཡིས་ཀྱང་སྡུར་རྒྱུ་ཡོད་མ་རེད། ཤེས་སོང་ངམ།
གཞོན་ནུའི་དབུས་རྒྱུན་ཞིག་གིས་བཤད་པ་ལྟར་བྱས་ན། རྒྱུན་ལས་ནང་ཁུལ་ཚོགས་འདུ་ཚོགས་སྐབས་ཚོགས་གཞོན་གྱིས་ལས་ཀ་ཚང་མ་སྒེར་སྤྱོད་བྱས་ཏེ་ཐག་གིས་བཅད་བཞག་གི་རེད་གསུངས་སོང་། བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ལ་གུས་བཀུར་བརྒྱ་ཆའི་བརྒྱ་ཡོད་པ་དང་རང་བཙན་ལངས་ཕྱོགས་དེའང་བཟུང་ཆོག་གི་རེད་དྲན་ཡོད། ཡིན་ན་ཡང་གཞོན་ནུའི་དབུས་བརྒྱུན་ལས་རྣམས་ཀྱི་ལས་ཀ་བྱེད་ཕྱོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། སྤྱིར་བཏང་སུ་ཞིག་ནོར་བ་རེད་ཟེར་ན་གཞོན་ནུ་ལྷན་ཚོགས་ནོར་བ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ནང་ནས་སུ་ཞིག་ནོར་བ་རེད་ཟེར་ན་སྐབས་བཅུ་བཞི་བའི་དབུས་རྒྱུན་ལས་དེ་ཚོ་ནོར་བ་རེད། དབུས་རྒྱན་ལས་ནང་ནས་སུ་ཞིག་གིས་ནོར་འཁྲུལ་བཟོས་པ་རེད་ཟེར་ན་དོན་གྲུབ་ལྷ་དར་གྱིས་བཟོས་པ་རེད། འདིའི་སྐོར་ལ་ང་རང་ལ་གསལ་གསལ་ཐང་ཐང་གིས་ཞུ་རྒྱུ་ཡོད་ནའང་མདོ་བསྡུས་སུ་རོབ་ཙམ་ཞིག་བཤད་རྒྱུ་ཡིན། 1) བཙན་བྱོལ་བོད་གཞུང་བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་གཏོང་སྐབས། དེ་ལ་ངོས་ལེན་རྩ་བ་ནས་མེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་མུ་མཐུད་ཉར་རྒྱུ་ཡིན་ཟེར་མཁན་དོན་གྲུབ་ལྷ་དར་རེད། 2) ཚོགས་གཙོ་ཚེ་དབང་རིགས་འཛིན་གྱི་སྒང་ནས་ལས་ཀ་བྱས་ཏེ་རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་སྟེ་བོད་གཞུང་དང་རྒྱ་གཞུང་གཉིས་ཀར་ཕོག་ཐུག་འགྲོ་བའི་ལས་ཀ་རྩོམ་མཁན་དོན་གྲུབ་ལྷ་དར་རེད། 3) བོད་རྒྱལ་ཁབ་བསྐྱར་འཛུགས་ཀྱི་མ་དངུལ་བསྡུ་རྒྱུ་ཡིན་ཟེར་ནས་གསལ་བསྒྲགས་བསྐྱངས་ཏེ་མང་ཚོགས་ལ་མགོ་བསྐོར་བཏང་སྟེ་དངུལ་བསྡུ་མཁན་དོན་གྲུབ་ལྷ་དར་རེད། 4) ཨ་རིའི་ནའེ་ཡོག་གི་དུས་འཁོར་དབང་ཆེན་སྐབས་སུ་བསྟོད་ལོ་ཡི་སྟེང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་བཀོད་དེ་རྙོག་དྲ་བྱུང་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་དང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགའ་ལྡན་བློ་གྲོས་ཀྱི་སྟེང་ལ་གསར་འགོད་བསྒྲགས་གཏམ་སྤེལ་ཏེ་རྒྱ་མི་ལ་བཤད་མ་ཐུབ་པའི་ཚིག་སྡུག་ཅག་བེད་སྤྱོད་གཏོང་མཁན་དོན་གྲུབ་ལྷ་དར་རེད། 5) སྤྱི་ལོ་༢༠༡༢ ་ལོར་གླིང་ཚ་ཚེ་བརྟན་རྡོ་རྗེ་མི་སྒེར་གྱིས་བོད་ནང་གོམ་བགྲོད་གནང་སྐབས་རྒྱ་ནག་གི་རྒྱལ་དར་མཉམ་འཁྱེར་བྱས་སྐབས། གང་ཟག་སྒེར་བ་མི་གཅིག་གི་ལས་འགུལ་སྤེལ་ཕྱོགས་ཐོག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་འཁྱེར་ནས་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་སྤེལ་མཁན་དོན་གྲུབ་ལྷ་དར་རེད། 6) སྤྱི་ལོ་༢༠༡༡་ཟླ་བ་༡༢་པའི་ནང་ལ་རྡོ་རྗེ་གདན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་བསྐུར་གནང་བའི་སྐབས་སུ་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱི་ཡོད་མདོག་གི་ཞོར་དུ་མི་མང་ལ་ཞལ་འདེབས་བསྡུས་ཏེ་སྐད་གྲགས་བཞག་པ་མ་ཟད། སྐབས་དེར་བོད་ནང་ནས་ཆོས་ཞུ་བར་ཕེབས་མཁན་དག་ལ་སྐད་ཆ་འདྲ་མིན་བཤད་དེ་དངུལ་ཕོན་ཆེན་བསྡུ་མཁན་དོན་གྲུབ་ལྷ་དར་རེད། 7) བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ནང་ཁུལ་གྱིས་མཁྱེན་རྟོགས་དང་གསལ་ཆ་མེད་པར་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་ཀློག་འབྲེལ་བྱས་ཏེ་ཨ་རི་དང་ཁ་ན་ཌ་ལ་ཕྱིན་ཏེ་དབུ་མའི་ལམ་ལ་སྐྱོན་བརྗོད་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་གཞུང་ལ་ཟུར་ས་བྱས་ཏེ་མང་ཚོགས་ལ་བློ་ཕམ་བྱུང་འཇུག་མཁན་དོན་གྲུབ་ལྷ་དར་རེད། 8) གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ནང་ཁུལ་དང་ས་གནས་གཞོན་ནུ་ཁག་ལ་བཙན་གནོན་འཇིགས་སྐུལ། དེ་ནས་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ལ་གཉའ་གནོན་བརྙས་བཅོས་གཏོང་མཁན་དོན་གྲུབ་ལྷ་དར་རེད། 9) ཕྱི་ཟླ་ ༥ པའི་ཚེས་ ༢༣ ། ༢༤ ། ༢༥ བཅས་ཉིན་གསུམ་རིང་བཞུགས་སྒར་ངྷ་རམ་ས་ལར་རྒྱལ་སྤྱི་རང་བཞིན་གྱི་རང་བཙན་ཚོགས་འདུ་ཞིག་ཚོགས་རྒྱུ་ཡིན་ཞེས་འུར་བརྒྱབ་སྟེ་རྗེས་སུ་ཁུངས་མ་འཁྱོལ་བར་ཕྱིར་འཐེན་བྱེད་དགོས་བྱུང་བ་དང་། སྤྱི་ལོ་ ༢༠༡༣ ལོ་ནི་བོད་རང་བཙན་གྱི་ལོ་ལ་སྲུང་བརྩི་ཞུ་རྒྱུ་དང་དེ་ལ་རང་བཙན་མཚོན་རྟགས་ཤིག་བཟོ་སྐྲུན་ཇུས་འགོད་འགྲན་བསྡུར་གྱི་ལས་གཞི་ཞིག་སྤེལ་རྒྱུ་ཡིན་རབས་བཤད་རྗེས་མཇུག་སྐྱོང་མ་ཐུབ་པར་ལྷག་པ་ཡང་དོན་གྲུབ་ལྷ་དར་རེད། 10) ད་རེས་ཚོགས་ཆེན་གྱི་མགོ་འཛུགས་ཉིན་ནས་ཚོགས་མི་ཚོར་མཐོང་ཆུང་ཁྱད་གསོད་བྱས་པ་དང་། ཚོགས་འདུ་མ་ཚོགས་སྔོན་ནས་ལྐོག་ངན་ཇུས་འགོད་དང་ལས་འཆར་བསྒྲིགས་མཁན་ཚང་མ། ད་དུང་ཚོགས་འདུ་དངོས་གཞིའི་སྐབས་སྒེར་སྤྱོད་ཀྱིས་ས་གནས་ཚོགས་ཞུགས་པ་མང་པོ་ཞིག་ལྐུགས་པའི་གྲས་སུ་བཞག་སྟེ་སྐད་ཆ་རྫིག་པོ་ཤོད་མཁན་དོན་གྲུབ་ལྷ་དར་རེད།
ལྷ་མོ་སྐྲ་རིང་མས། ཉན་ཨ་་ངས་སྒྲུང་ཞིག་བཤད། སྔོན་མ་བོད་སྡེ་བ་གཞུང་གི་སྐུ་དྲག་ཚོས་སྤྲོ་སྐྱིད་བཏང་དུས་མི་མང་པོ་འཛོམས་ཡོད་པའི་སྐབས་སུ་ལྕམ་ཆུང་མ་ཞིག་གིས་ཏུག་རུལ་ཤོར་བ་རེད། མོ་རང་ངོ་ཚ་ཧ་ཅང་ཆེན་པོ་བྱུང་བ་རེད། དགོང་མོ་ཐུགས་སྤྲོ་ཚར་རྗེས་རང་ཁྱིམ་དུ་བསླེབས་པ་རེད། དེ་ནས་ལྕམ་སྐུ་ཞབས་ཀྱིས་གཡོག་མོ་གཉིས་ལ་ཁ་རྡུངས་གཏང་པ་རེད། ངས་མི་མང་གི་དཀྱུས་ཏུ་ཏུག་རུལ་ཤོར་དུས་ཁྱོད་གཉིས་ཀྱིས་ང་ལ་རོགས་མ་བྱས་ཅི་ཡིན། ཏུག་རུལ་དེ་ཁྱོད་གཉིས་ཀྱི་ཤོར་བ་ཡིན་མདོག་མདོག་མི་བྱས་ཅི་ཡིན་ཞེས་ཁ་རྡུང་དྲག་པོ་བཏང་པ་རེད། དེ་ནས་ཕྱི་ཉིན་མོར་ཡང་བསྐྱར་ཐུགས་སྤྲོ་ལ་ཕྱིན་པར་རེད། མི་མང་ཚང་མ་འཛོམས་ནས་ཡོད་སྐབས་སུ་གཡོག་མོ་གཅིག་ཡར་ལངས་ནས་གུས་ཞབས་དང་བཅས་ཞུ་དོན། དགོངས་དག་སྐུ་ངོ་རྣམས་པ། ཁ་སང་མནའ་མའི་བཏང་བའི་ཏུག་རུལ་དེ་ངས་བཏང་པ་ཡིན་ཞེས་དག་འབུལ་བྱས་པ་རེད་་་་་་་་་་་་་ཧཧཧ
ཨ་དྲིན་ཆེན་ཚོ། ནག་མོ་གྱོད་འཛིང་གི་ངང་ཚུལ་དེ་མཚམས་བཞག་ན་མི་ཡག་ག བོད་མི་རིགས་འདི་གནའ་སྔ་མོ་ནས་ཉོག་གཏམ་ཡང་བཤད་བསྐྱར་བཤད་རྒྱག་རྒྱུ་དགའ་ཙང་ང་ཚོ་སྡེ་བའི་མི་རྣམས་ལ་གཏམ་དཔེ་འདི་འདྲ་ཞིག་བཤད་སྲོལ་ཡོད། སྐད་ཆ་འོ་བཤད་མ་ཡིས། །མ་ཎི་འོ་འདོན་བྱོས། །ཟེར་གི་རེད། འོ་བཤད་ཟེར་ན་སྐབས་འདིར་བསྐྱར་ཟློས་ལ་གོ་དགོས། གཞན་དག་ཕར་ཞོགས། ཅིག་ཤེས་མཁན་གི་གྲས་ཡིན་ཟེར་པ་ཁྱེད་ཚོའི་རྣམ་འགྱུར་ལ་བལྟས་ནའང་མི་རིགས་སྤྱིའི་ཁ་མདོག་དེ་ག་འདྲ་ཞིག་ཡིན་པ་ཚོད་དཔག་ལས་སླ་བོར་དཔོག་ཐུབ་ཞིག་མ་རེད་དམ།
དེ་ཡང་ཡོངས་གྲགས་སུ་གསང་སྔགས་ཟབ་མོ་རྫོགས་ཆེན་དེ་སྟོན་པས་མ་གསུང་པ་ཞིག་རྗེས་འཇུག་འགས་གསུང་ཚུལ་གླེང་རྙོག་བཟོ་བ་ནི། སྟོན་པ་ལས་རྗེས་འཇུག་མཁས་པ་དང་དགེ་རྒན་ལས་དགེ་ཕྲུག་མཁས་པ་སྟེ། སངས་རྒྱས་ལ་ཀ་ཁ་ཞེས་པ་དང་མཚུངས་པ་ཡིན་སྙམ།
དེ་རིང་ནི་གནམ་བདེ་སྒོ་ཆེའི་དམངས་གཙོ་དོན་བའི་སློབ་ཕྲུག་དང་དམངས་མི་དམར་བཏང་བའི་ཉིན་མོར་རེད། ༼ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་ཡིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཐེངས་༢༤ པའི་སྔ་ནུབ་ཏུ་གསལ་བསྒྲགས་ཤིག་སྤེལ་ཏེ། པེ་ཅིང་གིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ལུའུ་ཞོ་པོ་གཙོས་པའི་ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་གཏོང་དགོས་པའི་རེ་བ་བཏོན་ཡོད་པ་རེད། ལྕམ་ནན་སི་པེ་ལོ་སིའི་ཡིག་ཐོག་གི་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་དོན། “རྒྱ་ནག་སྲིད་གཞུང་གིས་མགྱོགས་མྱུར་ངང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་གཏོང་དགོས། དེའི་ནང་དུ་འཛམ་གླིང་ཐོག་བཙན་ཁང་དུ་བཀག་ཉར་འོག་ཡོད་པའི་ནོའོ་བྷེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཅིག་པུ་སྐུ་ཞབས་ལུའུ་ཞོ་པོ་ཡང་ཚུད་ཡོད།༽ཅེས་བོད་ཀྱི་བང་ཆེན་ཐོག་ཏུ་བཀོད་འདུག དབུ་མའི་ལམ་པ་བ་ཚོས་ཉན་ཨ། སྲིད་སྐྱོང་སེང་གེ་མཆོག་གིས་ཁ་གསལ་པོ་ཐོག་ནས་ང་ཚོས་གཞིར་ལུས་བོད་རྒྱ་ཆེན་མི་དམངས་ཀྱི་ཆེད་དུ་དམངས་གཙོ་རྩོད་མེད་ཅེས་དང་། གུན་ཁྲན་དམར་ཕྱོགས་པ་མགོ་རྟིང་ལོག་ཆེད་དུ་འཐབ་རྩོད་ཀྱི་མེད་ཅེས་དབུ་མའི་ལམ་རྩ་དོན་དང་མཐུན་པའི་བཀའ་མོས་ཁ་གསལ་གནང་ཡོད་རེད། ༡་་་འཛམ་གླིང་གི་ཆབ་སྲིད་ཀྱི་འཐབ་ར་ཆེན་མོའི་ནང་དུ་བོད་བཙན་བྱོལ་བའི་འཐབ་རྩོད་ནི་རྡེའུ་ཆུང་ཆུང་ཞིག་གི་གོ་ཆོད་ཀྱི་མི་འདུག་བསམས། སྲིད་སྐྱོང་གི་བཀའ་མོས་དེས་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་ལྟ་གྲུབ་དང་མི་མཐུན་པ་བྱུང་ཡོད་ལ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོའི་སྙིང་ལ་ཆུ་འཁྱག་བླུག་པ་ལྟ་བུ་ཆགས་ཡོད་རེད་འདོད། ༢་་་སོ་སོའི་ཁ་གཏད་བཅག་སའི་གུན་ཁྲན་དམར་པོའི་ཁ་གཏད་པ་རྒྱ་རིགས་དམངས་གཙོ་དོན་གཉེར་རྣམས་དང་འཐབ་གྲོགས་ཀྱི་འབྲེལ་བ་ཙམ་ཡང་འཛུགས་མི་ཤེས་པའི་གནང་སྟངས་འདི་ནི་བོད་མི་རིགས་ཀྱི་ངོས་ནས་བཤད་ན་ཕམ་ཁ་ཆེན་པོ་ཞིག་རེད་འདོད།། ༣་་་དབུ་མ་པ་ཚོས་གཅིག་གསུང་དང་། ནུབ་ཕྱོགས་དམངས་གཙོ་རྒྱལ་ཁབ་གིས་བོད་བཙན་བྱོལ་བ་དམར་ཕྱོགས་པ་ཆགས་བཅུག་གི་རེད་དམ།། བློ་ལ་བབ་རེད་དམ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ལ་ངོ་མི་ཚ་ཡི་མི་འདུག་གམ། ཏ་ལའི་བླ་མའི་དམངས་གཙོའི་གསེར་གྱི་རྟགས་མ་ཆུ་ལ་གཡུག་གྱི་ཡིན་ནམ།་་་དྲི་བ་ཡིན།
གཞོན་ལྷན་ལྕེ་རྩེའི་རང་བཙན་དོར་གྱུར་ན།། ཟམ་གདོང་རང་སྐྱོང་ཀྲུ་ཞིར་ཐེ་ཚོམས་མེད།། དབུ་ལམ་མེས་རྒྱལ་པང་དུ་ལོག་འགྱུར་བས།། ཏང་གི་དྲོ་སྐྱིད་ཉི་མས་འཚོ་བར་ངེས།། ཧ་ཧ་ཧི་ཧི།
རིན་པོ་ཆེའི་འཁྲུལ་ལབ་རང་ཨེ་ཡིན། འོན་ཀྱང་འཁྲུལ་པ་ངེས་པར་ཡོང་སྲིད། འཁྲུལ་ལབ་ཡིན་ཚུལ་གང་ཡིན་ནམ། ཡང་རིན་པོ་ཆེ་སྒེར་ལ་ཁ་གཏོང་ན་བཟོད་བཞེས་གནང་སྲིད་རུང་། བོད་མིའི་བདེ་དོན་སྒྲུབ་པའི་ཐབས་ལམ་ལ་འགག་བྱ་དགོས་པ་ཆེན་པོ་མེད་པ་དང་། མང་མོས་ཅན་གྱི་འགྲོ་སྟངས་ལ་འགན་ཐེག་དེ་ཙམ་མེད་པ་དང་ཕྱོགས་དུས་བབ་བསྟུན་གྱི་འགྲེལ་བཤད་ངེས་ཚུགས་མེད་པར་བསྒྱུར་བཅོས་ཐེ་ཇུས་བྱས་པར་མི་བཟོད་པར་གསལ་བཤད་གནང་བ་ནི། བཟོད་པ་བཞེས་པ་རང་རེད་སྙམ།
དབུ་མའི་ལམ་གྱི་སྙིང་དོན་ནི་བོད་ལ་རང་དབང་སྒྲུབ་རྒྱུ་དེ་ཡིན། གུན་བྲན་མགོ་རྟིང་སློག་ཐབས་གཙོར་བཏོན་གནང་བ་ཁྱོན་ནས་མིན། འོན་ཀྱང་ཇ་འཁོལ་བར་མེ་བཏང་དུས་ཤིང་འཚིག་པ་ནི་ཉེས་པ་མེད་པ་རེད་སྙམ། གཞིས་ལུས་མི་མང་ཆེད་མང་གཙོ་རྩོད་མེད་ཚུལ་གསུང་པ་དེ་གང་དུ་གསུང་བ་ཡོད་དམ་ཞེས་དྲི་ལན་ཡོད་པར་འཚལ། ང་ཚོ་དམར་པོ་ཆགས་འདོད་སུ་ལ་ཡང་མེད་སྙམ། སྒེར་པ་རེ་གཉིས་ཡོང་སྲིད། གལ་ཏེ་དམར་པོ་ཆགས་འདོད་རང་ཡོད་ན། བོད་རྒྱ་ཁོངས་སྔོན་ནས་ཡིན་པ་སོགས་ལབ་ནས་གུན་བྲན་འོག་མཐའ་གཅིག་ཏུ་འཛུལ་ན་དཀའ་ངལ་འཕྲད་ཨེ་སྲིད་སྙམ། དེས་ན་༧གོང་ས་མཆོག་ནི་བླ་ན་མེད་པའི་ཆོས་དཔོན་མང་གཙོའི་དབུ་ཁྲིད་མངའ་གསོལ་བའི་གསེར་གྱི་གཟེངས་རྟགས་དེ་འཛམ་གླ྄ིང་ཡོངས་སུ་བཀུར་ཡང་། རྒྱ་དམར་གུང་བྲན་གྱིས་ཆུ་ལ་གཡུགས་འདོད་ཀྱི་རེ་སྟོང་དེ་བཅངས་ཡོད་སྙམ་མོ།།
གཞོན་ལྷན་ལྕེ་རྩེའི་རང་བཙན་དོར་གྱུར་ན།། ཟམ་གདོང་རང་སྐྱོང་ཀྲུ་ཞིར་ཐེ་ཚོམས་མེད།། དབུ་ལམ་མེས་རྒྱལ་པང་དུ་ལོག་འགྱུར་བས།། ཏང་གི་དྲོ་སྐྱིད་ཉི་མས་འཚོ་བར་ངེས།། ཞོལ་གཡག་ལགས། བཀྲིས་བདེ་ལེགས། གཞོན་ལྷན་ལྕེ་རྩེའི་རང་བཙན་མ་དོར་ཀྱང་།། ཟམ་གདོང་བླ་མས་བཀའ་ཁྲི་གནང་གྲུབ་སོང་།། མེས་རྒྱལ་པང་དུ་དབུས་ལམ་སྤྱོད་པའི་ཚེ།། དྲོ་སྐྱིད་ཉི་མས་གངས་ཅན་ཁྱབ་པར་ངེས།།
བསྟོད་ན་མཆོག་དམན་བར་མ་ཀུན་དགྱེས་ཀྱང༌། ། སྨད་ན་ཁྲོ་བའི་གཏམ་དང་རྡེག་པར་གཟས། ། གཟུ་བོར་བརྗོད་ན་རང་མཚང་མཐོང་བའི་རྒྱུ། ། དེ་ཕྱིར་དྲང་པོར་བརྗོད་པའང་དཀའ་བའི་གནས། །
རྒྱ་དང་མཉམ་སྡོད་མ་བྱས་ཀ་མེད་རེད། ། བགྲེས་སོང་བླ་མའི་བཀའ་སློབ་རིན་བྲལ་རེད། ། གཞོན་ལྷན་ལྕེ་རྩེའི་རང་བཙན་དོར་གྱུར་ནས། ། སྙིང་དབུས་བཅངས་པའི་དབུ་ལམ་མངོན་འགྱུར་ཅིག །
༥༽ ཀརྡོ་གཉེར་ཕྱག་པ་ནས། སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༥༥ དྲུག་བཞིའི་རེ་སྨོན། བོད་སོག་ཡུ་རྒྱ་བཞི་པོའི་མཉམ་གནས་ལ། ། མའོ་ཏིང་ཤོ་ཛང་མིན་ཧུ་དང་བཞིའི། ། ལག་དམར་ཐེར་འདོན་ངོ་རྒོལ་མཐར་ཕྱིན་དགོས། ། ད་ལྟའི་དམར་གཞུང་མང་གཙོའི་ལམ་ལ་རྒྱུགས། །
གནས་ལུགས་བཤད་པར་མི་ཤེས་ཤིང་།། དྲང་བདེན་ཐལ་བར་སྲེ་མཁས་པའི།། ལས་ངན་བོད་ཀྱི་མི་བུ་འགའ།། ལུས་ངན་དྲ་འབུར་སྐྱེས་འདི་སྡུག
ཆབ་བྲག་ལྷ་མོ་སྐྱིད་ཀྱིས། “གལ་ཏེ་རང་བཙན་ལྟ་བ་མུ་མཐད་འཛིན་རྒྱུ་ཡིན་ན་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་ཕྱིར་བསྡུ་གནང་དགོས་པ་རེད། དེ་གནད་འགག་གཅིག་རེད།” ཡ་ཡ་་་་་ཡང་ཁྱོས་གཉིད་བཤད་བྱེད་ཀྱི་ཡོད་དམ། ༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་དང་གཞོན་ལྷན་གྱི་རང་བཙན་ལྟ་བ་གཉིས་ལ་འགལ་ཟླ་ཅི་ཞིག་འདུག ༧གོང་ས་མཆོག་གིས་གཞོན་ལྷན་ལ་རང་བཙན་གྱི་ལྟ་བ་དོར་དགོས་པའི་བཀའ་གནང་ཡོད་དམ། དེ་མེད་ན་གཞོན་ལྷན་གྱི་གང་གནང་གི་ཡོད་པ་དེ་༧གོས་ས་མཆོག་གི་དམངས་གཙོའི་ལམ་ལུགས་དང་ཡོངས་སུ་མཐུན་པས་ན། ཁྱོད་གཉིད་ལས་སད་རན་རེད། ཁྱེད་རང་གིས་གཞོན་ལྷན་གྱི་སྐད་ཆ་ཕར་བཞག་སྟེ་རང་གིས་བྲིས་པའི་རང་སྲེག་སྐུག་ཡིག་གི་རྙོག་དྲ་གཙང་མ་བཟོ་རོགས་ཞུ། དེ་ཙམ་ལས་མི་བཤད།
ཆབ་བྲག་ལྷ་མོ་སྐྱིད་ཀྱིས། “གལ་ཏེ་རང་བཙན་ལྟ་བ་མུ་མཐད་འཛིན་རྒྱུ་ཡིན་ན་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་ཕྱིར་བསྡུ་གནང་དགོས་པ་རེད། དེ་གནད་འགག་གཅིག་རེད།” ་་་་་་ཟེར།
http://karkhung.com/archives/2048 རིག་ལྡན་རྒྱལ་པོ་ལགས་ཁྱོད་རྣམ་རྟོག་རེད་ད་་་་སྐད་ཆ་གལ་ཆེ་འདི་འདྲ་ལའང་དོ་སྣང་མ་བྱུང་བ།
ཆབ་བྲག་ལགས། གཞོན་ལྷན་གྱིས་༧རྒྱལ་བའི་བཀའ་དགོངས་ལམ་སྟོན་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་ཁོང་ཆབ་སྲིད་སྐུ་དབང་བགྲེས་ཡོལ་མ་ཕེབས་སྔོན་གྱི་གྲོས་ཆོད་ཅིག་རེད། འོ་ན་ཁོང་ཆབ་སྲིད་སྐུ་དབང་བགྲེས་ཡོལ་ལ་མ་ཕེབས་པར་མུ་མཐུད་བཞེས་བཞིན་པ་ཨེ་རེད། གཞི་རྩའི་གཞོན་ལྷན་གྱིས་བཀའ་དགོངས་ལམ་སྟོན་ཤར་སྐྱོད་བྱེད་རྒྱུའི་དམ་བཅའ་མུ་མཐུད་པ་དེས་༧གོང་ས་མཆོག་བོད་མི་རིགས་ཀྱི་ངོ་བོ་རང་བཞིན་དང་མགྲིན་ཚབ་རང་བཞིན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པས་གུས་བརྩི་བླ་མེད་གཅིག་ཡོད་པ་མཚོན་ཐུབ། རེད་དེ་ཡུལ་མི་རང་བཞིན་གྱི་ཐོབ་ཐང་དང་ཆབ་སྲིད་རང་བཞིན་གྱི་ཁེ་དབང་ཞིག་ཡོད་པའི་ཆ་ནས་རྣམ་པ་ཐམས་ཅད་དུ་དབང་ལུང་ཞུས་པ་ལྟ་བུའི། གཙོ་བོས་ཇི་ལྟར་བཀའ་བརྩལ་བ། དེ་དག་ཐམས་ཅད་བདག་གིས་བགྱིས། ཟེར་དགོས་པའི་ངེས་པ་གཏན་ནས་མེད། དེས་ན་རང་བཙན་ལྟ་གྲུབ་རྒྱུན་འཛིན་བྱས་པར་བཀའ་དགོངས་ལམ་སྟོན་ཤར་སྐྱོད་བྱེད་རྒྱུའི་དམ་བཅའ་ཡིན་ཅིག་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མི་འདུག་ལ། བཀའ་སློབ་ལམ་སྟོན་ཐམས་ཅད་ཡིན་ཅིག་འགྲུབ་དགོས་པའི་རྒྱུ་མཚན་ཡང་མི་འདུག། གལ་ཏེ་ཁོང་གི་བཀའ་དགོངས་ལམ་སྟོན་དང་གལ་ཆེའི་བཀའ་སློབ་ཁག་ཐམས་ཅད་འགྲུབ་ཐུབ་རྒྱུ་ཞིག་ཁོང་གི་དོན་དུ་རྒྱགས་གཅིག་འཆོངས་གཅིག་ཡིན་ཟེར་མཁན་གྱི་དབུ་མ་པ་ཚོས་ཀྱང་ཧ་ཅང་ཧ་ཅང་གིས་ཁག་པོ་རེད། དཔེར་ན་དབུ་མ་པ་ཡིན་ཟེར་མཁན་གྱི་དྲ་འབུ་དེ་ཚོའི་ཁ་ལ་གཅིག་བལྟོས་དང་། ཁ་ནས་གང་བཤད་ཐམས་ཅད་སྐྱག་པ་དང་། མི་ངན། ལོག་སྤྱོད། གདོལ་ཚོགས། སོ་མྱུལ་སོགས་ཀྱིས་རང་དང་ལྟ་བ་མི་མཐུན་མཁན་ཚང་མ་ནག་པོ་བཟོ་རྐྱང་བྱེད་རྒྱུ་དེ་ཁོང་གི་བཀའ་དགོངས་བསྒྲུབ་མཁན་ཞིག་ཨེ་རེད། ཕལ་ཆེར་ཡིན་རྒྱུ་མ་རེད། ཁོང་གི་བཀའ་དགོངས་ཀྱི་ཡང་སྙིང་ནི་ཆོས་མཁས་ལེན་ཡོད་མེད་ལ་མི་ལྟོས་པར་ཚང་མས་ཡ་རབས་བཟང་སྤྱོད་དང་སེམས་པ་བཟང་པོ་བྱེད་རྒྱུ་དེ་རེད། དེ་ལྟ་བས་ན་ཁོང་གིས་མར་དམངས་གཙོ་གསོལ་བརྩལ་གནང་བའི་དཀྱིལ་འཁོར་དེའི་ནང་ལྟ་གྲུབ་དང་ལངས་ཕྱོགས་གཞན་ཡོང་ཆོག་པ་ཙམ་དུ་མ་ཟད། བོད་ཀྱི་འབྱུང་འགྱུར་རྩ་དོན་འཐབ་རྩོད་ཀྱི་འགན་འཁྲི་རང་བཞིན་དེ་མི་རབས་གསར་པ་དང་འབྱུང་འགྱུར་གྱི་མི་རབས་རྗེས་མ་རྣམས་ཀྱི་འཁུར་དགོས་པ་དེ་རེད། དེ་ནི་དུས་རབས་དང་འགྱུར་བ་རང་བཞིན་གྱིས་ཆེས་གཡོལ་དུ་མེད་པའི་འགན་འཁྲི་རང་བཞིན་ཅན་ཞིག་ཀྱང་རེད། མ་གཞི་ངས་གཞོན་ནུ་ལྷན་ཚོགས་འདི་མི་རབས་གསར་པའི་གཞོན་ནུ་དང་གཞོན་ནུ་མ་ལས་གྲུབ་པ་ཞིག་ལ་ངོས་འཛིན་མེད། རྒས་ཡོལ་མ་སོང་བའི་སྐྲ་དཀར་ཅན་དང་རྒས་ཡོལ་ལ་ཉེ་བའི་ཕར་རྒན་མར་རྒན་མང་དག་གཅིག་ཡོད་པ་རེད། འདི་གཞོན་ནུ་ཞེས་པའི་མིང་བྱང་དེ་ཐོབ་ཐབས་ཁོ་རང་ཡོད་པ་མ་རེད། འདི་ཚོར་ལྷན་འབྱར་གྱི་ལྟ་བ་དང་བསམ་བློ་ཞིག་ཡོད་པ་ནི་རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན་ཅན་གྱི་བསམ་བློ་དེས་དུས་རབས་གསར་པ་དང་མི་རབས་གསར་པའི་གཞོན་ནུའི་རྗེས་ནམ་ཡང་ཟིན་རྒྱུ་མ་རེད།
རིག་ལྡན་ལགས། བཀྲིས་བདེ་ལེགས། ཟམ་གདོང་དབུ་མའི་སྲིད་ཁྲིར་བཞུགས་དུས་སུ།། མེས་རྒྱལ་པང་དུ་ལོག་རྒྱུའི་སྟ་གོན་གྱིས།། པེ་ཅིང་ཞིང་ཕྱོགས་ཡང་ཡང་ཕྱག་འཚལ་ཀྱང་།། དྲོ་སྐྱིད་ཉི་མ་ནུབ་རིའི་ཕག་ཏུ་ཡིབས།། ཧ་ཧ།
ལྷོ་འཛམ་གླིང་དམངས་གཙོའི་རང་དབང་འདི། དབྱར་མཚོ་མོ་བཞིན་དུ་ཇེ་རྒྱས་རེད། བྱ་ངང་པ་ཐུགས་སེམས་མ་སྐྱོ་དང་། མཚོ་སྔོན་པོ་ཁྱོད་དང་བྲལ་མི་སྲིད།། ལྷོ་འཛམ་གླིང་དམངས་གཙོའི་གསར་བརྗེ་འདི། གནམ་སྔོ་པོའི་དཀྱིལ་གྱི་སྤྲང་ཆར་རེད། བྱ་ཁུ་བྱུག་ཐུགས་སམས་མ་སྐྱོ་དང་། ཤིང་རྩི་ཏོག་རྒྱས་པའི་དུས་ལ་སླེབས།།།
༄། །ད་ལན་སྐུ་སྒེར་ནས་༧གོང་ས་མཆོག་གི་མཚན་བྱང་བེད་སྤྱོད་བྱས་ནས་བཀའ་ཟུར་ཟམ་གདོང་བླ་མས་གསུང་བཤད་ལས། བཙན་བྱོལ་ནང་མང་གཙོ་མེད་པ་དངོས་སུ་གསལ་པོ་གསལ་རྐྱང་ཆགས་སོང༌། དེ་མཚུངས་རང་བཙན་འཐབ་རྩོད་པ་སྒེར་མི་འགའ་ཞིག་གི་རང་དབང་རྩོམ་ཡིག་ལ་བཟོད་བསྲན་མ་ཐུབ་པར་མཁས་བཤད་དང་དབང་ཤུགས་ཀྱིས་བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ཚོགས་པར་ཞི་འཇམ་ཐོག་ས་ལ་བརྡབ་རྒྱུ་ཡོད་ཚད་བརྡབས་ཏེ། དབང་ཡོད་ཀྱིས་གཞོན་ནུ་ལྷན་ཚོགས་ནས་ལྷ་དགོངས་དང་གསལ་གྱི་དགོངས་གསལ་མི་ཞུ་ཀ་མེད་བཟོས་སོང༌། ཉམ་ཆུང་གཞོན་ནུ་ཚོགས་པ་སྙིང་རེ་རྗེ་ཨང༌། གནས་ཚུལ་དེ་དག་མ་འོངས་པར་གཞོན་ནུར་མ་ཉེས་ཁ་གཡོགས་ཀྱིས་ནག་ཉེས་ཀྱི་ལོ་རྒྱུས་ནང་གསལ་ཐུབ་པ་མངོན། །
ཁྲི་ཟུར་མཆོག་ནས་གསལ་བཤད་གནས་ལ་ཁེལ་བ་ཞིག་གནང་འདུག་་་ང་དང་ང་འདྲ་བར་འཕན་ཐོག་ཆེན་པོ་འདུག་པར་བཀའ་དྲིན་ཆེ་ཞུ་་་་།
དགའ་ལྡན་ཕོ་བྲང་གི་སྐུ་ཚབ་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་སློབ་ཁ་གསལ་ལ་གོ་བདེ་བ་ཞིག་གནང་འདུག་པས། དེ་གནད་དུ་འཁེལ་འདུག་པས་ཚང་མས་ཡིད་ལ་འཇགས་རོགས།
གང་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཏོར་མ་ཐུབ་པ་དེ་བཙན་བྱོལ་ནང་གི་སྒེར་སྲིད་ལ་ཕམ་ཁ་ཆེན་པོ་རེད། མ་གཞི་ད་རེ་དགའ་ལྡན་ཕོ་བྲང་གི་གསལ་བཤད་མི་དགོས་པར། ལྷོ་གཞིས་ས་གཞོན་རྣམས་ཚོགས་ལངས་བྱེད་སྟངས་ལ་གཞིག་ན་གསལ་པོ་རྟོགས་ནུས། ཡར་ཐོན་རང་དབང་ཅན་ཕྱིའི་རྒྱལ་ཁབ་ལ་གནས་པའི་ཚོགས་མི་དང་། བཀའ་རྡོར་སྒང་གསུམ་མཚོན་ཡར་རྒྱས་དང་དཔལ་འབྱོར་དཀའ་ངལ་དེ་ཙམ་མེད་པའི་ལུང་པར་གནས་པའི་ཚོགས་མི་རྣམས་དམ་བཅའ་གཏན་པོས་གཞོན་ནུའི་ལངས་ཕྱོགས་འགྱུར་མེད་འཛིན་ནས་ཚོགས་ཆེན་མཇུག་བསྡུ་ཐུབ་པ་བྱུང་པ་རེད།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་དང་ཚོགས་གཞོན་ལྷ་དར་མཆོག་རྣམས་གཉིས་གཙོ་བོ་གྱུར་པའི་རྒྱལ་གཅེས་གཞོན་ནུའི་ཚོགས་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམས་པས་ལྷག་བསམ་རྣམ་དག་གིས་ཐོག་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ལུས་སེམས་གཉིས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱས་ནས་འཐབ་རྩོད་བྱས་པར་ཐུགས་རྗེ་ཆེ་ཞུ།
རྒྱུན་ལས་གསར་པ་རྣམས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ལྟ་བུ་གཞོན་ནུའི་ཚོགས་མི་མིན་ཀྱང་ལངས་ཕྱོགས་མཐུན་པའི་བོད་མི་དཀྱུས་མ་བ་ཞིག་གིས་ངོས་ནས་དུས་དང་རྣམ་པ་ཀུན་རྒྱབ་སྐྱོར་བྱེད་ཀྱི་ཡིན།
རིན་པོ་ཆེན་་་་བཀའ་མོས་ཆ་ཚང་ཉན་པ་ཡིན། བཀའ་མོས་མང་ཤོས་ནི་སྔར་ནས་རྩོད་བསྡད་པའི་རྩོད་རྙོག་ཤ་དག་རེད་འདུག ད་ལན་ཁྱེད་གཞོན་ནུའི་ཚོགས་ཐོག་ཏུ་ཕེབས་པར་དགའ་པོ་བྱུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱི་བཀའ་མོས་དེ་དག་གི་ནང་དུ་གོ་བ་གཅིག་ལེན་ཐུབ་པ་ནི་གཞུང་གི་ལམ་ཕྱོགས་ལ་འགྱུར་བ་འགྲོ་མིན་དམངས་མོས་ཐག་གཅོད་ཀྱི་ཐོག་ནས་བྱེད་དགོས་པ་རེད་ཅེས་དམགས་གཙོའི་འགྲོ་ལུགས་ཐོག་ནས་གསུངས་པར་དགའ་གུས་ཞུ་རྒྱུ་ཡིན།
ཡིན་ཀྱང་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་གྱི་སྐབས་སུ་བཙན་བྱོལ་བོད་གཞུང་གི་མཚན་བྱང་རང་འཇག་བཞག་དགོས་པ་དམངས་མོས་བྱུང་བ་ནི་དངོས་ཡོད་གནས་ཚུལ་རེད། སྐབས་དེ་དུས་ཁྱེད་རང་བཀའ་བློན་ཁྲི་པ་རེད། ད་དུང་མང་པོ་ཞུ་རྒྱུ་ཡོད་ཀྱང་ཞུ་འདོད་ཀྱི་འདུན་པ་ཞིག་མི་འདུག
བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་གསུངས་མཁན་ཁྱེད་ཡིན་ནའང་ཨུ་ཚུགས་རྒྱབ་མཁན་ང་ཆགས་བཞིན་ཡོད་་་ཧཧཧ་་་བདེན་པ་ལ་རྒྱལ་ཁ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།
བཀའ་སློབ་ཁ་གསལ་གནང་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ད་རིང་ཉམས་མྱོང་ཡག་པོ་བསགས་ནས་མ་འོངས་ལས་འཆར་སྒྲིག་ཕྱོགས་ལ་ཏན་ཏན་ཕན་ཐོགས་བྱུང་ཡོད་པར་དགའ་སྤོབས་བརྟས། རྒྱུན་ལས་གསར་པ་ཚོས་ཆབ་སྲིད་ཚོགས་པ་གལ་ཆེ་ཞིག་ཡིན་པའི་ཆ་ནས་དངོས་གནས་འགན་ཡང་ལྗིད་པོ་ཡོད་པས་བརྟན་ལྷིང་གནང་གལ་ཆེ་བ་ཡིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱ་ལ་ཁ་གཏད་གཅོག་མཁན་གཞུང་འབྲེལ་མིན་པའི་ཚོགས་ཡོད་ན་མེད་ན་ཞིག་རེད། བོད་མིའི་སྒྲིག་འཛུགས་དང་སྒེར་པ་སུས་ཀྱང་གཞོན་ནུ་ལྷན་ཚོགས་གཏོར་བཤིག་གཏོང་མཁན་མེད། གུང་བྲན་ཟེར་རྒྱུས་ཕོངས་མཁན་ཚོས། བོད་དོན་དང་རྒྱལ་བ་རིན་པོ་ཆེར་རྒྱབ་འགལ་བྱེད་མཁན་ཡོད་ན་ལམ་སེང་གཡོ་ཇུས་སྣ་ཚོགས་འོག་བསླུ་བྲིད་ཀྱིས་བོད་རྩར་མེད་བཟོ་རྒྱུའི་ངན་ཇུས་ནང་ཐེན་སྒྲིལ་གྱིས་ང་ཚོའི་ཆིག་སྒྲིལ་གནོད་བྱེད་དུ་བཀོལ་བ་ནི། དོ་ནན་གཟབ་གཟབ་གནང་དགོས་པ་གཞོན་ལྷན་ཡོངས་ཀྱི་ཁར་ཐུག་འགན་ཐེག་དོར་མི་རུང་བ་ཞིག་ཡིན།
ང་ཚོ་ནི་མང་གཙོའི་སྟེང་བསྐྱོད་མུས་ཡིན་པས་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་གསལ་པོར་མཐའ་མའི་ཐག་ཆོད་མང་མོས་སྒང་ནས་འགྲོ་དགོས་གསུངས་པའི་གདེང་སྤོབས་ནི། མང་གཙོའི་ལམ་ལུགས་ལ་ཡིད་ཆེས་བརྟན་པོ་དང་སྲིད་སྐྱོང་ལམ་ལུགས་དེ་བཟང་ཤོས་སུ་མཁྱེན࿒པ་ནས་རེད་སྙམ། ཡང་བོད་མི་ཚོ་ཐབས་སྐྱོ་པོ་དང་ཤེས་འཇོན་ཡར་ཐོན་དེ་ཙམ་མིན་རུང་། སོ་སོའི་དབུ་ཁྲིད་དང་མ་འོངས་ལམ་ཕྱོགས་དེ་གུང་བྲན་མེ་མདའི་འོག་ནས་འདེམས་ནོར་མ་ཐེབས་ན། རང་དབང་ལུང་པའི་ནང་ཇི་ལྟར་ཐེབས་ཐུབ་བམ། འོན་ཀྱང་ད་དུང་གཟབ་གྲུང་ལེགས་ཉེས་ཕུགས་རྒྱང་གདམས་ཀ་མ་ནོར་བྱེད་གལ་ཆེ་བ་ཡོད།
གཞོན་ནུ་ཚོགས་པ་ནི་ནང་ཁུལ་འགལ་ཟླས་འཐོར་ན་མ་གཏོགས་གཞན་གྱིས་གཏོར་ཐབས་ལམ་ལྷོང་དེ་རེ་སྟོང་ཙམ་ཡིན་སྙམ།
ང་སྒེར་ལའང་རང་བཙན་ཐོབ་ཐང་རྩོད་དབང་ཡོད་ན། དགའ་ལྡན་ཕོ་བྲང་ཡིག་ཚང་ལ་དབུ་མའི་ལམ་གྱིས་གསལ་བཤད་གནང་དབང་མེད་དོན་དེ་གང་ཡིན་སྙམ། ༧གོང་ས་སྐྱབས་མགོན་ཆེན་པོས། མང་གཙོའི་སྨྲ་བརྗོད་རང་དབང་མར་གནང་དུས། ཡར་ཁོང་གི་ཞལ་འགོག་རྒྱུའི་ཐོབ་ཐང་དེ་གང་ནས་བྱུང་བ་རེད།
ང་དང་ཁྱོད་ཚོགས་སྒེར་སུ་དང་སུ་ཡིན་ན་ཡང་། དགའ་ལྡན་ཕོ་བྲང་ལོ་བཞི་བརྒྱ་ལྷག་དང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དགུང་ལོ་དྲུག་ཅུའི་རིང་སྐུ་ལས་ལ་ལུང་འཕྲང་གསུམ་བསྐྱོན་ནས་མཇུག་སྒྲིལ་ཟིན་པ་དང་། མཁས་དབང་ཟམ་གདོང་བླ་མས་ལོ་བཅུའི་བཀའ་ཁྲི་ཐུགས་འཁུར་བཞེས་ཏེ་ད་ལྟ་སྲིད་སྐྱོང་སེང་གེ་མཆོག་ལ་མང་གཙོའི་ལམ་སྒྲོམ་གཞིའི་འོག་ང་དང་ཁྱོད་སུ་ལ་ཡང། ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།སྲིད་སྐྱིང་ཁྲི་ལ་བདག་པོ་མེད། །ཅེས་པ་ལྟར་ཆོལ་ཁ་ཆོས་ལུགས་སྐྱ་སེར་དབྱེར་མེད་སུ་ལའང་གོ་སྐབས་མདུན་ལམ་ཡངས་པོར་ཕྱེ་ནས་འདུག་པས་ཕེབས་ཤོག་་་ང་ཚོ་ཚང་མས་མཉམ་སྒྲིལ་ཧུར་བསྐྱེད་ཡིན་དཱ་་་་
ངས་ཡང་དམངས་གླུ་ཞིག་ལེན་འདོད་བྱུང་།
སླེབས་སོང་ལ་དང་སླེབས་སོང་།། ལྷོ་གཞིས་ཁག་ནས་སླེབས་སོང་།།
ངར་སོང་ལ་དང་ངར་སོང་།། ལངས་ཕྱོགས་བསྒྱུར་དགོས་ཟེར་གིས།།
ཚོགས་སོང་ལ་དང་ཚོགས་སོང་།། ཚོགས་ཆེན་སྔ་སྣུར་ཚོགས་སོང་།།
ཐོན་སོང་ལ་དང་ཐོན་སོང་།། ཚོགས་རའི་ནང་ནས་ཐོན་སོང་།།
ཕེབས་སོང་ལ་དང་ཕེབས།། ༧རྒྱལ་བའི་སྐུ་ཚབ་ཕེབས་སོང་།།
གསུངས་སོང་ལ་དང་གསུངས་སོང་།། དམངས་གཙོར་ལོངས་སྤྱོད་ཟེར་གིས།།
གསུངས་སོང་ལ་དང་གསུངས་སོང་།། ཡ་ལ་མ་འཛུགས་ཟེར་གྱིས།།
ཕྱིན་སོང་ལ་དང་ཕྱིན་སོང་།། གཞོན་ནུ་མགོ་དཀར་ཕྱིན་སོང་།།
བཅུགས་སོང་ལ་དང་བཅུགས་སོང་།། ཁ་ལ་མཛུབ་མོ་བཅུགས་སོང་།།
གདམ་སོང་ལ་གདམ་སོང་།། མི་རབས་གསར་པ་གདམ་སོང་།།
བརྟན་སོང་ལ་དང་བརྟན་སོང་།། ལངས་ཕྱོགས་རྩ་བ་བརྟན་སོང་།།
ཧ་ཧ། གསང་ལམ་ཁྲོད་ཀྱི་དམངས་གླུ།
ཕེབས་སོང་གི་སོང་གཅིག་ཆད་འདུག།
རིན་པོ་ཆེན་་་རླབས་ཆེན་གཙོ་མཛད་མའོ་ཀྲུང་ཞིའི་ཡི་མཚན་ཉིད་རིག་པའི་གསུང་རྩོམ་ནང་དུ་སྤྱི་ཚོགས་ཀྱི་འགལ་ཟླ་ཐག་གཅོད་བྱེད་སྟངས་ལ་གཉིས་གསུངས་འདུག
འགལ་ཟླ་ལ་དགྲ་ཕྱོགས་ཀྱི་ཟླ་འགལ་དང་མི་དམངས་ནང་ཁུལ་གྱི་འགལ་ཟླ་གཉིས་གསུངས་འདུག དགྲ་ཕྱོགས་ཀྱི་འགལ་ཟླ་ལ་དྲག་རྒོལ་གྱིས་ཐོག་ནས་ཐག་གཅོད་བྱེད་དགོས་ཅེས་གསུངས་འདུག མི་དམངས་ནང་ཁུལ་གྱི་འགལ་ཟླ་གྲོས་མོལ་ལམ་ནས་སེལ་དགོས་ཅེས་གསུངས་འདུག
ཏན་ཞོ་ཕིང་གིས་རང་བཙན་མ་ཡིན་པར་ཐམས་ཅད་གྲོས་སྡུར་བྱ་ཆོག་ཅེས་བཤད་པ་ནི་མའོ་མཚན་ཉིད་རིག་པའི་ལྟ་གྲུབ་གཞིར་བཞག་ནས་གསུངས་པ་རེད་བསམས་ཀྱི་འདུག གུན་ཁྲན་ཏང་དམར་ཕྱོགས་ཚོགས་པ་མགོ་རྟིང་ལོག་འགྲོ་བའི་ལྟ་གྲུབ་ཅན་ལ་དྲག་རྒོལ་ཁོ་ན་བྱེད་ཀྱི་རེད། དེ་ནི་མའོ་དམར་ཕྱོགས་པའི་ལྟ་གྲུབ་གཙོ་བོ་ཞིག་རེད།
བོད་དང་ཡུར་གེར་མི་རིགས་དང་གུན་ཁྲན་ཏང་གི་བར་གྱི་འགལ་ཟླ་ནི་དགྲ་ཕྱོགས་ཀྱི་ཟླ་འགལ་ཡིན་པ་ལ་ངོས་འཛིན་གྱི་རེད། ༧གོང་ས་མཆོག་ནི་ངོ་བོའི་ཐོག་ནས་གུན་ཁྲན་དམར་ཕྱོགས་པའི་དགྲ་བོར་གྱུར་ཡོད། ཨ་རི་གྲོས་ཚོགས་ཀྱི་དམངས་གཙོའི་གསེར་གྱི་རྟགས་མ་སྐེ་ལ་ཀོན་ནས་བསྡད་ཡོད། དམངས་གཙོའི་ལྟ་གྲུབ་ཅན་རྣམས་ནི་གུན་ཁྲན་ཏང་གི་དགྲ་བོ་ཡིན། རྒྱ་མི་རིགས་ཡིན་ནའང་དྲག་རྒོལ་བྱས་དང་བྱེད་བཞིན་པ་རེད། སང་ཉིན་སྤྱི་ཟླ་༦པའི་ཚེས་༤་རེད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་དོན་གཉེར་བའི་སློབ་མ་དམར་བསད་བྱས་པའི་ཉིན་མོ་རེད།
རྒྱ་བོད་བར་གྱི་འཐབ་རྩོད་འདི་ནི་ངོ་བོའི་ཐོག་ནས་དགྲ་ཕྱོགས་ཀྱི་འགལ་ཟླ་རེད། ཁ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བཤད་པ་ཙམ་ལས་དོན་དངོས་པོ་ཐོག་ཏུ་ལོ་རྒྱུས་ཤ་འཁོན་ཡོད། དེ་ནི་བརྗེད་ཤེས་པའི་བྱ་བ་ཞིག་མིན། རེ་བ་མེད་ས་གུན་ཁྲན་ཏང་ལ་རེ་བ་བརྒྱབ་ན་ཕན་ཐོག་མི་འདུག་བསམ་བཞིན་ཡོད་དོ།།
གཞོན་ནུ་ཚོགས་པ་ནི་ཆབ་སྲིད་ཀྱི་ཚོགས་པ་ཆེ་ཤོས་ཤིག་རེད། དེས་ན་རང་གི་ལྟ་བ་ཁ་གསལ་དང་གཙང་མ། བརྟན་པོ་ཞིག་དགོས། དེ་བས་རིན་པོ་ཆེས་ལམ་སྟོན་ཁ གསལ་གནང་བ་ལྟར། དོན་ཚན་དང་པོ་དེ། རང་བཙན་གྱི་ལྟ་བ་མུ་མཐུད་འཛིན་རྒྱུ་ཡིན་དང་མིན་དེ་ཚོགས་ཞུགས་པ་ཚང་མར་གྲོས་མོལ་ལྷུག་པོ་གནང་བཅུག་ནས་མང་མོས་ཐག་གཅོད་བྱེད་དགོས་པ་རེད། གལ་ཏེ་རང་བཙན་ལྟ་བ་མུ་མཐད་འཛིན་རྒྱུ་ཡིན་ན་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་ཕྱིར་བསྡུ་གནང་དགོས་པ་རེད། དེ་གནད་འགག་གཅིག་རེད།
གཉིས་ནས། ༑གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཐལ་ཆ་ཆེ་བའི་སྐུར་འདེབས་དེ་དག་ཐུབ་ན་ཁ་ཞེ་གཉིས་མེད་ཀྱིས་ཡོ་བསྲང་དང་མི་ནུས་ན་དེ་བཞིན་ཁ་གསལ་གནང་དགོས་པ་རེད།
དོན་དག་གཉིས་ཐག་གཅོད་གཙང་མ་མ་ཐུབ་བར་དུ་དོན་ཚན་གཞན་པ་ཅི་ཙམ་བྱུང་ཡང་དོན་གྱི་འགྱུར་བ་ཅི་ཡང་སོང་མེད།
ཨེ་་་ལྷ་མོ་སྐྱབས་་་ཁ་ཡར་གྲགས་ཡོང་དུས་ནས་སྐུར་འདེབས་དང་སྐུར་འདེབས་་་ག་འདྲ་ཞིག་སྐུར་འདེབས་བྱས་པ་རེད་དམ། ཁ་གསལ་ཙམ་གསུང་དང་། སྙིང་རླུང་ལངས་བའི་གཡོ་སྒྱུའི་སྐད་ཆ་མ་བཤད་ན་དགའ་ནི་རེད་འདོད།
དྲང་པོར་ཞུ་ན། གུང་བྲན་དང་ང་ཚོའི་བར་གྱི་འགལ་ཟླ་དེ་ལྟ་གྲུབ་གཅིག་པུའི་འགལ་ཟླ་མིན་ལ། སྤྱོད་ཚུལ་གྱི་འགལ་ཟླ་ཆེན་པོ་ཡང་ཆགས་ཡོད་སྙམ། དེ་ཡང་རང་ཉིད་ཀྱི་བདེ་སྡུག་དེ་གཞན་དང་དངོས་ཤུགས་བརྒུད་གསུམ་ནས་འབྲེལ་བ་ཡོད་སྟབས། བདེ་བ་མཐར་ཐུག་དེ་གཞན་ཕན་དང་སྡུག་བསྔལ་མཐར་ཐུག་དེ་གཞན་ལ་གནོད་འཚེ་ལས་ཡིན་པའི་རྟེན་འབྱུང་རིགས་ཚུལ་ཟབ་མོར་གཏུགས་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་འདྲ་ཞིག་འོག མའོ་ལྟ་གྲུབ་དང་དྲག་སྤྱོད་ནི་འགལ་འདུ་ཅན་ཁུངས་འཕེར་ཕུགས་འདུན་ཡོད་པ་ཞིག་མིན། དགྲ་ཁ་གཏད་དང་ནང་ཁུལ་གྱི་འགལ་ཟླ་ནི། ཕན་ཚུན་མི་མཐུན་པ་དང་འཁྲུག་པར་བྱེད་པའི་ལས་ཅན་ཡིན་པ་གཅིག་མཚུངས་རེད།
ངའི་བསམ་ཚུལ་ལ། མའོ་དང་དམར་པོའི་ལྟ་གྲུབ་ནི་འཚོ་འབྱོར་དང་རང་ལ་འཕྲལ་སེལ་གྱི་རྒྱལ་ཁ་འཐོབ་ཆེད། མདུན་ན་ལྷགས་པའི་དགྲ་བོ་སུ་དང་གང་ཡིན་རུང་མེད་པར་བྱེད་ཅིང་། དམག་དང་ཁྲག་སྦྱོར་གྱིས་རྒྱལ་ཁ་འཐོབ་ན་དེ་རང་ལ་བློ་གཏད་བཅོལ་རྒྱུ་དང་། གཡོ་སྒྱུ་ཁྲམ་གསུམ་གྱིས་རྒྱལ་ཁ་ལོན་རྒྱུ་ཡོད་ན་ཡ་ང་སྙིང་རྗེ་མེད་པར་དེ་རང་ཉམས་སུ་ལེན་རྒྱུའི་རྒྱབ་རྟེན་ལྟ་གྲུབ་དེའི་འོག་སྤྱོད་ཚུལ་འདི་ལྷག་ཡོང་ཐབས་མེད་སྙམ།
དཔེར་ན་བོད་ཐོག་འཛིན་པའི་སྲིད་ཇུས་དྲག་གཡོ་གཉི་ག་ཡོད་ལ། གཞན་དང་གཞན་དུ་ཡང་དྲག་པོ་དམག་འཐབ་དང་འབྱོར་འཁོས་གཡོ་བསླུ་ཉིད་འཐབ་རྩོད་ཀྱི་ལག་ཆར་ཐོགས་ནས། བེའུ་ལྗང་ཁྲིད་དམ་ཁ་བསླུའི་གཟེབ་ཏུ་ཚུད་ཐབས་བྱེད་ཀྱི་ཡོད།
མང་གཙོའི་ལམ་ལུགས་ནི་འཇིག་རྟེན་སྐྱོང་བའི་ཐབས་ལམ་བཟང་ཤོས་དེ་ཡིན་པ་གུང་བྲན་ཏང་གིས་མང་གཙོའི་སློབ་གསོའི་ཐོག་དོ་ནན་བསྐྱར་སྦྱོང་ངེས་པར་བྱ་དགོས། ང་རྒྱལ་གྱི་འགོང་བུར་འགྱིངས་ནས་བསྡད་རྒྱུར་ཚོད་མཚམས་ཡོད་དམ་སྙམ།
མང་མོས་ཐག་ཆོད་ལས་བརྒྱ་ཁ་གཅིག་གཅོད་ཀྱི་གུང་བྲན་རིང་ལུགས་ཀྱི་སྒང་ཕུག་རྫུན་པས་དབུགས་འགེངས་དྲག་ན་ཐོར་རྒྱུ་ཡིན࿒པ་སྔ་ས་ནས་མཁྱེན་དགོས། གཅིག་སྡུད་དང་མང་གཙོ་འགལ་ཟླ་ཡིན་ལ་མི་མང་དང་དབུ་ཁྲིད་གཉིས་ལས་མི་མང་གལ་ཆེ་བ་ཡིན།
ཤར་ཕྱོགས་མི་མང་སྤྱི་མཐུན་རྒྱལ་ཁབ་ཆེན་པོའི་ནང་བླ་ན་མེད་པའི་དབུ་ཁྲིད་ལ་རྩིས་མཐོང་ཆ་འཇོག་དེ་ཙམ་མེད་དུས། ནུབ་གླིང་ཐོན་སྐྱེད་སྔོན་ཐོན་ཅན་གྱིས་གཙུག་ཏུ་བཀུར་བར་ཕྱག་བཞེས་གནང་བར་སྙིང་མི་དགའ་དགོས་པ་གང་ཡང་ངས་མ་མཐོང་།
ང་ཚོར་གུང་བྲན་ཏང་ལ་གཏད་པའི་བློས་བཅོལ་དེ་མེད་རུང་། ཀྲུང་ཧ་མི་མང་དང་འཛམ་གླིང་མི་མང་གཞིས་ལུས་མི་མང་མངོན་འདོད་སགྲུབ་པའི་སྙིང་སྟོབས་ལ་བཅངས་པའི་ཡིད་ཆེས་དང་ཕུགས་འདུན་ལ་རེ་བ་ཆེན་པོ་ཡོད།
ཡག་པོ་གསུངས་བྱུང་།
༄༅།ད་རེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་རྒྱལ་ཁའི་ངང་ནས་ཚོགས་ཐུབ་བ་དང་རྒྱལ་ཁའི་ངང་ནས་ཚོགས་གཙོ་འདེམས་ཐོན་བྱུང་བ་རྒྱལ་ཁའི་ངང་ནས་ལེགས་སྒྲུབ་བྱང་བ་རང་བཙན་གང་མའི་རྒྱལ་ཁབ་དེ་སྔར་བཞིན་སླར་གསོ་ཡོངས་བའི་རྟེན་འབྲེལ་གྱི་རྒྱལ་ཁ་ཞིག་རེད་དེར་རྟེན་བོད་ཕྱི་ནང་གཉིས་ཀྱི་འགྲོ་བ་བོད་མི་ཡོངས་ནས་ནུས་ཤུགས་གོང་པོ་གཅིག་བསྒྲིལ་ནས་རང་བརྩན་ལས་མུས་མཐུན་ཤར་སྐྱོད་ཐུབ་བ་དགོས་།
གཞོན་ནུའི་ཙོགས་འདུའི་ནང་ནས་ཐོན་ནས་འགྲོ་ཁན་དེ་ཚོར་ངེས་པར་དུ་རྟག་བཅད་གནང་དགོས་གང་ཡིན་ཟེར་ན་དེ་ཚོ་རྒྱ་དམར་དང་ལག་འབྲེལ་ཡོད་མི་སྲིད་པ་མ་རེད་
དགའ་ལྡན་ཕོ་བྲང་སྐུ་ཚབ་ནས་ཟབ་གསལ་དག་གསུམ་གི་བཀའ་སློབ་ཡག་ཐག་ཆོད་ཅིག་གནང་སོང་།
གཞུང་འབྲེལ་མིན་པའི་ཚོགས་པ་ཁ་ཤས་དང་མི་སྒེར་ཁ་ཤས་ཀྱིས་དུས་དྲན་རེ་རེར་ཐོན་དུས་སྐད་འབོད་སྟོང་བ་རེ་བྱས་པ་དེ་ཙམ་དཔུང་ལ་འཁུར་ནས་རང་ཉིད་རང་བཙན་འཐབ་རྩོད་པར་ཁས་ཆེ་བ་མ་ཟད་རང་གཞུང་དང་བླ་ན་མེད་པའི་དབུ་ཁྲིད་ལ་སྐྱོན་འཛུགས་པ་དང་ཁེངས་ར་བྱེད་པ་ནི་དངོས་ནས་ཡིད་སྐྱོ་དགོས་པ་ཞིག་རེད།
ཁོང་ཚོས་སྐད་འབོད་སྟོང་བ་ཞིག་གིས་རང་བཙན་རག་རེ་བྱེད་པ་དེ་ནི་ཁོང་ཚོས་རང་བཙན་གི་མཐོ་ཚད་དང་རྒྱ་དཔང་ག་འདྲ་ཞིག་ཡོད་པ་ད་དུང་ཡང་རྒྱུས་ལོན་མེད་པ་གསལ་པོ་རེད་ལ། རི་བོ་ཧི་མ་ལ་ཡའི་ཚུར་ནང་ནས་རི་བོ་ཧི་མ་ལ་ཡའི་ཕར་ནང་ལ་རལ་གྲི་གཡུག་རེས་བྱེད་པ་དང་ཀི་རིང་རེ་བཏབས་ནས་མིང་འདོགས་ཅུང་ཟད་རེ་བྱས་པ་ཙམ་ལ་རང་བཙན་འཐབ་རྩོད་པ་ཡིན་ཟེར་པ་ནི་དེ་བས་ཀྱང་ག་བ་ག་བ།
རང་བཙན་ཟེར་པའི་ཡིག་འབྲུ་དེ་གཉིས་པོ་གཟུངས་སྔགས་ཁྱད་པར་ཅན་དེ་འདྲ་གང་ཡང་མིན་ཙང་ངག་ནས་སྐྱོར་པ་ཙམ་གྱིས་ནུས་པ་ཐོན་པ་དང་དངོས་གྲུབ་ཐོབ་པ་དེ་འདྲ་དེ་སྔོན་ལོ་རྒྱུས་ཐོག་སྲིད་པའི་སྐད་ཆ་ཐོས་མྱོང་ཡོད་དམ། རང་རེའི་རང་བཙན་ཁས་ཆེ་བའི་ཚོགས་སྡེ་དང་མི་སྒེར་མང་པོ་ཞིག་གིས་བྱེད་སྟངས་ནི་དེ་ལས་དམིགས་བསལ་ཞིག་མེད་པ་མཛུབ་མོ་འཛུགས་དགོས་དོན་མེད།
རང་བཙན་གྱི་ལས་ཀ་དེ་རི་ཞིག་དབོར་རྒྱུ་ཡིན་པར་ཆ་བཞག་ན་དབོར་གི་ཡིན་ཟེར་མཁན་དེ་ཚོས་བྱེད་སྟངས་ནི་ཐུར་མ་དང་ཁེམ་བུ་ཙམ་འཁྱེར་ནས་གྲ་སྒྲིག་བྱེད་བཞིན་འདུག་ལ། རང་བཙན་གྱི་ལས་ཀ་དེ་ཟླ་བའི་གོ་ལའི་ཐོག་སྐྱོད་རྒྱུ་ཞིག་ཡིན་པའི་དབང་དུ་བཏང་ན་ཁོང་ཚོའི་གྲ་སྒྲིག་ནི་ཀོ་ལྷམ་ཆ་གཅིག་དང་རྩམ་པ་ཁུག་མ་གང་རེད། ཧཧཧ
ཨོ་རེད་་ཐུ་བ་རྒྱ་མཚོ་ལགས་་་ཁྱོད་ཀྱིས་སྐད་ཆ་འདི་འདྲ་བཤད་ཀི་རེད། བོད་རང་བཙན་འཐབ་རྩོད་པ་རྣམས་མཐོང་ཆུང་དང་དམའ་འབོད་བྱས་ཀྱི་རེད། ང་ཚོས་ཁ་འདི་ཕར་དབུ་མའི་ལམ་པ་ལ་སྐོར་ནས་བཤད་ན་དེ་ལས་སྡུག་བ་རྐྱང་རྐྱང་བཤད་ཀྱི་རེད། དེ་ནས་སྐད་ཆ་ཆེ་རུ་འགྲོ་གི་རེད། དེ་དུས་ཁྱོད་ཀྱིས་ལན་འདེབས་མི་ཐུབ་དུས་༧གོང་ས་མཆོག་ལ་སྐུར་བ་འདེབས་འདུག་ཅེས་ཚིག་སྐམ་འདི་ཁུར་ཡོང་གི་རེད། དེ་ནས་སྤྱི་ཚོགས་དཀྲུག་གི་རེད། བསམ་བློ་ཐོངས།།
ཨ་ཇོ་ཅོ་རི་ཉི་མ་འདི། །
སྤྱོད་པ་རིལ་རིལ་རིལ་མ་འདྲ། །
ག་དུས་ཡིན་ཡང་ཁ་བརྡའི་ནང་། །
གྱོད་ཞིག་མ་བཙལ་འདུག་མི་ཐུབ། ཧཧཧ རྩེད་མོ་ཡིན་དྭ།
དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱིས་བཀའ་སློབ་ཡིན་པ་འདྲ་པོ་འབོད་བསྐུལ་ཡིན་པ་འདྲ་པོ། ལམ་སྟོན་ཡིན་པ་འདྲ་པོ། དགོངས་ཚུལ་ཡིན་པ་འདྲ་པོ་བརྐྱང་ཙམ་བསྐུམ་ཙམ། རིང་ཙམ་ཐུང་ཙམ་ཞིག་གནང་འདུག།
བློ་མཐུན་ལགས་་་ཉན་ཚར་པེ།་་་ཧཧཧ
ལགས། ཐེངས་འགར་ཉན་ཡང་འདི་འདྲ་ཞིག་མ་གཏོག་གོ་མ་སོང་། བློ་མཐུན་ལགས། གཟིམ་འཇགས་གནང་གོ།
ད་ཡིན་ན་ཆོས་སྲིད་གཉིས་མ་བསྲིས་ན་བཟང་།
དགའ་ལྡན་ཕོ་བྲང་གི་བོད་རང་བཙན་སླར་སོ་བྱེད་རེད་ཟེར་ན་ག་འདྲ་ཡོད་ན
རྒྱལ་བ་ཡིད་བཞིན་ནོར་བུའི་བརྟག་པར་བཀའ་སློབ་གནང་དོན་་སྐུ་མའི་གོང་མ་ཕྱག་ལས་དེ་སྐུ་ཕྲེང་འོག་མའི་དེ་འཇུག་སྐྱོང་མཁན་ཞིག་མ་གཏོགས་དེ་ལ་གཏོར་མཁན་བཏོང་མཁན་་ཞིག་ཡོང་གི་མ་རེད་གསུང་གི་རེད། རྒྱལ་བ་གོང་མ་རང་བཙན་ལྟ་གྲུབ་འཛིན་མཁན་ཞིག་རེད། གསུང་དེ་དོའི་ན་དག་ག་རེ་ཡོད་ན།
གསུང་དེ་དོན་དག
གཞོན་ནུ་ལྷན་ཚོགས་འདི་འདྲིའི་བློ་ཁོག་ཅིག་ལས་མེད་ན་རང་བཙན་ཅི་ལྟར་རྩོད་ཡ་ཡིན།
དགའ་ལྡན་ཕོ་བྲང་སྐུ་ཚབ་ཀྱི་དམངས་བཙོ་ཧ་གོ་མི་འདུག་གང་ཡིན་ཟེར་ན་ཕྱོགས་གཅིག་གི་བསམ་ཚུལ་ལབ་ཆོག་ཕྱོགས་གཞན་པ་བསམ་ཚུལ་ལབ་མ་ཆོག་ཤུགས་གཏོང་ཡོང་གི་འདུག
འདས་པའི་ལོ་ཁ་ཤས་ནང་རང་བཙན་ཁ་ལ་ཁྱེར་ནས་གཞོན་ནུའི་དབུས་རྒྱུན་ཁ་ཤས་དང་དེ་མིན་གྱི་མི་ཁ་ཤས་ཀྱིས་ཁེ་འདོད་དང་གྲགས་འདོད་སོགས་ཀྱིས་དྲིན་ཆེན་ལ་དྲིན་ལོག་གིས་ཟུར་ཟ་དང་སྐྱོན་བརྗོད་སྣ་མང་བྱས་པ་དེ་ཚང་མས་མཁྱེན་གསལ་རེད། དེས་ན་ད་ནས་བཟུང་འགོ་གཙོ་མི་སྣ་དྲག་འདེབས་བྱས་ནས་ལྟ་གྲུབ་མི་འདྲ་བ་ལ་ཕན་ཚུན་བརྩི་བཀུར་དང་། དེ་ཡང་ལྟ་གྲུབ་གཅིག་པོ་ལ་མགོ་མ་འཁོར་བར་ནུས་ཤུགས་ལྡན་པའི་འཐབ་རྩོད་ལ་ཞུགས་རྒྱུ་དང་། ལྟ་གྲུབ་དེ་ཕྱི་གསལ་ནང་གསལ་བཟོ་རྒྱུ། གཞན་ཡང་རང་རེ་བོད་གངས་ཅན་རྣམས་ཀྱི་དྲིན་ཆེན་ལ་དྲིན་ཆེན་ཡིན་པར་ངོ་ཤེས་པའི་སྒོ་ནས་སེམས་གཏིང་ནས་སྤྱི་མང་ལ་ཕན་པ་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད།
རེད། ཡག པོ གསུངས་འདུག།
དུས་རྒྱུན་ནས་༸གོང་ས་མཆོག་ལ་ཟུར་ཟ་དང་མཚན་དམོད་ཞུ་མཁན་མི་དྲུག་ཅིག་ཡོད་རེད་གསུངས་སོང་། དེ་ཚོ་སུ་དང་སུ་ཡིན་ནམ། ལགས།
ལྷག་བསམ་དང་གཅིག འཇམ་ནོར་དང་གཉིས། ཟླ་ནོར་དང་གསུམ། བཀའ་ཟུར་ག་གེ་མོ་དང་བཞི། ཚོགས་གཙོ་ག་གེ་མོ་ལྔ་། སྤྱི་འཐུས་ག་གེ་མོ་དང་དྲུག ཧཧཧ། ཧོ་ཧོ་ཧོ།
རེད་རེད་་གོད་དུ་དྲངས་པའི་མིང་གཞུང་དེ་ཚོ་བཙན་བྱོལ་བའི་བོད་མིའི་སྤྱི་ཚོགས་ནང་ནས་དམིགས་གསལ་གྱི་རྣམ་དཔྱོད་དང་ནུས་པ་ཡོད་ཁན ་བོད་མི་རིགས་ལ་ཤ་ཞེན་དང་ལྷ་བསམ་རྣམ་དག་་་་ད་དུང་ལྟ་བ་དང་ལང་ཕྱོགས་ཡོད་པ་སོང་ཙང་མིག་ནང་གི་རྡེའུ་ཆགས་སོང་བ་རེད་།་
བཙན་བྱོལ་གྱི་དམངས་གཙོ་འདི་མགོ་རྙོག་ཚ་བ་ལ། དམངས་གཙོའི་གཞུང་ལམ་དུ་བསྐྱོད་དང་བསྐྱོད་བཞིན་པ་རེད་ཟེར་གྱི་འདུག། ཡང་ཕྱོགས་གཅིག་གི་དགོངས་ཚུལ་མ་གཏོག་ཕྱོགས་གཞན་པའི་བསམ་ཚུལ་ལ་བརྩི་འཇོག་བྱེད་ཀྱི་མི་འདུག། ཡང་ཆབ་སྲིད་རང་བཞིན་གྱིས་གཞུང་དང་གཞུང་འཛིན་མི་སྣར་སྐྱོན་བརྗོད་བྱས་ན་མཚན་སྨོད་དང་བཀུར་འདེབས་ཟུར་ཟ་ཆགས་ནས་སྐྱོན་བརྗོད་བྱེད་མཁན་ཚང་མ་ལྟ་ལོག་དང་གདོལ་ཚོགས་སོ་མྱུལ་སོགས་ཀྱི་མཚན་བཟང་གསོལ་ཏེས་དངོས་ཤུགས་རྒྱུད་གསུམ་གྱིས་སྤྱི་ཚོགས་ནས་མཐའ་འབུད་གཏོང་གང་ཐུབ་བྱེད་ཀྱི་འདུག།
ད་འདི་འདྲ་མཉམ་རང་བཞིན་གྱི་ལྟ་བ་མེད་པ་དང་ཆོས་ལུགས་རང་བཞིན་གྱི་ལྟ་བ་ཤུགས་ཆེ་དྲག་པ་ཡིན་ས་རེད། དེ་མིན་ན་ཕན་ཚུན་གཉིས་ཀས་གང་ཟག་ལ་མི་ལྟ་བར་སྐྱོན་བརྗོད་བྱ་རང་ལ་གཟིགས་ནས་གུ་ཡངས་པོའི་ཐོག་ནས་གནས་ལུགས་རྒྱུ་མཚན་ལྡན་པའི་སྒོ་ནས་དགག་བཞག་སྤོངས་གསུམ་བྱས་ན་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་དྲ་བ་འདི་ལས་ཐར་ཐུབ་སྲིད། དེ་མིན་གཅིག་གིས་གཅིག་ལ་རྒྱང་རྩོད་བརྒྱབས་བསྡད་ན་དཀའ་ངལ་ལྷག་ས་བོད་དང་བོད་མི་རིགས་ལྷག་པར་དུ་གཞིས་ལུས་མི་དམངས་ཀྱི་ལུས་སེམས་གཉིས་ཀྱི་དཀའ་སྡུག་འདི་རེད།
བཀྲ་རྒྱལ་ཁོ་རེ། རྒྱལ་བ་སྐུ་འཕྲེང་གོང་མའི་དུས་ལ་བོད་རང་བཙན་ཤོར་ཡོད་མ་རེད་ད། རང་བཙན་ཤོར་གོང་ལ་སུ་ཡིན་ཡང་རང་བཙན་ལྟ་བ་འཛིན་གྱི་རེད། དེ་འགལ་ཟླའི་གནས་ཚུལ་གེ་མ་རེད།
ད་དུང་བཤད་རྒྱུ་ཞིག་ལ་ཁ་བརྡ་དྲ་རྒྱའི་ནང་ལ་བློ་མཐུན་ཁ་ཤས་སླེབས་འདུག དེ་ཚོ་ལ་གཟབ་ཙམ་གྱིས། ཧཧཧ
གཟབ་རྒྱུ་དེ་གལ་ཆེན་པོ་རེད། ད་དུང་ཕན་ཚུན་གཉིས་ཀས་གཟབ་གཟབ་བྱེད་རྒྱུ་དེ་གལ་ཆེན་ནང་གིས་དོན་ཆེན་རེད་ད། ཧི་ཧི།
ལུང་རྟོགས་ལགས།༧རྒྱལ་དབང་སྐུ་ཕྲེང་༡༣པའི་སྐབས་རང་བཙན་ཤོར་མྱོང་མེད་ན་སོག་ཡུལ་དང་རྒྱ་གར་བཅས་སུ་ག་རེ་གནང་གི་ཕེབས་པ་རེད།སོག་པོའི་དབུ་བླ་མི་རིགས་ལྷ་ས་བ་ཡིན་པ་ཁལ་ཁ་རྗེ་བཙུན་དམ་པས་༧གོང་ས་བཅུ་གསུམ་པར་སོག་ཡུལ་དུ་ཕྲག་དོག་བརྙད་བརྐོ་མང་དུ་བྱས་པའི་ཁ་གནོན་དུ།རྒྱ་ནག་གོང་མ་དང་ཚི་ཤིས་ཐ་ཧོས་ནས་༧རྒྱལ་དབང་མཆོག་ལ་བཀུར་བཟོས་གནང་དགོས་པའི་བཀའ་ཡིག་གནང་བར།༧སྐུ་ཕྲེང་བཅུ་གསུམ་པས་རྒྱ་ནག་གོང་མར་ཐུགས་རྗེ་ལེགས་འབུལ་དུ་རྒྱ་ཕྱོགས་སུ་ཕྱག་ཕུལ་བའི་ལོ་རྒྱུས་དེ་འདྲའང་རྣམ་ཐར་ཁ་ཤས་ནང་ཡོད་པ་རེད་ད།
མ་གཞི་སྐབས་དེར་བོད་རང་བཙན་གྱི་ངོ་བོར་ལོ་ཤས་རིང་གནས་ཐུབ་ཡོད་པ་དེ་ང་ཚོས་འཇོན་དྲག་པ་ཇི་གང་མ་རེད་ད།རྒྱ་ནག་ལ་ཕྱི་རྒྱལ་བརྒྱད་ཀྱིས་བཙན་འཛུལ་དང་ཉལ་ཐ་དམག་འཁྲུག ནང་ཁུལ་གསར་བརྗེ་བཅས་ལངས་ཏེ་མངའ་སྡེ་ཁ་ཤས་མ་གཏོགས་ཧ་ལམ་མངའ་སྡེ་མང་ཤོས་ནས་རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།ང་ཚོའང་དེ་གྲས་ཀྱི་གཅིག་རེད།
སྤྱིར་བློ་མཐུན་ན་ཡག་པོ་རེད་ལགས་ངེས་པར་མཐུན་པ་བྱེད་དགོས། པ་ཕ་ཨ་མ་བློ་མཐུན་ན་རྒྱུད་པ་སྟོང་བའི་སེམས་བྲལ་མེད། ཕ་མ་དང་ཕྲུག་གུ་བློ་མཐུན་ན་ཡང་མེས་ཀྱི་ལོ་རྒྱུས་རླག་རྒྱུའི་སེམས་བྲལ་མེད། དགེ་རྒན་དང་དགེ་ཕྲུག་བློ་མཐུན་ན་མི་རིགས་ཀྱི་རིག་གཞུང་སྟོང་བའི་སེམས་བྲལ་མེད། དཔོན་དང་འབངས་བློ་མཐུན་ན་ཡུལ་ལུང་ལ་དམག་འཁྲུག་དང་མུ་གེ་ཡོང་རྒྱུའི་སེམས་བྲལ་མེད། རང་བཙན་པ་དང་དབུ་མ་པ་བློ་མཐུན་ན་བོད་ཀྱི་ལ་རྒྱ་རླག་རྒྱུའི་སེམས་བྲལ་མེད། འོན་ཀྱང་ཕ་མེས་ཀྱི་མགོ་བོ་རྡུང་མཁན་གྱི་དགྲ་དང་བློ་མཐུན་ན་དཔེ་བསགས་པ་རེད། མི་རིགས་ཀྱི་རྐང་འདྲེན་པ་ཆགས་པ་རེད། ཟབ་ཟབ་གནང་དགོས།
བོད་གངས་ཅན་པའི་ཕ་མེས་ཀྱི་དགྲ་བོ་གུན་ཁྲན་དམར་པོ་དང་བློ་མཐུན་སུ་ཆགས་བཞིན་ཡོད་ཉིན་རེ་ནས་ཉིན་རེ་ཇེ་གསལ་རེད་བ།།
བློ་མཐུན་མའོ་ཀྲུའུ་ཞི། ཏེང་ཞའོ་ཧྥིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ད་དུང་ཞི་ཅིན་ཕིན་སོགས་ཀྱང་བློ་མཐུན་དང་འཐབ་གྲོགས་ཡིན་ཟེར་གྱི་ཡོད་པ་མ་རེད་པས། ད་དུང་ཕ་ས་ཕྲོགས། ཕ་མ་བསད། ཕུ་ནུ་བཙོན་དུ་བཅུགས་རྡུང་རྡེག་ཚ་ནན་གཏོང་མཁན་དེ་ཚོ་དང་གཉེན་སྒྲིག་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཟེར་གྱི་ཡོད་པ་མ་རེད་པས། ད་ནི་བློ་རྦད་དེ་མཐུན་འདུག་མཐུན་འདུག། ད་དུང་མི་རིགས་ཀྱི་འཐབ་རྩོད་པ་ཐམས་ཅད་དགྲ་བོ་ངོ་མ་ཡིན་ཟེར་གྱི་འདུག་ག།
མའོ་ཀྲུའུ་ཞི། ཏེང་ཞའོ་ཧྥིང་གི་རི་འཁོགས་རྣམས་མེར་སྲེག་མྱུར་དུ་ཡོང་བ་དང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ཞི་ཅིན་ཕིན་གསུམ་གྱི་རོ་ལ་བདག་པོ་མེད་པར་ལུས་པར་ཤོག
སྐད་ཆ་གསལ་བོ་བཤད་ན་ང་ཚོ་ཨ་མདོ་ནི་སྔོན་མས་ལྷ་སའི་སྐུ་དྲག་ཚོས་ཀྱང་བདག་པོ་བྱས་མི་འདུག་ལ། དེང་སང་གཞོན་ནུ་རྩོད་པའི་རང་བཙན་གི་ནང་དུ་ཡང་ཡོད་ཚོད་མི་འདུག།་སྟབས་ལེགས་ནས་གོང་ས་བཅུ་བཞི་བ་ཆེན་མོ་སྨད་ལ་འཁྲུངས་རྗེས་དགའ་ལྡན་ཕོ་བྲང་གི་མིག་འོག་ཚུལ་ཙམ་བྱུང་བ་ལས། ད་ལྟ་གོང་ས་མཆོག་གི་དགོངས་པ་ལྟར་ཤར་བསྐྱོད་བྱས་པ་ཡིན་ན་མ་འོངས་བ་བོད་བཙན་པོས་གདུང་རུས་ཅན་མདོ་སྨད་པ་ང་ཚོ་ལ་བོད་ཅིག་ཡིན་པས་རེ་བ་ཡོད་པ་ལས། གཞོན་ནུ་འདྲ་བ་དེ་དག་གི་རྗེས་སུ་འབྲངས་ན་ང་ཚོ་ལ་གྱོང་ལས་ཅི་ཡང་ཐོབ་གྱི་མེད་པས། བདག་གི་བསམ་ན་མདོ་སྨད་ཡོད་ཚད་གཉིས་སྨན་དབུ་མའི་ལམ་དུ་བསྐྱོད་མཁན་ཡིན་པར་ཡིད་ཆེས་གཙང་མ་ཡོད།
༣༨༽ བཀྲ་ཤིས་རྒྱལ་མཚན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༥ སྐར་མ་ ༢༦
ལུང་རྟོགས་ལགས།༧རྒྱལ་དབང་སྐུ་ཕྲེང་༡༣པའི་སྐབས་རང་བཙན་ཤོར་མྱོང་མེད་ན་སོག་ཡུལ་དང་རྒྱ་གར་བཅས་སུ་ག་རེ་གནང་གི་ཕེབས་པ་རེད།སོག་པོའི་དབུ་བླ་མི་རིགས་ལྷ་ས་བ་ཡིན་པ་ཁལ་ཁ་རྗེ་བཙུན་དམ་པས་༧གོང་ས་བཅུ་གསུམ་པར་སོག་ཡུལ་དུ་ཕྲག་དོག་བརྙད་བརྐོ་མང་དུ་བྱས་པའི་ཁ་གནོན་དུ།རྒྱ་ནག་གོང་མ་དང་ཚི་ཤིས་ཐ་ཧོས་ནས་༧རྒྱལ་དབང་མཆོག་ལ་བཀུར་བཟོས་གནང་དགོས་པའི་བཀའ་ཡིག་གནང་བར།༧སྐུ་ཕྲེང་བཅུ་གསུམ་པས་རྒྱ་ནག་གོང་མར་ཐུགས་རྗེ་ལེགས་འབུལ་དུ་རྒྱ་ཕྱོགས་སུ་ཕྱག་ཕུལ་བའི་ལོ་རྒྱུས་དེ་འདྲའང་རྣམ་ཐར་ཁ་ཤས་ནང་ཡོད་པ་རེད་ད།
མ་གཞི་སྐབས་དེར་བོད་རང་བཙན་གྱི་ངོ་བོར་ལོ་ཤས་རིང་གནས་ཐུབ་ཡོད་པ་དེ་ང་ཚོས་འཇོན་དྲག་པ་ཇི་གང་མ་རེད་ད།རྒྱ་ནག་ལ་ཕྱི་རྒྱལ་བརྒྱད་ཀྱིས་བཙན་འཛུལ་དང་ཉལ་ཐ་དམག་འཁྲུག ནང་ཁུལ་གསར་བརྗེ་བཅས་ལངས་ཏེ་མངའ་སྡེ་ཁ་ཤས་མ་གཏོགས་ཧ་ལམ་མངའ་སྡེ་མང་ཤོས་ནས་རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།ང་ཚོའང་དེ་གྲས་ཀྱི་གཅིག་རེད། ཟེར།
དཔྱད་རིན་ཡོད་པར་སྙམ།
མདོ་སྨད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་སྐུ་ལུས་མེ་ལ་བསྲེགས་ནས་བོད་རང་དབང་རང་བཙན་འབོད་མཁན་ཚོའི་ཁ་ཆེམས་བདག་པོ་བརྒྱབ་མཁན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་པ་ལས་བཙན་བྱོལ་ནང་གི་མདོ་སྨད་པའི་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་མིན།།
འོ་ཙི་བྱས་ན་མདོ་སྨད་ཆེད་དང་ཐོག་ནས་རྩོད་མེད་ནུས་ལྡན་གྱིས་ཟི་ལིང་ཀྲུའུ་ཞིའི་ཁྱབ་ཁོངས་ཨེ་རེད། ཟི་ལིང་དེ་ཡང་གུང་ཁྲན་གྱིས་བཅོམས་པའི་རིགས་གཅིག་མ་རེད་པས། ཟི་ལིང་བཅོམས་པའི་དངུལ་རྣམས་རྒྱ་དངུལ་ཏཱ་ཡང་ཅི་བཟོས་ཏེས་རྔ་མོང་ལ་བརྐལ་ནས་བོད་ཀྱི་ས་ཆ་ཞིབ་བཤེར་དང་མི་འབོར་ཞིབ་བཤེར་བྱེད་དུ་སླེབས་པའི་གཏམ་བརྒྱུད་ཞིག་གོ་མྱོང་ཡོད་བདེན་མིན་མི་ཤེས།
གང་ལྟར་བདེ་སྐྱིད་ཞིག་བྱུང་ན་འགྲིགས་པ་རེད། ཚང་མ་བདེ་སྐྱིད་དང་རང་དབང་དོན་དུ་དཀའ་ལས་བརྒྱག་གི་ཡོད་པ་རེད་ལ་མཐའ་ན་སྲོག་འགྲོན་ཡང་གཏོང་གི་ཡོད་པ་རེད།
ཧཧཧ་་་ད་ཡིན་ན་འདུག རྒྱ་གཞུང་གིས་བོད་སྔ་མོ་ནས་རྒྱ་ཁོང་ཡིན་པར་སྒྲུབ་པ་ལ་བོད་པ་རེ་ཟུང་གིས་གཏིང་གནོན་བྱེད་ཁུལ་བྱེད་པ་ནི་ཇི་འདྲའི་དགོད་བྲོ་བ་ཞིག་རེད། གོང་ས་བཅུ་གསུམ་པ་རྒྱ་སོག་ཡུལ་གྲུར་ཆིབ་བསྒྱུར་བསྐྱང་བ་དེ་རྒྱ་དམག་དང་དབྱིན་དམག་གི་ཉེན་ཁ་ལས་གཡོལ་ཆེད་ཡིན་པ་ལས་བོད་རང་བཙན་ཤོར་ནས་བཙན་བྱོལ་ལ་བྱོན་པའི་ལོ་རྒྱུས་མིན་པ་གསལ་པོ་རེད། རྒྱ་སོག་ཡུལ་གྲུ་ནས་ཕྱིར་ཕེབས་རྗེས་རང་བཙན་གསལ་བསྒྲགས་སྐྱང་བ་དེ་ཡང་བོད་འདི་ཡུལ་གྲུ་གཞན་གྱི་མངའ་འོག་མ་ཡིན་པར་རང་བཙན་གཙང་མ་ཡིན་པའི་གསལ་བཤད་གནང་བ་ཞིག་རེད།
མདོ་སྨད་པ་ཚོ་དགའ་ལྡན་ཕོ་བྲང་འོག་བསྡད་མྱོང་མེད་པ་༧རྒྱལ་དབང་རིན་པོ་ཆེས་ཞལ་བསང་པོའི་སྒོ་ནས་ཉེ་ལམ་ཨ་རིར་བཀའ་སློབ་སོགས་ཀྱི་སྐབས་བཀའ་ཐེངས་ཁ་ཤས་ལ་ཕེབས་སོང་ང་།བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་ནང་བསྟན་གི་འདུག་ག འོན་ཀྱང་མདོ་སྨད་པ་ཚང་མ་ཡང་ཁ་ཆེ་མཱ་ཀྲོའུ་ཞིའི་འོག་ཡང་མ་རེད་ད།དཔེར་ན།རྔ་བ་དང་རྒྱལ་རོང་།མགོ་ལོག་དང་ཐེ་བོ།ཤར་ཁོག་དང་མཛོད་དགེ།ཅོ་ནེ་དང་རྨ་ཆུ་སོགས་རང་མགོ་རང་འཐོན་རེད།རྒྱ་བོད་སུའི་འོག་ཏུ་ལོ་བརྒྱ་ཕྲག་མང་པོར་བསྡད་མྱོང་མེད་པ་རེད།
དེ་སྔ་དབུས་གཙང་གི་མཁས་པ་མང་ཆེ་བའི་གསུང་ནང་མདོ་སྨད་ཨ་མདོ་རྒྱ་སོག་གི་ཡུལ་གྲུ་ཞེས་བྲིས་ཡོད་པ་མ་གཏོགས་བོད་ཡུལ་ཅིག་ལ་ངོས་ལེན་ཁོ་རང་མེད་པ་རེད།བཙན་བྱོལ་ནང་གི་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཀྱང་རླུང་འཕྲིན་བཅར་འདྲི་ཅིག་གི་ནང་༼དེ་སྔ་བརྒྱད་ཅུ་གྱ་གྲངས་སོགས་ཀྱི་ནང་་ང་ཚོས་ཆབ་སྲིད་ཀྱི་དགོས་དབང་ཙམ་གྱིས་ཨ་མདོ་དེ་ཚོ་བོད་ཁོངས་སུ་བཞག་པ་རེད་མ་གཏོགས།དེ་ཚོས་ཅིག་བོད་དོན་ལ་འཇོན་ཡོང་བསམ་པ་དང་།བྱས་ཡོང་བསམ་པ།བོད་མིའི་ངོ་བོ་ཅིག་འཛིན་ཡོང་བསམ་བསམ་ཁོ་རང་མེད་པ་རེད་༽ཅེས་བསྡོམས་བརྒྱབ་གནང་ཡོད་རེད།ཆབ་སྲིད་ཀྱི་དགོས་དབང་ཙམ་མ་གཏོགས་བོད་པ་མ་རེད་བསམ་མཁན་ཧ་ཅང་མང་པོ་རེད།གཞོན་ལྷན་ནས་ཀྱང་རང་བཙན་ནི་དེ་སྔའི་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ཙམ་ཡིན་པ་བར་སྐབས་ཚོགས་གཙོ་སྒོ་དྲུག་པས་དུས་བབ་སྟེང་བཀའ་གནང་ཡོད་པ་རེད།ཕལ་ཆེར་དེ་འདྲར་དམིགས་ནས་ཡིན་ས་རེད།ད་རེས་གཞོན་ནུའི་འཚོགས་ཆེན་སྟེང་དུའང་ཨ་མདོ་མི་གསུམ་མ་གཏོགས་མི་འདུག་ཟེར།
གང་ལྟར་ཨ་མདོ་ཡུལ་དེ་འདྲའི་ས་ཁྱོན་རྒྱ་ཆེན་པོ་ཅིག་དང་མི་གྲངས་འབོར་ཆེན་ཅིག་༧རྒྱལ་དབང་བཅུ་བཞི་བའི་བཀའ་དྲིན་གཟི་བརྗིད་ཉག་གཅིག་ལ་བརྟེན་ནས་བོད་ཁོངས་སུ་སླེབས་པ་རེད།ད་ཆ་བོད་པ་ཚོའི་སེམས་ནང་བོད་པ་ཡིན་ལ་མིན་ལ་ཀི་ཨམ་མདོ་བ་ཚོ་ནི་བོད་རང་དབང་འཐབ་རྩོད་དོན་བློས་གཏོང་ཆེ་ཤོས་བྱེད་མཁན་དང་ཉེན་མཆོངས་ཀྱི་སྣེ་ཁྲིད་མཁན།བོད་མིའི་སྐད་ཡིག་རིག་གཞུང་དང་བཅས་པ་སོ་སོའི་སྲོག་ལས་ཀྱང་གཅེས་འཛིན་བྱེད་མཁན་གཅིག་པུ་དེ་ཆགས་ཡོད་པར་སུས་ཀྱང་བསྙོན་འཛུགས་མི་ཐུབ།མཐར་དེད་ན་ལོ་བརྒྱ་ཕྲག་མང་པོར་ཁ་འཐོར་ཡ་འཐོར་དུ་གྱར་བའི་བོད་མི་རིགས་འདི།གཞི་རྩ་མེད་ས་ཅིག་ནས་༧རྒྱལ་དབང་༡༤པས་འཐབ་རྩོད་ཀྱི་དར་ཆ་གཅིག་གི་འོག་བཅུག་ཡོད་པ་བོད་མི་ཚོས་བརྗེད་མི་ཉན།
“མ་གཞི་སྐབས་དེར་བོད་རང་བཙན་གྱི་ངོ་བོར་ལོ་ཤས་རིང་གནས་ཐུབ་ཡོད་པ་དེ་ང་ཚོས་འཇོན་དྲག་པ་ཇི་གང་མ་རེད་ད།”ཞེས་པ་འདི་དང་། “རྒྱ་ནག་ལ་ཕྱི་རྒྱལ་བརྒྱད་ཀྱིས་བཙན་འཛུལ་དང་ཉལ་ཐ་དམག་འཁྲུག ནང་ཁུལ་གསར་བརྗེ་བཅས་ལངས་ཏེ་མངའ་སྡེ་ཁ་ཤས་མ་གཏོགས་ཧ་ལམ་མངའ་སྡེ་མང་ཤོས་ནས་རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།ང་ཚོའང་དེ་གྲས་ཀྱི་གཅིག་རེད།”ཞེས་པ་འདི་གཉིས་ནང་འགལ་དག་དག་རེད། བོད་རང་བཙན་གྱི་ངོ་བོར་གནས་ཐུབ་ཡོད་ན་རྒྱ་ནག་གི་མངའ་སྡེ་ཡིན་སྟངས་ཡོད་པ་མ་རེད་ལ་རྒྱ་ནག་གི་མངའ་སྡེ་ཡིན་ན་རང་བཙན་ཡིན་སྟངས་ཡོད་མ་རེད།
དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཀྱང་རླུང་འཕྲིན་བཅར་འདྲི་ཅིག་གི་ནང་༼དེ་སྔ་བརྒྱད་ཅུ་གྱ་གྲངས་སོགས་ཀྱི་ནང་་ང་ཚོས་ཆབ་སྲིད་ཀྱི་དགོས་དབང་ཙམ་གྱིས་ཨ་མདོ་དེ་ཚོ་བོད་ཁོངས་སུ་བཞག་པ་རེད་མ་གཏོགས།དེ་ཚོས་ཅིག་བོད་དོན་ལ་འཇོན་ཡོང་བསམ་པ་དང་།བྱས་ཡོང་བསམ་པ།བོད་མིའི་ངོ་བོ་ཅིག་འཛིན་ཡོང་བསམ་བསམ་ཁོ་རང་མེད་པ་རེད་༽ཅེས་གསུངས་ཡོད་ན་སྟོན་རོགས་བྱོས་དང་།
སྟོན་གྱི་མེད་ན་ཁྱོད་མ་བྷན་ཞིག་ཡིན་པར་ངོས་འཛིན་གྱི་ཡིན།།
སྐབས་བཅུ་གསུམ་བཅུ་བཞིའི་གཞོན་ནུའི་དབུས་རྒྱུན་དག་གིས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དུམ་བུ་གཉིས་དང་། ལྟ་གྲུབ་ལངས་ཕྱོགས་དུམ་བུ་གསུམ་དུ་བཏང་སོང་། མང་ཚོགས་ཀྱིས་ཞིབ་འཇུག་ཞིབ་ཏུ་བྱས་པ་ཡིན་ན། བྱས་ཉེས་འདི་དག་ཡོངས་རྫོགས་ཀྱི་རྒྱབ་ཏུ་དོན་གྲུབ་ལྷ་དར་ཡོད།
ལུང་རྟོགས་ལགས།༧སྐུ་ཕྲེང་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་ལ་རང་བཙན་གསལ་བསྒྲགས་འདོད་མཁན་ཞྭ་སྒབ་དང་དེང་སང་གི་བཙན་བྱོལ་ནང་གི་གཞོན་སྐྱེས་བོད་ཡིག་ཙམ་ཡང་མི་ཤེས་མཁན་བསྐོར་ཅིག་རེད།རྩ་ཚིག་དེ་འདྲ་མང་པོ་༧སྐུ་ཕྲེང་བཅུ་གསུམ་པའི་སྐབས་བཀྲམས་ཡོད་པ་རེད།ལར་རྩ་ཚིག་དེའི་ནང་དགོན་སྡེའི་དོ་དམ་དང་བསྟན་པ་འཛིན་སྐྱོང་།དཔལ་འབྱོར་དང་ལྐོག་རྔན་བཀག་འགོག་སོགས་ཀྱི་སྐོར་ཙམ་བཀོད་ཡོད་པ་མ་གཏོགས།མགོ་རྔ་གང་དུའང་རང་བཙན་ཟེར་བའི་ཚིག་གཅིག་ཀྱང་མི་གདའ།ལར་ལོ་བར་ཆ་ཤས་རིང་གི་གསལ་བསྒྲགས་དེ་རང་བཙན་གསལ་བསྒྲགས་ཡིན་ན་དེ་སྔོན་རང་བཙན་མིན་པ་རིགས་པས་གྲུབ།གལ་ཏེ་ལོ་ཤས་རིང་གི་རང་བཙན་དེ་ཡག་པོ་ཅིག་ཡིན་དབང་དུ་བཏང་ནའང་ཁམས་ཀྱི་ཕྱེད་ཀ་དང་མདོ་སྨད་ཡོངས་རྫོགས་བོད་ཁོངས་ནས་ཕུད་ཚར་རེད་ད།
ཅོ་རི་ཉི་མ་ལགས།ཟླ་དུས་ཚེས་གྲངས་གསལ་བོ་དྲན་མ་སོང་།འོན་ཀྱང་།བར་ལམ་མདོ་སྨད་ཕྱོགས་ནས་༼ང་བོད་ཡིན༽ཟེར་བའི་གློག་བརྙན་ཅིག་འཐོན་པའི་སྐབས་ཐོག་དེར།ཨེ་ཤ་ཡ་རླུང་འཕྲིན་གྱི་གསར་འགོད་པ་ཀརྨ་རྒྱ་མཚོ་ལགས་དང་མཁས་དབང་འཇམ་དབྱངས་ནོར་བུ་རྣམ་གཉིས་ཀྱིས་གཟའ་ཉི་མའི་གཏམ་གླེང་ཅིག་གི་ནང་གསུངས་ཐས།
རྒྱ་གཞུང་ཁོང་ཁྲོ་མ་སློང་།
རྒྱ་གཞུང་རྒྱུས་ལོན་བྱོས་ཤིག
རྒྱ་གཞུང་ཁ་གཏད་མ་བཅོག
རྒྱ་བོད་འདྲ་མཉམ་རྩོད་ཅིག
བོད་རྒྱ་དགྲ་ཟླ་ཡིན་ཡང་།
བོད་རྒྱ་ཁྱིམ་མཚེས་རེད་དོ།
བོད་རྒྱ་འཁོན་འཛིན་བྱུང་ཡང་།
བོད་རྒྱ་དབོན་ཞང་རེད་དོ།
བོད་རྒྱ་ཕར་གསོད་ཚུར་གསོད།
བོད་རྒྱ་ཁྱིམ་མཚེས་གཅིག་པ།
བོད་རྒྱ་ཕར་འགྲོ་ཚུར་འགྲོ
བོད་རྒྱ་ནང་ཆོས་གཅིག་པ།
ལུང་རྟོགས་ལགས།སྐུ་ཉིད་ཀྱིས་གསུངས་པ་ནང་བཞིན་ངའི་སྐད་ཆ་ནང་འགལ་རྩ་བ་ནས་ཆགས་མི་འདུག ང་ཚོས་འཇོན་ཏེ་རང་བཙན་བྱས་པ་གང་མ་རེད།རྒྱ་ནག་མན་ཆིན་ལ་ཕྱིའི་བཙན་འཛུལ་དང་ནང་འཁྲུག་རི་ལུགས་པ་ཐག་པས་མི་འདོམས་པ་ཅིག་བྱུང་སྐབས།མགོ་བདག་མེད་པར་འཐོར་བཤིག་གི་སྐབས་དང་བསྟུན་དེ་སྔ་རྒྱ་འོག་གི་སོག་ཕྱི་ནང་དང་ཤིན་ཅང་།མན་ཇུ་རི་ཡ།མཐའ་ན་རྒྱ་ནག་ནང་ཁུལ་གྱི་མངའ་སྡེ་ཁག་འགའ་ནས་ཀྱང་རང་བཙན་གསལ་བསྒྲགས་བྱས་ཡོད་པ་རེད།ང་ཚོས་ཀྱང་གཞན་ལ་ལད་མོ་ཙམ་བྱས་པ་རེད།༧རྒྱལ་དབང་༡༣པས་ཀྱང་རྒྱ་ནག་མན་ཆིན་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གྱུར་ཏེ་བོད་པས་འདི་འདྲ་གནང་གི་ཡོད་ཅེས་གསལ་བོ་གསུངས་འདུག་ག།ཚིག་དེ་༧རྒྱལ་དབང་༡༤པས་ཀྱང་ཉེ་ལམ་ལུང་འདྲེན་གནང་སོང་ང་།
རྒྱ་ནག་ནང་འཐོར་གྱི་སྐབས་སུ་ཐ་ན་འབྲི་ཆུ་ལྷོ་བྱང་དུའང་གཞུང་མི་འདྲས་དབང་བསྒྱུར་བྱས་ཏེ་ཕན་ཚུན་རང་བཙན་གྱི་ངོ་བོར་གནས་ཡོད་པ་རེད།
བཀྲ་ཤིས་རྒྱལ་མཚན་ལགས། ཁྱོད་ཀྱི་གཏམ་ཁ་ཚིག་ལ་བལྟས་ན་སུ་ཡིན་གསལ་པོ་རེད། རྫུན་མ་ཤོད། མཁས་དབང་འཇམ་ནོར་བུ་མཆོག་གིས་གསུངས་མྱངས་ཀྱི་མ་རེད་བསམས་ཀྱི་འདུག ཁྱོད་ལ་དཔང་རྟགས་མེད་ན་ཁས་ལེན་གྱི་མིན།།
ལོ་རྒྱུས་བྱེ་མའི་འོབས་དོང་སློག་ནས་ཅི། རིགས་ཞེན་ཁོ་ནའི་ཚོར་སྣང་ངོམ་ནས་ཅི།
དུས་ཀྱི་འགྱུར་འགྲོས་དང་བསྟུན་གསོན་གནས་ཀྱི། ཐབས་ཚུལ་ཤེས་ན་རང་གཞན་ཀུན་ཕན་གཞི།
ཅོ་རི་ཅོར་ཁོ། སྒྲོ་སྐུར་གང་རུང་བྱས་མེད་ན་གཞོན་ལྷན་འཐོར་ཉེན་གྱི་གནས་ལ་ལྷུང་དགོས་དོན་ཅི། དགོངས་དག་ཐུགས་བདེན་དང་བཟོད་གསོལ་ཞུ་དགོས་པ་ཅི།
ངས་ཤོད་དགོས་པའི་གནད་དོན་གཉིས་གསལ་བོར་ཞུས་ཡོད། ཡང་བསྐྱར་བློ་གསལ་ཞིག་ཕུད་དགོས་ན།
རག་ན་མ་རག་ན་ཐོབ་ཐང་རང་ཡིན་ཞེས་ཨུ་ཚུགས་ཀྱིས་རང་བཙན་ཁོ་ན་རང་རྩོད་འདོད་མཁན་ཚོས་རང་བཙན་གཙང་མ་ཞིག་བདག་ཉར་གྱིས། ཙོགས་མི་སྤུས་དག་བཟོས། འཇམ་ནོར་ལགས་དང་ལྷ་བཟང་ལགས་དམག་དཔོན་ལ་བཀུར་དགོས། དེ་མི་འདོད་པ་ཚོ་ངོ་གཉིས་པ་བྱས་ནས་མ་འདུག རང་བཙན་ཚོགས་པ་ནས་དགོངས་པ་ཞུ་དགོས་པ་རེད། ཚོགས་པ་གཞན་ལ་ཞུགས། ཡང་མིན་ན་སློབ་སྦྱོང་བྱོས། མི་ངོ་མ་ཞིག་བྱོས། རྩྭ་གཟུགས་མ་བྱེད་ཟེར་བ་ཡིན། འདི་ཨེ་འགྲིག་གི ཅོ་རུ་ཅོར་ཁོ། སྤོ་མ་ལང་གོ སྤྱི་དོན་གླེང་དུས་བདེན་པ་དང་བཟོད་བསྲན་དགོས་པ་རེད།
ཁོང་གིས་ནམ་ཡང་གསལ་པོ་ཞིག་གསུང་གི་མ་རེད།
ཆབ་བྲག་མཆོག་ནས་གོང་དུ་གཞོན་ནུར་ཆབ་སྲིད་ཚོགས་པ་ཞེས་བྲིས་གནང་འདུག་མོད།གཞོན་ནུ་ལྷན་ཚོགས་ཀྱི་ཐོག་མའི་རྩ་འཛིན་ཁག་ནང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ནི་ལས་འགུལ་ཚོགས་པ་ཅིག་མ་གཏོགས་ཆབ་སྲིད་ཚོགས་པ་མིན་ཞེས་བྲིར་གདའ།
བཀྲ་རྒྱ་ལགས། གོང་ས་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་མིན་པར་བཤད་མཁན་ནི་ཤར་ཁུག་ཁྱེད་གཉིས་ལས་ཕལ་ཆེར་སུ་ཡང་ཡོད་རྒྱུ་མ་རེད། དེའི་སྐོར་ལ་ཆུང་ཚེ་རིང་ལགས་ནས་བོད་ཀྱི་དུས་བབ་ནང་གནད་ལ་ཁེལ་ཞིང་དོན་ལ་གནས་པ་ཞིག་གསུང་སོང་བས་དེ་ལ་ལྟོས། དེ་མིན་ལ་བཤད་ལུང་བཤད་མང་པོ་བྱས་ཀྱང་དགོས་པ་མི་འདུག རང་བཙན་གསལ་བསྒྲགས་དེ་སྐྱང་དགོས་དོན་ཡང་གོང་ས་མཆོག་རྒྱ་སོག་ཡུལ་གྲུར་ཆུབ་བསྒྱུར་བསྐྱང་རྗེས་རྒྱ་ནག་གཞུང་གིས་བོད་དེ་སྔ་མོ་ནས་རྒྱ་ཁོང་ཡིན་པའི་སྒྲུབ་བྱེད་འདྲ་མིན་བཀོད་ནས་འཛམ་གླིང་མི་མང་མགོ་སྐོར་བཏང་བཞིན་ཡོད་པ་དེ་མཁྱེན་རྟོགས་བྱུང་ནས། ལྷ་སར་ཕེབས་པ་དང་བོད་དེ་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་བ་ཞིག་རེད།
ཁྱེད་ཀྱི་སྐད་ཆ་ལ་ནང་འགལ་ཡོད་མེད་ནི་ཁྱོད་ཀྱིས་མེད་དང་ངས་འདུག་ཅེས་ཨུ་ཚུག་རྒྱག་དགོས་དོན་མི་འདུག དཔྱོད་ལྡན་ཚོས་གོང་གི་སྐད་ཆ་ལ་ལྟ་བམ་བྱེད་ན་ཤེས་ཀྱི་རེད།
ལུང་རྟོགས་ལགས།ཁྱེད་ཀྱི་ཀླད་པར་སྐྱོན་མེད་ན་གོང་གི་སྐད་ཆ་དེར་གང་འདྲ་བྱས་ཏེ་ནང་འགལ་འདུག ནང་འགལ་འདུག་ལུགས་ཀྱི་སྒྲུབ་བྱེད་རིགས་པ་གཅིག་ཀྱང་གཏོང་མེད་པར་ཧམ་པ་རི་ལྟ་བུ་ཅིག་བཤད་དེ་བདེན་པ་གཡག་འདྲ་ཅིག་ཐོབ་རེ་མ་བཅིངས།ཆུ་གླང་རྩ་ཚིག་དེ་ཆུང་ཚེ་ལྟ་བུ་ས་ར་མཐོ་སློབ་ཀྱི་སློབ་ཕྲུག་ཅིག་གིས་རང་བཙན་བསྒྲགས་གཏམ་དུ་བཤད་ན་ཧ་ལས་རྒྱུ་ཅི་ཡོད་རེད།མཁས་དབང་ཟམ་གདོང་རིན་པོ་ཆེས་དེ་རང་བཙན་བསྒྲགས་གཏམ་མིན་པ་ཉེ་ལམ་དབུ་ལམ་ཚང་གི་གོ་སྒྲིག་གཏམ་བཤད་སྟེང་ག་ཚོད་བཤད་སོང་།དོན་གྱི་བདག་པོ་༧རྒྱལ་བ་ཡིད་བཞིན་ནོར་བུས་ཀྱང་ས་ལི་སྒར་སོགས་ནས་ག་ཚོད་གསུང་སོང་།
མདོ་ལུང་རྟོགས་ཁྱེད་རང་ལུང་མི་རྟོགས་པའི་བྱེ་མ་བཅུར་ན་ཆུ་འཐོན་རྒྱུ་མེད་པ་ཅིག་འདུག་པས་དེ་ཙམ་ཡིན།
ད་ལྟ་འཛམ་གླིང་གི་སྟེང་དུ་བོད་པ་ཚོགས་པ་ཆེ་ཤོས་གཞོན་ནུ་ཚོགས་པ་དང་། བོད་རང་དབང་སློབ་་ཕྲུག་ཚོགས་པ་གཉིས་རེད། ཚོགས་པ་འདི་གཉིས་ཉམས་ཐག་པ་བཟོ་མཁན་དང་། འདི་གཉིས་དཀའ་ངལ་སྤྲད་མཁན་སུ་རེད་དམ།
ལྟོས་དང་་་་ཟམ་གདོང་རིན་པོ་ཆེ་ཡིས་ཅིག་གསུངས་སོང་་་༧གོང་ས་མཆོག་གིས་ཉོག་གསུངས་སོང་ཟེར་ནས་བཤད་ཀི་རེད། དེ་ནས་རྩོད་པ་བརྒྱབ་ཀི་རེད། དེ་ནས་སྐུར་བ་འདེབས་ཀྱི་འདུག་ཟེར་གི་རེད།་་་་་ཁྱོད་ཚོས་སྤྱི་ཚོགས་དཀྲུག་སྟངས་ངས་རྒྱུས་རྦད་དུ་ལེན་སོང་། སུན་ཙེའི་དམག་དོན་བསྟན་བཅོས་ནང་གི་དམག་སྤྱི་བོང་ཆེན་གྱི་ལག་གཡོག་ཀུང་ཀྲི་ཧྲེན་་་ཟེར་བ་དེར་འདྲ་པོ་འདུག་བསམས་ནས་ཡང་ཡང་དྲན་མྱངས།།
བཀྲ་རྒྱ་ལགས། ཁྱེད་རང་ཁོང་ཁྲོ་ལང་དགོས་མ་རེད། ཁྱེད་རང་གི་སྐད་ཆ་ལ་ཡང་ཁུང་ལུང་ཡོད་པའི་སྐད་ཆ་གཅིག་ཀྱང་མི་འདུག སུ་གཅིག་གཅིག་བཤད་བཞག་པ་རེད་ཟེར་བ་ཙམ་ལས། གང་དུ་གསུང་ཡོད་པ་དང་། ག་དུས་གསུང་ཡོད་པ་སོགས་གཅིག་ཀྱང་མི་འདུག སྐད་ཆ་དེ་འདྲས་ཁུང་འཁྱོལ་གྱི་མ་རེད། ཁྱོད་རད་གི་སྐད་ཆ་ལ་ནང་འགལ་ཡོད་པ་ངས་གོང་དུ་གསལ་ཞིང་གསལ་བར་བཤད་ཡོད། མིག་ཡོད་ན་དེ་ལ་ལྟོས། སྐུ་ཞབས་ཆུང་ཚེ་ཧ་ལས་རྒྱུ་ཡོད་རུང་མེད་རུང་ཁྱོད་ལྟ་བཅུ་ཡིས་ཀྱང་སྡུར་རྒྱུ་ཡོད་མ་རེད། ཤེས་སོང་ངམ།
གཞོན་ནུའི་དབུས་རྒྱུན་ཞིག་གིས་བཤད་པ་ལྟར་བྱས་ན། རྒྱུན་ལས་ནང་ཁུལ་ཚོགས་འདུ་ཚོགས་སྐབས་ཚོགས་གཞོན་གྱིས་ལས་ཀ་ཚང་མ་སྒེར་སྤྱོད་བྱས་ཏེ་ཐག་གིས་བཅད་བཞག་གི་རེད་གསུངས་སོང་།
བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ལ་གུས་བཀུར་བརྒྱ་ཆའི་བརྒྱ་ཡོད་པ་དང་རང་བཙན་ལངས་ཕྱོགས་དེའང་བཟུང་ཆོག་གི་རེད་དྲན་ཡོད། ཡིན་ན་ཡང་གཞོན་ནུའི་དབུས་བརྒྱུན་ལས་རྣམས་ཀྱི་ལས་ཀ་བྱེད་ཕྱོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། སྤྱིར་བཏང་སུ་ཞིག་ནོར་བ་རེད་ཟེར་ན་གཞོན་ནུ་ལྷན་ཚོགས་ནོར་བ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ནང་ནས་སུ་ཞིག་ནོར་བ་རེད་ཟེར་ན་སྐབས་བཅུ་བཞི་བའི་དབུས་རྒྱུན་ལས་དེ་ཚོ་ནོར་བ་རེད། དབུས་རྒྱན་ལས་ནང་ནས་སུ་ཞིག་གིས་ནོར་འཁྲུལ་བཟོས་པ་རེད་ཟེར་ན་དོན་གྲུབ་ལྷ་དར་གྱིས་བཟོས་པ་རེད། འདིའི་སྐོར་ལ་ང་རང་ལ་གསལ་གསལ་ཐང་ཐང་གིས་ཞུ་རྒྱུ་ཡོད་ནའང་མདོ་བསྡུས་སུ་རོབ་ཙམ་ཞིག་བཤད་རྒྱུ་ཡིན།
1)
བཙན་བྱོལ་བོད་གཞུང་བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་གཏོང་སྐབས། དེ་ལ་ངོས་ལེན་རྩ་བ་ནས་མེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་མུ་མཐུད་ཉར་རྒྱུ་ཡིན་ཟེར་མཁན་དོན་གྲུབ་ལྷ་དར་རེད།
2) ཚོགས་གཙོ་ཚེ་དབང་རིགས་འཛིན་གྱི་སྒང་ནས་ལས་ཀ་བྱས་ཏེ་རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་སྟེ་བོད་གཞུང་དང་རྒྱ་གཞུང་གཉིས་ཀར་ཕོག་ཐུག་འགྲོ་བའི་ལས་ཀ་རྩོམ་མཁན་དོན་གྲུབ་ལྷ་དར་རེད།
3) བོད་རྒྱལ་ཁབ་བསྐྱར་འཛུགས་ཀྱི་མ་དངུལ་བསྡུ་རྒྱུ་ཡིན་ཟེར་ནས་གསལ་བསྒྲགས་བསྐྱངས་ཏེ་མང་ཚོགས་ལ་མགོ་བསྐོར་བཏང་སྟེ་དངུལ་བསྡུ་མཁན་དོན་གྲུབ་ལྷ་དར་རེད།
4) ཨ་རིའི་ནའེ་ཡོག་གི་དུས་འཁོར་དབང་ཆེན་སྐབས་སུ་བསྟོད་ལོ་ཡི་སྟེང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་བཀོད་དེ་རྙོག་དྲ་བྱུང་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་དང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགའ་ལྡན་བློ་གྲོས་ཀྱི་སྟེང་ལ་གསར་འགོད་བསྒྲགས་གཏམ་སྤེལ་ཏེ་རྒྱ་མི་ལ་བཤད་མ་ཐུབ་པའི་ཚིག་སྡུག་ཅག་བེད་སྤྱོད་གཏོང་མཁན་དོན་གྲུབ་ལྷ་དར་རེད།
5) སྤྱི་ལོ་༢༠༡༢ ་ལོར་གླིང་ཚ་ཚེ་བརྟན་རྡོ་རྗེ་མི་སྒེར་གྱིས་བོད་ནང་གོམ་བགྲོད་གནང་སྐབས་རྒྱ་ནག་གི་རྒྱལ་དར་མཉམ་འཁྱེར་བྱས་སྐབས། གང་ཟག་སྒེར་བ་མི་གཅིག་གི་ལས་འགུལ་སྤེལ་ཕྱོགས་ཐོག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་འཁྱེར་ནས་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
6) སྤྱི་ལོ་༢༠༡༡་ཟླ་བ་༡༢་པའི་ནང་ལ་རྡོ་རྗེ་གདན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་བསྐུར་གནང་བའི་སྐབས་སུ་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱི་ཡོད་མདོག་གི་ཞོར་དུ་མི་མང་ལ་ཞལ་འདེབས་བསྡུས་ཏེ་སྐད་གྲགས་བཞག་པ་མ་ཟད། སྐབས་དེར་བོད་ནང་ནས་ཆོས་ཞུ་བར་ཕེབས་མཁན་དག་ལ་སྐད་ཆ་འདྲ་མིན་བཤད་དེ་དངུལ་ཕོན་ཆེན་བསྡུ་མཁན་དོན་གྲུབ་ལྷ་དར་རེད།
7) བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ནང་ཁུལ་གྱིས་མཁྱེན་རྟོགས་དང་གསལ་ཆ་མེད་པར་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་ཀློག་འབྲེལ་བྱས་ཏེ་ཨ་རི་དང་ཁ་ན་ཌ་ལ་ཕྱིན་ཏེ་དབུ་མའི་ལམ་ལ་སྐྱོན་བརྗོད་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་གཞུང་ལ་ཟུར་ས་བྱས་ཏེ་མང་ཚོགས་ལ་བློ་ཕམ་བྱུང་འཇུག་མཁན་དོན་གྲུབ་ལྷ་དར་རེད།
8) གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ནང་ཁུལ་དང་ས་གནས་གཞོན་ནུ་ཁག་ལ་བཙན་གནོན་འཇིགས་སྐུལ། དེ་ནས་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ལ་གཉའ་གནོན་བརྙས་བཅོས་གཏོང་མཁན་དོན་གྲུབ་ལྷ་དར་རེད།
9) ཕྱི་ཟླ་ ༥ པའི་ཚེས་ ༢༣ ། ༢༤ ། ༢༥ བཅས་ཉིན་གསུམ་རིང་བཞུགས་སྒར་ངྷ་རམ་ས་ལར་རྒྱལ་སྤྱི་རང་བཞིན་གྱི་རང་བཙན་ཚོགས་འདུ་ཞིག་ཚོགས་རྒྱུ་ཡིན་ཞེས་འུར་བརྒྱབ་སྟེ་རྗེས་སུ་ཁུངས་མ་འཁྱོལ་བར་ཕྱིར་འཐེན་བྱེད་དགོས་བྱུང་བ་དང་། སྤྱི་ལོ་ ༢༠༡༣ ལོ་ནི་བོད་རང་བཙན་གྱི་ལོ་ལ་སྲུང་བརྩི་ཞུ་རྒྱུ་དང་དེ་ལ་རང་བཙན་མཚོན་རྟགས་ཤིག་བཟོ་སྐྲུན་ཇུས་འགོད་འགྲན་བསྡུར་གྱི་ལས་གཞི་ཞིག་སྤེལ་རྒྱུ་ཡིན་རབས་བཤད་རྗེས་མཇུག་སྐྱོང་མ་ཐུབ་པར་ལྷག་པ་ཡང་དོན་གྲུབ་ལྷ་དར་རེད།
10) ད་རེས་ཚོགས་ཆེན་གྱི་མགོ་འཛུགས་ཉིན་ནས་ཚོགས་མི་ཚོར་མཐོང་ཆུང་ཁྱད་གསོད་བྱས་པ་དང་། ཚོགས་འདུ་མ་ཚོགས་སྔོན་ནས་ལྐོག་ངན་ཇུས་འགོད་དང་ལས་འཆར་བསྒྲིགས་མཁན་ཚང་མ། ད་དུང་ཚོགས་འདུ་དངོས་གཞིའི་སྐབས་སྒེར་སྤྱོད་ཀྱིས་ས་གནས་ཚོགས་ཞུགས་པ་མང་པོ་ཞིག་ལྐུགས་པའི་གྲས་སུ་བཞག་སྟེ་སྐད་ཆ་རྫིག་པོ་ཤོད་མཁན་དོན་གྲུབ་ལྷ་དར་རེད།
ལྷ་མོ་སྐྲ་རིང་མས། ཉན་ཨ་་ངས་སྒྲུང་ཞིག་བཤད། སྔོན་མ་བོད་སྡེ་བ་གཞུང་གི་སྐུ་དྲག་ཚོས་སྤྲོ་སྐྱིད་བཏང་དུས་མི་མང་པོ་འཛོམས་ཡོད་པའི་སྐབས་སུ་ལྕམ་ཆུང་མ་ཞིག་གིས་ཏུག་རུལ་ཤོར་བ་རེད། མོ་རང་ངོ་ཚ་ཧ་ཅང་ཆེན་པོ་བྱུང་བ་རེད། དགོང་མོ་ཐུགས་སྤྲོ་ཚར་རྗེས་རང་ཁྱིམ་དུ་བསླེབས་པ་རེད། དེ་ནས་ལྕམ་སྐུ་ཞབས་ཀྱིས་གཡོག་མོ་གཉིས་ལ་ཁ་རྡུངས་གཏང་པ་རེད། ངས་མི་མང་གི་དཀྱུས་ཏུ་ཏུག་རུལ་ཤོར་དུས་ཁྱོད་གཉིས་ཀྱིས་ང་ལ་རོགས་མ་བྱས་ཅི་ཡིན། ཏུག་རུལ་དེ་ཁྱོད་གཉིས་ཀྱི་ཤོར་བ་ཡིན་མདོག་མདོག་མི་བྱས་ཅི་ཡིན་ཞེས་ཁ་རྡུང་དྲག་པོ་བཏང་པ་རེད།
དེ་ནས་ཕྱི་ཉིན་མོར་ཡང་བསྐྱར་ཐུགས་སྤྲོ་ལ་ཕྱིན་པར་རེད། མི་མང་ཚང་མ་འཛོམས་ནས་ཡོད་སྐབས་སུ་གཡོག་མོ་གཅིག་ཡར་ལངས་ནས་གུས་ཞབས་དང་བཅས་ཞུ་དོན། དགོངས་དག་སྐུ་ངོ་རྣམས་པ། ཁ་སང་མནའ་མའི་བཏང་བའི་ཏུག་རུལ་དེ་ངས་བཏང་པ་ཡིན་ཞེས་དག་འབུལ་བྱས་པ་རེད་་་་་་་་་་་་་ཧཧཧ
ཨ་དྲིན་ཆེན་ཚོ།
ནག་མོ་གྱོད་འཛིང་གི་ངང་ཚུལ་དེ་མཚམས་བཞག་ན་མི་ཡག་ག
བོད་མི་རིགས་འདི་གནའ་སྔ་མོ་ནས་ཉོག་གཏམ་ཡང་བཤད་བསྐྱར་བཤད་རྒྱག་རྒྱུ་དགའ་ཙང་ང་ཚོ་སྡེ་བའི་མི་རྣམས་ལ་གཏམ་དཔེ་འདི་འདྲ་ཞིག་བཤད་སྲོལ་ཡོད།
སྐད་ཆ་འོ་བཤད་མ་ཡིས། །མ་ཎི་འོ་འདོན་བྱོས། །ཟེར་གི་རེད།
འོ་བཤད་ཟེར་ན་སྐབས་འདིར་བསྐྱར་ཟློས་ལ་གོ་དགོས།
གཞན་དག་ཕར་ཞོགས། ཅིག་ཤེས་མཁན་གི་གྲས་ཡིན་ཟེར་པ་ཁྱེད་ཚོའི་རྣམ་འགྱུར་ལ་བལྟས་ནའང་མི་རིགས་སྤྱིའི་ཁ་མདོག་དེ་ག་འདྲ་ཞིག་ཡིན་པ་ཚོད་དཔག་ལས་སླ་བོར་དཔོག་ཐུབ་ཞིག་མ་རེད་དམ།
http://www.youtube.com/watch?feature=player_embedded&v=ug8YLkSoU3o#!
དེ་ཡང་ཡོངས་གྲགས་སུ་གསང་སྔགས་ཟབ་མོ་རྫོགས་ཆེན་དེ་སྟོན་པས་མ་གསུང་པ་ཞིག་རྗེས་འཇུག་འགས་གསུང་ཚུལ་གླེང་རྙོག་བཟོ་བ་ནི། སྟོན་པ་ལས་རྗེས་འཇུག་མཁས་པ་དང་དགེ་རྒན་ལས་དགེ་ཕྲུག་མཁས་པ་སྟེ། སངས་རྒྱས་ལ་ཀ་ཁ་ཞེས་པ་དང་མཚུངས་པ་ཡིན་སྙམ།
དེ་རིང་ནི་གནམ་བདེ་སྒོ་ཆེའི་དམངས་གཙོ་དོན་བའི་སློབ་ཕྲུག་དང་དམངས་མི་དམར་བཏང་བའི་ཉིན་མོར་རེད།
༼ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སི་པེ་ལོ་སི་ཡིས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཐེངས་༢༤ པའི་སྔ་ནུབ་ཏུ་གསལ་བསྒྲགས་ཤིག་སྤེལ་ཏེ། པེ་ཅིང་གིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ལུའུ་ཞོ་པོ་གཙོས་པའི་ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་གཏོང་དགོས་པའི་རེ་བ་བཏོན་ཡོད་པ་རེད།
ལྕམ་ནན་སི་པེ་ལོ་སིའི་ཡིག་ཐོག་གི་ཡོངས་ཁྱབ་གསལ་བསྒྲགས་ནང་འཁོད་དོན། “རྒྱ་ནག་སྲིད་གཞུང་གིས་མགྱོགས་མྱུར་ངང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་གཏོང་དགོས། དེའི་ནང་དུ་འཛམ་གླིང་ཐོག་བཙན་ཁང་དུ་བཀག་ཉར་འོག་ཡོད་པའི་ནོའོ་བྷེ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཅིག་པུ་སྐུ་ཞབས་ལུའུ་ཞོ་པོ་ཡང་ཚུད་ཡོད།༽ཅེས་བོད་ཀྱི་བང་ཆེན་ཐོག་ཏུ་བཀོད་འདུག
དབུ་མའི་ལམ་པ་བ་ཚོས་ཉན་ཨ། སྲིད་སྐྱོང་སེང་གེ་མཆོག་གིས་ཁ་གསལ་པོ་ཐོག་ནས་ང་ཚོས་གཞིར་ལུས་བོད་རྒྱ་ཆེན་མི་དམངས་ཀྱི་ཆེད་དུ་དམངས་གཙོ་རྩོད་མེད་ཅེས་དང་། གུན་ཁྲན་དམར་ཕྱོགས་པ་མགོ་རྟིང་ལོག་ཆེད་དུ་འཐབ་རྩོད་ཀྱི་མེད་ཅེས་དབུ་མའི་ལམ་རྩ་དོན་དང་མཐུན་པའི་བཀའ་མོས་ཁ་གསལ་གནང་ཡོད་རེད།
༡་་་འཛམ་གླིང་གི་ཆབ་སྲིད་ཀྱི་འཐབ་ར་ཆེན་མོའི་ནང་དུ་བོད་བཙན་བྱོལ་བའི་འཐབ་རྩོད་ནི་རྡེའུ་ཆུང་ཆུང་ཞིག་གི་གོ་ཆོད་ཀྱི་མི་འདུག་བསམས། སྲིད་སྐྱོང་གི་བཀའ་མོས་དེས་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་ལྟ་གྲུབ་དང་མི་མཐུན་པ་བྱུང་ཡོད་ལ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོའི་སྙིང་ལ་ཆུ་འཁྱག་བླུག་པ་ལྟ་བུ་ཆགས་ཡོད་རེད་འདོད།
༢་་་སོ་སོའི་ཁ་གཏད་བཅག་སའི་གུན་ཁྲན་དམར་པོའི་ཁ་གཏད་པ་རྒྱ་རིགས་དམངས་གཙོ་དོན་གཉེར་རྣམས་དང་འཐབ་གྲོགས་ཀྱི་འབྲེལ་བ་ཙམ་ཡང་འཛུགས་མི་ཤེས་པའི་གནང་སྟངས་འདི་ནི་བོད་མི་རིགས་ཀྱི་ངོས་ནས་བཤད་ན་ཕམ་ཁ་ཆེན་པོ་ཞིག་རེད་འདོད།།
༣་་་དབུ་མ་པ་ཚོས་གཅིག་གསུང་དང་། ནུབ་ཕྱོགས་དམངས་གཙོ་རྒྱལ་ཁབ་གིས་བོད་བཙན་བྱོལ་བ་དམར་ཕྱོགས་པ་ཆགས་བཅུག་གི་རེད་དམ།། བློ་ལ་བབ་རེད་དམ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ལ་ངོ་མི་ཚ་ཡི་མི་འདུག་གམ། ཏ་ལའི་བླ་མའི་དམངས་གཙོའི་གསེར་གྱི་རྟགས་མ་ཆུ་ལ་གཡུག་གྱི་ཡིན་ནམ།་་་དྲི་བ་ཡིན།
ཁ་བརྡ་ནང་དུ་མ་བཞུགས་ན་ཕན་པ་མིན་འདུག།
ཅོ་རི་ཉི་མ་འདྲ་བ་ཁག་ཅིག་ལ་འདོགས་གཞི་ཆེན་པོ་འདུག།
གཞོན་ལྷན་ལྕེ་རྩེའི་རང་བཙན་དོར་འགྱུར་ཅིག །
ཟབ་གདོང་བླ་མ་རྟག་ཏུ་རྒྱལ་འགྱུར་ཅིག །
གཞོན་ལྷན་ལྕེ་རྩེའི་རང་བཙན་དོར་གྱུར་ན།།
ཟམ་གདོང་རང་སྐྱོང་ཀྲུ་ཞིར་ཐེ་ཚོམས་མེད།།
དབུ་ལམ་མེས་རྒྱལ་པང་དུ་ལོག་འགྱུར་བས།།
ཏང་གི་དྲོ་སྐྱིད་ཉི་མས་འཚོ་བར་ངེས།།
ཧ་ཧ་ཧི་ཧི།
ཁོ་རེ་ལུང་རྟོག བོད་རང་བཙན་་སུ་གི་ཤོར་རེད
རིན་པོ་ཆེའི་འཁྲུལ་ལབ་རང་ཨེ་ཡིན། འོན་ཀྱང་འཁྲུལ་པ་ངེས་པར་ཡོང་སྲིད། འཁྲུལ་ལབ་ཡིན་ཚུལ་གང་ཡིན་ནམ།
ཡང་རིན་པོ་ཆེ་སྒེར་ལ་ཁ་གཏོང་ན་བཟོད་བཞེས་གནང་སྲིད་རུང་། བོད་མིའི་བདེ་དོན་སྒྲུབ་པའི་ཐབས་ལམ་ལ་འགག་བྱ་དགོས་པ་ཆེན་པོ་མེད་པ་དང་། མང་མོས་ཅན་གྱི་འགྲོ་སྟངས་ལ་འགན་ཐེག་དེ་ཙམ་མེད་པ་དང་ཕྱོགས་དུས་བབ་བསྟུན་གྱི་འགྲེལ་བཤད་ངེས་ཚུགས་མེད་པར་བསྒྱུར་བཅོས་ཐེ་ཇུས་བྱས་པར་མི་བཟོད་པར་གསལ་བཤད་གནང་བ་ནི། བཟོད་པ་བཞེས་པ་རང་རེད་སྙམ།
དབུ་མའི་ལམ་གྱི་སྙིང་དོན་ནི་བོད་ལ་རང་དབང་སྒྲུབ་རྒྱུ་དེ་ཡིན། གུན་བྲན་མགོ་རྟིང་སློག་ཐབས་གཙོར་བཏོན་གནང་བ་ཁྱོན་ནས་མིན། འོན་ཀྱང་ཇ་འཁོལ་བར་མེ་བཏང་དུས་ཤིང་འཚིག་པ་ནི་ཉེས་པ་མེད་པ་རེད་སྙམ།
གཞིས་ལུས་མི་མང་ཆེད་མང་གཙོ་རྩོད་མེད་ཚུལ་གསུང་པ་དེ་གང་དུ་གསུང་བ་ཡོད་དམ་ཞེས་དྲི་ལན་ཡོད་པར་འཚལ།
ང་ཚོ་དམར་པོ་ཆགས་འདོད་སུ་ལ་ཡང་མེད་སྙམ། སྒེར་པ་རེ་གཉིས་ཡོང་སྲིད། གལ་ཏེ་དམར་པོ་ཆགས་འདོད་རང་ཡོད་ན། བོད་རྒྱ་ཁོངས་སྔོན་ནས་ཡིན་པ་སོགས་ལབ་ནས་གུན་བྲན་འོག་མཐའ་གཅིག་ཏུ་འཛུལ་ན་དཀའ་ངལ་འཕྲད་ཨེ་སྲིད་སྙམ། དེས་ན་༧གོང་ས་མཆོག་ནི་བླ་ན་མེད་པའི་ཆོས་དཔོན་མང་གཙོའི་དབུ་ཁྲིད་མངའ་གསོལ་བའི་གསེར་གྱི་གཟེངས་རྟགས་དེ་འཛམ་གླ྄ིང་ཡོངས་སུ་བཀུར་ཡང་། རྒྱ་དམར་གུང་བྲན་གྱིས་ཆུ་ལ་གཡུགས་འདོད་ཀྱི་རེ་སྟོང་དེ་བཅངས་ཡོད་སྙམ་མོ།།
གཞོན་ལྷན་ལྕེ་རྩེའི་རང་བཙན་དོར་གྱུར་ན།།
ཟམ་གདོང་རང་སྐྱོང་ཀྲུ་ཞིར་ཐེ་ཚོམས་མེད།།
དབུ་ལམ་མེས་རྒྱལ་པང་དུ་ལོག་འགྱུར་བས།།
ཏང་གི་དྲོ་སྐྱིད་ཉི་མས་འཚོ་བར་ངེས།།
ཞོལ་གཡག་ལགས།
བཀྲིས་བདེ་ལེགས།
གཞོན་ལྷན་ལྕེ་རྩེའི་རང་བཙན་མ་དོར་ཀྱང་།།
ཟམ་གདོང་བླ་མས་བཀའ་ཁྲི་གནང་གྲུབ་སོང་།།
མེས་རྒྱལ་པང་དུ་དབུས་ལམ་སྤྱོད་པའི་ཚེ།།
དྲོ་སྐྱིད་ཉི་མས་གངས་ཅན་ཁྱབ་པར་ངེས།།
བསྟོད་ན་མཆོག་དམན་བར་མ་ཀུན་དགྱེས་ཀྱང༌། །
སྨད་ན་ཁྲོ་བའི་གཏམ་དང་རྡེག་པར་གཟས། །
གཟུ་བོར་བརྗོད་ན་རང་མཚང་མཐོང་བའི་རྒྱུ། །
དེ་ཕྱིར་དྲང་པོར་བརྗོད་པའང་དཀའ་བའི་གནས། །
རྒྱ་དང་མཉམ་སྡོད་མ་བྱས་ཀ་མེད་རེད། །
བགྲེས་སོང་བླ་མའི་བཀའ་སློབ་རིན་བྲལ་རེད། །
གཞོན་ལྷན་ལྕེ་རྩེའི་རང་བཙན་དོར་གྱུར་ནས། །
སྙིང་དབུས་བཅངས་པའི་དབུ་ལམ་མངོན་འགྱུར་ཅིག །
༥༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༥༥
དྲུག་བཞིའི་རེ་སྨོན།
བོད་སོག་ཡུ་རྒྱ་བཞི་པོའི་མཉམ་གནས་ལ། །
མའོ་ཏིང་ཤོ་ཛང་མིན་ཧུ་དང་བཞིའི། །
ལག་དམར་ཐེར་འདོན་ངོ་རྒོལ་མཐར་ཕྱིན་དགོས། །
ད་ལྟའི་དམར་གཞུང་མང་གཙོའི་ལམ་ལ་རྒྱུགས། །
ཁོ་རེ་བཀྲ་རྒྱ། བོད་རང་བཙན་བོད་གཞུང་དམངས་གཉིས་ཀྱིས་ཤོར་སོང་བ་རེད། གཞན་སུས་ཤོར།
གནས་ལུགས་བཤད་པར་མི་ཤེས་ཤིང་།།
དྲང་བདེན་ཐལ་བར་སྲེ་མཁས་པའི།།
ལས་ངན་བོད་ཀྱི་མི་བུ་འགའ།།
ལུས་ངན་དྲ་འབུར་སྐྱེས་འདི་སྡུག
ད་ཡག་པོ་་འདུག་ རང་བཙན་དང་དབུ་མ་ཉིད་རྒྱལ་གྱུར་ཅིག་། རྒྱ་རོ་ཕམ། བོད་རྒ་ཁབ་ཆེན་མོ་དབུ་འཕངས་དར་བར་ཤོག།
ཆབ་བྲག་ལྷ་མོ་སྐྱིད་ཀྱིས། “གལ་ཏེ་རང་བཙན་ལྟ་བ་མུ་མཐད་འཛིན་རྒྱུ་ཡིན་ན་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་ཕྱིར་བསྡུ་གནང་དགོས་པ་རེད། དེ་གནད་འགག་གཅིག་རེད།” ཡ་ཡ་་་་་ཡང་ཁྱོས་གཉིད་བཤད་བྱེད་ཀྱི་ཡོད་དམ། ༧གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་དང་གཞོན་ལྷན་གྱི་རང་བཙན་ལྟ་བ་གཉིས་ལ་འགལ་ཟླ་ཅི་ཞིག་འདུག ༧གོང་ས་མཆོག་གིས་གཞོན་ལྷན་ལ་རང་བཙན་གྱི་ལྟ་བ་དོར་དགོས་པའི་བཀའ་གནང་ཡོད་དམ། དེ་མེད་ན་གཞོན་ལྷན་གྱི་གང་གནང་གི་ཡོད་པ་དེ་༧གོས་ས་མཆོག་གི་དམངས་གཙོའི་ལམ་ལུགས་དང་ཡོངས་སུ་མཐུན་པས་ན། ཁྱོད་གཉིད་ལས་སད་རན་རེད། ཁྱེད་རང་གིས་གཞོན་ལྷན་གྱི་སྐད་ཆ་ཕར་བཞག་སྟེ་རང་གིས་བྲིས་པའི་རང་སྲེག་སྐུག་ཡིག་གི་རྙོག་དྲ་གཙང་མ་བཟོ་རོགས་ཞུ། དེ་ཙམ་ལས་མི་བཤད།
ཆབ་བྲག་ལྷ་མོ་སྐྱིད་ཀྱིས། “གལ་ཏེ་རང་བཙན་ལྟ་བ་མུ་མཐད་འཛིན་རྒྱུ་ཡིན་ན་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་ཕྱིར་བསྡུ་གནང་དགོས་པ་རེད། དེ་གནད་འགག་གཅིག་རེད།” ་་་་་་ཟེར།
http://karkhung.com/archives/2048 རིག་ལྡན་རྒྱལ་པོ་ལགས་ཁྱོད་རྣམ་རྟོག་རེད་ད་་་་སྐད་ཆ་གལ་ཆེ་འདི་འདྲ་ལའང་དོ་སྣང་མ་བྱུང་བ།
ཆབ་བྲག་ལགས། གཞོན་ལྷན་གྱིས་༧རྒྱལ་བའི་བཀའ་དགོངས་ལམ་སྟོན་ཤར་སྐྱོད་བྱ་རྒྱུ་ཟེར་བ་དེ་ཁོང་ཆབ་སྲིད་སྐུ་དབང་བགྲེས་ཡོལ་མ་ཕེབས་སྔོན་གྱི་གྲོས་ཆོད་ཅིག་རེད། འོ་ན་ཁོང་ཆབ་སྲིད་སྐུ་དབང་བགྲེས་ཡོལ་ལ་མ་ཕེབས་པར་མུ་མཐུད་བཞེས་བཞིན་པ་ཨེ་རེད། གཞི་རྩའི་གཞོན་ལྷན་གྱིས་བཀའ་དགོངས་ལམ་སྟོན་ཤར་སྐྱོད་བྱེད་རྒྱུའི་དམ་བཅའ་མུ་མཐུད་པ་དེས་༧གོང་ས་མཆོག་བོད་མི་རིགས་ཀྱི་ངོ་བོ་རང་བཞིན་དང་མགྲིན་ཚབ་རང་བཞིན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པས་གུས་བརྩི་བླ་མེད་གཅིག་ཡོད་པ་མཚོན་ཐུབ། རེད་དེ་ཡུལ་མི་རང་བཞིན་གྱི་ཐོབ་ཐང་དང་ཆབ་སྲིད་རང་བཞིན་གྱི་ཁེ་དབང་ཞིག་ཡོད་པའི་ཆ་ནས་རྣམ་པ་ཐམས་ཅད་དུ་དབང་ལུང་ཞུས་པ་ལྟ་བུའི། གཙོ་བོས་ཇི་ལྟར་བཀའ་བརྩལ་བ། དེ་དག་ཐམས་ཅད་བདག་གིས་བགྱིས། ཟེར་དགོས་པའི་ངེས་པ་གཏན་ནས་མེད། དེས་ན་རང་བཙན་ལྟ་གྲུབ་རྒྱུན་འཛིན་བྱས་པར་བཀའ་དགོངས་ལམ་སྟོན་ཤར་སྐྱོད་བྱེད་རྒྱུའི་དམ་བཅའ་ཡིན་ཅིག་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མི་འདུག་ལ། བཀའ་སློབ་ལམ་སྟོན་ཐམས་ཅད་ཡིན་ཅིག་འགྲུབ་དགོས་པའི་རྒྱུ་མཚན་ཡང་མི་འདུག། གལ་ཏེ་ཁོང་གི་བཀའ་དགོངས་ལམ་སྟོན་དང་གལ་ཆེའི་བཀའ་སློབ་ཁག་ཐམས་ཅད་འགྲུབ་ཐུབ་རྒྱུ་ཞིག་ཁོང་གི་དོན་དུ་རྒྱགས་གཅིག་འཆོངས་གཅིག་ཡིན་ཟེར་མཁན་གྱི་དབུ་མ་པ་ཚོས་ཀྱང་ཧ་ཅང་ཧ་ཅང་གིས་ཁག་པོ་རེད། དཔེར་ན་དབུ་མ་པ་ཡིན་ཟེར་མཁན་གྱི་དྲ་འབུ་དེ་ཚོའི་ཁ་ལ་གཅིག་བལྟོས་དང་། ཁ་ནས་གང་བཤད་ཐམས་ཅད་སྐྱག་པ་དང་། མི་ངན། ལོག་སྤྱོད། གདོལ་ཚོགས། སོ་མྱུལ་སོགས་ཀྱིས་རང་དང་ལྟ་བ་མི་མཐུན་མཁན་ཚང་མ་ནག་པོ་བཟོ་རྐྱང་བྱེད་རྒྱུ་དེ་ཁོང་གི་བཀའ་དགོངས་བསྒྲུབ་མཁན་ཞིག་ཨེ་རེད། ཕལ་ཆེར་ཡིན་རྒྱུ་མ་རེད། ཁོང་གི་བཀའ་དགོངས་ཀྱི་ཡང་སྙིང་ནི་ཆོས་མཁས་ལེན་ཡོད་མེད་ལ་མི་ལྟོས་པར་ཚང་མས་ཡ་རབས་བཟང་སྤྱོད་དང་སེམས་པ་བཟང་པོ་བྱེད་རྒྱུ་དེ་རེད།
དེ་ལྟ་བས་ན་ཁོང་གིས་མར་དམངས་གཙོ་གསོལ་བརྩལ་གནང་བའི་དཀྱིལ་འཁོར་དེའི་ནང་ལྟ་གྲུབ་དང་ལངས་ཕྱོགས་གཞན་ཡོང་ཆོག་པ་ཙམ་དུ་མ་ཟད། བོད་ཀྱི་འབྱུང་འགྱུར་རྩ་དོན་འཐབ་རྩོད་ཀྱི་འགན་འཁྲི་རང་བཞིན་དེ་མི་རབས་གསར་པ་དང་འབྱུང་འགྱུར་གྱི་མི་རབས་རྗེས་མ་རྣམས་ཀྱི་འཁུར་དགོས་པ་དེ་རེད། དེ་ནི་དུས་རབས་དང་འགྱུར་བ་རང་བཞིན་གྱིས་ཆེས་གཡོལ་དུ་མེད་པའི་འགན་འཁྲི་རང་བཞིན་ཅན་ཞིག་ཀྱང་རེད། མ་གཞི་ངས་གཞོན་ནུ་ལྷན་ཚོགས་འདི་མི་རབས་གསར་པའི་གཞོན་ནུ་དང་གཞོན་ནུ་མ་ལས་གྲུབ་པ་ཞིག་ལ་ངོས་འཛིན་མེད། རྒས་ཡོལ་མ་སོང་བའི་སྐྲ་དཀར་ཅན་དང་རྒས་ཡོལ་ལ་ཉེ་བའི་ཕར་རྒན་མར་རྒན་མང་དག་གཅིག་ཡོད་པ་རེད། འདི་གཞོན་ནུ་ཞེས་པའི་མིང་བྱང་དེ་ཐོབ་ཐབས་ཁོ་རང་ཡོད་པ་མ་རེད། འདི་ཚོར་ལྷན་འབྱར་གྱི་ལྟ་བ་དང་བསམ་བློ་ཞིག་ཡོད་པ་ནི་རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན་ཅན་གྱི་བསམ་བློ་དེས་དུས་རབས་གསར་པ་དང་མི་རབས་གསར་པའི་གཞོན་ནུའི་རྗེས་ནམ་ཡང་ཟིན་རྒྱུ་མ་རེད།
རིག་ལྡན་ལགས། བཀྲིས་བདེ་ལེགས།
ཟམ་གདོང་དབུ་མའི་སྲིད་ཁྲིར་བཞུགས་དུས་སུ།།
མེས་རྒྱལ་པང་དུ་ལོག་རྒྱུའི་སྟ་གོན་གྱིས།།
པེ་ཅིང་ཞིང་ཕྱོགས་ཡང་ཡང་ཕྱག་འཚལ་ཀྱང་།།
དྲོ་སྐྱིད་ཉི་མ་ནུབ་རིའི་ཕག་ཏུ་ཡིབས།། ཧ་ཧ།
ལྷོ་འཛམ་གླིང་དམངས་གཙོའི་རང་དབང་འདི།
དབྱར་མཚོ་མོ་བཞིན་དུ་ཇེ་རྒྱས་རེད།
བྱ་ངང་པ་ཐུགས་སེམས་མ་སྐྱོ་དང་།
མཚོ་སྔོན་པོ་ཁྱོད་དང་བྲལ་མི་སྲིད།།
ལྷོ་འཛམ་གླིང་དམངས་གཙོའི་གསར་བརྗེ་འདི།
གནམ་སྔོ་པོའི་དཀྱིལ་གྱི་སྤྲང་ཆར་རེད།
བྱ་ཁུ་བྱུག་ཐུགས་སམས་མ་སྐྱོ་དང་།
ཤིང་རྩི་ཏོག་རྒྱས་པའི་དུས་ལ་སླེབས།།།
ཨོ་་་་་་་དགོངས་དག་་་་་ནོར་ཤག
ཆབ་བྲག་ལྷ་མོ་སྐྱབས་ཀྱིས་་་་་་་་་་་་་
༄། །ད་ལན་སྐུ་སྒེར་ནས་༧གོང་ས་མཆོག་གི་མཚན་བྱང་བེད་སྤྱོད་བྱས་ནས་བཀའ་ཟུར་ཟམ་གདོང་བླ་མས་གསུང་བཤད་ལས། བཙན་བྱོལ་ནང་མང་གཙོ་མེད་པ་དངོས་སུ་གསལ་པོ་གསལ་རྐྱང་ཆགས་སོང༌། དེ་མཚུངས་རང་བཙན་འཐབ་རྩོད་པ་སྒེར་མི་འགའ་ཞིག་གི་རང་དབང་རྩོམ་ཡིག་ལ་བཟོད་བསྲན་མ་ཐུབ་པར་མཁས་བཤད་དང་དབང་ཤུགས་ཀྱིས་བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ཚོགས་པར་ཞི་འཇམ་ཐོག་ས་ལ་བརྡབ་རྒྱུ་ཡོད་ཚད་བརྡབས་ཏེ། དབང་ཡོད་ཀྱིས་གཞོན་ནུ་ལྷན་ཚོགས་ནས་ལྷ་དགོངས་དང་གསལ་གྱི་དགོངས་གསལ་མི་ཞུ་ཀ་མེད་བཟོས་སོང༌། ཉམ་ཆུང་གཞོན་ནུ་ཚོགས་པ་སྙིང་རེ་རྗེ་ཨང༌། གནས་ཚུལ་དེ་དག་མ་འོངས་པར་གཞོན་ནུར་མ་ཉེས་ཁ་གཡོགས་ཀྱིས་ནག་ཉེས་ཀྱི་ལོ་རྒྱུས་ནང་གསལ་ཐུབ་པ་མངོན། །
ཁྲི་ཟུར་མཆོག་ནས་གསལ་བཤད་གནས་ལ་ཁེལ་བ་ཞིག་གནང་འདུག་་་ང་དང་ང་འདྲ་བར་འཕན་ཐོག་ཆེན་པོ་འདུག་པར་བཀའ་དྲིན་ཆེ་ཞུ་་་་།
དགའ་ལྡན་ཕོ་བྲང་གི་སྐུ་ཚབ་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་སློབ་ཁ་གསལ་ལ་གོ་བདེ་བ་ཞིག་གནང་འདུག་པས། དེ་གནད་དུ་འཁེལ་འདུག་པས་ཚང་མས་ཡིད་ལ་འཇགས་རོགས།