དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱི་གསུང་བཤད། Posted on 2015-02-112015-02-11 By ཁ་བརྡ 6 Comments on དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱི་གསུང་བཤད། གློག་བརྙན་།
རྒྱ་བོད་འབྲེལ་ལམ་དཀའ་ངལ་དེ། ། རྒྱ་བོད་གཉིས་ཀྱིས་བསལ་དགོས་རེད། ། ང་ཚོ་ཡུལ་གཞན་འཁྱམས་དགོས་པ། ། རང་ཡུལ་རྙོགས་ཁྲ་ཡོད་པའི་རྟགས། །
བོད་རྒྱའི་དཀའ་སྒོགས་མི་གི་བཟོས་། བོད་རྒྱ་ས་སྦྲེལ་ཁྱིམ་མཚེས་ཆགས་། ཕར་བཤད་ཚུར་ཉན་ཚུར་བཤད་ཕར་ཉན་བརྒྱུད་། མི་དང་མི་ཐུག་དཀའ་སྙོགས་གསེལ་ན་དགའ་། རྒྱལ་ཁབ་གཞན་གྱི་བར་འདུམ་འཚོལ་བ་དེ་། ཕན་མེད་གནོད་དུ་དུག་ལྟར་འགྲོ་སྲིད་པ་། ང་ཚོར་བརྗེད་ཐབས་མེད་པའི་བསླབ་ཆ་ཐོབ་ཡོད་ན། མ་བརྗེད་སེམས་ལ་བཞག་ནས་ལས་འགན་སྒྲུབས་། ཧ་ཧ་ཧ་བོད་རྒྱའི་དཀའ་གསེལ་ཕྱི་ནས་ཉོ་རྒྱུ་མེད་། བོད་རྒྱའི་དཀའ་གསེལ་ནང་ནས་སྒྲུབ་རྒྱུ་མེད་། བོད་རྒྱའི་དཀའ་གསེལ་མི་དང་མི་ཐུག་ནས་། དཀའ་ངལ་གསེལ་བ་འཛམ་གླིང་ཀུན་གྱི་ལུགས་།
སྐད་ཆ་ཐག་ཆོད་པོ། དྲིས་ལན་དོན་དང་འབྲེལ་བ། ཕྱོགས་སུ་མ་ལྷུང་པ། གང་ཤེས་ཚད་དྲང་པོ་དྲང་བཞག་གིས་བཤད་འདུག སྐུ་སྒེར་དྲུང་ཆེའི་མིང་ཁུར་མཁན་ཞིག་ལོས་ཡིན་སྙམ་པ་ཞིག་འདུག །འོན་ཀྱང་རྒྱ་བོད་གྲོགས་པོ་བཟོ་དུས་ཐིག་རྩ་ཞིག་མེད་ན། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་གཡོ་འོག་ཏུ་ཚུད་པ་ལྟ་བུ་སླར་ཡང་ཡོང་བར་ངེས། བོད་ཀྱིས་སྡུག་སྐད་བཤད་ན་འགྲོ་ས་དེ་རྒྱ་ནག་གི་དམངས་གཙོའི་ལྟ་བ་ཡོད་མཁན་ཕྱོགས་རེད། གྲངས་བརྒྱ་ཆའི་ལྔ་ལ་སླེབས་དཀའ། རྒྱ་མི་མང་ཆེ་བ་རྒྱ་ནག་ལུགས་ཀྱི་མི་དམངས་མང་གཙོ་ཟེར་བ་དེར་དགའ། རྒྱ་ནག་ཆེན་པོའི་ལྟ་བ་འཛིན་མཁན་རིགས་ཀུན་གྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་མེད་པའི་ཐབས་ལ་བརྩོན་དགོས་པར་འདོད། རྒྱ་ནག་རིག་གནས་་ལས་ལྷག་པ་མེད། དེའི་ནང་དུ་ཐམས་ཅད་འདུ། གཞན་པ་ཐམས་ཅད་དེ་དར་བའི་འགག་རྡོ་ཡིན་ཟེར་མཁན་ཤིན་ཏུ་མང་། དྲུང་ཆེའི་ཡང་དེ་གོ་ནས་ཆེད་དུ་རིག་གནས་སྐོར་བཤད་པ་འདྲ། མ་བཤད་ན་མི་གོ། བཤད་ན་རྒྱ་ནག་ལ་ཉེན་བརྡ་བཏང་བ་དང་གཉིས་སུ་མེད། བཤད་པ་ཉུང་ལ་ལག་ལེན་མང་ཙམ་བྱས། ནང་ན་གསལ་ཞིང་ཕྱི་ན་མི་མི་མངོན་པ་ནི་ཆབ་སྲིད་མཁས་པ་རྣམས་ཀྱི་འགྲོ་སྟངས་ཤིག་རེད། འོན་ཀྱང་གོང་ས་མཆོག་གིས་ཕྱི་གསལ་ནང་གསལ་དུས་རབས་ཉི་ཤུ་པའི་འགྲོ་སྟངས་ཟེར་བ་ཞིག་གསུང་རྒྱུ་ཡོད་པ་དེའི་རྗེས་སུ་འབྲངས་བ་ལོས་ཡིན། རྒྱ་ནག་ལ་རིགས་ལམ་དེ་འཕྲོད་མིན་མི་ཤེས། གང་ལ་གང་འདུལ་དེ་ལ་དེར་སྟོན་ནི་ངེས་པར་དགོས། འཚེ་མེད་ཞི་བདེ་ཡོང་བར་ཤོག །རྒྱ་བོད་མཐུན་སྒྲིལ་ཡོང་བར་ཤོག །འགྲོ་ལ་བདེ་སྐྱིད་ལྡན་པར་ཤོག །ཀུན་ལ་གཡོ་རྒྱུ་མེད་པར་ཤོག །
ཁོང་གིས་སྐད་ཡིག་གི་སྒོ་ནས་མི་རིགས་འཇོག་ཚུལ་འདི་ལ་དཔྱད་པ་ཆེ། ཁྲག་རྒྱུན་གཙོ་བོ་བྱས། ཡུལ་སྲོལ་གོམས་གཤིས་སྐད་ཡིག་སོགས་དེའི་ཁྱད་ཆོས་སམ་ཆ་རྐྱེན་གཅིག་རེད་སྙམ།
རྔ་བ་ཚེ་རྒྱམ་ཟེར་ན། རྔ་པ་ཚེ་རིང་རྒྱ་མཚོ་ཟེར་བ་མིན་འགྲོ་སྙམ་སོང་།
རྒྱ་བོད་འབྲེལ་ལམ་དཀའ་ངལ་དེ། །
རྒྱ་བོད་གཉིས་ཀྱིས་བསལ་དགོས་རེད། །
ང་ཚོ་ཡུལ་གཞན་འཁྱམས་དགོས་པ། །
རང་ཡུལ་རྙོགས་ཁྲ་ཡོད་པའི་རྟགས། །
བོད་རྒྱའི་དཀའ་སྒོགས་མི་གི་བཟོས་།
བོད་རྒྱ་ས་སྦྲེལ་ཁྱིམ་མཚེས་ཆགས་།
ཕར་བཤད་ཚུར་ཉན་ཚུར་བཤད་ཕར་ཉན་བརྒྱུད་།
མི་དང་མི་ཐུག་དཀའ་སྙོགས་གསེལ་ན་དགའ་།
རྒྱལ་ཁབ་གཞན་གྱི་བར་འདུམ་འཚོལ་བ་དེ་།
ཕན་མེད་གནོད་དུ་དུག་ལྟར་འགྲོ་སྲིད་པ་།
ང་ཚོར་བརྗེད་ཐབས་མེད་པའི་བསླབ་ཆ་ཐོབ་ཡོད་ན།
མ་བརྗེད་སེམས་ལ་བཞག་ནས་ལས་འགན་སྒྲུབས་།
ཧ་ཧ་ཧ་བོད་རྒྱའི་དཀའ་གསེལ་ཕྱི་ནས་ཉོ་རྒྱུ་མེད་།
བོད་རྒྱའི་དཀའ་གསེལ་ནང་ནས་སྒྲུབ་རྒྱུ་མེད་།
བོད་རྒྱའི་དཀའ་གསེལ་མི་དང་མི་ཐུག་ནས་།
དཀའ་ངལ་གསེལ་བ་འཛམ་གླིང་ཀུན་གྱི་ལུགས་།
ནོར་བཅོད( སྙོགས)