‘རང་དབང་’ཞེས་པའི་ཚིག་དང་‘རང་བཙན་’ཞེས་པའི་ཚིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་མ་ཡིན་པར། གོ་དོན་མི་འདྲ་བ་སོ་སོར་ཡོད་པ་ནི་ཡོངས་གྲགས་ཡིན་པས་ཀུན་གྱིས་མཁྱེན་གསལ་དང་། ཨིན་སྐད་དུ་Freedomཞེས་པ་དང་Independenceཞེས་པ་གཉིས་མིང་ཚིག་བེད་སྤྱོད་སྤྱི་དང་། ཁྱད་པར་སྲིད་དོན་དང་འབྲེལ་བའི་སྐབས་གོ་དོན་ཧ་ཅང་མི་འདྲ་བ་ཡོད་པ་བཞིན། བོད་སྐད་དུའང་‘རང་དབང་’དང་‘རང་བཙན་’གཉིས་ལ་གོ་དོན་མི་འདྲ་བ་ཡོད་པ་༸གོང་ས་མཆོག་གིས་གསལ་པོ་དགོངས་པའི་ཐོག་ནས་གོང་དུ་དྲངས་པའི་བཀའ་རྩོམ་དེ་དག་གི་ནང་‘རང་དབང་’ཞེས་པའི་ཚིག་ལས་‘རང་བཙན་’ཞེས་པའི་ཚིག་བེད་སྤྱོད་གནང་མེད། གལ་སྲིད་རང་བཙན་ཐུགས་ཀྱི་བཞེད་དགོངས་ཡིན་ན་ཚིག་ཀྱང་དེ་རང་བེད་སྤྱོད་གནང་རྒྱུར་སྡེབ་སྦྱོར་དང་བརྡ་སྤྲོད་གང་གི་ཆ་ནས་མི་བདེ་བ་གཏན་ནས་མེད། ༸གོང་ས་མཆོག་གི་བཞེད་དགོངས་ངོ་མ་གང་ཡིན་ཆེས་གསལ་བ་ཞིག་ནི་༸གོང་ས་མཆོག་གི་བཀའ་རྩོམ་དགའ་གདོང་འཕྲིན་བསྐུལ་དུ་“མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།། མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།། འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།། བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།།”ཅེས་གསུངས་ཡོད་ཅིང་། འདི་ལས་གསུང་རྩོམ་གཞན་གྱི་དགོངས་དོན་ཡང་དཔོག་ནུས་པ་ལགས་ན། དྲང་བདེན་ལ་ཡིད་ཆེས་ཡོད་པའི་ཕྱི་ནང་མང་ཚོགས་རྣམས་ཀྱིས་གོ་ནོར་མ་ཐེབས་པ་གནང་གལ་ཆེ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༢༠༡༣ཕྱི་ཟླ་༤ཚེས་༨ལ།། །།
ང་ཡང་དེའི་སྐོར་ལ་ཐེ་ཚོམ་ཕྲན་བུ་ཡོོད་པས། དོགས་གཅོད་གནང་བ་ཐུགས་རྗེ་ཆེ།
མི་ལོ་ཉིས་སྟོང་གོང་དུ་འཕགས་ཡུལ་དུ།།
རྟེན་འབྱུང་རང་དབང་འདོམས་མཛད་བདེ་བར་གཤེགས།།
ཉེར་གཅིག་དུས་སུ་སླར་ཡང་དབུ་མའི་ལམ།།
སྟོན་མཛད་གངས་ཅན་མགོན་པོ་རྒྱལ་གྱུར་ཅིག །
ངོས་ཀྱི་རྟོག་པར་ཡུན་རིང་མ་སོང་ཚེ།།
རང་དབང་རང་བཙན་གོ་དོན་འབྱེད་བློ་དེ།།
དིང་ཉིད་བརྟན་པར་བྱས་སོང་ཀྱེ་མ་ཧོ།།
གང་གི་བཞེད་དོན་བགེགས་མེད་འགྲུབ་པར་རེ།།
འོ་ན་༧ གོང་ས་མཆོག་གིས་ལྔ་བཅུ་ང་དགུ་ནས་ད་ལྟ་བར་རང་བཙན་གཙང་མའི་འཐབ་རྩོད་ཞིག་གནང་མྱོང་མེད་པ་རེད་དམ། ཚད་མེད་ཡོན་ཏན་སོགས་སྨོན་ཚིག་མང་པོ་ཞིག་ཕྱི་ལོ་དོན་བཞི་གོང་དུ་མཛད་པ་ཞིག་མ་རེད་དམ། མདོར་ན་༧གོང་ས་མཆོག་གིས་ད་ལྟ་བར་དུ་རང་བཙན་གཙང་མ་འཐབ་རྩོད་ཅན་གྱི་བཀའ་སློབ་ཚིག་གཅིག་གནང་མ་མྱོང་བ་རེད་དམ། སྤྱི་སྒེར་སུ་ཡིན་ན་ཡང་དྲང་པོ་གནང་རྒྱུ་གལ་ཆེན་པོ་མ་རེད་དམ། རང་དང་ལྟ་གྲུབ་མི་མཐུན་པའི་མི་ཞིག་བྱུང་ན་དངོས་ཤུགས་བརྒྱུད་གསུམ་ནས་མེད་པ་བཟོ་རྒྱུ་དེ་དམིགས་ཡུལ་མཐར་ཐུག་རེད་དམ། ང་དྲི་བ་འདི་དག་བར་མགོ་འཐོམ་སོང་།
༧གོང་ས་མཆོག་གི་ད་ལྟའི་དགོངས་པ་དེ་ནི་དབུ་མའི་ལམ་ཡིན་པ་ལ་རྩོད་པ་ཡོད་མ་རེད། དེ་ལ་རྩོད་པ་བྱས་ན་སྨྱོན་པ་རང་རེད། འོན་ཀྱང་ལོ་ཚིགས་ལ་ལྟ་རྒྱུ་ཡོད་པ་རེད། ༡༩༥༩ ལོར་༧གོང་ས་མཆོག་གིས་བོད་རང་བཙན་ཞལ་གསལ་པོར་གསུངས་ཡོད་པ་རེད། ཚད་མེད་ཡོན་ཏན་མ་དེ་ག་དུས་བརྩམས་གནང་བ་དེ་མི་དྲན། གལ་སྲིད་དེ་ནི་༧གོང་ས་མཆོག་གིས་རང་བཙན་ལ་དགོངས་བཞེད་གནང་བཞིན་པའི་ལོ་ཚིགས་དེ་དག་ལ་བརྩམས་གནང་ཡོད་པ་ཡིན་ན། རང་དབང་ཞེས་པ་ནི་རང་བཙན་ལས་གཞན་དུ་གོ་རྒྱུ་མེད་པ་རེད། གལ་སྲིད་ཁོང་གིས་ཚད་མེད་ཡོན་ཏན་མ་དེ་དབུ་མའི་ལམ་གྱི་དགོངས་གཞི་འཁྲུངས་ཟིན་པའི་རྗེས་ལ་བརྩམས་གནང་བ་ཡིན་ན་དེ་ནི་རང་བཙན་མ་རེད། རང་དབང་ཙམ་ཞིག་རེད། འདི་ལ་གསལ་བཤད་དེ་ཙམ་དགོས་པ་ཨེ་ཡོད་དྲན་ནོ།།
ཡིད་བཞིན་ནོར་བུའི་བོད་དོན་ཐག་གཅོད་ཐད་ཀྱི་དགོངས་དོན་འཛམ་གླིང་མི་དམངས་ཀྱིས་ཇི་བཞིན་གོ་གིན་ཡོད་ན་ཡང་རང་རིགས་མཁས་མིང་འཛིན་པ་དག་གིས་མི་གོ་བ་འདི་ཤིན་ཏུ་ནས་ཤིན་ཏུ་ཡ་མཚར་རོ།
རྡོ་རྗེ་བཀྲིས་ལགས་ནས་དོན་རྡོག་རྡོག་དེ་གསུངས་སོང་། ངས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།
བོད་མི་ཚོའི་བློ་སྣ་དང་བསྟུན་པ། རྒྱའི་རྣ་དང་བོད་ཀྱི་རྣ་བ་གཉིས་ཀར་འགྲོ་ཐབས་༧གོང་ས་མཆོག་གིས་དྲུག་ཅུ་རེ་གྲངས་ནང་”བདེ་སྐྱིད”་ཅེས་པའི་ཚིག་འདི་ཡང་ཡང་གསུངས་འདུག དེ་གསུངས་དགོས་དོན་ཡང་”རང་བཙན”་དང་”རང་སྐྱོང་”གཉིས་ཀ་སྐབས་དེར་ཕྱོགས་སོ་སོའི་རྣ་བར་འགྲོ་རྒྱུར་དཀའ་ངལ་ཡོད་པ་གསལ་མཁྱེན་བྱུང་བས་རེད་ལ། དྲུག་ཅུ་རེ་གྲངས་ནས་བདེ་སྐྱིད་དེའང་དུས་ཚོད་ཀྱི་སྔ་ཕྱི་མ་གཏོགས་རྒྱ་ནག་གི་མཉམ་ཏུ་གྲོས་མོལ་གྱིས་སྒྲུབ་དགོས་པའི་ཐུགས་ཐག་བཅད། གྲ་སྒྲིག་ཞིབ་ཚགས་གནང་བ་ཡིན་ཙང་སྐབས་དེའི་ལས་སྣེ་གཙོས་སེར་སྐྱ་མཁྱེན་ལྡན་མི་སྣ་དུ་མར་བཀའ་བསྡུར་ཞིབ་ལྷུག་གནང་འདུག ཕྱིས་སུ་༧གོང་ས་ཆེན་པོ་རང་གི་ཞལ་ནས་ཀྱང་”ལམ་སེང་རང་སྐྱོང་ཞེས་པའི་ཚིག་དེ་དམར་བཏོན་བརྒྱབས་ན་བོད་མི་ཚོའི་རྣ་བར་འགྲོ་དཀའ་”་ཞེས་ཕེབས་འདུག། མདོ་དོན་སྙིང་བོ་སྐབས་དེར་རང་ཡུལ་འཕྲོག་མ་ཐག་པའི་བྲོས་བྱོལ་བོད་མི་སེར་སྐྱ་ཚང་མས་ཟླ་ངོ་ཁ་ཤས་ནང་རང་ཡུལ་དུ་ཕྱིར་ལོག་རྒྱུའི་རེ་བ་བྱས་སྟབས་སྦག་ས་སོགས་སུ་བར་དོ་བཙུགས་ཏེ་བསྡད་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། འོན་ཀྱང། ༧གོང་ས་ཆེན་པོས་སྐབས་དེ་དུས་ནས་ཐབས་མཁས་ཐུགས་རྗེ་ཆེན་པོས་”རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་”ཞེས་པའི་བཀའ་སློབ་སྩལ་ཏེ། རྒྱལ་སྤྱི་དང་རྒྱ་ནག་གི་གནས་བབ་ནས་ཚུར་རང་རེའི་བོད་ཀྱི་གནས་བབ་ཅི་འགྱུར་ལ་གསལ་གཟིགས་བྱུང་ཡོད་པ་བཀའ་སློབ་དག་མཇལ་བ་ལས་ཤེས་ཐུབ་ཅིང། སྐབས་དེ་ནས་བཟུང་ཆབ་སྲིད་དང་དངོས་ཡོད་གཉིས་ཀར་འཚམས་པའི་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་རང་སྐྱོང་གི་ལམ་བུར་བསྐྱོད་རྒྱུ་ཐུགས་ལ་འཁྲུངས་ཡོད་པ་ནི་གང་ནས་བལྟས་ཀྱང་གསལ་བོ་ཡིན་ནའང། ཤེས་བཞིན་རྙོག་དྲ་སློང་བ་དང་བཤད་ཡམས་བསྐྲུན་པའི་རིགས་འདི་དག་ལ་བདེན་པའི་ལན་འདེབས་བྱ་རྒྱུ་ལས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཙོན་ཁང་ཞིག་སྒོ་ཕྱེས་ན་ཏག་ཏག་རེད་བསམས།།
ཚད་མེད་ཡོན་ཏན་མ་༡༩༦༠ལོར་མཛད། ལྷ་མོའི་འཕྲིན་སྐུལ་༡༩༧༣ལོར་མཛད།
ཐམས་ཅད་མཁྱེན་པས་ཐོག་མཐའ་བར་གསུམ་གྱི་དགོངས་དོན་རྒྱ་ཆེ་གཏིང་ཟབ། མཐའ་གཅིག་ཏུ་དེ་རེད་དང་འདི་ཡིན་ཡིན་མི་དགོས། རང་དབང་ལ་ཆེ་འབྲིང་ཆུང་གསུམ་ཡོད་ཆོག སྐབས་དོན་བོད་ལ་མཚོན་ན་ཚད་མཐོ་སའི་བོད་ཀྱི་རང་དབང་བོད་རྒྱལ་ཁབ་སླར་གསོའི་རང་དབང་ཡིན་ཆོག ཚད་དམའ་ས་ནས་བཤད་ན་བོད་མི་ཚོར་ཡང་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་དག་ངེས་པར་འཐོབ་དགོས། དེའི་བར་ན་བོད་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་ཆེན་པོ་ཞིག་གི་རང་དབང་ཡང་ཡོད་ཡོད་པ་རེད།
དེས་ན་ཅིའི་ཕྱིར་བོད་རང་བཙན་སླར་གསོའི་འཐབ་རྩོད་གནང་བཞིན་པའི་སྐབས་སུ་ཡང་སྨོན་ལམ་དག་གི་ནང་ལ་རང་བཙན་གྱི་ཐ་སྙད་མ་སྤྱད་པ་རེད། དེ་ལ་དགོས་པ་ཆེན་པོ་ལོས་ཡོད།
མདོར་ན་རང་དབང་ཞེས་པ་དེ་ཡར་མར་འཐེན་ཆོག་པའི་ཐ་སྙད་ཅིག་རེད་ལ། ལྷག་པར་སྨོན་ཚིག་ནང་གི་རང་དབང་གཙང་མའི་དཔལ་ཞེས་པ་སྐབས་དེ་དུས་ཚད་མཐོའི་བོད་རང་བཙན་ལ་དགོངས་པར་བཞེད་ན་མི་འོས་པ་ཅི་ཡང་མེད། འོན་ཀྱང་ཚད་མཐོའི་རང་དབང་འགྲུབ་དཀའི་དབུ་མའི་ལམ་ཕྱི་གསལ་ནང་གསལ་གྱིས་ཐག་གཙང་མར་བཅད་རྗེས་ད་དུང་ཡང་དགོངས་གཞི་རང་བཙན་ལ་འགྱུར་བ་སོང་མེད་པའི་གཏན་ཚིགས་སུ་སྔོན་གྱི་གསུང་དག་ལུང་དྲངས་ན་ག་ལ་འཚམ།
ངའི་བསམ་ཚུལ་ལ་སྨོན་ཚིག་དེ་བཞིན་ཞལ་འདོན་གནང་དུས་རང་ཉིད་ཀྱི་ངོས་ནས་རང་དབང་གཙང་མ་ཟེར་དུས་རང་བཙན་ལ་བསམ་ནས་སྨོན་ལམ་འདེབས་ཆོག་ལ། ཡང་དབུ་མའི་ལམ་གྱི་རང་སྐྱོང་གི་རང་དབང་འབྲིང་དེ་འཐོབ་ན་སྙམ་པའི་མོས་པ་བྱེད་ཆོག་པར་མ་ཟད། ད་དུང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་དག་ཀྱང་འཐོབ་དགོས་པར་བསམ་ནས་སྨོན་ལམ་འདེབས་ཆོག་པ་རེད། དེ་དག་ལ་འགལ་བ་ཅི་ཡང་མེད། འོན་ཀྱང་ཆབ་སྲིད་པ་ཚོས་རང་རང་གི་ཞེ་འདོད་ལྟར་གོ་དོན་གཅིག་རང་ལ་འཁྲིལ་བ་ནི་མཐར་ལྷུང་བ་སྟེ་རྒྱལ་བའི་དགོངས་པ་ལས་འདས་པར་བདག་སྙམ་མོ།
རང་བཙན་དང་དབུ་མའི་དབར་རྩོད་པ་བྱས་ན་སྨྱོན་པ་ཡིན།་་་་་་རང་བཙན་ནི་སོ་སོའི་རང་དབང་ཆེད་དུ་ཐོབ་ཐང་རྩོད་ཀྱི་ཡོད་ལ་དབུ་མ་ནི་ཕུགས་རྒྱང་རིང་པོ་ངང་བོད་རྒྱ་གཉིས་སྨན་གྱི་ལམ་ཞིག་ཡིན་ཟེར་ནས་༧གོང་ས་མཆོག་གིས་ཐེངས་མང་པོ་གསུངས་མྱོངས་ཡོད།་་་་་་་རང་བཙན་རྩོད་ན་འདྲ་དབུ་མ་རྩོད་ན་འདྲ་མི་སྒེར་སོ་སོའི་ལྟ་གྲུབ་མིན་འདྲ་མ་གཏོགས་བོད་མི་རིགས་དང་བོད་བསྟན་སྲིད་ཆེད་དུ་ཡིན་པ་ཀུན་གྱི་མཁྱེན་གསལ་རེད་།
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ཆོས་སྲིད་ཟུང་འབྲེལ་་་་འདི་དག་སྐྱོར་དུས་ང་རང་སྒེར་ངོས་ནས་གོང་ལྟར་ལྷ་རབ་བྱུང་ན་རང་དབང་མཐོ་ཤོས་དང་མ་བྱུང་ན་ཡང་རང་དབང་འབྲིང་ལས་མི་ལྷུང་བའི་ཐོག་མི་ཞིག་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་འོས་པའི་རང་དབང་དག་ལྷག་པར་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་དག་བོད་མི་ཚོར་འཐོབ་ན་ཅི་མ་རུང་སྙམ་གྱིན་ཡོད། སྒོམ་གྱིན་ཡོད། སྨོན་གྱིན་ཡོད།
རང་བཙན་འཐོབ་ན་ཅི་མ་རུང་སྙམ་པ་དང་དེ་འཐོབ་པར་སྨོན་ཞེས་སྨོན་ལམ་སུས་ཀྱང་འདེབས་ཆོག དཔེར་ན་སངས་རྒྱས་གོ་འཕང་འཐོབ་པར་སྨོན་ལམ་འདེབས་པ་དང་འདྲ། ཡིན་ན་ཡང་དེ་ནི་སྨོན་པ་སེམས་སྐྱེད་དང་འདྲ་བ་ལས་འཇུག་ལ་སེམས་སྐྱེད་ཆགས་མེད། བདག་རང་ཉིད་ལ་མཚོན་ན་དེ་ལྟར་ཡིན། རང་བཙན་ཐོབ་ན་མི་བསམ་པ་དང་སྤྡད་ཀྱང་མི་ལེན་པའི་བསམ་བློ་མེད། འོན་ཀྱང་དེ་ནི་སྨོན་ཡུལ་གྱི་རྨི་ལམ་ཙམ་དུ་བསམས་ནས་དོན་གྱི་འཇུག་ལམ་ནི་དབུ་མའི་ལམ་ཉིད་དོ། ད་དུང་ཆོས་སྲིད་ཟུང་འབྲེལ་ལ་ཡང་སྨོན་ལམ་འདེབས་ཀྱིན་ཡོད། མི་འདྲ་ས་ནི་ཟུང་དུ་ཇི་ལྟར་འབྲེལ་ཚུལ་སྐོར་ཡིན། འདི་སྐབས་དོན་མིན་པས་མི་གླེང་ངོ།
ངས་ད་དུང་ཡང་་་་་ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ་་་་་ཞེས་པ་འདིའི་གོ་དོན་རྡོག་རྡོག་ཅིག་གོ་གི་མི་འདུག་པས་་་་་འགྲེལ་ཞིག་ཡོད་ན་དགའ་བ་ལ་ཨང་།
ད་རང་རང་གི་བསམ་ཚུལ་གྱིས་ཕར་འགྲེལ་བཤད་མང་པོ་རྒྱབ་ན་འཁྲུགས་འགྲོ་གི་རེད། དེ་ལས་༧གོངས་མཆོག་གི་བཀའ་སློབ་དག་བསྐྱར་མཇལ་ཅིག་བྱས་རྗེས་གསུང་འགྲེལ་བསྐྱོན་ནའང་བོད་ལ་ལུགས་སྲོལ་ཡོད་པ་རེད། ཡིན་ནའང། སྐབས་འདིར། ༧རྒྱལ་བ་རང་གི་ཕོ་བྲང་ནས་སྐབས་དེ་དུས་རང་དབང་རང་བཙན་གྱི་དོན་གནད་ཞིབ་མཁྱེན་ཐོག་རང་དབང་ཞེས་པའི་ཚིག་དེ་བེད་སྤྱོད་གནང་ཡོད་པ་དང། དེ་བཞིན་རང་བཙན་བརྩད་པའི་དུས་སྐབས་ནས་བྱུང་བས་ནང་དོན་རང་བཙན་ཡིན་ཞེས་པ་དེའང་བློ་གྲོས་ཞན་པ་རྣམས་མགོ་བོར་རྨོངས་གཞིར་འགྱུར་ངེས་སྟབས། ལོག་འགྲེལ་དེ་ལ་ཡིད་ཆེས་མི་གནང་བ་ནན་སྐུལ་གནང་འདུག་པ་འདི་ལས་ཡར་འཐེན་མར་འཐེན་དགོས་ཀྱི་མ་རེད་འདོད།།
རང་དབང་ཞེས་པ་གང་དུ་འཐེན་ཆོག་ཆོག་ཅི་ལྟར་རེད། དེ་མ་རེད་འདོད།
རྒན་ཆབ་བྲག་གིས་རང་དབང་འབྲིང་དང་ཆེ་ཆུང་ཟེར་བ་བཀར་གྱི་ཡོད་པ་འདྲ།
དེ་ཧ་ཅང་མགོ་ཉོག་ཚ་བོ་རེད། འདིའི་རིགས་མ་གླེང་ན་ཡག་གི་བསམས། གལ་སྲིད་གླེང་དགོས་ཚེ། ཁོ་བོར་མཚོན་ན་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་གི་རང་དབང་རང་དབང་འབྲིང་བ་མིན་པར་རང་དབང་ཆེན་པོ་ཡིན། དེ་ཆེན་པོ་བཞི་ལྡན་ཡང་རེད།
༡ བོད་རིགས་ཡོངས་རྫོགས་ཤི་ན་གསོན་ན་སྐྱིད་ན་སྡུག་ན་སྐྱིད་སྡུག་མཉམ་མྱོང་ཡིན་པ་བློས་མི་གཏོང་བ། ༢ བློས་མི་གཏོང་བའི་སྐྱིད་སྡུག་མཉམ་མྱོང་དེས་བོད་ཀྱི་ཆོས་རིག་སྲོག་ཤིང་དུ་བཟུང་དེ་བོད་ཀྱི་ངོ་བོ་ཁྱད་ནོར་སྲུང་འཛིན་བྱེད་པ། ༣ དེ་སྲུང་འཛིན་བྱེད་པར་རྣམ་དཔྱོད་དང་རང་གཞན་གཉིས་སྨན་གྱི་ཞི་བ་འབའ་ཞིག་གི་སྤྱོད་པ་དང་དུ་ལེན་པ། ༤ སྤྱོད་པ་དམ་པ་དེས་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཙམ་མིན་པར་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་ལོ་རྒྱུས་ལྡན་པའི་རང་སྐྱོང་ཞིག་འཛུགས་རྒྱུ་དེ་རེད།
ཆེ་བ་བཞི་ལྡན་འདི་ནས་བལྟས་ཚེ་ད་ལྟ་དང་དེ་སྔའི་བཙན་བྱོལ་ནང་གི་རང་བཙན་ལ་ཁྱད་ཆོས་གང་ཡང་མེད་ལ། ད་ལྟ་ད་དུང་ཡང་རང་བཙན་དེ་ཡང་སྙིང་ག་འདྲ་ཞིག་རྩོད་ཀྱི་ཡོད་མེད་གསལ་ཁ་གང་ཡང་མེད། རྒྱུ་མཚན་དེས་དབུ་མའི་ལམ་གྱི་རང་སྐྱོང་དེ་རང་དབང་འབྲིང་བ་ཞེས་བོས་ན་རིགས་པ་དང་དངོས་ཡོད་གཉིས་ཀར་འགལ་ཚར་བ་རེད།
ཁ་བརྡ་ལགས། ངས་རྩོམ་ཞིག་བསྐུརད། ཁ་བརྡར་འགོད་པར་གསོལ་བར་འདེབས་སོ།།
སྤྱིར་ན་སྨོན་ཚིག་འདི་བོད་མི་ཚང་མས་བཏོན་བཏོན་ནས་ལོ་ངོ་ལྔ་བཅུ་ལྷག་འགོར་ཡོད། དེའི་ནང་དོན་དེང་སང་སྔོག་དགོས་པ་ཞིག་ཆགས་སོང། དོན་གྱི་བདག་པོ་རྒྱལ་བ་རང་ངོས་ནས་དེར་གསལ་འགྲེལ་རེ་གནང་ཡོད་ན་ང་ཚོས་རྩོད་པ་བྱེད་དགོས་དོན་མེད། སྤྱི་འཐུས་སྒེར་བ་ཞིག་གིས་གྲོས་ཚོགས་ནང་སྔ་རྗེས་གཉིས་སུ་ཤུགས་ཆེན་པོ་བྱས་ནས་གླེང་སོང། དེ་ལ་བཀའ་ཁྲི་སྔོན་མས་འགྲེལ་བཤད་འཚམ་པོ་ཞིག་བསྐྱོན་གནང་ཡོད། ད་ལྟ་དགའ་ལྡན་ཕོ་བྲང་ངོས་གསལ་བཤད་ཅིག་གནང་འདུག འདི་ལྟར་ཡོང་དུས་ང་རང་ཚོ་མི་སྒེར་ངོས་ནས་བསམ་ཚུལ་ངོ་མ་འདོན་རྒྱུ་གལ་ཆེན་པོ་འདུག་བསམ་བྱུང།
ང་རང་སྨོན་ཚིག་འདི་སྐྱོར་མཁན་ཞིག་ཡིན་པའི་ཆ་ནས་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ཟེར་བར་གོ་བ་ག་རེ་བླངས་ནས་སྨོན་ལམ་རྒྱག་གིན་ཡོད་པ་དེ་གསལ་བོ་བཤད་པ་ཡིན། ངས་རང་ངོས་ནས་ལོ་རྒྱུས་རང་བཞིན་གྱི་བོད་བཙན་པོའི་སྐབས་ཀྱི་རྒྱལ་ཁབ་དེ་སླར་གསོ་ཐུབ་ན་བསམ་པ་ནི་རང་དབང་གཙང་མ་ཚད་མཐོ་ཤོས་དེ་རེད་སྙམ། དེའི་འཕྲོ་ནས་ད་ལྟའི་དབུ་མའི་ལམ་འདི་ཉིད་ཀྱང་རང་དབང་གཙང་མའི་རང་བཞིན་ཅན་གྱི་ཚད་འབྲིང་བ་དེ་རེད་འདོད། གཞན་བོད་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་དང་ལྷན་སྐྱེས་ཀྱི་མི་ཞིག་གི་མི་ཚེ་རང་དབང་ངང་སྐྱེལ་རྒྱུའི་སྐལ་བ་ཞིག་བོད་མི་ཡོངས་ལ་ཐོབ་ན་དེ་ཡང་མི་དམངས་ཀྱི་ངོས་ནས་རང་དབང་གཙང་མ་ཞིག་ལོས་ཡིན་སྙམ། མདོ་དོན་རང་དབང་ཞེས་པ་དེས་བོད་ལ་དོན་ངོ་མའི་བདེ་སྐྱིད་ཅིག་ལྡན་པར་སྨོན་པ་ལས་མ་འདས་སོ།
གཞན་ཐ་སྙད་ཀྱི་ཆ་ནས་ཀྱང་དབུ་མ་ཟེར་བ་དེ་ལམ་གོང་མ་དང་འོག་མ་གཉིས་ཀྱི་བར་ཡིན་པ་རེད། གོང་མ་དེ་རང་བཙན་དང་འོག་མ་དེ་ད་ལྟའི་ས་གནས་རང་སྐྱོང་རྫུན་མ་འདི་རེད། ད་གཉིས་ཀྱི་བར་མ་བོད་རིགས་ཡོངས་རྫོགས་རང་སྐྱོང་ཆེན་པོ་གཅིག་གི་རང་དབང་གཙང་མ་འདི་རེད། འདི་ལ་རེ་བ་ཡོད་པ་དང་དགེ་མཚན་ཡོད་པ་ཁས་གནའ་ནས་བླངས་ཡོད། འོན་ཀྱང་འདི་ཉིད་བོད་མིའི་མངོན་འདོད་ཀྱི་རང་དབང་ཐོབ་ཐང་མཐོ་ཤོས་ཡིན་པའི་ངོས་འཛིན་ནམ་ཡང་བྱས་མྱོང་མེད། ནོར་ཡོད་སྲིད།
དགེན་ལགས་ཁ་གསལ་གི
ད་ངོ་མ་བཤད་ན། ད་ལྟའི་དབུ་མའི་ལམ་གྱི་རང་སྐྱོང་གི་མངོན་འདོད་འདིས་སྔོན་མའི་བཙན་པོའི་རྒྱལ་རབས་སྐབས་ཞེས་རང་ཅག་གིས་ངོམ་ངོམ་འཕྱར་འཕྱར་བྱེད་པ་དེའང་མོག་པོར་བྱས་ཡོད་པར་འདོད། གང་ཡིན་ཞེ་ན། མཚམས་རེར་ཡིན་པའི་ཟོལ་དང་ལན་རེར་མིན་པ་འདྲ་བའི་མགོ་རྙོག ་རྩབ་ཧྲལ་ཅན་གྱི་ལོ་རྒྱུས་ཀྱི་སྙིང་སྟོབས་དེ་ལས་དེ་རིང་དངོས་མཐོང་ལག་སོན་གྱི་བོད་རིགས་ཡོངས་རྫོགས་སྐྱིད་སྡུག་མཉམ་མྱོང་འདི་ཤིན་ཏུ་ནས་རླབས་ཆེན་པོར་མཐོང་བས། འཐབ་རྩོད་འདིའི་སྒྲུབ་བྱའི་རང་དབང་ནི་བོད་མི་རིགས་ཀྱི་འདས་མ་ད་གསུམ་གང་ནས་བལྟས་ཀྱང་ཆེས་ཆེན་པོ་ལས། འབྲིང་བ་དང་ཆུང་བ་གང་ཡང་མ་རེད་འདོད་པ་ཙམ་ཡིན། གཉིས་ནས། དེང་གི་རང་བཙན་རྩོད་པར་སྨྲ་བ་དག་ལ་རྩོད་གཞིའི་རང་བཙན་ཡང་ཁ་གསལ་ཞིག་མེད་པ་གསལ་ཐིང་ཐིང་རེད་འདུག་པས། འདི་ལ་འབྲིང་ཞེས་བོས་ན་ནོར་བུའི་ནོར་ཉམས་མ་ཆོད་པ་མིན་ནམ་སྙམ་པའི་འགྱོད་སེམས་ཤིག་སྐྱེས་ཀྱི་འདུག
ད་ཡིན་ན་ཤར་ཁུག་། རྒྱས་དབུ་མ་ཚུར་མ་སྤྲད་གོང་ནས་ཁྱེད་ཀྱིས་རྒྱ་དར་ཤར་དགོས་དོན་ཅི་རེད་། ༧གོང་མཆོག་གིས་དབུ་མ་ཡིན་ན་རྒྱ་དར་ཤོར་གང་ན་གསུངས་ཡོད་ཀི་། ངས་ལྟས་ན་མཁས་བ་ནོར་ན་འདོམ་གང་ཟེར་བ་བཞིན་། ཁྱེད་ཀྱིས་སྤྱི་ཚོགས་སུ་དབུ་མ་ལོག་འགྲེལ་མ་བྱེད་རོགས་།
༄གོངས་ས་མཆོག་གི་དགོངས་པ་དངོས་ནི་སྐུ་དངོས་རང་གི་ལོ་མང་རིང་ཐེངས་བརྒྱ་ཕྲག་མང་པོ་གསུང་ནས་བོད་ཕྱི་ནང་ཚང་མར་གསལ་གསལ་ཐིང་ཐིང་རེད་ ད་རེས་སྤྱི་མཐུས་ཀ་རྨ་་ཆོས་འཕེལ་ནས་དེ་ལྟར་ཐེངས་གཅིག་བཤད་པར་ དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་གསལ་སྒྲགས་དང་ རླུངས་འཕྲིན་གསུམ་ནས་རྒྱ་གྲགས་བོད་གྲགས་གནང་དགོས་དོན་ཨ་ཡོད་ ཀ་རྨ་ཆོས་འཕེལ་ཞེས་པ་དེ་རྐུ་མ་སྐད་གྲགས་ཅན་དང་ར་བཟི་ཞིག་ཡིན་པ་བཙན་བྱོལ་སྤྱི་ཚོགས་ནང་དོ་སྣང་ཡོད་པ་རྣམས་ཀྱི་ཤེས་གསལ་རེད་་ དེའི་སྐད་ཆ་བོད་ནང་གསལ་བསྒྲགས་གནང་དགོས་སམ་ རྩ་བའི་མི་སྒེར་རེ་གཉིས་ཞིག་གི་བསམ་ཚུལ་དང་བལྟ་ཚུལ་མི་འདྲ་བ་བཤད་པ་ལ་ཐུགས་ཕམ་དང་བོད་ཕྱི་ནང་ཡོངས་ལ་གསལ་བསྒྲགས་གནང་བ་ལས་མ་གནང་ན་ལེགས་། དེ་ང་རང་གི་མཐོང་ཚུལ་ཡིན་་་་
༧གོང་ས་མཆོག་གི་བཀའ་སློབ་དག་ལ་མཇལ་བ་ཡིན་ན་་་རིགས་པའི་ལམ་ན་སྒྲུབ་བྱེད་པང་སྒྲིག་ནས་ཡོང་ན་་་་དེ་ལ་ཡང་འགྲེལ་ཞིག་དགོས་ཀྱི་མི་འདུག་བསམས། ད་དུང་༧གོང་ས་མཆོག་རང་གི་ཐུགས་དགོངས་དངོས་ནི་བོད་ནས་བཟུང་སྟེ་དངོས་ཡོད་གནས་ཚུལ་དང་བསྟུན་ནས་བོད་རིགས་ཡོངས་ལ་ཉེ་རིང་མེད་པའི་སྲིད་བྱུས་ཤིག་འཛིན་བཞིན་པ་དེས་མཚོན་སྟབས། རང་བཙན་་ཞེས་ཞེ་དྲག་འབུར་དོད་ཁེ་གཙང་དུ་འདོད་མཁན་ཞིག་མིན་པའང་མཛད་འཕྲིན་སྐྱོང་སྟངས་ལ་དཔག་ན་ཚོད་དཔག་ཐུབ་ཀྱི་འདུག་སྟབས། གཉིས་སྨན་དང་འདྲ་མཉམ། མཉམ་གནས་བྱ་རྒྱུའི་ཐུགས་འདུན་ནི་ཆུང་ཆུང་སྐབས་ནས་ཡོད་པ་ཡིན་དུས། དབུ་མའི་ལམ་གྱི་སྲིད་བྱུས་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་བྱས་པའི་ལོ་མཚམས་ཤུགས་ཆེར་འདོན་ཁུལ་བྱེད་པ་དེ་ནི་༧གོང་ས་མཆོག་གང་ཉིད་མི་དཀྱུས་མ་ཞིག་ཏུ་ངོས་བཟུང་བ་དང་འདྲ་ལ། རླབས་ཆེན་དགོངས་གཞི་དང་འདི་ཕྱིའི་སྐྱབས་གནས་ཡིན་ཞེས་བགྲང་བསྡད་པ་དེ་ལའང་རྒྱུ་མཚན་ཆུང་ཆུང་ཞིག་གམ་དགོས་དབང་ཞིག་ཡིན་པའི་རྟགས་བསྟན་པ་ཙམ་རེད་འདོད་པས།།
མདོ་དོན་ཀརྨ་ཆོས་འཕེལ་ལ་༧གོང་ས་མཆོག་སྐྱབས་གནས་ཀྱང་དགོས་ཀྱི་མ་རེད་ལ། མཁྱེན་རླབས་ཟླ་བྲལ་ཞིག་ཡིན་པ་ར་འཕྲོད་འདོད་མེད་ཁར། ཆོལ་གསུམ་ཆིག་སྒྲིལ་དམ་འཛིན་གནང་བས་ཉོབ་ཡོད་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་གློ་བུར་གཞན་གྱི་སློབ་སྟོན་ཤུགས་ཆེའི་འོག་བྱུང་བ་ཞིག་ཡིན་པར་ངོས་བཟུང་འདུག་པ་ནི་སྤྱི་འཐུས་སྒེར་གྱི་གསལ་བཤད་འདིའི་ཀུན་སློང་དངོས་གནས་དེ་རེད་འདོད།། དེའི་ཆ་ནས་ང་ཚོའི་ཕྱི་པགས་གླེང་བའི་ལས་ཀ་འདི་རིགས་ལ་གསན་འཇོག་མེད་པ་དང་ཡིག་ལྷགས་ཡིན་པའང་གསལ་བོ་རེད།།
ད་ལྟའི་དབུ་མའི་ལམ་གྱི་འོག་ནས་མི་ལོ་ཉི་ཤུ་འདས། བོད་མི་བརྒྱ་ལྷག་མེ་ལ་འབུད། བོད་ས་ཡོངས་རྫོགས་རྒྱ་ཡི་ཁེངས། བོད་ཀྱི་བཅུད་རྣམས་གཏོར་བཅོམ། བོད་སྐད་བོད་གཤིས་རྒྱ་འགྱུར། རེད། དེ་དག་ཐམས་ཅད་སྔར་བཙན་པོའི་རྒྱལ་རབས་རྩབ་ཧྲལ་ལས་ལྷག་པ་བྱུང་པ་རེད། མ་གཞི་ད་ལྟ་དབུ་མ་ཞེས་པའི་ཐ་སྙད་དེ་ཡང་བཙན་པོའི་དུས་སུ་ནང་ཆོས་དེ་བོད་དུ་མ་བླངས་ན་གང་ནས་བྱུང་བ་རེད་དམ། དབུ་མ་དེ་ཁ་ཚ་དགོས་སྡུག་གི་ཐོག་ནས་འུ་ཐུག་གི་ལམ་ཞིག་ལས་བོད་རིགས་མི་རེ་ངོ་རེའི་ཕུག་བསམ་གྱི་འདོད་པ་ཞིག་མ་རེད།
ཆབ་ཕྲག་ཕོ་ཉ་ནས་གོང་གི་བསྔོས་སྨོན་དག་ལ་བློ་གཟུ་བོར་གནས་པས་ཐོག་ནས་དཔྱད་པ་བྱས་འདུག་པས་དགའ་བསུ་ཞུ། སྤྱི་འཐུས་སྒེར་ནས་སྔོན་གྱི་བསྔོ་སྨོན་ལུང་འདྲེན་གྱིས་ད་ལྟའང་༸གོང་ས་མཆོག་གི་འདོད་དོན་དེ་རང་ཡིན་པ་གསུངས་པ་དེར་ངོས་ལེན་མེད། འོན་ཀྱང་གོང་མོས་བཞིན་ཟམ་གདོང་བླ་མའི་༥༩་ནས་ད་བར་བསྔོ་སྨོན་འཕྲིན་བསྐུལ་ནང་གི་༼རང་དབང་༽ཟེར་བ་ཐམས་ཅད་དབུ་མ་ལ་གོ་དགོས་ཟེར་བ་དེར་ངོས་ལེན་ཞུ་ཐབས་མིན་འདུག སྐུ་མདུན་སྐུ་སྒེར་ཡིན་ནའང་རང་གི་འདོད་ཕྱོགས་འགྱུར་མི་སྲིང་པ་མ་རེད་ལ་མ་ཆོག་པའང་མ་རེད། ཟམ་གདོང་བླ་མས་ཡང་མ་ཤེས་ཤེས་མདོག་གིས་རང་དབང་ལ་འགྲེལ་བ་གཅིག་རང་རྒྱག་པ་དེ་དྲང་པོ་མ་རེད།
ཤར་ཁུག་གི་འཆལ་གཏམ་ལ་མི་ཉན། ཁོང་གི་དང་པོ་བོད་གཞུང་ལ་ཁ་བཏང་ནས་གཞུང་ནས་འབུད། དེ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པར་ལས་ཀ་ཞུས་ནས་མ་རག མཐར་དབུ་མའི་ལམ་མི་མང་ལས་འགུལ་ནང་བཞུགས། རང་སྣང་གང་དྲན་གྱི་རྒྱ་དར་འཆར་ནས་མཐར་དེ་ནས་འབུད། ད་ཁ་བརྡ་དང་དུས་བབ་སོགས་དྲ་ཚིགས་འདྲ་མིན་ནང་བོད་མི་ཕུ་དཀྲུག་མདའ་དཀྲུག་བྱས་ནས་དུས་བསྐྱལ་ནས་ཡོད་པ་གསལ་གསལ་རེད།
ཀརྨ་ཆོས་འཕེལ་ལ་གཏམ་རྩལ་ཅུང་ཡོད། དོན་ངོ་མ་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོའི་ཤེས་ཚད་དང་མང་ཚོགས་རྒན་གྲས་རིགས་ཀྱི་གོ་རྟོགས་ཀྱི་ཚད་གཞི་ང་ཚོར་ལོས་གསལ། ལྷག་པར་གཞོན་སྐྱེས་ཚོས་སྔ་འདང་ཕྱི་འདང་རྒྱག་མི་ཤེས་ལ། སྨོན་ཚིག་འདི་དག་སྐྱོར་གི་ཡོད་ཀྱང་དོན་གོ་གི་མེད། ཁོ་ཚོ་ཚོར་སྣང་སྐྱེན་པ་དང་མི་རིགས་ཀྱི་ཞེན་ཁོག་ཆེ་བས་རང་བཙན་གྱི་ལམ་སྣེར་ཁྲིད་ཆོག་ཆོག་འདྲ་བོ་ཡོད། ལྷག་པར་ཀརྨ་ཆོས་འཕེལ་གྱི་གྲོས་ཚོགས་ནང་གི་གཏམ་བཤད་རྒྱ་ཡིག་ལ་བསྒྱུར་ནས་ཁྱབ་བསྒྲགས་བྱེད་འདུག་པས། དེས་རྒྱ་མི་རིགས་ཀྱང་འཐོམ་ཉེན་ཡོད། གསལ་བཤད་ནན་པོ་ཞིག་མ་བྱས་རང་བྱས་འདྲ་བོ་རེད། འོན་ཀྱང་ངའི་རེ་བ་ལ་སྐུ་མདུན་རང་ངོས་ནས་གསུང་ཆོས་ཤིག་གི་སྐབས་དང་བསྟུན་ནས་་སྨོན་ཚིག་འདི་དག་ལ་གསལ་འགྲེལ་ཞིག་གནང་ན་ཡག་པོ་ཡོང་ས་རེད་འདོད་དོ།
ཉེ་སྔོན་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་མདོ་དབུས་ཁམས་གསུམ་གྱི་སེམས་ནང་དུ་རྡོག་རྩ་གཅིག་སྒྲིལ་ངོ་ཤུག་ཆེན་པོ་བྱུང་ཡོད་པ་དེ་ཧ་ཅང་གི་དོན་བཟང་ཆེན་པོ་རེད་གསུངས། ད་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་ཐུགས་སྲས་སྤྱི་འཐུས་སྤྱི་འཐུས་པ་ཀརྨ་ཆོས་འཕེལ་གྱིས་གསུངས་སྟངས་དེ་ཞོ་བཞིན་དུ་འཇམ་བུ་བསྙལ་ཡོད་སྐབས་ཁྲག་མཚོ་ལྟ་བུ་ལས་ངན་དེ་མ་གནང་རོག། ཡང་གནས་ཚུལ་འདི་རིགས་གཞི་ལུས་བོད་ནས་སྐུ་སྲོག་བརྒྱ་ལས་བརྒལ་ཟིན་གནས་ལུགས་དེ་ཚོ་ཕྲོ་བརླག་མ་གནང་སྤྱི་འཐུས་ལགས།
ཁ་སང་ངའི་གྲོགས་པོ་སྨན་པ་ཞིག་གཟེངས་རྟགས་ཐོབ་ནས་རྡ་ཞོལ་ང་ཚོ་སྐོར་ཞིག་ལ་དགོང་ཟས་སྤྲད། སྐབས་དེར་གང་ལ་གང་འཚམས་ལས་འགན་ཅན་རྐྱང་རྐྱང་འདུས། གཞུང་གི་ལས་བྱེད། སྨན་པ། སྤྱི་ཚོགས་ཞབས་ཞུ་བ། གཞུང་འབྲེལ་མིན་པའི་སྣེ་ཁྲིད་སོགས་སྣ་མང་འདུག ད་དུང་མཐོ་སློབ་པ། དེ་བཞིན་གཞིས་མགོ་ཁ་ཤས་བཅས་ཡོད། སྐད་ཆ་རྒྱལ་བ་བཅུ་གསུམ་པའི་གསུང་འཕྲིན་ཁྱབ་བསྒྲགས་སྟེང་བབས། ངེད་ལ་དྲི་བ་བཏང། རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ལ་དྲི་བ་བཏང། ངས་རང་གི་སྔ་མོའི་ལྟ་ཚུལ་རྣམས་བཤད། ཡར་བཤད་མར་བཤད། སྐད་ཆ་བཤད་བཤད་མཐར། རང་བཙན་SFTསློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་བརྟན་རྡོ་རྗེ་ལགས་ནས་གསུང་འཕྲིན་དེ་ཡག་པོ་ཞིག་མཁྱེན་མེད་པ་ང་ཚོར་ར་འཕྲོད། འགྲེལ་བཤད་རྒྱབས་ཀྱང་མ་རྟོགས། ད་དུང་ཁོས་གསུང་འཕྲིན་ནང་ཨ་མདོ་ཞེས་པའི་ཚིག་ཅིག་ཡོད་པ་དང། མདོ་སྨད་ཅེས་པ་དེས་ཁམས་དང་ཨ་མདོར་གོ་བ་ལོན་ཐུབ་ཚུལ་བཤད། ང་ཚོ་གད་མོ་བགད། མཇུག་མཐར། SFTདེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ཡིན་པ་ལས། ལས་འགུལ་ཚོགས་པ་ཞིག་མིན་ལབ། ཡང་གད་མོ་བགད། ཚང་མས་བཏུང་ཡོད་པ་རེད། སྐད་ཆ་ཁ་ཐུག་རེད། ཁ་ཐུག་ཁ་ཐུག་དེ་འདྲ་མང་པོ་བྱུང། མཐའ་མ་དེ་འཇམ་དབྱངས་ནོར་བུའི་ཁ་ལ་ཉན་ན་ད་གར་འགྲོ་གང་ཤེས་ཅེས་མཇུག་བསྡུས་པ་ཡིན། དེ་རིང་དྲ་གྲོགས་ཤིག་གིས་ངས་SFTནས་ལས་ཀ་བཙལ་བ་རེད་ཅེས་བཤད་པས་དེ་དྲན་སོང། སོང་ཙང་འདིར་སྙིང་བསྡུས་ཤིག་བྲིས་པ་ཡིན།།
ཀ་རྨ་ཆོས་འཕེལ་ཟེར་བ་དེ་ར་བཟི་རེད།
ཤར་ཁུག་ལགས། ངོས་ལེན་གནང་བར་ཐུགས་རྗེ་ཆེ། དེ་ལ་སྐབས་འཚོལ་བ་ཟེར་བ་རེད། ཆོ་མེད་རྒྱ་དར་འཕྱར་ནས་དཔའ་རྩལ་བཏོན་ཀ་བྱས་ནས་ཁ་བརྡུང་ག་ཚོད་རག་སོང་། དེ་དག་ལ་ལེགས་པར་བསམ་བློ་ཐོངས། དབུ་ལམ་གཅིག་ལས་དབུ་ལམ་རྒྱ་དར་མ་དེ་འདྲ་རང་བཟོ་མ་གནང་ན་ལེགས། ཉིན་ཞིག་བྱེད་རྒྱུ་མང་ན་འོ་རྒྱལ་ཡོང་། ཤ་ཚའི་གཏམ་ཡིན། སྐྱིད་སྡུག་མཉམ་མྱོང་བྱེད་འདོད་ན། རང་ཚུགས་བརྟན་པོར་བཟུང་། གཞན་སེམས་མ་དཀྲུགས།
“་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་ཐུགས་སྲས་སྤྱི་འཐུས་སྤྱི་འཐུས་པ་ཀརྨ་ཆོས་འཕེལ”
ཐུགས་སྲས་སུ་ཇི་ལྟར་གྱུར་བ་རེད། སྐད་ཆ་ཐལ་ཆ་ཅན་མ་བཤད་ན་བཟང།
གོང་དུ་རྒན་ཆབ་བྲག་ལགས་ཀྱིས་བློ་གཟུ་བོར་གནས་ནས་དཔྱད་གླེང་དེ་ལ་ངས་རྒྱབ་སྐྱོར་ཡོད་ལ། གསོལ་སྨོན་འདི་ཚོ་ཡང་ཆབ་སྲིད་རང་བཞིན་གྱིས་ཡུལ་དུས་གནས་སྐབས་དང་བསྟུན་ནས་འགྱུར་བ་འགྲོ་བཞིན་པར་ཅུང་ཡ་མཚན་སྐྱེ་གཞི་ཞིག་རེད།
དེས་ན་ཤར་ཁུག་གི་འདོད་དོན་ལྟར་ན། ད་ཆ་གསོལ་སྨོན་དང་འཕྲིན་བསྐུལ་དེ་ཚོ་དཔེར་ན། “ཡོངས་རྫོགས་བོད་ལྗོངས་རང་སྐྱོང་གཙང་མའི་དཔལ།།” “རང་སྐྱོང་དཔལ་ལ་རེ་བཞིན་རྟག་གནས་ན་།།” “ཆོས་སྲིད་རང་སྐྱོང་དགའ་སྟོན་སྒྲུབས་ཤིག་ཀྱེ།།” “ཆོས་སྲིད་རང་སྐྱོང་གཙང་མའི་སྣང་བའི་དཔལ།།” འདི་ལྟར་སྐྱོར་འདོན་བྱེད་དགོས་པ་མིན་དྲོ།
དམན་ལ་ཅིག་ཏུ་རྩེ་བའི་མཛད་པ་ཅན་ཚན་ཆོས་ཟུང་འབྲེལ་མཛད་པོ་རྒྱལ་བ་རིན་པོ་ཆེ་ནི། ང་ཚོ་བོད་མིའི་བལྟ་བའི་མིག་དང་ཁོག་་པའི་སྙིང་དང་ ཕྱི་ལ་ངོམ་རྒྱུ་དང ནང་གི་ནོར་བུ་དང འཛམ་གླིང་འདིའི་གང་བོད་ཅེས་པ་ཞིག་གོ་རྒྱུ་ཡོད་པ་ནི་ཁོང་གི་བཀའ་དྲིན་ཡིན་ལ། ང་རང་ལ་མཚོན་ན་ཡང་རྒྱ་དམར་གྱི་དར་དམར་འོག་ལ་སྐྱེས་ཀྱང་བལ་བོད་ས་མཚམས་ཟླ་བ་གསུམ་ཙམ་མཚན་མོ་འགྲོ་བ་ཤ་རྟག་བྱེད་ནས་སྲོག་ལས་རྒྱལ་བ་རིན་པོ་ཆེ་མཇལ་བ་གདམ་ཁ་བྱེད་པ་ཞིག་ཡིན། ཕ་མ་སྤུན་མཆེད་མང་ཆེ་བ་ཚེ་ལས་འདས་ནས་མི་ཚེ་འདི་ལ་འཕྲད་པ་དང་བྲལ་སོང། ཡིན་ན་ཡང་འགྱོད་པ་མེད་པ་མགོན་པོ་གང་གི་བཀའ་སློབ་སྙིང་ལ་བཅང་བཞིན་ཡོད། བོད་ནས་ཡོང་མཁས་ཕལ་མོ་ཆེ་ང་དང་ཅིག་པ་ཡིན། བསམ་འདུན་ལ་ཡང་ནམ་ཞིག་ཡོངས་རྫོགས་བོད་ལྗོང་རང་བཙན་གཙང་མའི་དཔལ་ཞིག་ཐོབ་ནས་རྒྱ་རོ་བོད་ནས་་ཕྱིར་འབུད་གཏང་ནས་ རྒྱ་རྒྱ་ཡུལ་ལ་སྐྱིད་པ་ཞིག་དང་བོད་བོད་ཡུལ་ལ་སྐྱིད་པའི་ཉི་མ་ཞིག་གི་ཤར་གི་རེད་བསམ་པ་ལས་ བོད་འདི་རྒྱ་དམར་དང་མཉམ་དུ་རྒྱ་རོས་རྟག་པར་མེ་རྒྱལ་ཁྱིམ་ཚང་ཆེན་མོ་ཞེས་ང་ཚོ་བོད་པའི་མ་ནི་འདོན་འདོན་བྱེད་པ་ལྟར་རྒྱ་དམར་གྱི་འོག་ལ་འདུག་རྒྱ་ཞིག་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་འདོད་མོས་བྱེད་རྒྱུ་རེད་བསམ་པ་དེ་མཚན་མོའི་སྨི་ལམ་ལ་ཡང་མེད། དེ་ལྟར་ན་ཡང་མགོན་པོ་གང་གི་དགོངས་གཞི་རྒྱ་མཚོ་ལས་སྟེང་ཟབ་པའི་ཀློང་ནས་གཉིས་ཕན་དབུ་མའི་ལམ་དེ་བོད་འདི་རྒྱ་དམར་གྱི་འོག་ནས་མྱུར་དུ་སྐྱོབ་པའི་ཆེད་དུ་ཡིན་པ་དོན་གོ་ལ་དེ་ལྟར་ཡིད་ཆས་དང་རྒྱབ་སྐྱོར་ཡང་རྒྱ་ཆ་རྒྱ་ལས་བརྒལ་་བ་༡༠༠༠ཕྲག་ཞུ་བཞིན་ཡོད། ཡིན་ན་ཡང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་རྒྱ་བ་རིན་པོ་ཆེ་ནས་སྔོན་མ་ནས་བོད་རང་དབང་མ་ཏོག་རང་བཙན་རྩོད་ལན་གནང་མྱོང་མེད་པ་ལྟ་བུ་སོགས་གསུང་འདུག་པས་གསལ་སྒྲག་དེ་་རྒྱ་བ་རིན་པ་ཆེ་ལ་བཀའ་དགོང་ཞུས་ནས་ཇི་མ་ཇི་བཞིན་བཀོད་པ་ཡིན་ན་ཅི་གསུང་བཀའ་བཞིན་བསྒྲུབས་པ་ལས་སྲོག་ལ་ཐུག་ཀྱང་ཚེ་འདི་ཕྱི་མ་གང་ལ་ཡང་ཁོང་ལ་ཡིད་ཆས་དང་བློ་གཏད་བཅའ་བ་ ལས་གང་ཡང་མེད། དེ་མིན་ཡིག་ཚང་ནས་རང་འགར་དབུ་མའི་ལམ་ལ་བསམ་ནས་བཀོད་ན་མ་འགྲིག་པ་རེད་ལ་འདི་ཚོའི་རིགས་ལ་གང་ལ་དགོངས་བཀུར་ཞུས་ནས་བཀོད་རོག།
སྤྱི་འཐུས་སྒེར་བའི་ཞིག་གི་བསམ་ཚུལ་ལ་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ནས་གསལ་བཤད་འབྲི་བའི་ཚད་འདི་འདྲ་ལ་སླེབས་པ་འདིས། སྤྱི་འཐུས་སྒེར་བ་ཀརྨ་ཆོས་འཕེལ་གླེང་མ་དགོས་བར་༧གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་གི་ཡིག་ཚང་གི་ཚད་གཞི་གང་ལ་སླེབས་ཡོད་མེད་ཡང་གསལ་བོར་བསྟན་འདུག སྤྱི་འཐུས་གཅིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་ཡིན་དང་༧གོང་ས་མཆོག་གི་དགོངས་གཞི་ངོ་མ་ཡང་རང་བཙན་རེད་ཟེར་ནས་མི་སྒེར་བའི་བསམ་ཚུལ་བཤད། དེ་ལ་བོད་རྒྱལ་ཁབ་ཀྱི་ཡིག་ཚང་མཐོ་གྲས་དགའ་ལྡན་ཕོ་བྲང་གིས་ལན་རྒྱག་ཚུལ་འདི། ད་ལྟའི་པེ་ཅིང་གཞུང་གིས་མཐོང་ན་གད་མོ་ཤོར་གི་རེད། སྤྱི་འཐུས་མ་རབས་ཤིག་གི་སྒང་ལ་ཕོ་བྲང་ལྐུགས་པ་ཞིག་གིས་ངར་ངར་བྱས། དེ་དངོས་གནས་དྲང་གནས་ཚར་འདུག
༧གོང་ས་མཆོག་གིས་དེ་རིང་སང་ཉིན་དབུ་མའི་ལམ་གྱི་སྐོར་ལ་ནན་ནན་བཅག་བཅག་གིས་མང་པོ་གསུངས་བཞིན་པ་འདི་ཡང་གཅིག་བྱས་ན་ཕོ་བྲང་ནང་གི་མི་ལྐུགས་པ་འགའ་དང་རྡ་ལམ་ས་ལའི་སྐབས་འཚོལ་བ་འགའི་བྱེད་ལས་ལ་བརྟེན་ནས་བྱུང་གི་མེད་འགྲོ་བསམ་པའི་དོགས་པ་ཆེ།
རང་དབང་ལ་དོན་གཅིག་མ་གཏོགས་གཉིས་མེད།
རང་བཙན་ལ་སྦྱར་ན་འགྲིག་གི་མ་རེད་ལ། དེ་ལས་གཞན་པར་འགྲེལ་ན་ཡང་འགྲིག་གི་མ་རེད།
འོ་ན་རང་དབང་གི་དོན་ག་རེ་རེད་ཟེར་ན། དེ་ནི། རང་གི་འདོད་པ་རང་གིས་བྱེད་རྒྱུའི་དབང་ཆ་ཡོད་པ་ལ་ཟེར་པ་ཡིན། དོན་དག་དེའི་ཐོག་ནས་རང་ཉིད་ཁེར་གཙང་དུ་སྡོད་འདོད་ཀྱི་རང་དབང་ཡོད་ཆོག་ལ། རང་ཉིད་གཞན་དང་ལྷན་དུ་སྡོད་འདོད་བྱེད་པའི་རང་དབང་ཡང་ཡོད་ཆོག་པ་ཡིན། གང་ལྟར་རང་གི་གནས་བབ་དང་བསྟུན་རྒྱུ་དེ་གཙོ་བོ་ཡིན། ནང་དོན་འདི་ལ་སུས་ཀྱང་ལོག་འགྲེལ་བྱེད་མི་རུང་།
ཀརྨ་ཆོས་འཕེལ་ཟེར་པའི་མི་འདིས་ལོ་ཤས་ནས་རྒྱ་དགའ་བོད་སྡུག་གི་ལས་མང་པོ་བྱས་ཡོད། དབུས་གཙང་མི་མང་གིས་དོན་དེ་གསལ་པོ་མཁྱེན་ནས་གྲོས་ཚོགས་ནས་མར་གཡུག་ཡོད་ན་ཡང་བཀའ་རྒྱུད་པ་ཚང་གིས་རྐང་བཙུགས་ནས་ཡར་བསྒྲུགས་པ་རེད། གང་ལྟར་མི་འདི་དང་ཁོའི་ཕྱོགས་གཏོགས་པ་ཚོས་བོད་མི་ནང་ཁུལ་དུ་ཕུ་དཀྲུགས་མདའ་ཞིག་བྱེད་དགོས་བསམ་ཡོད་པ་རེད། བོད་མི་མང་མང་ཚོགས་གིས་མི་འདིའི་གང་བཤད་གནད་ཆེན་དུ་བརྩི་མི་དགོས་ན་ཡང་མི་འདི་ལ་གཟབ་དགོས་གི་རེད།
བསྟན་པ་དང་ཤར་པ་ལགས་གཉིས་ནས་ཐུགས་སྣང་གཅིག་པ་བྱུང་ཤག
རྒྱུ་མཚན་དེ་ལ་བརྟེན་ནས་ངས་དགའ་ལྡན་ཕོ་བྲང་གི་ལས་ཤོག་སྟེང་ཕབ་པ་ཡིན་རུང་རྒྱབ་ལྗོངས་ཀྱི་སྐུལ་འདེད་བྱེད་མཁན་ཟམ་གདོང་བླ་མ་རེད། དེ་འདྲ་སོང་ཙང་ངས་དེ་དག་ཟམ་གདོང་བླ་མའི་དགོངས་པ་ལ་གནས་སྐབས་ཡིད་ཆེས་བྱེད་རྒྱུ་ཡིན། ལར་ནས་༸གོང་ས་མཆོག་ནས་བཀའ་ཆོས་ཤིག་གི་སྐབས་རང་གི་ཐུགས་དགོངས་དེ་ལྟར་ཡིན་པ་སྤྲེལ་ཚེ་ངེད་ཀྱང་དེ་ལྟར་ཡིད་ཆེས་བྱེད་ངེས། དངོས་གནས་ཆོས་དང་སྲིད་གཉིས་གྲེས་ན་རྙོག་དྲ་ཚ་པོ་རེད། རྒྱུ་མཚན་དེ་ལྟ་བརྟེན་ནས་དབུ་མའི་ལམ་ཡང་ཆོས་ལ་བརྟེན་ནས་འགྲེལ་བཤད་རྒྱག་ན་ངོས་ལེན་མེད་ལ་རེ་བ་འང་མེད།
ད་ནི་ལམ་དབུ་མའི་འཐབ་རྩོད་འདི་ཡང་ཙི་ཙིའི་རྔ་མ་ནང་བཞིན་ཕྲ་རུ་ཕྲ་རུ་འགྲོ་བའི་ངང་ཚུལ་འདི་སྐྱོ།
ཧ་ཧ། ཐུ་བ་འདི་ཅི་འདྲའི་ལྐུགས་རྟགས་ལ། འོ་ན་རང་བཙན་དེ་རང་གི་འདོད་པ་རང་གི་བྱེད་རྒྱུ་ཞིག་མ་རེད་པས། བོད་མི་རིགས་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་ཐོབ་ཐང་དེ་མ་རེད་པས། འོ་ན་རང་སྐྱོང་དེ་རང་གི་འདོད་པ་རང་གི་བྱེད་རྒྱུ་དེ་ཨེ་རེད། བཤད་མི་ཤེས་ན་གཅིག་བཤད་ཀྱིན་མ་བསྡད།
མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ།།
མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ།།
འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ།།
བསྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད།།
གསར་འབྲུག་ལགས།
ངས་བཤད་མ་ཤེས་པ་མ་རེད། ཁྱེད་ཉན་མ་ཤེས་པ་རེད།
རང་དབང་གི་གོ་དོན་ད་དུང་མི་ལོན་ན་མགོ་རུམ་ན་བཅུག་ཏེ་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས།
བ་གླང་རྒན་གཞོན་དཔྱོད་པ་ལ།།
བླུན་པོ་མཁས་ཀྱང་ཡོན་ཏན་མིན།།
ཞེས་པ་ལྟར་སྨྱོན་ལག་གི་རལ་གྲི་ནང་བཞིན་གྱི་འཆལ་སྤྱོད་དེ་དག་ལ་དགོས་པ་ཅི་ཡང་མ་མཐོང་། དེ་ཙམ་ཞུ
ཤར་ཁུག་ཁྱེད་ཀྱིས་བོད་དོན་མ་བཤད་སྔོན་ལ་བོད་དོན་ལས་འགུལ་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་གོ་བ་ཡག་པོར་ལོན་པ་གྱིས་མ་གཏོགས་ཚོགས་པ་ཁག་གི་ལས་བྱེད་ཚོ་ཁྱོད་ལ་གད་མོ་ཤོར་གི་རེད། རྡོ་རྗེ་ཚེ་བརྟན་གྱི་དེ་ནོར་མ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་བོད་དོན་ལས་འགུལ་ཚོགས་པའི་ཁོངས་སུ་ཡོད་མ་རེད་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Tibetan Support Group)ཁོངས་སུ་རེད། འདི་མི་ཤེས་ན་ཟམ་གདོང་རིན་པོ་ཆེ་ལ་སྐད་ཆ་དྲིས་ལོ།
གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ལ་དམིགས་ནས་རང་གི་བཞེད་པ་ཇི་ཡིན་རིམ་གྱིས་འགྱུར་བ་ཕྱིན་པའི་གནས་ཚུལ་སྟོན་པའི་ཡིག་ཆ་ཡོད་ན་མེད་ན་དེ་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་རྣམས་རེད། ༧གོང་ས་མཆོག་སྐུ་སྒེར་གྱི་དྲ་བ་ན་གསུང་འཕྲིན་རྣམས་ ༡༩༦༠ ལོ་ནས་ ༢༠༡༡ བར་གྱི་ལོ་ངོ་དག་གི་གསུང་འཕྲིན་མཇལ་རྒྱུ་འདུག འདི་ལས་ལྷག་ཅིག་ཁོང་སྐུ་སྒེར་གྱིས་བརྩམས་གནང་བའི་ཁོང་གི་མཛད་རྣམ་བོད་ཡིག་མ་དང་ཨིན་ཡིག་མ་དེ་ཚོ་ལ་གཟིགས་རྒྱུ་རང་རེད། འོན་ཀྱང་དྲ་ཐོག་ན་ཡོད་པ་དེ་དག་ནི་སྔོན་གྱི་མ་ཡིག་སོར་བཞག་གིས་བཞག་ཡོད་མེད་ལ་དྲི་བ་ཞིག་སླེབས། དེ་ནི་རང་བཙན་ཞེས་པའི་ཚིག་འདི་རྣམས་ལ་བརྟེན་ནས་ཡིན། ལོང་ཡོད་པ་རྣམས་ཀྱིས་གཟིགས་རོགས། དྲ་བའི་ཁ་བྱང་ནི་འདི་རེད།
http://gyalwarinpoche.com/node/131
ལུང་འདི་ནི་གསུང་འཕྲིན་ལས་དྲངས་པ་ཡིན།
“ཞི་བདེར་དགའ་ཞིང་སྙིང་སྟོབས་ལྡན་པའི་ངའི་བོད་མི་ཚོས་སྙིང་རྗེའི་དྲི་ཙམ་མེད་པར་བཙན་གནོན་ཚད་མེད་བྱེད་མཁན་རྣམས་ལ་ངོ་རྒོལ་གྱེན་ལངས་བྱས་པའི་དུས་ཚེས་དེ་ནས་ད་ལྟའི་བར་ཞི་བདེ་དང་རང་དབང་གི་དོན་དུ་འཐབ་རྩོད་བར་མཚམས་མེད་པ་བྱེད་བཞིན་པ་རེད། རྒྱ་དམག་གི་འགོ་བྱེད་རྣམས་ནས་འདོད་རྔམས་ཆེན་པོས་བོད་མི་རྒྱ་ཕྲག་སྣང་ཆུང་བསྡེབས་གསོད་དང༌། ཆོས་ལུགས་ཀྱི་སྤྱོད་ཡུལ་རྩ་ཆེའི་ས་གནས་དག་གཏོར་བཤིགས་སམ། བཙན་གནོན་མནར་གཅོད་ཀྱི་གོ་མཚོན་འཇོག་ཡུལ་དུ་བསྒྱུར། བཀྲེས་སྐོམ་དང་མུ་གེས་ཡུལ་ཁམས་ཁྱབ་སྟེ་གནས་ཡོད་པའི་ཁར། ད་དུང་རྒྱ་བསྐྱེད་དང༌། བཙན་འཛུལ་གྱི་དམིགས་ཡུལ་བཟུང་སྟེ་བོད་ནང་དམག་གི་རྟེན་གཞི་འཛུགས་བསྐྲུན་རྒྱ་ཆེ་བྱེད་ཀྱི་ཡོད་པ་རེད། མི་སྤྱོད་ལས་འདས་པའི་བཙན་དབང་དང༌། མནར་གཅོད་མྱོང་མ་བཟོད་པར་ཁྱིམ་མཚེས་ཡུལ་གྲུར་བཙན་བྱོལ་དུ་འབྱོར་ཟིན་པ་རྣམས་ནས་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའི་སྤྱོད་ཚུལ་ངན་པ་དེར་ཞི་ལམ་བཟུང་ནས་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་གསལ་པོ་བརྗོད་ཀྱི་འདུག ད་ལྟའི་ཆར་སྤྱོད་ཚུལ་དེ་དག་གི་རེ་འབྲས་མངོན་པར་མ་གྱུར་ཀྱང༌། བོད་ལུས་སྤུན་ཟླ་རྣམས་ནས་ཉིན་གཅིག་ང་ཚོའི་བདེན་པར་རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་དེ་ནམ་ཡང་ཉམས་ཆག་མེད་པར་གནས་འདུག ངའི་མི་མང་གི་སྙིང་སྟོབས་ནམ་ཡང་ཉམས་དམས་མི་ཐུབ་པ་དང༌། གདུག་རྩུབ་ཅན་གྱི་སྤྱོད་ངན་དེ་དག་ནམ་ཡང་ཡུན་གནས་མི་ཐུབ་པའི་ཡིད་ཆེས་ཤིན་ཏུ་བརྟན་པོ་ཡོད། རང་རེས་དོན་དམ་འབད་སྒྲུབ་བྱེད་པའི་འཐབ་རྩོད་འདིའི་གྲུབ་འབྲས་རང་དབང་རང་བཙན་ཐོབ་པའི་ཉིན་གདུག་རྩུབ་ཅན་གྱི་ཀླ་ཀློའི་སྤྱོད་ཚུལ་འདི་དག་ཡོངས་སུ་རྫོགས་པར་འགྱུར། དུས་དྲན་གྱི་ཉིན་མོ་འདི་དང༌། གཞན་དག་རྣམས་སུ་དྲག་ཅིང་རྩུབ་པའི་བཙན་དབང་མནར་གཅོད་ལ་ཞི་ལམ་བཟུང་ཞིང་བློ་ཐག་གཙང་བཅད་ཀྱིས་ངོ་རྒོལ་བྱེད་མཁན་ཚོར་སྐྱབས་གྲོགས་མཛད་པའི་དོན་དུ་སྟོན་མཆོག་ཐུབ་པའི་དབང་པོར་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས་བཞིན་ཡོད།”
རྒྱ་ཁུག་ཁྱོད་དྲི་བ་ཆུང་ཆུང་གཅིག་གིས་ཚར་གཅོད་ལ་བཏང་། རང་བཙན་རྩོད་མཁན་ཚོར་རང་བཙན་གྱི་སྐྱ་ཐིག་གསལ་བོ་མེད་ན་ཆེས་མཐོའི་རང་སྐྱོང་ཟེར་བ་དེ་ལ་སྐྱ་ཐིག་དེ་བས་ཀྱང་གསལ་བོ་ཡོད་མ་རེད། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མངོན་འདོད་དངོས་མ་ཡིན་པའི་དབུ་མའི་ལམ་ཟེར་བའི་གཉིས་ཕན་གྱི་སྲིད་ཇུས་དེའི་དགོངས་གཞི་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ལ་ཆེས་མཐོའི་རང་སྐྱོང་ངམ་བོད་རིགས་འདུས་སྡོད་ས་ཁུལ་ཚང་མ་ཟེར་བ་དེ་ལ་སྐྱ་ཐིག་གསལ་བོ་ཅི་གང་ཡོད་མ་རེད། དེ་ཟམ་གདོང་རིན་པོ་ཆེས་བཟོས་བའི་འཆར་སྣང་རབ་རིབ་ཤིག་རེད།
བོད་རིགས་འདུས་སྡོད་ས་ཁུལ་ཚང་མ་ཟེར་བ་དེ་ད་ལྟའི་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་གང་དང་གང་ལ་ཟེར་གི་ཡོད་དམ། སི་ཁྲོན་ཞིང་ཆེན་ཁོངས་ཀྱི་ས་ཁུལ་གང་དང་གང་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཡིན་ནམ། འདི་ལ་རྒྱ་ཁུག་ཁྱོད་ལ་ལན་ཡོད་དམ།
སྤྱི་མཐུས་རྐུ་མས་རྡ་སར་བཤད་ དྲུང་འཆི་ལྐུག་པས་ཡོངས་གྲགས་བྱས་
གཞོང་པ་སྟོང་པར་གཞོང་རྩོད་རྒྱབ་ རྟའུ་རྐྱེད་པ་བཅག་ཡོང་ང་།
ཤར་ཁུག་ཟེར་བ་མི་འདི། དངོས་གནས་སྐབས་འཚོལ་བ་ཞིག་རེད། ད་ཡང་སྐུ་སྒེར་ཡིག་ཚང་གི་གསལ་བསྒྲགས་འདི་བེད་སྤྱོད་བཏང་ནས་མི་སྒེར་དང་ཚོགས་པ་ཁག་ལ་ཅིག་སྐྱོན་འཛུགས་བྱེད་མགོ་བརྩམས་སོང་ང་།
སྲིད་སྐྱོང་བློ་སེང་གིས་ཤར་ཁུག་གི་ཉིན་ལས་ཐོག་ནས་གནས་དབྱུང་གཏོང་དུས། དང་པོ་ཤར་ཁུག་བོད་རང་བཙན་སློབ་ཕྲུག་ཚོགས་པར་སོང་ནས། ལས་ཀ་བཙལ་བ་མ་ཟད། རང་བཙན་ལ་མོས་མཐུན་དང་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་བསྟན་པ་རེད་དེ། སྐབས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཁོ་ལ་ལས་ཀ་མ་སྤྲད་པར་ཤར་སེ་དབུ་ལམ་ཁ་ལ་འཁྱེར་བའི་སྒེར་གཅོད་པའི་ཚོགས་པར་ཞུགས་པ་རེད།
རྣམ་འགྱུར་འདི་ག་འདྲ་འདུག་གམ། ཡང་དབུ་ལམ་ཟེར་བའི་སྐབས་འཚོལ་ཚོགས་པའི་མིང་སྒེར་གཅོད་བྱེད་དྲགས་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ལ་རྒོལ་རྡུང་ཐེངས་མང་བཏང་། དེ་བས་ཀྱང་དགྲ་བོ་རྒྱ་གཞུང་དམར་བོའི་རྒྱལ་དར་འཕྱར་སྟབས། དབུ་ལམ་ཚང་གིས་ཤར་ཁུག་གནས་དབྱུང་བཏང་བ་རེད།
དེའི་སྟབས་ཀྱིས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་ཚེ་བརྟན་རྡོ་རྗེ་ལ་སྐྱོན་འཛུགས་བྱེད་པའི་དམིགས་འབེན་ནི། རྡ་ཞོལ་དུ་འདུ་འཛོམས་སྐབས་སུ་ཚེ་བརྟན་རྡོ་རྗེས་ཁྱེད་རང་དབུ་མའི་ལམ་ལ་མཐའ་གཅིག་ཏུ་མིན་པའི་རྐུབ་བརྟོལ་བ་བརྟེན། ཁོན་ལན་སློག་པའི་ཀུན་སློང་གསལ་སྟོན་བྱས་པ་ཞིག་རེད་འདུག
ད་ཡང་། ན་གཞོན་ཤེས་ཡོན་མིང་འཁྱེར་ནས་འགྲོ་ན་མ་གཏོགས་ལྟོ་གོས་གཏམ་གསུམ་ག་འདྲ་བྱས་ནས་སེལ་རྒྱུ་ཡིན་ནམ། ངོ་མ་སྙིང་རྗེ། ཤར་ཁུག་ཁོ་རང་གིས་ཁོ་རང་རྩེད་སྤྱད་བྱས་པ་མང་དྲགས་སོང་།
རྒྱ་གཞུང་དམར་བོའི་རྒྱ་དར་འཕྱར་བ་དེས། གཞིས་བྱེས་བོད་མིའི་མིག་མདུན་ནས་ཁྱེད་རང་བོར་ཚར་བ་རེད།
ཧ་ཧ། རང་དབང་གི་གོ་དོན་ཆབ་བྲག་ལགས་ཀྱིས་འགྲེལ་བཤད་གསལ་པོ་ཟིན་སོང་ལ་མི་རིགས་བསྲུང་སྐྱོབས་རང་དབང་དང། མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་རང་དབང་། དད་མོས་རང་དབང་། དཔལ་འབྱོར་འདུ་འགོད་རང་དབང་། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་རང་དབང་། སྨྲ་བརྗོད་རང་དབང་། སོ་སོའི་བདག་དབང་རང་དབང་། འཁོར་ཡུག་བསྲུང་སྐྱོབས་རང་དབང་། མདོར་ན་འགྲོ་འདུག་རང་དབང་མཚོན་པས་ཚད་མཐོའི་རང་དབང་ཞིག་འཐོབ་འདོད་ན་རང་དབང་འདི་ཚོ་གནས་བཅའ་སའི་འཁོར་ཡུག་རང་དབང་བཙན་པོ་འདི་མེད་དུ་མི་རུང་བ་ཞིག་ལོས་ཡིན། འདི་མེད་ན་མིང་ཙམ་གྱི་རང་དབང་དེ་ཚོར་རང་དབང་གི་གོ་དོན་མི་རྟོགས་པས་མགོ་བོ་རུམ་དུ་བཅུགས་ནས་གཉིད་སྐྱི་པོ་ཞིག་ཁུག་ན་རྨི་ལམ་གྱི་ཞིང་ཁམས་ཉུལ་བའི་རང་དབང་དེ་ཡག་གི་མ་རེད་པས།
རང་དབང་དང་རང་བཙན་རྩོད་ཐོག་སྐད་ཆ་མང་པོ་བཤད་པ་ལས། དེ་གཉིས་ཀྱི་ཐབས་ལམ་ཐོག་གྲོས་མོལ་གནང་ན་མི་ལེགས་སམ། ཉེ་ཆར་དབུ་ལམ་ཐོག་༧གོང་ས་མཆོག་ནས་དགོས་པ་རྒྱུ་མཚན་དམིགས་ཡུལ་བཅས་ཁ་གསལ་གོ་བདེ་ཞིག་གནང་བ་དང་། དེ་བཞིན་འདས་པ་ལ་ཆ་བཞག་ནའང་༧གོང་ས་མཆོག་ནས་རབ་དང་རིམ་པ་གསུངས་ཟིན་པ་རེད། རང་བཙན་པ་ཚོས་ལོ་རྒྱུད་ཐོག་དང་དངོས་དོན་ཐོག་རང་བཙན་རེད་ཟེར་བའི་ཚོར་བ་རྣོན་པོ་ཞིག་ལས་ཁ་གསལ་གོ་བདེའི་འཆར་གཞི་དང་ཐབས་ལམ་མཐོང་ཐོས་མ་མྱོང་། རང་བཙན་རྩོད་མཁན་ཚོས་བོད་ཀྱི་སྐད་ཡིག་དང་རིགས་གཞུང་བསྲུང་སྐྱོབས་ཐོག་གདེང་ཁེལ་བའི་ཕྱག་ལས་ཞིག་དེ་བས་མ་མཐོང་། འོན་ཀྱང་ཁོང་ཚོར་ལེགས་པའི་ཆ་མི་འདུག་ཟེར་ཀྱིས་མེད། གལ་ཆེ་ཆུང་གདམ་ཁ་ནོར་གྱི་འདུག་བསམ།
དེ་ལས་རྒྱ་དམར་པོས་མཐོང་ཐུབ་པ་ཞིག་ནི་རྡོག་རྩ་གཅིག་གྲིལ་མེད་པ་དེ་ཁ་གསལ་པོ་རེད། དེས་ཁོང་ཚོར་བོད་ཁྱུར་མིད་གཏོང་བ་ལ་གོ་སྐབས་དང་དཀའ་ལས་མེད་པ་མི་བཟོས་སམ། གཅིག་བྱས་ནས་མོ་འོངས་རང་བཙན་པ་ཚོར་བཀའ་བློན་གོ་སྐབས་ཞིག་སྤྲོད་ནས་ལོ་ལྔ་ཙམ་ཞིག་ནས་མི་མང་གི་ལེགས་ཉེས་ཁ་གསལ་གོ་ཐུབ་སྙམ། རང་བཙན་ཚོའི་ཀྱང་མངར་སྐྱུར་གང་ཞིག་མྱོང་ནས་ཐག་གཅོད་ཡོང་། བསམ་ཚུལ་ཡིན།
ཁ་སང་ང་བོད་པའི་མཁས་པ་ཞིག་ལ་མཇལ་བྱུང་། ཁོང་ནི་འུ་ཐུག་ནས་ཤི་གྲབས་བྱེད་ཀྱིན་འདུག ཅི་ཡིན་ནམ་རྒན་ལགས་ཞེས་དྲིས་དུས། བོད་ཡིག་ཐོག་རྩོམ་འབྲི་དང་རྩོམ་ཡིག་སྤེལ་མཁན་རྣམས་ལ་ཡོན་ཏན་ཁྱོན་ནས་མི་འདུག སློབ་སྦྱོང་བྱེད་ཀྱི་མི་འདུག བསམ་ཚུལ་དང་བསམ་ཚུལ་བཤད་ཡོང་གི་འདུག དཔེར་ན་དགེ་འདུན་ཆོས་འཕེལ་ཐོག་ལ་གླེང་སློང་ཧ་ཅང་མང་པོ་ཡོང་གི་འདུག ཡིན་ན་ཡང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཧིན་དིའི་ཐོག་ལ་བྲིས་ཡོད་པ་དེ་དག་རྒྱུས་ཁྱོན་ནས་མི་འདུག དེ་འདྲའི་ཐབས་སྐྱོ་བ་ལ། རྩོམ་ཡིག་འབྲི་སྐབས་ཀྱང་གནམ་མཁའ་ནས་མར་བབས་པ་ལྟ་བུ་ཁུངས་དང་ཡིག་ཆ་ལ་བརྟེན་མི་དགོས་པ་དེ་འདྲ་རེད་འདུག ད་དཔེ་བསགས་ས་རེད། བོད་ཀྱི་སློབ་སྦྱོང་ཟེར་བ་འདི་ཚར་འགྲོ་ས་རེད་ཅེས་བཤད་བྱུང་། ངས་འདི་ལྟར་ཁ་བརྡ་ལ་འབྲི་དོན་ནི་མཆན་འདེབས་མཁན་ཚོས་མི་རྣམས་ལ་ཚོད་དཔག་དང་ཚོད་དཔག་གིས་སྐྱོན་བརྗོད་བྱེད་པ་དེ་ཡང་བརྗོད་གཞི་ལ་འབྲེལ་བ་མེད་པ་དེ་འདྲ་བཤད་ཡོང་གི་འདུག དེ་ཚོས་དགོངས་པ་ཞིག་བཞེས་ན་བསམས་པ་ཡིན།
རང་དབང་གི་དོན་དངོས་རྗེན་པ་མ་རྟོགས་གོང་རང་དབང་གི་ཁ་གྲངས་བརྩི་བ་དང་རང་དབང་གི་མཚོན་མདོག་ཤོད་པ་འདི་ཅི་འདྲའི་དགོད་བྲོ་བ་ལ།
རང་དབང་ལ་ཚིག་གཉིས་དང་དོན་གཅིག་མ་གཏོགས་མེད། ཚིག་གཉིས་དེ་གང་རེད་ཟེར་ན་ར་ང་བཞག་རང་དང་། ད་བ་ང་བཞག་དབང་གཉིས་རེད། ཚིག་དེ་གཉིས་བསྡོམས་ནས་དོན་གཅིག་བཟོས་ཡོད་པ་རེད། དེ་ནི་རང་གི་འདོད་པ་བཞིན་བྱེད་ཆོག་པའི་དབང་ཆ་ལ་ཟེར་པ་ཡིན། རང་གི་བྱེད་འདོད་པའི་དབང་ཆ་ནི་རང་གི་རེ་འདོད་བཞིན་གྱི་དགོས་ཕན་དང་བསྟུན་ནས་བྱེད་རྒྱུ་དེ་རེད། དེ་ལ་གྲངས་ཀ་མང་བོ་དང་མཚོན་མདོག་འདྲ་མིན་གང་ཡང་མེད། དེ་ཧ་གོ་བར་གྱིས།
དགའ་ལྡན་ཕོ་བྲང་ཞེས་པའི་མིང་རྫིག་པོའི་ནང་གི་ལས་བྱེད་དེ་ཚོས་ཅིའི་ཕྱིར་ཐ་ན་དུས་ཚོད་ཀྱི་སྔ་ཕྱི་བརྒྱ་ལནས་༧གོང་ས་མཆོག་གི་དགོངས་གཞི་འགྲེལ་མ་ཤེས་པ་རེད། ཆབ་སྲིད་ནི་གནས་བབ་ལ་ལྟ་བཞིན་འགྱུར་བཞིན་ཡོད་པ་ལས་གཞུང་ལུགས་ཀྱི་བརྡ་སྐད་བཞིན་ཐེར་ཟུག་ཅིག་མིན།
༧གོང་ས་མཆོག་གིས་༥༩་ནས་བཟུང་རང་བཙན་འཐབ་རྩོད་བྱས་མེད་རབས་དང་ཚིག་དེ་བེད་སྤྱོད་བྱས་མེད་རབས་བཤད་པ་ནི་བསམ་བཞིན་དུ་རང་ཉིད་ཀྱིས་དངོས་ཡོད་ལ་བསྙོན་ནས་རྫུན་གྱི་མཁན་པོར་བསྒྲུབ་པ་དང་གཅིག་མཚུངས་ཡིན་པས་སོ།།
གཤམ་དུ་སྐབས་སོ་སོའི་སུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཁག་ལ་གཟིགས་རོགས།
1975
“Consequently we the Tibetans in the free world, keeping our stand in conformity with the thinking of the masses of Tibet will never stop our movement for the independence of Tibet.” http://bit.ly/10MzTMK
“་་་ལྟར་ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་རྣམས་ནས་ཀྱང་བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌།” http://bit.ly/14SlnHp
1976
“Seventeen years have passed since the Tibetans began their just struggle for their inherent rights of Tibetan national independence.” http://bit.ly/10MzY2U
“ང་ཚོས་བོད་རང་བཙན་གྱི་དོན་ལ་འབད་རྩོལ་བྱེད་པའི་རྒྱུ་མཚན་དང་དམིགས་ཡུལ་ནི།” http://bit.ly/11KD9JR
1977
“Our struggle for the independence of Tibet is compatible with the hopes and aspirations of 6,000,000 Tibetans. It is a fulfilment of our rights and duties, and a just cause. Therefore, in order to realize this goal in its entirety, every Tibetan must endeavour to work in unity, with resolve, courage and determination.” http://bit.ly/12BWQ5v
“ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས།” http://bit.ly/12BWThN
དེ་ལས་རྒྱས་པ་འདིར་གཟིགས་པར་འཚལ་ལོ།།
1975 | The Office of His Holiness The Dalai Lama
བཀའ་ཤག་ནས་ཡིག་ལན་འབྱོར་བ། ༡
ཅོག་རོང་གི་མྱི།
ལྷག་བསམ་ཅན་ཅོག་རོང་བ་ལགས་སུ།
ཁྱེད་ཀྱིས་བསྐུར་གནང་བའི་ཞུ་ཡིག་གསུམ་པོ་དེ་རིམ་གྱིས་བཀླགས་ཟིན་པ་དང་སྐུ་ཉིད་ཀྱིས་བོད་དོན་ལ་བཅིངས་བའི་སེམས་ཤུགས་དང་ཐབས་ལམ་ལ་བརྒྱབ་སྐྱོར་ཡོད། ཡིན་ན་ཡང་བཀའ་ཤག་ནི་བདག་ཁོ་ནའི་བཀའ་ཤག་མ་ཡིན་ཏེ། བདག་གིས་ཅི་འདོད་དུ་ལས་རུང་བ་ཞིག་ཀྱང་གཏན་ནས་མིན། བཀའ་ཤག་ལ་ལོ་ངོ་གསུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་ལོ་རྒྱུས་དེའི་ཁྲོད་དུ་འབྲེལ་ཐོགས་ཆགས་པའི་མངོན་ལྐོག་གི་མི་སྣ་ནི་བགྲངས་ཀྱིས་མི་ལང་བ་ཞིག་ཡོད་པས་བཅོས་བསྒྱུར་གྱི་ཐབས་ལམ་གང་དང་གང་ཡིན་རུང་ཁོང་ཚོའི་ཁེ་ཕན་ལ་ངེས་པར་དུ་གཟིགས་དགོས་པ་དང་བསྟུན་དགོས་པ་ཞིག་ཏུ་ཆགས་བསྡད་ཡོད། བོད་དོན་གྱི་ཡང་སྙིང་ཡང་གནད་འདི་ལ་ཐུག་ཡོད་པ་འདིས་བདག་གི་དེང་རབས་ཆབ་སྲིད་ཀྱི་རྩལ་འདོན་པའི་ཐད་ལ་ཡང་འགལ་རྐྱེན་ཕྲན་བུ་ཙམ་ཐེབས་སོང་། ཁྱེད་ཀྱིས་གསུངས་གནང་བ་ལྟར་ངོས་ནས་ཀྱང་ཏན་ཏན་གྱི་བོང་བུ་ལ། ཏིག་ཏིག་གི་ཁལ་བཞིན་སྐུ་སྒེར་དང་སྐུ་ཚབ་རྣམས་དང་ལྷན་ཏུ་བོད་རྒྱ་གྲོས་མོལ་གྱི་འབྲེལ་ལམ་ཆད་ཤོར་བ་དེ་མཐུད་བསམས་ནས་ཁོང་ལྷན་རྒྱས་རྣམས་དང་དཀའ་ལས་ཏོག་ཙམ་རྒྱག་བཞིན་ཡོད། བོད་རྒྱ་འབྲེལ་ལམ་གྱི་གཏིང་ན་གནས་བའི་ལྐོག་གྱུར་གྱི་དོན་དག་དེ་དག་ནི་ཁྱེད་གཞོན་ནུ་རྣམས་ཀྱི་བློ་ཡུལ་དུ་ཚུད་དཀའ། རྒྱ་ནག་དང་འབྲེལ་ལམ་བཟོ་བ་དེ་རྒྱ་ནག་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་མུ་མཐུད་དུ་གནང་དགོས་པ་ཞིག་ཡིན། བདག་གིས་ཀྱང་རྒྱ་ནག་གི་རྩ་ཁྲིམས་ལ་སློབ་སྦྱོང་བྱས་མྱོང་བས་རྩ་ཁྲིམས་ལྟར་རྒྱ་ནག་གིས་ལས་ཐུབ་ན་གུང་བྲན་ཚོགས་པ་སྔར་ནས་རྒྱ་མིས་མགོ་ལྟིང་སློག་ཟིན་པས་རྒྱ་གཞུང་གིས་རྩ་ཁྲིམས་ལྟར་ལག་བསྟར་འཕྲད་དུ་བྱེད་མི་སྲིད། བོད་དོན་ནི་རྩ་ཁྲིམས་ལྟར་འཕྲད་དུ་ཐག་གཅོད་དགོས་ཞེས་པ་ནི་སྟོང་བཤད་ཙམ་དུ་ཟད་པས་དེར་རེ་བ་ཆེན་པོ་བརྒྱག་རྒྱུ་ཡོད་པ་མ་རེད། རྗེས་སུ་སྟེར་དགོས་ཟེར་ཡང་དགའ་མི་དགོས། རྗེས་སུ་རྡུང་དགོས་ཟེར་ཡང་སྡུག་མི་དགོས་ཟེར་བ་ལྟར་རོ། དེ་མིན་བོད་ནས་རང་ལུས་མེར་སྲེག་ཐད་ལ་ཁྱེད་ཀྱིས་བདག་གིས་བསྐུལ་བ་རེད་ཅེས་བརྗོད་མོད། བཀའ་ཤག་གིས་བོད་ནང་གི་རང་ལུས་མེར་སྲེག་ཐད་ལ་ཇུས་གཏོགས་དང་བཀོད་འདོམས་གང་ཡང་གནང་ཡོད་པ་མ་རེད་ལ་གནང་བསམ་པ་ཡང་མེད། བདག་ལ་མཚོན་ན་གྲྭ་ས་ནས་སློབ་གསོའི་གོ་སྐབས་འཐོབ་མ་མྱོང་མོད་རྒྱ་གར་དང་ཨ་རི་སོགས་ནས་སློབ་གྲྭ་འགྲིམས་ཏེ་འཚར་ལོངས་བྱུང་བ་དང་། ༧རྒྱལ་བའི་བཀའ་དང་དྲིན་ཆེན་ཕ་མའི་བྱང་སེམས་ཐད་ཀྱི་བསླབས་བྱ་རྣ་ལམ་དུ་ཉེ་བར་བསྒྲོགས་པའི་རྐྱེན་ལས་བདག་ལའང་སེམས་པ་བཟང་པོ་ཞིག་ཡོད་པས་གཞན་གྱི་ཚེ་སྲོག་ལ་གནོད་པའམ་གནོད་དུ་བསྐུལ་བའི་ལས་ཇི་རིགས་ལ་འཇུག་མི་སྲིད་ལ་མི་འཇུག་པའི་དམ་བཅའ་ཡང་ཡོད། ཡིན་ན་ཡང་བླ་མ་དང་བཀའ་བློན་གཞན་དག་གི་གསུངས་དང་མཛད་པ་དང་དགོངས་པ་ནི་འདི་འདྲ་ཞིག་ཡིན་དགོས་པའི་ངེས་པ་མེད། ངའི་ར་ལུང་པའི་ཕུ་ལ། ངས་རའི་བརྡ་ལན་མ་ཆོད་ཟེར་མཁན་ཡོད་སྲིད་པས་ཁོང་དག་གི་མཛད་པ་འཕྲིན་ལས་ནི་ཨ་ཕོ་བདག་གི་གཞལ་བྱ་མིན། རང་ལུས་མེར་སྲེག་གིས་རྒྱལ་སྤྱིའི་དོ་སྣང་བྱུང་བ་ནི་གདོན་མི་ཟ་བ་ཞིག་ཡིན་མོད་རྒྱ་ནག་བཙན་དབང་གིས་དོ་སྣང་འདི་དག་ལ་སྟོབས་ཤུགས་མེད་པར་བཟོས་ཡོད། དེའི་ཕྱིར་དུ་རང་སྲེག་བྱུང་ཚེ་ངོས་ནས་ཀྱང་དཔའ་བོ་དཔའ་མོའི་མཛད་པ་ཆུད་མི་ཟ་བའི་ཕྱིར་དུ་རྒྱལ་སྤྱིར་སྒྲག་ཅི་ཐུབ་དང་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་ཅི་ཐུབ་བྱེད་བཞིན་ཡོད། ཁྱེད་ཀྱིས་རང་སྲེག་ཐད་ལ་འཁྲབ་གཞུང་ཞིག་བྲིས་ཡོད་པ་དེ་ངོས་ནས་ཀློག་བཞིན་ཡོད་པ་དང་བདག་གི་བོད་ཡིག་གི་ཆུ་ཚད་ཅུང་ཞན་པས་གོ་བ་བརྒྱ་ཆ་བརྒྱ་ཐམ་པ་མ་ལོན་ཡང་སྙན་མོ་ཞིག་བྲིས་བཞག ཕྱིས་སུ་དུས་ཚོད་ཡོད་དུས་ངོས་ནས་སྐུ་སྒེར་ཡིག་ཚང་དང་བསྟན་འཛིན་བསོད་ནམས་བཟའ་ཚང་སོགས་ལ་མཚམས་སྦྱོར་བྱེད་ངེས་ཡིན། ལར་ཡུ་རོབ་གསར་ལམ་ཞིག་གི་བཅར་འདྲིར་འགྲོ་རན་པས་འདི་ཙམ་གྱིས། ཁྱེད་ཀྱི་ང་ཕོད་འཇིགས་མེད་སྐོར་གྱི་དྲི་བ་ལ་ངས་རྗེས་མར་ལན་བསྐུར་ཡོང་། ཁ་བྲོ་བཀྲ་ཤིས། བློས་ཐུབ་པ་བློ་མིང་འཛིན་པ་ནས་ཟླ་ཚེས་བཟང་པོར།
དོན་དག་འདིའང་རང་དབང་ཞེས་པའི་ཐ་སྙད་འདིར་ཐུག་ཡོད་པ་ཞིག་རེད། དང་པོ། ཆོས་དད་ཀྱི་ཆ་ནས་ལྟ་སྐབས། ནང་བའི་གསར་བཏོད་པ་ནི་སྟོན་པ་ཤཀྱཱ་ཐུབ་པ་རེད་ལ། ཁོང་གིས་དོགས་སློང་གནང་རུང་གི་བཀའ་བསྩལ་ནས་ལོ་ངོ་སྟོང་ཕྲག་གཉིས་ལྷག་འགྲོ་བཞིན་པས། དོན་དག་འདིས་ཐད་ཀར་ནང་ཆོས་དག་ཐེར་གྱི་སྒོ་མོ་འབྱེད་ཐུབ་ཡོད། གཉིས་པ། རང་དབང་ནི་ཅི་ཞིག་རེད་དམ། རང་བཙན་རྩོད་པའམ་མི་རྩོད་པའི་ཐོབ་ཐང་ཡོད་མེད་ནི་རང་དབང་གི་ཁྱབ་ཁོངས་ཡིན་ནམ། མི་དམངས་སྤྱིའི་དབང་ཆ་བཀོལ་སྤྱོད་ཐད་ལྟ་རྟོག་ནན་མོ་བྱེད་པ་ནི་རང་དབང་སྲུང་སྐྱོབ་ཀྱི་རྨང་རྟེན་ཡིན་ནམ། དམངས་གཙོ་དང་རང་དབང་གི་འབྲེལ་བ་ཅི་ཞིག་རེད་དམ། དྲི་བ་འདི་དག་གི་ལན་བརྙེད་ཐབས་གནང་དགོས་པའི་ཁར། དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྩ་དོན་ཡང་མཁྱེན་དགོས་ཀྱི་ཡོད་པ་རེད། དཔེར་ན། མི་སུ་དང་གང་ལའང་མང་ཚོགས་གཡོག་བསྒྱུར་བྱེད་པའི་ཐོབ་ཐང་མེད་པར་མ་ཟད། ཁྲིམས་འགལ་ཡང་རེད། འདིའི་ཐད་ནས་བཤད་ན། ད་ལྟའི་བོད་ནང་གི་གནས་སྟངས་ངོ་མ་དེ་ཅི་ཞིག་ཡིན་མིན་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པ་རེད། དེ་བས། དོན་དག་འདིས་བློ་སྒོ་འབྱེད་པར་བསྐུལ་འདེད་གཏོང་ཐུབ་ཀྱི་འདུག་
འདི་འདྲའི་རིགས་ལ་དགའ་ལྡན་ཕོ་བྲང་གི་ལན་འདེབས་དགོས་ན་འབྲི་ཚོད་མེད་པ་ཞིག་ཡོང་རྒྱུ་རེད། སུམ་ཅུའི་དུས་དྲན་ནས་ཡིག་རིགས་དུ་མར་གསུང་པའི་་བཀའ་སློབ་རྣམས་གཞི་ནས་བསྒྱུར་བཅོས་གཏོང་ན་དཀའ་ངལ་དེ་ལས་ཆེ། བསྒྱུར་ཀྱང་མི་དགོས་ལོ་རྒྱུས་སུ་གྱུར་བ་རེད། དེ་བས་དུས་ཚོད་འདི་ནས་བཟུང་༧གོང་ས་མཆོག་གི་དབུ་མའི་ལམ་བཞེད་པ་རེད། ཅེས་ཐག་ཆོད་པོས་སྒོ་ནས་བཤད་ན་ཡོངས་ཁྱབ་ཏུ་ཡིད་ཆེས་སྐྱེ་སླ། སྔོན་ནས་ལན་མང་གསུང་ཡོད་པ་དེ་སྐྱར་དུ་བསྒྲགས་ཀྱང་དོན་ཆེ། སྨོན་ལམ་གྱི་ཚིག་ལ་འགྲེལ་བཤད་གང་བྱས་རེད། རྒྱ་ནག་དང་ངོ་རྒོལ་མཁན་ཚོར་ཅི་ཙམ་འགྲེལ་ཡང་ངོས་ལེན་བྱུང་དཀའ། དད་པའི་རྗེས་འབྲངས་རྣམས་ཀྱིས་རྒྱུན་དུ་གསུང་བཤད་ལ་ཉན་ནས་ཡོད་པས་འགྲེལ་བ་མ་བྱས་ཀྱང་ཆོག བསམ་བློ་ལ་མཐོདམན་ཡོད་པས་སྨོན་ལམ་འབྲི་མཁན་དང་སྨོན་ལམ་འདེབས་མཁན་གཉིས་ངེས་པར་དགོངས་པ་གཅིག་ཏུ་འགྱུར་རྒྱུ་ཤིན་ཏུ་དཀའ། འདི་ལྟར་མཛོད་ཅིག་བྱས་པ་གཅིག་པོས་དེའི་རྗེས་ཟློས་ཙམ་ལས་དངོས་སུ་འགྱུར་ཐུབ་མི་ཡོང་། དེ་བས་༧གོང་ས་མཆོག་གི་ཡོངས་ཁྱབ་ཏུ་ནན་ཏུར་གྱིས་གསུངས་པ་རྣམས་ཀུན་ལ་ཤེས་སུ་འཇུག་རྒྱུ་རང་གཞན་ཀུན་ཀྱི་ལས་འགན་དང་། ཞལ་རྩེད་ཀག་དང་། འདི་འདྲའི་ཕྲན་ཚེག་རིགས་ནམ་མཁའི་ཁམས་སུ་སྤྲིན་མི་ཆགས་པ་ལྟར་འཛིན་པ་མེད་པའི་ངག་དུ་བག་ལ་ཞ་བར་གནང་བ་དང་། བསམ་འཆར་ཕྲ་མོའི་རླུང་གིས་མི་གཡོ་བར་རི་བོ་བཞིན་ཏུ་བརྗིད་ལྷང་ངེར་བཞུགས་ན་ཅི་མ་རུང་ཞེས་་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་པ་རྣམས་ལ་གསོལ་བ་འདེབས་པ་ལགས་སོ། །
རང་དབང་ཞེས་པའི་གོ་དོན་གཏིང་ཕྱིན་པ་མཐར་ཐུག་པ་ནི། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་རྫོགས་པ་དེ་ཡིན། དེ་ཡང་། རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཞེས་པ་ལས་བདེ་བར་གཤེགས་པ་རང་དབང་ཐོབ་པ་ཞེས་གནད་གཅིག་ལ་སོང་བཡིན། དེས་ན། རང་དབང་གི་གོ་འཕང་རྩེ་མོ་ནི་བདེ་བ་ལ་མཐར་གྱིས་གཏུགས་ནས་ཡོད་པར་བསམ། གངས་ཅན་པའི་གནད་དོན་མང་པོ་ཞིག་ཆོས་དང་འབྲེལ་ནས་ཡོད་པས་གོམས་དབང་ལས་འདི་ལྟར་དུ་ཐལ།། མདོ་དོན་འདིར་རང་དབང་ནི་སྡུག་བསྔལ་དང་ཀུན་འབྱུང་སྤོང་བའི་ལམ་བདེན་གྱིས་འགོག་བདེན་ཆོས་ཀྱི་དབྱིངས་སུ་ཡོངས་རྫོགས་མེད་པར་བྱས་པའི་ལག་རྗེས་སུ་ཐ་ན་སེམས་ཀྱང་འགག་ནས། སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད་ཅེས། དཔལ་ལྡན་ཟླ་བས་དགོངས་དོན་བཞིན་ཆོས་ཉིད་མཐར་ཐུག་བརྙེས་པ་ལ་འཇུག་པ་ཡིན་སྙམ།།
དེ་དང་དུས་མཚུངས། རང་དབང་དང་གཞན་དབང་། སྒེར་དབང་དང་སྤྱི་དབང་སོ་སོར་གོ་དོན་མི་འདྲ་སྙམ། ཆོས་ནས་ཉོན་མོངས་པའི་གཞན་དབང་དུ་མ་སོང་བའམ་དེ་ལ་ལྟོས་མེད་དུ་ཡོད་པ་ལ་རང་དབང་དང་། བྱང་སེམས་ཉོན་མོངས་གཞན་དབང་མ་སོང་ཡང་སྙིང་རྗ་དང་སྨོན་ལམ་དབང་ལས་འཁོར་བར་གནས་ཞེས་པ་བཞིན། སྙིང་དོན་དུ། བོད་མིའི་བླ་སྲོག་ནི་ནང་ཆོས་དང་རིག་གཞུང་དེ་ཡིན། མེས་དཔོན་རྣམ་པས་དེ་སྟོབས་ཀྱིས་བསྐྱངས་ཡོད། དེའི་ཕྱིར་སྟོབས་དང་གསེར་ཐ་ན་སྲོག་ཚུན་བཏང་བའི་གཅེས་ནོར་ཕུགས་ནོར་དེར་བློ་བཅོལ་བའི་རང་དབང་། བླ་སྲོག་དེ་འཛིན་པའི་སྐད་ཡིག་རང་དབང་། ང་ཚོ་མི་ཞིག་ཡིན་པའི་རྨང་གཞིའི་ཐོབ་ཐང་། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་བོད་ཆོས་ལྡན་གྱི་ཞིང་འདི་རྒྱ་ཡུལ་མིན་རུང་། རྒྱ་མི་ཚོ་ང་ཚོ་མཉམ་མཐུན་ཕན་ཚུན་བརྗེ་རེས་རོགས་རེས་བྱས་ནས་འཆམ་མཐུན་འདྲ་མཉམ་དུ་གནས་པར་གནད་འགག་མེད་མོད། འོན་ཀྱང་ཏང་གི་ཁ་ནས། མཐུན་སྒྲིལ། འཆམ་མཐུན། འདྲ་མཉམ། རོགས་རེས་ཞེས་ཁ་བསླུ་སྙན་མོ་རྐྱང་བཤད་པ་ལས་དོན་ལ། ཇི་ལྟར་མཐུན་སྒྲིལ་འཆམ་མཐུན་ཡོང་ངམ། འཆམ་མཐུན་ཡོང་བར་ངེས་པར་རོགས་རེས་བྱ་དགོས། ཏང་གིས་བོད་པར་གདུག་རྩུབ་མནར་གཅོད་བཙོན་བཅུག་ལས་ཕན་རོགས་ག་དུས་བྱས་ཡོད། ཡང་རོགས་རེས་མ་བྱས་ཀྱང་འདྲ་མཉམ་བལྟ་ན་འགྲིག་རུང་། དེ་ཡང་ཕར་བཞག་ཐུབ་ཚོད་སྨྲ་འབེབས་རྗེས་ལུས་ལོག་སྤྱོད་པར་བལྟ་གི་ཡོད། དེ་ནས་མར་འབེབས་ན་རྒྱ་བོད་མཉམ་པ་མིན་རུང་འདྲ་བ་ཙམ་དུ་བཞག་ན་འོས་རུང་དེ་ཡང་མེད་པར་ཐ་གཅིག་ཏུ་མི་རིགས་དབྱེ་འབྱེད་དང་ཁ་བྲལ་གཏོང་གི་ཡོད་གཤིས། གནས་སྟངས་ཛ་དྲག་འདི་འདྲའི་འོག་ང་ཚོའི་འཐབ་རྩོད་རང་སྲེག་ཏུ་བབ་ཡོད།
མདོར་ན་སྲོག་དོར་ཀྱང་བླ་སྲོག་དོར་མི་ཐུབ་པའི་གངས་ཅན་པ་ཡོངས་ཀྱི་འགོ་ཁྲིད་པར་ང་ཚོའི་བླ་སྲོག་དང་དེ་འཛིན་པའི་མི་རིགས་སྐད་ཡིག་དང་བཅས་པར་བདག་གཅེས་སྐྱོང་ལུགས་ཁ་ཞེ་མེད་པ་ཞིག་དོ་གལ་ནི་གཙོ་དོན་སྙིང་དོན་རེད། དེ་ལ་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མ་ཞིག་ངེས་བརྟན་དགོས། དེ་ཡང་གཙང་མ་ཞེས་པས་ཁ་ཚིག་འདྲ་ཆགས་མིན་པར་ཞེ་ཕུགས་གཙང་མས་རང་དབང་ཐོབ་ཐང་ཞིག་དོ་གལ་ཆེ། ཡང་རང་སྐྱོང་ལྗོངས་ས་གནས་གཅིག་པུ་མིན་པར་ཆོལ་གསུམ་ཡོངས་རྫོགས་ལས་དབུས་ལ་ཡོད་ལ་མདོ་སྟོད་སྨད་མེད་ནས་ཡོང་ཐབས་མེད་དེ་ཡོངས་རྫོགས་རྩམ་གཟན་པ་གཅིག་གྱུར་ཡིན་པས་སོ།།
༧གོང་ས་སྐྱབས་མགོན་ཆེན་པོས། བོད་དོན་འདི་སྲིད་རྐྱང་རྐྱང་གི་གནས་བབ་ཅིག་ཡིན་ན། དེར་ཐེ་བྱུས་བྱས་མ་བྱེད་བསམ་བློ་གཏོང་རྒྱ་ཡོད་གསུང་པ་ཐོས་མྱོང་བས་དེར་གོ་དོན་ཆེན་པོ་ཡོད། ཞེ་འཁོན་དང་སེམས་བཀོན་ཞེ་སྡང་ཚོར་སྐྱེན་གཅིག་པོའི་འཐབ་རྩོད་དེ་དངོས་ཡོད་ལ་རན࿒པ་མིན་ལ། དེས་ན་བོད་པའི་འཐབ་རྩོད་རིང་ལུགས་དང་རྒྱ་དམར་གྱི་ལྟ་ཕྱོགས་ལ་དམིགས་བསལ་ཁྱད་པར་མ་མཐོང་། ང་ཚོའི་བར་གྱི་འཐབ་རྩོད་ནི་བདེན་པ་དང་མེ་མདའི་བར་ཡིན། དེ་ཡང་ལོ་རྒྱུས་བདེན་པ་གཅིག་པུ་མ་རེད། འདས་མ་ད་གསུམ་གྱི་བདེན་ཁ་ཡོད། འདས་བདེན་ནི་ཡལ་ཟིན་པས་སུས་ཀྱང་བསུབ་ཐབས་བྲལ་བའི་ཆོས་ཉིད་ངང་རེད། དོ་ནན་གལ་ཆེན་ད་བདེན་འོང་བདེན་ཡིན་པས་དེ་ལས་འོང་བདེན་གཙོ་བ་ལས་གཞན་གཉིས་ཕལ་པ་ཡིན། མ་འོངས་པའི་བདེན་པ་ནི་ད་ལྟ་ང་ཚོའི་ལག་ཏུ་ཡོད་དེ་འབྲས་བུ་ཇི་འདྲ་ཡོང་མིན་ད་ལྟའི་རྒྱུ་ཚོགས་སྒྲུབ་སྟངས་ལ་རག་ལུས་པས་སོ།།
ཞེ་སྡང་འཁོན་འཛིན་དང་མེ་མདའ་གོ་མཚོན་གྱི་འོག་ནས་འཕྲལ་ཕན་ཕུགས་གནོད་དམ་གཏིང་རྨས་བྱེད་པ་ལས་ཕུགས་རེ་ཡོང་བ་ནི་རྩ་དངོས་ནས་འགལ་བ་རེད། ཞེ་སྡང་གིས་གང་ཟག་དབང་བསྒྱུར། གང་ཟག་གིས་གོ་མཚོན་དབང་ནས་རང་དབང་མེད་པར་མི་གསོད་ཁྲག་སྦྱོར་གྱི་ལས་ལ་འཇུག་གི་ཡོད་ན་དེ་ལས་གནོད་འཚེ་ཆེ་བ་མེད། མཐའ་དོན་སྐབས་བབ་དགོས་ཉིང་ནང་དོན་མ་བོར་ན་རང་བཙན་རང་བཙན་ཞེས་བཙན་ས་བཟུང་བ་ལས་མཉམ་འབྲེལ་གྱིས་ལམ་ནས་མཐུན་འབྲེལ་དེ་བཟང་བ་ཡིན། དཀྱིལ་འཁོར་ཡོངས་སུ་རྫོགས་པའི་འཕྲལ་ཕུགས་སྔ་ཕྱི་དངོས་ཤུགས་བརྒྱུད་བཅས་བསྲུབས་པའི་ཉིང་ཁུ་དབུ་མའི་ལམ་བཟང་ཕྱོགས་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག །།།།།།།
དགའ་ལྡན་ཕོ་བྲང་གི་གསལ་བསྒྲགས་འདི་ང་ཚོ་ལ་མཚོན་ན་དོག་གཞིའི་གནད་དུ་སོང་འདུག དགའ་ལྡན་ཕོ་བྲང་རྒྱབ་ཏུ་ཡིབ་སྟེ་ཀརྨ་ཆོས་འཕེལ་བེད་སྤྱད་དེ། ཀརྨ་ཆོས་འཕེལ་གྱིས་རང་བཙན་བཤད་ཁུལ་དང་། གོ་སྐབས་དེ་དང་བསྟུན་ཏེ་དགའ་ལྡན་ཕོ་བྲང་གིས་གསལ་བཤད་བྱེད་རྒྱུའི་གོ་སྐབས་བཟུངས་བ་མིན་ནམ། དེ་མིན་ཀརྨ་ཆོས་འཕེལ་མི་ངན་རག་བཟི་ཐབས་ཆག་ཞིག་གིས་སྨྱོ་གཏམ་བཤད་པར། ལས་ཁུངས་མཐོ་གྲས་ཤིག་གིས་འདི་འདྲ་སྐྲག་སྣང་ག་ལ་དགོས། སྤྱིར་ཀརྨ་ཆོས་འཕེལ་མི་འདི་ཡག་པོ་མ་རེད་དོ།
ང་ཚོའི་དབུ་ཁྲིད་ཚོས་ཐོག་མ་བོད་འདི་ལོ་རྒྱུས་ཀྱི་སྟེང་ནས་བཤད་ན་རང་བཙན་ཡིན་ཞེས་བརྗོད་པ་རེད། དེ་ནས་ད་ལོ་རྒྱུས་ལ་རྩོད་པ་བརྒྱབ་མ་བརྒྱབ་མི་འདུག་དེ་ལས་ད་ལྟ་དང་མ་འོངས་པ་གལ་ཆེ་བས་ལོ་རྒྱུས་བཤད་རྒྱུ་མིན་ཞེས་བཤད་པ་རེད། དེང་སང་ལོ་རྒྱུས་སྟེང་དུ་ཕལ་ཆེར་རྒྱ་ཁོངས་རེད་མདོག་མདོག་དང་རང་བཙན་གཙང་མ་མ་རེད་ཅེས་བཤད་ཀྱིན་ཡོད་པ་རེད། ཟམ་གདོང་སྤྲུལ་སྐུས་བོད་ཀྱི་ལོ་རྒྱུས་གཙང་མ་ཞིག་མི་འདུག་ཅེས་བཤད་པ་རེད། ལོ་རྒྱུས་ལ་གཙང་མི་གཙང་ཟེར་བ་ཞིག་ཡོད་རྒྱུ་མ་རེད། མདོར་ན་རང་བཙན་གཙང་མ་མ་རེད་ཟེར་བཞིན་ཡོད་པ་རེད། དེ་ལ་འགྲེལ་བཤད་རེ་ཡོད་ན་གསུངས་རོགས། རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་སྒེར་ངོས་ལ་སྐྱོན་རྗོད་བྱེད་དགོས་དོན་མི་འདུག ཁོ་རང་དབུ་མའི་ལམ་གྱི་རྗེས་སུ་འབྲངས་ནས་བོད་སྤྱི་དོན་ལ་ལས་ཀ་འདི་དག་བྱེད་ཀྱིན་ཡོད་པ་མ་གཏོགས་སྒེར་དོན་ལ་མིན་སྟབས་དགག་སྒྲུབ་གང་བྱས་ཀྱང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པའི་སངས་རྒྱས་ཀྱི་ལེགས་བཤད་དེ་དྲན་དགོས་ཀྱི་འདུག
ཀརྨ་ཆོས་འཕེལ་ཡག་མི་ཡག་བཤད་ནས་ཕན་ཐོགས་མེད་པ་རེད། ཀརྨ་ཆོས་འཕེལ་སྤྱི་འཐུས་རེད། ཀརྨ་ཆོས་འཕེལ་ཡག་པོ་མིན་ན་ཀརྨ་ཆོས་འཕེལ་སྤྱི་འཐུས་ལ་ག་རེ་བྱས་ནས་བདམས་པ་རེད།
དགའ་ལྡན་ཕོ་བྲང་གིས་གསལ་བསྒྲགས་འདི་འདྲ་ཕེབས་དགོས་དོན་འཕྲིན་བཅོལ་དག་གི་ཚིག་འགྲོས་ལ་སྤྱི་འཐུས་སྒེར་གྱིས་འགྲེལ་བཤད་རྒྱབ་པ་ཙམ་མིན་པར། གྲོས་ཚོགས་རྭ་བའི་གཞུང་འབྲེལ་སྡིངས་ཆའི་སྟེང་༧གོང་ས་ཆེན་པོ་ཞལ་ཞེ་མི་མཚུངས་པ་དངོས་སུ་གསུངས་པ་རེད། དེ་ཡིན་དུས་འདི་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བཤད་མ་གནང་ཚེ་གཞན་གནང་ཐུབ་མཁན་མེད་སྟབས། དེ་ལྟར་གནང་བ་ཡིན་རྒྱུ་རེད་མ་གཏོགས་གསལ་བཤད་གནང་མཁན་སྤྱི་འཐུས་སྒེར་བ་གང་ཟག་གི་སྤུས་བབ་ལ་རྩ་བ་ནས་གཟིགས་ཡོད་པ་རེད་འདོད། རྣམ་པ་ཚོས་སྤྱི་འཐུས་སྒེར་ཞིག་དང་ལྷག་ཏུ་ར་བཟི་ཞིག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་ཡིག་ཕེབས་ན་གང་མིན་ཚད་འགྲིག་མི་འདུག་མདོག་མདོག་ལབ་ན་དེ་ཏག་ཏག་བསྡད་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱི་ཐུགས་ཀློང་ལ་གང་ཤར་གྱི་ཡོད་པ་དེ་གཞན་གྱིས་གན་རེད་འདི་རེད་ཅེས་སྐུར་བ་བཏབས་བསྡད་ན་དེ་ག་འདྲ་འདུག ལྷག་དོན་སྐད་ཆ་འདི་རིགས་རྩ་དོན་དང་ཐད་ཀར་འབྲེལ་བ་མ་ཟད། རྒྱ་ནག་གིས་སྐོམ་པ་ཆུ་འདོད་ལྟར་སྒུག་པའི་ཚིག་གཅིག་ཡིན་སྟབས་འདི་འདྲ་བེད་སྤྱོད་གནང་ནས་འབྲེལ་མོལ་ལ་བར་ཆད་བཟོ་བ། དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཁུལ་གྱིས་དུས་ཚོད་ཕུད་རྒྱགས་བྱས་ན་གྱོང་དེ་བོད་མི་རིགས་ཀྱི་གྱོང་རེད། གཞིས་ལུས་རྒྱ་ཆེའི་མི་མང་གི་གྱོང་རེད། སྐུ་གཤེགས་དཔའ་བོ་དཔའ་མོ་ཚོའི་གྱོང་རེད།
མ་་་་་ཡིག་ཅིག་ཆད་འདུག
ཁྱེད་ཀྱིས་རྒྱ་དར་འཁྱེར་བ་དེ་རྒྱ་ནག་གིས་སྐོམ་པ་ཆུ་འདོད་ལྟར་སྒུག་པའི་ལས་ཀ་དེ་ཡིན་པ་མ་ཟད་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་བརྙོས་བཅོས་དང་མཐོང་ཆུང་ཡང་རེད། སྐབས་འཚོལ་བ་ཟེར་ན་ཁྱོད་འདྲ་བར་མི་ལབ་སུ་ལ་ལབ། ཉིན་མ་དེ་རིང་ནས་བཟུང་སྐབས་འཚོལ་བ་ཁྱོད་ཀྱིས་༧གོང་ས་མཆོག་དང་བོད་གཞུང། བོད་རྒྱ་འབྲེལ་མོལ་ཟེར་བའི་ལྟོ་ཟ་བྱེད་ཀྱི་སྐད་ཆ་འདི་ཚོ་བེད་སྤྱོད་གཏོང་རྒྱུ་མཚམས་ཞོག
རང་དབང་དང་རང་བཙན་་་་དོན་གཅིག་མིང་གི་རྣམ་གྲངས་མིན་པ་་འདི་ཤེས་རྒྱུ་གལ་ཆེན་གཅིག་རེད། འདི་སྤྱི་འཐུས་ཀྱི་ཨུ་ཚུགས་གཅིག་རེད།
འཕྲིན་སྐུལ་དེ་དག་ནང་གི་རང་དབང་གི་གོ་དོན་རང་བཙན་ཡིན་པ་དེ་སྐབས་དེ་དུས་བཙན་བྱོལ་བོད་གཞུང་གིས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་པ་འདི་ཨུ་ཚུགས་གཅིག་རེད།
དེ་ལ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྐབས་དེ་དུས་ནས་རང་དབང་རང་བཙན་གྱི་གོ་དོན་བོད་རྒྱ་ཨིན་གསུམ་དང། ལྷག་པར་སྲིད་དོན་ཐ་སྙད་ཀྱི་ཕྱོགས་ནས་ཁྱད་པར་ཆེན་པོ་ཡོད་པ་དགོངས་པར་བཞག་སྟེ་ལྗགས་རྩོམ་མཛད་པ་གསལ་བཤད་གནང་འདུག
དེ་ནས་གཙོ་བོ་༧གོང་ས་མཆོག་ཞལ་ཞེ་མི་མཚུངས་བཤད་པ་དེ་བདེན་པ་མིན་པ་དང་བློ་གྲོས་ཞན་པ་རྣམས་མགོ་བོ་མི་རྨོངས་གནས་ཚུལ་དེ་བདེན་པ་མིན་པ་གསལ་བཤད་གནང་བ་ཡིན་པ་གསལ་བོར་འཁོད་ཡོད་པ་རེད། དོན་དག་འདི་གསུམ་གསལ་བོ་ཆགས་སོང་ན་གསལ་བཤད་དང་གསལ་བསྒྲགས་ཐད་གླེང་སློང་གང་ཡང་གནང་རྒྱུ་ཡོད་པ་མ་རེད་འདོད།
ང་ཚོས་ཡར་འཐེན་མར་འཐེན་བྱས་ཀྱང་དེ་བརྗོད་གཞི་དང་འབྲེལ་མེད་དོན་གཞན་རེད། ཁ་ཤས་ཀྱིས་རང་དབང་གི་དོན་ཞོག་ལབ་འདུག འོ་ན་རང་དབང་ཁྱབ་ཁོངས་སྐད་ཡིག་དང་གཏམ་བརྗོད་རང་དབང་སོགས་ལ། ཞིབ་ཚགས་འདི་བཤད་ཆོག་འདི་བཤད་མི་ཆོག་བཅས་མིའི་ངག་ནས་གང་བརྡོལ་རྒྱུ་ཡོད་པ་ཐམས་ཅད་ལ་ཁྲིམས་ཡིག་བཟོ་དགོས་ཚེ་དེ་ནི་གླེན་པའི་བཤད་སྟངས་ཤིག་མ་རེད་དམ། དེས་ན་ཤེས་བཞིན་རྙོག་དྲ་གླེང་གི་མ་བསྡད་ན་ཡག་གི་རེད།
ཡང་རེ་ཤོས་ཀྱིས་ཡིག་ཚང་གི་བཀའ་ཡིག་འདི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་དགོངས་གཞི་དང་མཐུན་གྱི་འདུག་ཟེར། དེ་ད་ཡིན་གདའ་ཡིན་བསམས་སོང། གང་ཡིན་ཞེ་ན། སློབ་དཔོན་མཆོག་བདེན་པ་ཚད་ཐུབ་དང་རྣམ་དཔྱོད་གཞན་འདྲེན་མེད་པ་ཡིན་དུས། ༧གོང་ས་ཆེན་པོའི་བཀའ་དགོངས་ཇི་བཞིན་ངེས་ཡོད་པ་རེད། སྐྱེ་བུ་དམ་པའི་བཞེད་དགོངས་བདེན་པའི་གནས་ལུགས་ལ་ས་ཐག་རྒྱང་ཁྱད་མེད་པར་ག་དུས་ཡིན་ནའང་ཆུ་ལ་ཆུ་བཞག་པ་ལྟར་ཡིན་སྟབས་རི་བོང་གནམ་རྡིབ་དང། གཉིད་ལོག་ཕག་གི་སྐད་ཅོར་མ་རྒྱབ་ན་ཡག་གི་རེད་འདོད།
དཔེར་ན་སྤྱི་འཐུས་སྒེར་གྱི་གསལ་བཤད་གནང་ཉིན་དེ་ག་རང་ལ་ངས་དེར་གསལ་བསྒྲགས་ཤིག་སྤེལ་བ་ཡིན། དེའི་ནང་འཁོད་པའི་རྒྱ་རིགས་ཚོར་དོགས་གཞིར་ཡོང་སྲིད་པ། རྒྱ་ནག་གཞུང་ལ་ལག་ཆ་མཁོ་འདོན་བྱས་པ། ༧གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་ཟེར་བ་དེ་སྐྱག་རྫུན་རེད་ཅེས་བྲིས་པ་དེ་ད་ཐེངས་བཀའ་ཡིག་འདིའི་ནང་དུ་གཅིག་མཚུངས་སླེབས་འདུག ད་འོ་ན། ངས་དགའ་ལྡན་ཕོ་བྲང་ལ་བརྒྱུད་སྐུལ་བྱས་པ་རེད་དམ། སྣང་བ་མི་འགྲོ་བ་དང་བསམ་བློ་མ་བཏང་བ། མགོ་མ་འཚོས་པའི་སྐད་ཆ་མ་རེད་དམ། སོང་ཙང། མཆན་བུ་བ་རྣམས་ཀྱིས་ཀྱང་ཡི་གེ་གཅིག་འབྲི་ནའང་འཕྲོ་བརླག་ཏུ་མ་སོང་བ་ཞིག་གནང་ན་མི་ཚེའི་སྙིང་དོན་རེད་བསམས།།།
འཇིགས་མེད་ཐོས་པ་རང་གྲོལ་ལགས།
སུ་གང་གིས་༧༩ བར་བཙན་བྱོལ་གཞུང་གིས་རང་བཙན་བརྩད་མེད་ཅེས་ལབ་ཀྱི་མི་འདུག སོང་ཙང་ཉིད་ཀྱིས་དྲངས་པ་དེ་དག་གཞུང་འབྲེལ་གསུམ་དུས་གསུང་འཕྲིན་༡༩༧༩ ལོའི་སྔོན་རྐྱང་པ་རེད། དེ་འདིར་འབྲེལ་བ་སྤུ་ཙམ་ཡང་མི་འདུག
དེ་བཞིན་གཞུང་འབྲེལ་གསུམ་དུས་གསུང་འཕྲིན་ནང་རང་བཙན་བེད་སྤྱོད་གཏོང་གི་ཡོད་ནའང། ༧གོང་ས་ཆེན་པོ་རང་གི་བརྩེ་ཆེན་ཡེ་ཤེས་ཀྱིས་ལྷ་སྲུང་ཁག་ལ་འཕྲིན་བསྐུལ་བདེན་བརྡར་གནང་སྐབས་ག་རེ་བྱས་ནས་རང་བཙན་དེ་མ་བྲིས་པ་རེད་དམ། དེ་ལ་ཁྱེད་དགོངས་ཚུལ་ག་རེ་ཡོད། ངས་བལྟས་ན་ད་དུང་༧གོང་ས་མཆོག་ཁོ་ནའི་དགོངས་ཚུལ་ཤུགས་ཆེ་ལ། ཁོང་ཉིད་སྐུ་སྒེར་ནས་གཞན་གྱི་ཐེ་གཏོགས་མེད་པར་ལྗགས་རྩོམ་མཛད་པ་ཡིན་སྟབས། ཁོང་གི་དགོངས་གཞི་འཚོལ་ན་ཕྱི་མ་ནས་མི་འཚོལ་བར་སྔ་མ་ནས་ཅི་ལྟར་འཚོལ།། ངས་བསམས་ན་གསུམ་དུས་གསུང་འཕྲིན་དྲངས་པ་འདི་རང་མགོ་རྡུང་བྱེད་ཅིག་མིན་འགྲོ་བསམས།།།
ངས་ཤེས་ཚོད་བྱས་ན་གསུམ་དུས་གསུང་འཕྲིན་འདི་སྔ་མོ་ནས་བཀའ་ཤག་ནས་ཟིན་བྲིས་བཏབས་ཡོང་གི་ཡོད་སྟབས། ༧གོང་ས་མཆོག་རང་གིས་འཕྲིན་སྐུལ་ལྗགས་རྩོམ་མཛད་པའི་ཚུལ་དང་སྒོ་ཀུན་ནས་འདྲ་བར་མི་འདོད། དམིགས་བསལ་༧གོང་ས་ཆེན་པོ་གཞན་ལ་ཐུགས་བརྩེས་ཉེ་བར་བསྟུན་མཁས་པ། གཤམ་འོག་གི་བསམ་ཚུལ་རྩ་ཆེར་འཛིན་མཁན་གྱི་དབུ་འཁྲིད་ཅིག་ཡིན་པ་བྱུང་རབས་ནང་གསལ་སྟབས་གནད་དེ་དག་ལ་བསམ་བློ་ལེགས་པར་བཏང་ནས་སྐད་ཆ་ཤོད་ཅིག
དངོས་གནས་སྔ་སི་སི་ནས་ཤར་ཁུག་ཁྱེད་བཏུང་ཚར་བ་འདྲ། དབུ་ལམ་མི་མང་རྒྱུན་ལས་ནས་ཕུད་ཏེ་དགའ་ལྡན་ཕོ་བྲང་གི་ལྕགས་སྲེབས་ནས་ཡང་གོ་སྐབས་ཤིག་དང་ཟས་ཤིག་འཚོལ་བཞིན་ཡོད་ས་རེད། གཞན་གྱི་བསམ་ཚུལ་ཅི་བཏོན་ལ་གོ་བ་ལོན་ཐབས་མི་བྱེད་པར་དགའ་ལྡན་ཕོ་བྲང་རྒྱལ་ལོ་རྐྱང་བཤད་ནས་ཡང་སྙིང་གང་བྱེད་རྩིས་ཡོད། ཁྱེད་ཀྱི་བཤད་ཚོད་ལ་བལྟས་ན་༸གོང་ས་མཆོག་གི་རང་བཙན་གྱི་རེ་བ་ནམ་ཡང་བཅངས་མྱོང་མེད་པས་རྒྱལ་ཕམ་པ་ཞིག་ཡིན་པ་ལྟ་བུ་བཤད་འདུག ལོ་རྒྱུས་ནང་དེ་འདྲ་འཁོད་ན་དཔེ་མི་སྲིད་རེད། དབུ་ལམ་གསར་བཏོད་པ་ནི་གནས་སྐབས་ཀྱི་དགོངས་གཞི་ཡིན་པ་སྐུ་ཉིད་ནས་ཉེ་ཆར་ས་ལུ་གུ་རའི་བཀའ་སློབ་ལ་མ་ཉན་ནམ། ད་དུང་ཁོང་ནས་ང་ཚོར་དགོས་ཡག་རང་བཙན་རེད་ཅེས་གསུངས་པ་ཨེ་ཐོས། སྐད་ཆ་ཅི་བཤད་ཀྱང་བསམ་གནོ་བཏང་ནས་ཤོད། དེ་མིན་ན་སྐབས་འཚོལ་ནས་རྒྱལ་ཕམ། རྒྱལ་ཕམ་ནས་མི་གྲལ་ལས་འབུད་ཡོང་།
ཁྱེད་ལྟ་བུའི་མི་ནི་བློས་ཐུབ་ཀྱི་གྲོགས་ཤིག་དང་མི་ཞིག་མིན་པ་ད་རེ་ཤེས་སོང་། སོ་སོའི་གྲོགས་པོ་ཚོ་དང་མཉམ་དུ་ར་བཟིའི་འཆལ་གཏམ་ཡོངས་རྫོགས་དྲ་རྒྱའི་ནང་ལུང་འདྲེན་ཡོང་བ་དཔེ་རེད།
ཁ་སང་འབྲས་ལྗོངས་ར་ཝང་ལ་ནས་ཕེབས་པའི་བཀའ་སློབ་འདི་གལ་ཆེན་ཞིག་རེད། དུམ་བུ་གཅིགའདིར་དྲངས་ཡོད།།
༼༼ དེ་རིང་ཁ་སང་རྒྱ་ནག་ལ་ཆ་བཞག་ན་སྐུ་མདུན་སྐུ་གོང་མ་བཙན་བྱོལ་ནང་ནས་བོད་ལ་ ཕྱིར་ཕེབས་གནང་བའི་ཁ་ཐུག་དེར། རྒྱ་ནག་གོང་མ་མེད་པ་ཆགས། དེ་ནས་རྒྱ་ནག་གི་གསར་བརྗེ་འགོ་འདྲ་པོ་གཞི་ནས་ཚུགས་པའི་ཁ་ཐུག་བྱས་ནས། སྐུ་མདུན་སྐུ་གོང་མ་རང་གི་ཞལ་གདམ་བཀའ་སློབ་ནང་ལ་ལྟག་ཆུ་ཆད་པའི་རྫང་བུ་ནང་ བཞིན་ཆགས་པ་རེད་ཅེས་གསུངས་འདུག་པ་དེ་རེད། ད་ལྟ་ལྟག་ཆུ་ཆད་པའི་རྫང་བུ་ནང་བཞིན་རེད་མི་འདུག་གཱ བྱས་ཙང་ཁ་སང་དེ་རིང་ང་ཚོའི་རིགས་ཁ་ཤས་ཀྱིས་སྐུ་མདུན་སྐུ་གོང་མས་དེ་འདྲ་གནང་ བ་རེད། སྐུ་ཕྲེང་བཅུ་བཞི་པས་ཏོག་ཙམ་འཇོན་གྱི་མི་འདུག་མདོག་མདོག་བཤད་ཀྱི་འདུག་ཨཱ། དེ་བསམ་བློ་ཏན་ཏན་གཏོང་དགོས་པ་རེད།
དེ་འདྲ་ཡིན་དུས་རང་བཙན་ང་ཚོར་ཐོབ་ཐང་ཡོད་རེད། ཡོད་རེད་དེ་ད་ལྟ་ང་ཚོ་བོད་ནང་ལ་ཛ་དྲག་གི་གནས་ཚུལ་ཆགས་བསྡད་ཡོད་རེད། སྐད་ཡིག་མ་འདྲ་བ་ཡོད་པ་རེད། རིག་གཞུང་མ་འདྲ་བ་ཡོད་པ་རེད། གོམས་གཤིས་མ་འདྲ་བ་རེད། དེ་དག་རིམ་པས་རིམ་པས་ང་ཚོས་གཉིས་ཕན་གྱི་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན། དཔེར་ན་ངས་ནམ་རྒྱུན་རྒྱ་མི་ལ་ལབ་ཀྱི་ཡོད། རྒྱ་གར་ལ་ལྟོས་དང་། རྒྱ་གར་ཤར། རྒྱ་གར་ལྷོ། རྒྱ་གར་ནུབ། རྒྱ་གར་བྱང་། སྐད་མ་འདྲ་བ་རེད། ཡི་གེ་མ་འདྲ་བ་རེད། ཁ་བྲལ་འགྲོ་བའི་ཉེན་ཁ་ཡོད་པ་མ་རེད། ཚང་མ་ལ་ཐོབ་ཐང་འདྲ་མཉམ། དེ་ནས་ཁྲིམས་ཀྱི་དབང་བསྒྱུར། མང་གཙོ་རང་དབང་ཞིག་ཡོད་པ་ཡིན་དུས་ཁ་བྲལ་འགྲོ་བའི་ཉེན་ཁ་གང་ཡང་མི་འདུག བོད་ཀྱི་སྐད་མ་འདྲ་བ་རེད། ཡི་གེ་མ་འདྲ་བ་རེད། ཡིན་ནའང་ཁྱེད་རང་ཚོས་བོད་པ་ལ་དངོས་གནས་རང་སྤུན་ཟླ་མི་རིགས་ཅེས་ལབ་པ་ནང་ བཞིན་གྱི་བརྩི་བཀུར་བྱས། བརྩེ་བ་བྱས། ཐོབ་ཐང་འདྲ་མཉམ་སྤྲད་པ་ཡིན་ན་ང་ཚོ་བོད་པས་ཡང་བསམ་བློ་གཏོང་གི་རེད། ང་ཚོས་རྒྱ་ཆེ་ས་ནས་ང་ཚོའི་ཁས་ཕན་ལ་བསམ་བློ་གཏོང་དགོས་ཀྱི་རེད་ཅེས། མཚམས་མཚམས་ལ་ངས་གསལ་པོ་བྱས་ནས་བཤད་ཀྱི་ཡོད། ༽༽
འདི་ནང་གི་བསམ་ཚུལ་ཤོད་མཁན་རྣམས་ཀྱིས་ཤོད་སྟངས་དང་ལྟ་བ་ཁྱེར་ཕྱོགས་བསྡོམ་རྒྱབ་ན་་་་ཆོལ་ཁའི་དབར་གྱི་ཤན་ཆེན་པོ་བཞུགས་འདུག
དགའ་ལྡན་ནང་གི་ལས་བྱེད་ཚོ་༧གོང་ས་མཆོག་གི་ཞབས་ཕྱི་ཡག་པོ་ཞིག་ཞུ་བསམ་ན་
སྔར་ཕྱི་ལོ་བདུན་བཅུ་དོན་བཞིའི་གོང་ལ་རྒྱལ་བ་རིན་པོ་ཆེས་རང་གཙན་གཙང་མ་ཐབ་རྩོད་གནང་བ་དང་དེ་ནས་དུས་ཀྱི་འགྱུར་བ་སོགས་དགོང་གཞི་རྒྱ་ཆེན་ཞིག་གནང་ཏེ་རང་གཙན་དོར་ཏེ་དབུ་མའི་ལམ་གྱི་ཐབ་རྩོད་ད་ལྟ་བར་དུ་ཞལ་ཞེ་གཉིས་མེད་ཀྱི་གནང་བ་ཡིན་ཚུལ་སོགས་གསལ་བཤད་ཐིལ་ཕྱིན་པ་ཞིག་གནང་ན་དེ་ནས་དགྲ་བོ་རྒྱ་གཞུང་ཡིན་ཡང་ལག་པ་འཆང་ས་མེད་པ་ཞིག་དང་
རང་རེ་བོད་རིགས་ཚོ་ཡིན་ཡང་དོགས་སློང་གང་ཡང་མི་དགོས་པ་ཞིག་རེད་
དེ་མིན་ད་ལྟའི་གསལ་སྒྲགས་ཉ་མྱུང་མཉམ་སྲེས་ཀྱི་འདི་འདྲ་ཞིག་བྱས་པས་དགྲ་བོ་རྒྱ་གཞུང་ལ་དགོས་ཡག་ཞིག་དང་
གཉེན་བོད་པ་ནང་ཁུལ་དཀྲུག་ཤིང་ཆག་ཡག་ཞིག་མ་གཏོག་མི་འདུག་
དགའ་ལྡན་ཕོ་བྲང་་་་་་ཞེས་བཅོས་རོག་་་
ང་ཡི་ཕྱོགས་གང་ནས་ལྟས་ཀྱང་ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་དེར་ང་ཚོ་གངས་ཅན་པ་ཚང་མས་གཟབ་གཟབ་བྱེད་དགོས་པ་ཞིག་རེད་འདུག་
མི་འདིས་ལས་ངན་པ་གང་ཞིག་བྱེད་ཀྱི་ཡོད་པ་དེ་བདེ་སྲུང་ལས་ཁུང་སོགས་ཀྱི་ཞིབ་འཇུག་ཐིལ་ཕྱིན་པ་ཞིག་བྱས་ཏེ་མི་དམངས་ཡོངས་ལ་གསལ་པོ་གཟོ་རྒྱུ་གལ་ཆེན་པོ་ཞིག་མཐོང་གི་འདུག་
གལ་སྲིད་སྐྱེ་བ་སྔ་ཕྱི་ཡོད་པ་དང་ཡང་སྲིད་ཕྱི་མ་ཕྱི་མ་ནི་སྔ་མ་དང་སྔ་མའི་རྒྱུན་ཡིན་པར་ངོས་ལེན་གནང་གི་ཡོད་ན། འཇོན་ཟིན་པ་དང་མ་འཇོན་པ། འཇོན་སྲིད་པ་སོགས་ནི་ཏཱ་ལའི་བླ་མ་ཞེས་པའི་མིང་འདི་ཁོ་ནར་གཏོགས་པ་ཞིག་ལས་སྐུ་ཕྲེང་ག་གེ་མོ་ཞེས་དབྱེ་འབྱེད་བྱེད་ས་ལྷག་ཡོད་པ་མ་རེད། དེ་ལྟར་སྔ་མ་སྔ་མའི་དགོངས་བཞེད་ཕྱི་མ་ཕྱི་མས་བསྒྲུབས་ཀྱིན་པའང་དེ་ལུགས་ལ་ཐུག་ཡོད་པར་འདོད། དེ་བས། ཆུ་ཚོད་ཀྱི་སྔ་ཕྱི་ཙམ་ལས་ལྟག་ཆུ་ཆད་པའི་རྫིང་བུ་ཞིག་འབྱུང་སྲིད་པའང་གསལ་བོ་རེད། དེ་ལས་ལྡོག་ནས་རྒྱ་དམར་གཞུང་གི་དཔོན་རབས་ལྟ་བུ་ཞིག་ཡིན་ན། དཔོན་རབས་རེ་རེར་འཇོན་དང་མ་འཇོན་སྦྱོར་ཆོག་གི་ཡོད་པའི་ཁར། བརྗེ་བོའང་བརྒྱབ་ཆོག་གི་ཡོད་པ་རེད། འགྱུར་མི་ཆོག་པ་ནི་ཤོག་ཁག་གཅིག་གི་དབང་བསྒྱུར་རེད་ལ། ཤོག་ཁག་དེ་ནི་དཀོན་མཆོག་ནང་བཞིན་སྐྱོན་གྱིས་མ་གོས་པ་ཞིག་ཏུ་བསྒྲུབས་ཀྱིན་པ་རེད། ད་ལྟའི་དྲི་བ་ནི་རྒྱལ་བ་རིན་པོ་ཆེ་ནི་ག་དུས་ནས་ཡི་ཤུའི་དཀོན་མཆོག་ནང་བཞིན་དོགས་སློང་བྱེད་མི་ཆོག་པ་ཞིག་ཏུ་བསྒྱུར་བའམ་གྱུར་བ་རེད་དམ། དེ་དང་ནང་ཆོས་བར་འགལ་བ་ཡོད་དམ།
ཐུ་བ་ཁྱོད་སྨྱོ་ཆུ་བཏུང་བ་མ་རེད་ད། རང་དབང་ལ་ཚིག་གཉིས་དོན་གཅིག་ལ་འགྲེལ་ནས་རང་གི་འདོད་པ་བཞིན་བྱེད་ཆོག་པའི་དབང་ཆ་ལ་ཟེར་ན། གུང་ཁྲན་ཆོས་ཅན་རང་དབང་ཡིན་ཏེ། རང་གི་འདོད་པའི་དབང་ཆ་ཡོད་ཚད་བེད་སྤྱོད་བྱེད་ཆོག་གི་འདུག་ལ་དེ་ལྟར་བྱེད་བཞིན་པས་ཕྱིར། ཧ་ཧ། དཔེར་ན་ཤར་ཁུག་བཞིན། བོད་རྒྱལ་ཁབ་བཙན་ཕྲོགས་དང་བོད་མི་རིགས་ས་ཡ་རྒལ་བ་དམར་བསད་བཏང་བའི་རོ་ཐོག་ཏུ་དར་དམར་བསྒྲེངས་ནས་རྟ་རྒྱུགས་གཏོང་བའི་རང་དབང་ཞིག་རག་འདུག་ག། བྱས་ན་སྲིད་དབང་སྒེར་འཛིན་རིང་ལུགས་པ་ཚང་མ་རང་དབང་ཆགས་པ་རེད་དོ། རང་གི་འདོད་པ་ཡིན་པས་ཕྱིར། མ་གཞི་ཁྱོད་ཀྱི་རང་དབང་དེ་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྒྱུའི་རང་དབང་དེ་ཡིན་ས་རེད། ཨེ་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ་ཀྲུང་ནན་ཧེའེ་ནས་ཕེབས་བསུའི་རང་དབང་ཞིག་མི་བསྟེར་ཁོ་ཐག་རེད། ཧ་ཧ།
ཐ་སྙད་གང་ཞིག་ཡིན་ཡང། སྐབས་དཔན་སྟོན་ཚུལ་མི་འདྲ། དཔེར་ན། རང་དབང་དུ་གྲུབ་པའི་ཆོས་མེད་ལྟ་བུ། ང་རང་དབང་ཡིན་ལྟ་བུ། དམངས་གཙོའི་རང་དབང་ལྟ་བུ། འགྲོ་བ་མིའི་རང་དབང་ལྟ་བུ། རང་དབང་རང་བཙན་ལྟ་བུ་སོགས་ཆོས་དང་ཆབ་སྲིད། དེ་མིན་གཞན་གྱི་དོན་མང་པོར་འཇུག་ཚུལ་ཡོད་པ་ལོས་ཤེས།
འདིར་སྐབས་དོན་ནི། ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ། ཆོས་སྲིད་རང་དབང་དཔལ་ལ་་་ཞེས་པ་དག་་རང་དབང་ནི་གཙོ་བོ་ཆབ་སྲིད་ཐད་ཀྱི་རང་དབང་ལ་གོ་དགོས་ཏེ། བོད་གཞིས་བྱེས་ཚང་མ་ཆབ་སྲིད་ཐད་ཀྱི་རང་དབང་ཡོངས་སུ་ཤོར་ནས་གཅིག་བཙན་འོག་གཞན་དབང་དུ་འཚོ་བ་དང་ཅིག་ཤོས་ཆབ་སྲིད་སྐྱབས་བཅོལ་དུ་གནས་པ་ཡིན་པས་སོ།
དེས་ན་དྲི་བ་ནི། ང་ཚོའི་ཤོར་སོང་བའི་ཆབ་སྲིད་ཀྱི་རང་དབང་ཞེས་པ་དེ་གང་རེད། དེའི་ཚད་གཞི་ཅི་འདྲ་ཞིག་ཡིན། དེ་ནམ་ཞིག་ནས་ནམ་བར་ལ་ཡོད། ཐོག་མར་འདེབས་དགོས་པའི་ལན་འདི་དག་ཡིན། དེས་ན་བོད་ཀྱི་དེང་དུས་ནས་ཉེ་རབས་དང་ཉེ་རབས་ནས་གནའ་རབས་བར་གྱི་བོད་ཀྱི་སྲིད་དོན་ལོ་རྒྱུས་མི་གླེང་ཀ་མེད་རེད།
ང་ཚོར་༡༩༥༡སྔོན་ལ་ཡོད་པའི་ཆོས་སྲིད་ཐད་ཀྱི་རང་དབང་དེ་རང་བཙན་ཞིག་གི་ངོ་བོར་ཡོད་དམ་མེད། ཡོད་ན་རང་བཙན་དེ་ཡང་རང་བཙན་གཙང་མ་སྟེ་རྒྱལ་ཁབ་ཆེན་པོའི་ངོ་བོར་ཡོད་དམ་ཡང་ན། རྒྱལ་ཁབ་གཞན་ལ་བརྟེན་པའི་རྒྱལ་ཕྲན་ལམ་ལུགས་ལྟ་བུའི་རང་བཙན་རེད། བཙན་པོ་དག་གི་སྐབས་སུ་རང་བཙན་གཙང་མའམ་བོད་རྒྱལ་ཁབ་ཆེན་པོ་ཡིན་པ་ཡོངས་གྲགས་རེད།
༡༩༥༡ལོར་བོད་ཞི་བའི་བཅིངས་འགྲོལ་མིང་ཅན་གྱི་ཆིངས་ཡིག་འཇོག་དུས་བོད་གཞུང་ངོས་ནས་ཐོག་མའི་ཆ་རྐྱེན་ཆ་གེ་བཏོན་འདུག དེ་ནས་ཆིངས་ཡིག་ངོ་མ་འཇོག་དུས་མར་ཅི་ཙམ་བབས་འདུག གནས་སྟངས་དེ་འདྲ་ཆགས་དགོས་དོན་ཅི།
ཡོངས་རྫོགས་བོད་ལྗོངས་ཞེས་པ་དེས་བོད་ཆོལ་ཁ་གསུམ་ཡོངས་སུ་བསྟན་པ་ཁ་གསལ། རང་དབང་གཙང་མ་ཟེར་བ་དེ་དགའ་ལྡན་ཕོ་བྲང་གི་སྐབས་ཀྱི་བོད་ཀྱི་རང་དབང་ཡིན་ནམ། ཡང་ན་བཙན་པོའི་དུས་ཀྱི་བོད་རྒྱབ་དེར་གོ་དགོས། དེར་གོ་ན་ཆོག་གམ། ཡང་ན་ཐོག་མ་ནས་བོད་ཆོལ་གསུམ་ཆིག་སྒྲིལ་གྱི་བར་གནས་རྒྱལ་ཕྲན། དེང་གི་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བྱས་པའི་ཞང་ཀང་ལྟ་བུ་ཞིག་ལ་གོ་འོས། ངའི་བསམ་ཚུལ་ལ་ཚད་གཞི་འདི་འདྲ་ཞིག་ལ་དགོངས་འདུག་སྙམ། རྒྱུ་མཚན་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དང་རྩ་ཁྲིམས་སྙིང་དོན་སོགས་ལས་དཔོག་ཐུབ། འོན་ཀྱང་འདི་དག་ལ་ལོ་རྒྱུས་རང་བཞིན་གྱི་གསལ་བཤད་གནང་མེད་པས་་་སྨོན་ཚིག་འདི་དག་སྐྱོར་དུས་སོ་སོའི་སེམས་ཀྱི་རང་དབང་གཙང་མའི་དཔལ་ཞེས་པ་དེར་ཡང་སྐྱ་ཐིག་ཅིག་ཡོད་དམ་མེད།
ད་ནི་ང་ཚོས་ཡོད་ཚད་གསལ་རྗེན་དུ་བཟོ་བའི་དུས་རེད། མ་ཤེས་མ་གོ་བ་དག་ལ་རྩོད་པ་བྱེད་པ་ལས་དོན་གྱི་བདག་པོ་མཆོག་ལ་ཞུས་ན་འགྲིགས། ཞུ་དགོས་ངེས་ཤིག་ཀྱང་རེད་སྙམ་མོ།
ཧ་རེ་ཧོ་རེ་དང་། གཙའ་ངེ་གཙེང་ངེ་གི་སྐད་ཆ་ཤོད་ཚུལ་ལ་བལྟས་ན། སྨྱོ་སྨན་རང་གིས་ཟོས་ནས་སྨྱོ་ཆུ་གཞན་གྱིས་འཐུང་འདུག་ཟེར་པའི་བཤད་སྲོལ་ཡོད་པ་དེ་དངོས་བདེན་རེད།
གནད་དོན་འདི་འདྲའི་སྐབས་ལ་མཐོ་རྒྱག་དམའ་རྒྱག་དང་མགོ་རྔ་མེད་པའི་སྐད་ཆ་ཐན་ཐུན་གྱིས་ཕན་མི་ཐོགས། ཚིག་རེ་རེ་དང་དོན་རེ་རེ་བྱས་ནས་རང་གི་ཡིད་ལ་ཕྱིས་བྱིན་པ་ཞིག་ངེས་དགོས་རྒྱུ་དེ་ཡིན།
རང་དབང་ནི་གོང་དུ་འགྲེལ་ཟིན་པ་ལྟར་རང་གིས་བྱེད་འདོད་པའི་དབང་ཆ་རང་ཉིད་ལ་ཡོད་པ་དེར་ཟེར་ན་ཡང་དེ་ནི་མ་ཚིག་ཅིག་གི་ཕྱི་མོ་ཅིག་ཡིན་པས་བྱེ་བྲག་གི་བུ་ཚིག་ཡང་མང་དུ་འཕེལ་ཆོག་གི་རེད། དཔེར་ན། མི་གཅིག་གི་རང་དབང་དང་མི་གཉིས་ཀྱི་རང་དབང་། ཚོགས་སྡེ་གཅིག་གི་་རང་དབང་དང་མི་རིགས་གཅིག་གི་རང་དབང་སོགས་ཁྱད་ཆོས་སོ་སོར་དང་དབང་ཆ་མི་འདྲ་བ་རེ་ཡོད་པ་རེད།
ང་ཚོས་རང་དབང་གི་ཁྱབ་ཁུངས་མི་སྒེར་གཅིག་ནས་མི་རིགས་གཅིག་དང་དེ་ནས་རྒྱལ་ཁབ་གཅིག་གི་རང་དབང་བར་དུ་ཇི་ལྟར་འགྲེལ་བརྗོད་བྱེད་དགོས་མིན་དེ་ཚོ་གཏིང་ཟབ་པ་དང་མཐུལ་ཕྱིན་པའི་ཐོག་རང་སེམས་ནས་ཧ་གོ་བ་ཞིག་ངེས་པར་དུ་བྱེད་དགོས་གི་རེད།
མི་གཅིག་ཡིན་ནའང་འདྲ། མི་རིགས་གཅིག་ཡིན་ནའང་འདྲ། རང་དབང་ནི་རང་ཉིད་ཀྱི་རྩ་བའི་ཁེ་ཕན་དང་བསྟུན་ནས་རྩོད་ལེན་དང་བེད་སྤྱོད་བྱེད་རྒྱུ་ཞིག་ཡིན་པ་ལས་མཐའ་གཅིག་ཏུ་ལོགས་སུ་བཏོན་རྒྱུ་ཞིག་མེད། མི་གཅིག་ལ་མཚོན་ན་ཡང་མི་ཁོ་རང་གིས་འདོད་དབང་དང་མཐུན་པ་ཞིག་ཡོང་བ་བྱེད་རྒྱུ་དེ་ལས་གཞན་གྱི་རང་དབང་ཞིག་འཚོལ་དུ་མེད་པ་བཞིན་མི་རིགས་ཅིག་དང་ཚོགས་པ་ཅིག་ལའང་དེ་བཞིན་རང་གི་ཁེ་ཕན་དང་མཐུན་པ་ཞིག་དང་རང་གི་རེ་འདོད་དང་མཐུན་པ་ཞིག་བྱུང་ན་དེ་གས་འགྲིག་པ་ཡིན།
མ་གཞི་ང་ཚོ་ལ་བཤད་སྲོལ་ཞིག་ཡོད་པ་དེ། བྲག་ཕུག་ཁ་བྱང་ལྟ་ ཟེར་པའི་གཏམ་དཔེ་དེ་ཡིད་ལ་དྲན། ཀླད་པར་མུན་ནག་འཐིབས་པའི་མི་ཞིག་ཡིན་ན་འགྲེལ་བཤད་ག་ཚོད་བརྒྱབས་ཀྱང་རིག་པ་གསལ་དྭངས་དུ་ཡོང་རྒྱུ་ཁག་པོ་རེད། ཧཧཧ
དྲང་མོར་བཤད་ན། རྩོད་པ་འདིར་མཇུག་འབྲས་ཅི་ཞིག་བྱུང་རྒྱུ་ཡིན་མིན་ལས་རང་དབང་རང་བཙན་གྱི་གོ་དོན་གང་ཡིན་དེ་གལ་ཆེན་མ་རེད། ད་ལྟའི་དུས་སྐབས་འདི་བོད་ནང་དུ་མེར་བསྲེག་ལས་འགུལ་ལ་རྡུང་རྡེག་གཏོང་བའི་ལས་འགུལ་ཛ་དྲག་གིས་སྤེལ་བཞིན་པའི་དུས་ཤིག་རེད་ལ། དེ་ནི་རང་དབང་ངམ་རང་བཙན་གང་ཡིན་བརྡ་འཕྲོད་མེད་པ་ཞིག་ཀྱང་མ་རེད། གཙོ་བོ་བོད་འདི་བཞིན་གཡོག་བསྒྱུར་གྱིས་དུས་ཚོད་རྒྱུན་བསྲིངས་བསམ་བཞིན་པ་གསལ་བོ་གསལ་རྐྱང་ཡིན། དེ་བས། རྒྱལ་བ་རིན་པོ་ཆེ་ཡི་མཚན་ཐོག་ནས་གསལ་བསྒྲགས་རིགས་གང་བྱུང་དུ་མི་སྤེལ་རྒྱུའང་ལོ་རྒྱུས་ཀྱི་ངོས་ནས་ར་འཕྲོད་ཡོད་པ་ཞིག་ཡིན། དེ་ལས་ལྡོག་ན། རྒྱ་ཕན་བོད་གནོད་དུ་མི་འགྱུར་བའི་ངེས་པ་ནམ་ཡང་མེད་པས། རྒྱ་མི་རེ་ཟུང་གཞིར་བཟུང་ནས་རྒྱ་རིགས་སྤྱི་ལ་གོ་བ་མི་ལེན་པའི་རེ་བ་རྒྱག་གི་ཡིན།
ཧ་ཧ། ས་ཕུག་ཁ་བྱང་ལྟ་དང་ཀླད་པར་མུན་ནག་འཐིབས་པའི་མི་ཞིག་གིས་རང་དབང་བསྐོར་ག་ཚོད་ལོག་པར་འགྲེལ་ཀྱང་གཟུར་གནས་ཚོར་ཕན་གནོད་་ཅང་མེད་པ་རེད་ལ། རིག་པ་དྭངས་གསལ་འགྲོ་རྒྱུ་ཞིག་ཕར་རིའི་སྤང་རྒྱན་རེད། དེ་ལས་རང་ཉིད་ཀྱིས་འདོད་པའི་རང་དབང་རང་སྐྱོང་དེ་ལེན་དུ་སོང་། དུས་རབས་ཉེར་གཅིག་གི་གོ་ལ་འདིའི་སྟེང་དུ་དམངས་གཙོའི་རང་དབང་དང་སྨྲ་བརྗོད་རང་དབང་འདི་ལས་ལྷག་གཅིག་གི་རང་དབང་ཞིག་མེད་ཚོད་རེད། འོན་ཀྱང་ཁྱོད་ཀྱི་གུང་ཁྲན་དམངས་གཙོའི་རང་དབང་ལ་ཡིད་ཆེས་དཔྱིས་ཕྱིན་པ་བྱེད་རྒྱུ་དེར་ང་མོས་མཐུན་མེད་ལ་ངོ་རྒོལ་ཡོད། ཧ་ཧ།
མ་གཞི་ངས་ཁྱོད་ལ་དྲི་བ་ཞིག་འདྲི། རང་བཙན་རང་དབང་གི་ཁྱབ་ཁོངས་སུ་ཡོད་པ་རེད་མེད་པ་རེད། ཡོད་ན་ཁྱོད་ཀྱི་གོང་དུ་བཤད་པའི་རང་བཙན་རང་དབང་མ་རེད་ཟེར་དགོས་པའི་རྒྱུ་མཚན་ཅི་རེད། འོ་ན་བོད་མི་རིགས་ཀྱི་མངོན་འདོད་རང་བཙན་དེ་རང་དབང་མ་ཡིན་པའི་རྒྱུ་མཚན་ཞིག་བཤོད། མེད་ན་ཁྱོད་སྡུག་ཁ་བཙུམས། མགོ་མདོགས་རིང་ལུགས་པའི་མི་འདི་ཚོར་ཞེ་རེ་བསུན་ཀི་ཡ།
ཚིག་འབྲུའི་ངོ་གདོང་ངོ་མ་ཞིག་བརྩད་ན། བོད་སྤྱིའི་སྐད་ཡིག་གི་ཚིག་དོན་ལ་རྫོགས་རྒྱུ་མེད་པའི་ཚིག་ཉོག་གི་སྒོ་ཕྱེ་བ་རེད། དེ་ལས། བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན། རྒྱལ་གཅེས་མི་མང་ལོངས་ཤོག་ཟེར་བའི་མི་མང་ལངས་གླུ་འདིའི་གོ་བ་རེ་ཨེ་རགས་ལྟོས་ན་ཡག་ཤས་རེད།
ཁ་མཆུ་ཞིག་འབུད་ས་རེད་བསམ་ས་ཚང་མ་ན་རྒྱུག་བཞིན་པའི་ཤར་ཁུག་འདིའི་ཀླད་རྩ་དགའ་ཅན་ཞིག་ལྷོད་ཡོད་པ་གསལ་པོ་རེད། དེ་མིན་དུས་རབས་དུས་རབས་ལ་བསམ་བློ་དང་ལངས་ཕྱོགས། ལྷག་དོན་ད་ལྟའི་ཨང་བསྒྱུར་འཇིག་རྟེན་ལ་འགྱུར་འགྲོས་ཉིན་རེ་ལས་ཆེ་བ་འདི་ཚོ་ཤེས་ནས་སྐད་ཆ་རེ་ཡོད་ན་ཆོག་ཚོད་ཡིན།
ཨོའོ་ངས་གཅིག་ནོར་འདུག། ས་ཕུག་ཁ་རྒྱ་བལྟ་དང་ཀླད་པར་རྒྱ་རིགས་མི་རིགས་ཆེན་པོའི་རིང་ལུགས་ལྟ་ངན་གྱིས་འཐིབས་པའི་མི་ཞིག་གིས། ཞེས་བཅོས་རོགས།
གནམ་གྱིས་ཐོག་འདི་ཐེའུ་རང་རྒྱ་འདྲེའི་སྒང་ལ་བརྒྱབས་སོང་། ཧ་ཧ། རེད་ད་མི་དམངས་རང་བཞིན་གྱི་ལངས་གླུ་འདི་སྙན་མོ་འདུག་ཡ། གོ་བ་མེད་པའི་ཆོས་ཚིག་དཔྱིད་ཀའི་གནམ་གཤིས་འདྲ་བ་འདི་ཚོར་དོན་སྙིང་མེད་ཀི་ཡ།
༄། རང་དབང་དང་རང་བཙན། །
སྐུ་སྒེར་རྔོན་པ་གཡོ་རྒྱུས་རྙི་མཐོང་ནས།
རྒྱ་རིགས་གཅན་གཟན་དོགས་འདྲོག་སེམས་ཁྲལ་ཡང་།
དབུ་ལམ་ཤ་རུལ་སྐྱག་ཁུའི་དྲི་ཚོར་ནས།།
དམར་གཞུང་སྔོན་ནས་བསྐྱུགས་པས་ཁོག་པ་ལོག ། །
དམངས་གཙོའི་ཀ་ཆག་ཁྲབ་པ་གསུམ་འཛོམས་ཤིག
སྒེར་གཅོད་གྲུ་གསུམ་སྟ་གྲིས་འཕྲུལ་འཁོར་ནས།
གཅིག་གཅོད་ལེབ་མོའི་མཚོན་ཁ་རྣོན་པོ་དེ།
རང་རིགས་སྤུན་ཟླའི་སྲོག་གི་གཤེད་དུ་ལང་། །
རང་དབང་རང་བདག་རང་ཆས་ལ་སོགས་ཀུན།
རང་ཡུལ་བོད་ཀྱི་ཐ་སྙད་སོར་བཞག་དང་།
རང་བཙན་ཕྱི་བཞུགས་བོད་མིའི་ཐ་སྙད་སྟེ།
ཐམས་ཅད་དོན་གཅིག་མིང་གི་རྣམ་གྲངས་ཡིན། །
དབྱིན་ཚིགས་རང་བཙན་རང་དབང་ཐ་སྙད་ཡང་།
སྤྱོད་སྐབས་འཕྲད་སྦྱར་ཁྱད་ཙམ་མ་གཏོགས་པས།
དོན་གྱི་གཞན་ལ་ལྟོས་དགོས་མེད་པ་དང་།
རང་ཉིད་རང་སྐྱ་ཐུབ་ཕྱིར་གཅིག་ཏུ་མཚུངས། །
རང་རིགས་ནང་ཁུལ་འཇོམས་ལ་སྟག་ལྟར་མཆོང་།
རང་ཡུལ་འཕྲོགས་པའི་དགྲ་བོར་ཁྱི་བཞིན་རྩེད།
རང་དབང་རང་བཙན་གོ་རྟོག་འགལ་འདུར་བསྒྲགས།
རང་ཐག་གཅིག་གཅོད་རྫི་བོས་ཕྱུགས་བཞིན་འདེད། །
དམར་གཞུང་དྲག་པོས་ནང་ནས་གཅོད་གཏུབ་དང་།
རྡ་གཞུང་འཁྲེགས་པོས་ཕྱི་ནས་བཀག་སྡོམ་གཉིས།
ཐ་སྙད་དབྱེ་བའི་ཁྱད་པར་ཙམ་ཞིག་ལས།
ལྟ་བ་སྟ་གྲིའི་སོ་ཁ་གཅིག་ཏུ་གྲུབ། །
བླ་མས་སངས་རྒྱས་གསོན་པོའི་རྔ་བརྡུང་ཏེ།
སློབ་མས་དགེ་འདུན་འཕགས་པའི་འབོག་གྱོན་ཞིང་།
བླ་སློབ་ཆོས་ཀྱི་རོལ་མོའི་གར་འཁྲབ་ནས།
དཀོན་མཆོག་གསུམ་གྱི་ལྟད་མོར་གཟིགས་དང་མཚར། །
རྒྱ་དམར་གྱི་མིག་ནང་ན་རང་བཙན་དང་རང་དབང་། ད་དུང་དབུ་མ་བཅས་ལ་ཁྱད་པར་མེད་བཞིན་དུ་ང་ཚོས་དེ་ཚོའི་ཁྱད་པར་རྩོད་པ་འདི་ཅིས་ལན་
འཕྲིན་བསྐུལ་དེ་དག་ནང་གི་གསུང་དེ་རྣམས་སྐབས་དེ་དུས་ཀྱི་རྒྱལ་བའི་ཐུགས་དགོངས་བཞེངས་ཕྱོགས་གང་ཡོད་པ་དེར་འགྲེལ་རྒྱུ་ལས། སྲ་བརྟན་འགྱུར་མེད་ཅིག་མ་རེད། སྐབས་དེ་དུས་རྒྱལ་བའི་ཐུགས་ལ་རང་བཙན་གཙང་མའི་བཞེངས་ཕྱོགས་ཡོད་ཡོད་པ་རེད། དཔེར་ན་གདུལ་བྱའི་སེམས་ཅན་གྱི་མོས་པ་དང་བསྟུན་ཏེ་འདུལ་བྱེད་ཀྱི་སྟོན་པ་བྱོན་པ་བཞིན། ཆབ་སྲིད་ཀྱི་ལམ་ལུགས་ཀྱང་དུས་དང་དུས་སུ་ལྟ་དགོས་པ་རེད། ད་འོ་ན་༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་འཁྲུངས་ནས་ད་བར་རང་བཙན་གྱི་བཞེངས་ཕྱོགས་ལ་ཕེབས་མ་མྱོང་བ་རེད་དམ། དེ་ཕལ་ཆེར་ཡིན་མི་སྲིད་པ་ཞིག་རེད། ཏིང་སོགས་རྒྱ་དཔོན་གཡོ་རྒྱུ་ཅན་དེ་ཚོས་དོན་ངོ་མར་བཤད་ཡོད་ན་མེད་ན་མི་ཤེས་ཀྱང་༸རྒྱལ་བ་རིན་པོ་ཆེས་རང་བཙན་མ་རྩད་ན་འབྲེལ་མོལ་བྱ་ཆོག་ལབ་ཡོད་པར་གྲག
དེ་ལ་གོ་རྒྱུ་ཞིག་ཡོད་ན་༸རྒྱལ་བ་རིན་པོ་ཆེས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གཏན་ལ་མ་ཕབས་བར་དུ་ཁོང་གིས་སྐུ་ཕྲེང་གོང་མ་༸རྒྱལ་དབང་བཅུ་གསུམ་པའི་ཐུགས་དགོངས་གང་ཡོད་པ་དེ་བདག་གིར་བཞེས་ཡོད་པའི་དོན་རེད་དྲན།
རྒྱུ་མཚན་ཁ་གསལ་དུ་འདོན་ཆེད་སུམ་དུས་ཀྱི་གསུང་འཕྲིན་འགའ་སྐྱར་དུ་དྲངས་ན།
༡༩༧༥
“Consequently we the Tibetans in the free world, keeping our stand in conformity with the thinking of the masses of Tibet will never stop our movement for the independence of Tibet.”
“བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌།”
༡༩༧༦
“Seventeen years have passed since the Tibetans began their just struggle for their inherent rights of Tibetan national independence.”
“ང་ཚོས་བོད་རང་བཙན་གྱི་དོན་ལ་འབད་རྩོལ་བྱེད་པའི་རྒྱུ་མཚན་དང་དམིགས་ཡུལ་ནི།”
༡༩༧༧
“Our struggle for the independence of Tibet is compatible with the hopes and aspirations of 6,000,000 Tibetans. ”
“ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌།”
གོང་དུ་ཤར་ཁུག་སོགས་ཀྱིས་སྐབས་དེ་དག་གི་སུམ་དུས་གསུང་འཕྲིན་རྣམས་བཀའ་ཤག་གིས་སྔོན་ཚུད་ནས་འབྲི་གིན་ཡོད་པར་བཤད་འདུག དེ་དཔེ་རྫབ་ཆེན་གྱི་སྐད་ཆ་རེད། འོ་ན་སྐབས་དེའི་སུམ་དུས་རྣམས་སུ་༸རྒྱལ་རིན་པོ་ཆེ་སྐུ་ངོ་མས་དུས་དྲན་སྲུང་བརྩིའི་ཐོག་ལྗགས་ཀློག་གནང་གི་ཡོད་པ་དེ་ཁོང་སྐུ་ངོ་མའི་གསུང་འཕྲིན་དང་ཁོང་གི་ཐུགས་དགོངས་མིན་པར་བཀའ་ཤག་གི་དབང་སྒྱུར་འོག་ཁོང་ནས་མི་འདོད་བཞིན་དུ་ཡི་གེ་བཀླགས་གནང་བ་ཙམ་ཞིག་ཡིན་ནམ། དེས་ན་མི་ལོ་སུམ་བཅུ་སོ་གྲངས་ཞིག་གི་ནང་བཀའ་ཤག་རྒྱབ་ཏུ་ལངས་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ངོ་མས་བོད་མི་ས་ཡ་དྲུག་ལ་མགོ་སྐོར་བཏང་བ་ཡིན་ནམ། ངས་ནི་ནམ་ཡང་དེ་ལྟར་ཡིན་རྒྱུ་མ་རེད་དྲན། ལར་ཁུངས་ལུང་རྒྱུ་མཚན་དཔང་རྟགས་སོགས་སྲ་བརྟན་ཡོད་ན་མ་གཏོགས་༸རྒྱལ་བའི་མཛད་འཕྲིན་མི་གཞན་གྱིས་ཇུས་འགོད་བྱེད་ཀྱི་ཡོད་ཚུལ་བཤད་པ་འདིར་བཀའ་ཤག་ཁ་སིམ་མེར་བཞུགས་ཐབས་ཞིག་གཏན་ནས་མེད་པར་མ་ཟད། ང་ཚོས་འཐབ་རྩོད་བྱ་ཡུལ་གྱི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཀྱང་༸རྒྱལ་བའི་གསུངས་ལ་ཡིད་ཆེས་དེ་བས་བྱེད་ཀྱི་མ་རེད།
རང་དབང་དང་རང་བཙན་སྐོར་ལ་ཞུས་ན། མི་ཕལ་ཆེར་ཞིག་གིས་རང་དབང་དང་རང་བཙན་ཞེས་པའི་དོན་དེ་དབྱིན་ཚིག་ལ་སྦྱོར་ནས་བོད་དང་བོད་མིའི་མངོན་འདོད་དེ་ཡིན་པ་ལས་འདི་མ་རེད་སོགས་འགྲེལ་གྱིན་འདུག བོད་སྐད་ཀྱི་རང་དབང་རང་བཙན་དབྱིན་ཚིག་ལ་མ་གཏུག་གོང་དུ་བོད་ཀྱི་ཐ་སྙད་ནང་དུ་དེ་གཉིས་ཡོད་དམ་མེད། མེད་ན་ཕྱིས་བྱུང་དབྱིན་ཚིག་གི་བརྗོད་འགྲེལ་ཏེ་ Freedom “རང་དབང་”དང་ Independence “རང་བཙན་” ལ་གོ་ལེན་གྱི་ཡོད་པས་དེས་ན་བོད་སྐད་རང་དབང་དང་རང་བཙན་གཉིས་ཀྱི་དོན་མི་འདྲ་བོད་པས་བཟོས་ཟིན་པས་བཤད་རྒྱུ་གང་མེད།
གལ་ཏེ་དབྱིན་ཚིག་ལ་མ་གཏུག་གོང་དུ་བོད་རང་གི་སྐད་ནང་དུ་རང་དབང་དང་རང་བཙན་གཉིས་ཀྱི་དོན་འགྲེལ་རྒྱུ་ཡོད་ན་ད་བཟོད་དེར་ལྟ་དགོས་པ་ལས། དབྱིན་ཚིག་ནང་གཅིག་གཅིག་མིག་མིག་ལབ་འདུག་ཟེར་ན་རང་རེའི་སྐད་དང་རིག་གཞུང་ལ་དམའ་འབེབ་ཚད་མེད་ཡིན་པས་མ་ཚད་མི་དེ་དག་རང་རེའི་རིག་གཞུང་ལ་མཐོང་ཆུང་དང་གཏོར་རླག་གཏོང་མཁན་གྱི་ཉེས་ཅན་པ་ངོ་མ་དེ་རེད།
https://www.facebook.com/photo.php?v=10151131359441460
གོང་གི་དྲ་མཐུད་དེ་ལ་གཟིགས་དང་། ༡༩༧༧ གོང་གི་དུས་སྐབས་སུ་ཚར་ལོངས་བྱུང་བའི་གཞོན་སྐྱེས་རྣམས་ཀྱི་ཀླད་པའི་ནང་ག་རེ་བསླུགས་འདུག དེ་གོང་དུ་ཚར་ལོངས་གཞུང་པའི་ན་གཞོན་རྣམས་ད་ལྟ་བོད་ཀྱི་ལས་ཀྱི་སྣེ་མོ་བ་ཆག་ཡོད། ཁ་ཤས་དགོས་པ་དང་རྒྱུ་མཚན་ལ་ལྟོས། ཁ་ཤས་སྐབས་འཚོལ་བ་རང་བྱས་ནས་གོ་སྐབས་བཟང་སའི་ཕྱོགས་སུ་བློ་ཁ་འགྱུར་པ་རེད། ཡང་ཁ་ཤས་རང་ཚུགས་བརྟན་པོར་བཟུང་ནས་བསྡད་པ་རེད། དེ་དག་ལ་ངས་བཟང་ངན་འགྲེལ་བཤད་རྒྱག་གི་མིན།
དེ་གནད་དོན་གཅིག་རེད། གལ་ཆེ་བ་ནི་དུས་དང་བསྟུན་ནས་ལངས་ཕྱོགས་འགྱུར་ཀྱང་༡༩༧༩ གོང་གི་༸གོང་ས་མཆོག་གི་ཕུག་གི་འདོད་དོན་དེ་ད་དུང་རང་བཙན་མ་རེད་ཅེས་བཤད་རྒྱུ་ཡིན་པས། ༸གོང་ས་མཆོག་ཉིད་ཀྱང་རང་གི་དགོངས་པ་དང་ཐབས་བྱུས་ལ་འགྱུར་བཅོས་བྱ་མོ་ཆོག་པ་གང་རེད། ཡིན་ཅིག་མིན་གཉིས་སྐྱབས་མགོན་རིན་པོ་ཆེའི་དགོངས་པ་དངོས་དེ་རང་དབང་དང་དབུ་མའི་ལམ་ཡིན་ཅིག་ཕྱིར་དྲ་གྲོགས་ཚོས་གྲུབ་ཐབས་བྱེད་ཀྱི་ཡོད་ངས་ཤེས་མ་སོང་།
ཡག་པོ་ཞིག་ཉན་ཤེས་ཡོད་ན་ཕལ་ཆེ་བ་བློ་སྐྱེད་རེད། དཔེར་ན་རྒན་ཆབ་བྲག་ཚང་དང་། སྐུ་ཞབས་ཤར་ཕྱོགས་པ་གཉིས་ཀྱིས་གཞན་ལ་རིགས་སྒྲེས། ལྟ་མ་ཤེས་ན་ཡོད་ཚད་སྙོག་རེད།
སྤྲུལ་སྐུ་དབང་ཆེན་ཡིན་ན་དེ་མི་དབང་ཆུང་ཅིག་རེད་འདུག
སོ་སོས་སོ་སོར་དབང་ཆུང་དུ་བཏང་བ་དྲན་གསོས་ཤིག
ཆོས་ལུགས་དད་མོས་རང་དབང་རེད།
སློབ་དཔོན་ཡོན་ཏན་འོད་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གཉིས་མ་ནོར་ན་རེད།
རིས་མེད་པས་ཁ་བཙུམས་ནས་བརྡད་པ་རེད
གཅིག་བསྐྱོད་པས་མི་དམངས་ལ་གཅེར་རྡུང་དང་སྨྲ་བརྗོད་འགོག་ཆེད་མི་བསད་ཡོད་པ་རེད།
འདི་ཁྱིམ་པ་ཕལ་བས་མ་ཤེས་པ་རེད།
དེའི་རབ་བྱུང་དང་ཁྱིམ་པ་གཉིས་ཀར་དཀའ་ངལ་སྤྲད་པ་རེད།
གཅིག་བྱས།
གཅིག་བསྐྱོད་པས་རྒྱ་དམར་དང་མཉམ་དུ་ཁྱི་རྩེད་མ་བྱས་པར་རྒྱ་དམར་གྱི་ལྟོ་ཟོས་པས་རྒྱའི་སྒོ་ཁྱིར་གྱུར་པ་རེད།
ལྟོས་དང་དཀའ་ངལ་གང་འདྲ་འདུག
ཁ་དང་ཁ་སྤུ་དབྱེ་བ་འབྱེད་པའི་ཐབས་འདི་འདུལ་བའི་མདོའི་རེད།
ཟམ་གདོང་རིན་པོ་ཆེའི་མ་རེད། ཆོས་དཀོན་མཆོག་དང་སློབ་དཔོན་གྱིས་ཁྱེད་ལ་གཟིགས་སོ།
གོང་དུ་མོང་པོ་ཞིག་གིས་སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་དང་རྐུ་མ་རེད་གསུང་སོང། འོ་ན་དེ་འདྲ་བའི་མི་ངན་གཅིག་གིས་ཁ་ནས་གཏམ་ངན་ཞིག་བཤད་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཕྱིར་འཐེན་བྱས་ན་དབུ་ལམ་འདོད་མཁན་ཚོ་ལ་དགོས་རྒྱུ་པག་ལ་པག་ཁུ་ད་ར་མ་རེད་དམ། མ་ཚད་༧ རྒྱལ་བ་རིན་པོ་ཆེ་དང་ཆོས་རྒྱུད་ཁག་ཁ་ལ་འཁྱེར་ནས་མ་རྩོད་ན་བཟང། རྩོད་འདོད་ཡོད་ན་སྨྱུག་ཁ་རྒྱ་ནག་ཕྱོགས་སུ་བརྐོར།
བོད་ཀྱི་བུ་ཡིས་གསུང་པ་དེ་ལ་བདེན་ཁ་ལེན་བརྒྱར་སྦྱིན་ནོ།།
བསྟན་འཛིན་རྒྱལ་པོ་ལ།
༡༩༧༩ གོང་༧གོང་ས་མཆོག་ལ་བོད་རང་བཙན་གྱི་ཐུགས་འདུན་ཡོད་མེད་རྩོད་པ་དེ་ནི་དགོས་མེད་ཅིག་རེད། ཅོལ་ཆུང་གི་རྩོད་པ་ཞིག་རེད། ལྷག་དོན་ཁ་སང་གི་གསལ་བསྒྲགས་བཀའ་ཡིག་དང་འབྲེལ་བ་མི་འདུག་བསམས། ངས་བཀའ་ཤག་གིས་ཟིན་བྲིས་གནང་གི་ཡོད་ཚུལ་བཤད་ཡོད་པ་ལས་༧གོང་ས་ཆེན་པོ་རང་ཉིད་ཀྱི་དགོངས་གཞི་གསུང་འཕྲིན་ནང་ཐོན་མེད་ཚུལ་བཤད་མེད། དེ་ལྟར་བཤད་ན་མངོན་སུམ་ལ་བསྙོན་པ་རང་རེད། ཡིན་ནའང། འཕྲིན་བསྐུལ་མཛད་ཚུལ་དང་གསུམ་དུས་གསུང་འཕྲིན་མཛད་སྟངས་གཉིས་རྣམ་པ་ཐམས་ཅད་ནས་མི་འདྲ་བ་དེ་ངར་བསམ་ཚུལ་བྱུང། འཕྲིན་བསྐུལ་དང་གསུམ་དུས་གསུང་འཕྲིན་གཉིས་ལས་གཅིག་དགོས་དབང་དང་གཅིག་གཞན་དབང་དང་ཡིན་གཅིག་མིན་གཅིག་མཛད་དགོས་ཀྱི་ཡོད་པ་རེད། འཕྲིན་བསྐུལ་དེ་དག་༧གོང་ས་ཆེན་པོ་ལྟ་བུ་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ལ་མངའ་བརྙེས་པའི་གང་ཟག་ཁྱད་འཕགས་རིགས་ཀྱིས་རྟགས་དང་མཚན་མ་གནས་སྟངས་མང་པོར་བརྟེན་ནས་མཛད་ཀྱི་ཡོད་ཙང། ང་ཚོས་རྩ་བ་ཉིད་ནས་འཕྲིན་བསྐུལ་དེ་དག་མ་མཛད་སྔོན་གྱི་ཐུགས་དགོངས་ལ་འགྲེལ་བཤད་རྒྱག་པ་ནི། གོག་ནུར་ཅན་གྱི་བྱིས་པས་མཁས་པར་སྡོམ་རྒྱབ་པ་དང་མཚུངས་ལ། ཆོས་ཕྱོགས་ནས་སོར་སྐྱེས་ཕལ་བས་ནང་གི་རྟོགས་པ་བླ་མེད་ལ་ཚད་གཞི་འབྱེད་རྩིས་བྱས་ན་དེ་བཞད་གད་ཀྱི་གནས་ལས་མ་འདས་པས། དེ་ཚོའི་ཐོག་བཀའ་མོལ་གནང་ན་བསམ་བློ་གཟབ་ནན་གཏོང་དགོས་པ་རེད་འདོད།
གང་ཟག་གི་ཚད་གང་ཟག་གིས་གཟུང་བར་མི་བྱའང། སྟོན་པ་རང་ཉིད་དང་འདྲ་བའི་གང་ཟག་གིས་གཞན་གྱི་ཚད་འཛིན་ཐུབ་ཀྱི་ཡོད་དུས། གཅིག་བྱས་ན་ཀརྨ་ཆོས་འཕེལ་སོགས་ལའང་སྙིགས་མ་རྔ་བརྡོའི་དུས་འདིར་མྱོང་རྟགས་ཡ་མཚན་རྒྱལ་བའི་དགོངས་གཞི་འགྲེལ་ཕོད་པ་དེ་འདྲ་གད་ཁ་ས་ལགས་ཨ་ཀྱལ་གྱི་བུ་མགོ་གཉིས་མས་བསྟན་ཡོད་སྲིད་པ་རེད།།
དགེན་གནམ་ལོ་ཡག་ལ།
དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་ལོས་ཆོག ད་བར་གཞི་རྩ་མེད་པའི་སྐྱོན་བརྗོད་བྱས་པ་མ་ཚད། ཐ་ན་བཟང་སྤྱོད་ལས་ཡོངས་སུ་བརྒལ་བའི་སྐྱོན་བརྗོད་ཀྱི་ལས་སུ་ཞུགས་ཤིང། ༧གོང་ས་མཆོག་ཁ་ཞེ་གཉིས་མེད་མ་རེད་ཟེར་རྒྱུའི་བློ་ཁོག་འདི་གང་ནས་ཡོང་བ་རེད་དམ། བློ་ཁོག་གི་འདི་༧རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གི་མཚན་ཐོག་ནས་གསལ་བསྒྲགས་སྤེལ་རྒྱུ་མང་དྲགས་ནས་ཐོན་པ་རེད་དམ། ཉུང་མཐར་ཁྱེད་ཀྱིས་༧རྒྱལ་བ་རིན་པོ་ཆེ་རང་ཉིད་ལའང་རང་གི་ཐུགས་ལ་གང་དྲན་ཡོད་པ་དེ་གསུངས་རྒྱུའི་ཐོབ་ཐང་སྤྲད་ན་ཡག་གི་རེད། གསལ་བསྒྲགས་དེས་སྤྱི་ཚོགས་ཀྱི་བརྡབ་གསིག་གསོ་བ་དང། བོད་གཞིས་བྱེས་སྤྱི་ཚོགས་ནང་སྐད་ཆ་རིང་ཐུང་སྣ་ཚོགས་འགྲོ་བ་སོགས་གཙང་མ་བཟོ་བ། རྒྱ་གཞུང་གི་སྣེ་མོ་ཚོར་ལག་པ་འཕྱི་ས་མེད་པར་ཆགས་པ། རྒྱ་རིགས་རྒྱབ་སྐྱོར་པ་ཡོངས་ཀྱི་དོགས་གཞི་སེལ་འགྲོ་སྟབས། དེ་ལ་༧རྒྱལ་བ་རིན་པོ་ཆེའི་བྱུང་རབས་ནང་ཆབ་སྲིད་ཐུགས་འགན་བཞེས་དུས་ཀྱི་གནད་དོན་ཞིག་ལས་དོན་མེད་གོ་བ་ལོག་པ་བྱུང་ན་དེར་སུས་འགན་འཁུར་ཐུབ་ཀི་རེད། དེ་བས་སེམས་ཁྲལ་མ་བྱེད་དང། ༧རྒྱལ་བ་རིན་པོ་ཆེས་ག་དུས་བཀའ་ཡིག་ཕེབས་དགོས་མིན་ཁྱེད་དང་ང་ལས་གསལ་ཞིང་གསལ་བོར་མཁྱེན་གྱི་རེད་བསམས།
མ་གཞི་ཤར་ཁུག་ཁྱོད་ག་རེ་ཡིན་པའི་ཁུལ་རེད། གད་ཁ་ས་ལགས་ཨ་ཀྱལ་གྱི་བུ་མགོ་གཉིས་མ་དེ་ཁྱོད་མ་རེད་པས། བོད་མི་རིགས་ས་ཡ་རྒལ་བ་དམར་བསད་བཏང་བའི་རོ་ཐོག་ཏུ་དར་དམར་བསྒྲེངས་ནས་རྟ་རྒྱུགས་གཏོང་བའི་ལམ་ལུགས་དེ་ཅི་རེད། ད་དུང་དབུ་མའི་ལམ་ལ་མཚོན་རྩི་འདྲ་མིན་བྱུགས། དབུ་མའི་ལམ་ལ་གཞི་མེད་སྐྱོན་བརྗོད་ཟེར་ན་ཅི་རེད། འོ་ན་དབུ་མའི་ལམ་གྱི་འབྲས་བུ་མིང་དོན་མཚུངས་པའི་རང་སྐྱོང་མངོན་གྱུར་བྱུང་ཚར་བ་ཨེ་རེད། བོད་རྒྱ་ཆེའི་མི་དམངས་ཏང་གི་དྲོ་སྐྱིད་ཀྱི་ཉིས་མས་འཚོ་བཞིན་པ་ཨེ་རེད། བྱས་ཙང་དབུ་མའི་སྲིད་ཇུས་ཀྱིས་འབྲས་བུ་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་བྱུང་ནས་གཞིས་བྱེས་གཉིས་མཉམ་འཛོམས་ཀྱིས་ཏང་གི་ཁ་ཡོད་ལག་ཡོད་ཀྱི་དྲོ་སྐྱིད་གཅིག་བསྟེར་སོང་ན་དབུ་མའི་ལམ་ལ་སྐྱོན་བརྗོད་མཇུག་བསྒྲིལ་གྱི་རེད་ལ། སྐབས་དེ་དུས་སྐྱོན་བརྗོད་བྱས་ན་གཞི་རྩ་མེད་པ་འདྲ་པོ་ཆགས་སྲིད་ཀྱང་བོད་དང་བོད་མི་རིགས་ཀྱི་ལྷན་སྐྱེས་རང་བཞན་གྱི་ཐོབ་ཐང་རྩོད་མཁན་དག་གི་སྐྱོན་བརྗོད་ཡོང་སྲིད་པ་རེད་ལ། དེ་ནི་གཞི་རྩ་མེད་པ་མ་ཡིན་པར་གནས་ལུགས་རང་བཞིན་དང་བདག་དབང་རང་བཞིན་ལྡན་པའི་ཐོབ་ཐང་རེད་ལ་སྐྱོན་བརྗོད་དང་ངོ་རྒོལ་ནམ་ཡང་འབྱུང་ངེས་པ་ཞིག་རེད།
ད་ཤར་ཕྱོགས་རང་གོ་ཡུལ་ལ་སྐྱིད་པོ་བྱས་ནས་ལོགས་མི་འགྲོ་བར་རྡ་སའི་རི་རྔོག་དེར་ག་རེ་བྱས་ནས་ཚང་ཀ་རྒྱབ་བསྡད་ཀྱི་ཡོད། དར་དམར་ནི་ཁྱེད་ཀྱིས་བསྒྲེངས་ཚར་སོང་། ད་དམར་པོའི་རྒྱལ་གླུ་ཡང་ཆུ་རྒྱུག་རྒྱུག་ཡིན་རྒྱུ་རེད། དེ་མ་གཏོགས་རང་ཡུལ་ལ་ལོག་ཚར་རྗེས་རྒྱ་གུང་ཁྲན་གྱི་ལྷ་སྲིན་ཀླུ་རྒྱལ་གྱི་གཏམ་དེ་དག་བོད་མི་ཚོས་ཡིད་ཆེས་བྱས་པར་ཆ་ཞོག་ཁོང་ཚོས་ཡིད་ཆེས་བྱེད་ཀྱི་རེད་པས། དག་སྣང་དང་དད་པ་དང་ལྷ་ཀླུ་སོགས་ལ་བློ་གཏད་བཅོལ་དྲག་ནས་ད་ལྟའི་གནས་བབ་འདི་བྱུང་བ་རེད། ཇི་སྲིད་ཆོས་དང་སྲིད་གཉིས་ཤ་སོ་སོ་དང་གྲི་སོ་སོ་མ་བྱས་པར་རྙོག་གླེང་དེ་རིགས་ནར་ཆད་ཀྱི་མ་རེད། དུས་རབས་ཉི་ཤུ་པར་སླེབས་ནས་ད་དུང་ལྷ་ཀླུ་དང་རྨོངས་དད་རྐྱང་བཤད་བསྡད་ན་མ་འོངས་མཐོང་མཐོང་བ་རེད།
རང་ཅག་རྣམས་ཀྱིས་རྩོད་པ་ག་ཚད་གནང་ན་ཕན་ཐུབ་གང་ཡང་མེད། རྒྱ་ནག་སྲིད་གཞུང་གིས་དབུ་ལམ་དང་། རང་བཙན་གཉིས་ག་རེ་སྤྲད་ན་དེ་ལེན་རྒྱུ་ལས། དེ་གཉིས་ལེན་རྒྱུ་ང་ཚོར་ཐོབ་ཐང་སྤྲད་ན་རྩོད་ལོས་རྒྱགས། དེ་ནི་མ་རེད། སྤྱིར་གོང་ས་མཆོག་གི་དབུ་ལམ་གདམས་ཟིན་པ་གང་ཟག་སུ་ཡིནའང་ཤེས་ཚོད་རེད། རྒྱ་ནག་རྒྱལ་ཁབ་ལྐུགས་པ་ག་ལ་ཡིན། འོན་ཀྱང་རྒྱ་ནག་གིས་དེ་གཉིས་སྤྲད་འདོད་མེད་དུས་ཁ་གང་སར་གཡར་ཏེ་མཐའ་མར་གང་ཡང་མེད་པ་བཟོ་འདོད་མ་རེད་དམ།
རང་བཙན་རྩོད་སྟངས་དངོས་གནས་ནི། བོད་རང་བཙན་སྐྱར་ལེན་འདོད་ན། ད་ལྟའི་དུས་འདིར། ༸གོང་ས་མཆོག་ཡར་ཞོགས། རང་བཙན་རྩོད། བཙན་བྱོལ་སྒྲིག་འཛུགས་ཕར་ཞོགས། རང་བཙན་རྩོད། བོད་མི་མངས་ཚུར་ཞོགས། རང་བཙན་རྩོད།
རང་བཙན་བརྩད་ན་ལེན་སྟངས་མི་ཤེས་དབུ་མའི་རང་སྐྱོང་བརྩད་ན་བསྟེར་སྟངས་ཀྱང་མི་ཤེས། འདི་གཉིས་ཀའི་འབྲས་བུ་མངོན་གྱུར་མེད་པར་ལྐོགས་གྱུར་ལ་གནས་པ་འདྲ་མཚུངས་ལས་གཅིག་བཟང་རབས་དང་གཅིག་ངན་རབས་བཤད་མ་བཤད་མེད་པ་རེད། འོན་ཀྱང་འདི་གཉིས་བར་ན་སྲིད་དོན་ཚོང་པའི་སྐབས་འཚོལ་བ་འགའ་རེས་གོ་སྐབས་འཚོལ་བཞིན་པ་མངོན་བརྗེན་རེད།
མི་ཁ་ཤས་སུན་པོ་བཟོ་མཁན་དང་དགོད་སློང་མཁན་རང་རེད། ཁ་ཡར་གྲག་ལ་དར་དམར་རེད། ཁྱོས་དར་དམར་གྱི་སྒྲིབ་གཡོགས་ནས་རྫུ་འཕྲུལ་ག་ཚོད་བསྟན་རུང་། དྲིན་ཅན་པོ། ཁྱོད་ང་ཚོས་ཤེས་ཀི
ད་ཡིན་ན་ཡོངས་རྫོགས་རང་དབང་གཙང་མའི་དཔལ་གྱི་ནང་དོན་ད་དུང་
ཡང་ཧ་མ་གོ་བའི་གནས་སྟངས་འདི་ཧ་ཅང་སྐྱོ་བོ་ཞིག་མ་རེད་དམ།
༄༅།།རྟོགས་ལྡན་རྣལ་འབྱོར་བརྩོན་པའི་བླ་མ་རྣམས།།
མཁས་མཛངས་དཔའ་ངར་ལྡན་པའི་དཔོན་པོའི་དྲུང་།།
བདག་གིས་ཚིག་གསུམ་ཞུ་བ་ཐལ་སོང་བར།།
བློ་་ལྡན་དྲྭ་གྲོགས་ཡོངས་ཀྱིས་དཔྱད་པར་མཚལ།།
༡ དབུ་མ་པ་ལ་ལོ་རྒྱུས་དགོས་གལ་མེད།།
༢ རང་བཙན་པ་ལ་མངོན་སུམ་དགོས་གལ་མེད།།
༣ སྐབས་འཚོལ་པ་ལ་གཉིས་ཀ་དགོས་གལ་མེད།།
དགོས་མེད་གསུམ་མཛོམས་ས་མཐར་འཁྱམས་པ་ལས།།
གོམ་ཁ་བསྒྱུར་ནས་བལྟ་ན་མི་ལེགས་སམ།།
དབུ་ལམ་ཟེར་བ་ཉི་མ་རེ་ལ་འགྲེལ་ལོག་རེ་དགོས་དོན་འདུག་གམ།།དེ་ལས་ཀྲུང་གོའི་གཞུང་ཚབ་ལ་འགྲོ་ནས་རང་ཡུལ་དུ་ལོག་ཆོག་པའི་ལག་དེབ་ཞིག་ཞུས་ནས་ལོག་འགྲོ་ན་ཡག་ཤོས་རེད།།ཧཧཧཧཧཧ་་་་་ད་དུང་རྨོངས་དད་ཀྱིས་རག་བཟི་དྭངས་མི་འདུག་ག་གཞི་གང་གིས་རྨོངས་ན་དེ་རྨོངས་པ་རང་རེད།།
ཇི་སྲིད་རྨོངས་པ་དེ་ལས་མ་གྲོལ་བ།།
དེ་སྲིད་བོད་དོན་མཐའ་གསལ་ཡོངས་མི་སྲིད།།
རྟག་ཏུ་རྨོངས་པའི་དྲྭ་བའི་སྨག་ཁང་ལས།།
ནམ་ཞིག་འདི་ནས་ཐར་བའི་འབད་ལ་བརྩོན།
གོང་གསལ་སྤྱི་མཐུས་ཀྱི་གནས་ཚུལ་དེ་ཧ་གོ་བཞིན་དུ་འགྲོས་ཚོགས་ནང་ཡིག་ཐོག་ཡོང་དགོས་དོན་གང་ཡིན།་གནས་ཚུལ་དེ་གསུངས་སྐབས་ལས་རིམ་གནམ་ཞག་འདོན་མི་དགོས་པ་གང་ཡིན།་་གནས་ཚུལ་དེ་གསུངས་ཚར་རྗེས་འགག་པ་རྒྱབ་མཁན་ཆེས་ཉུང་བ་ཅི་ཡིན།་་ད་ལྟ་སྤྱི་མཐུས་རང་ཉིད་མུ་འཐུད་ནས་གནས་ཐུབ་ཐབས་ཡོད་དམ།་སྤྱི་མཐུས་རང་ཉིད་ཀྱི་ཡོང་ཁུངས་བཀའ་རྒྱུད་ཆོས་ལུགས་ཀྱི་དབུ་མེའི་ལམ་ལ་རྒྱབ་བསྐྱོར་མེད་དམ།་་་བོད་མི་མང་ཚོགས་ཀྱི་ད་ག་རེ་བྱེད་དགོས་སམ།་་
ཕྲན་གྱི་དྲི་བ་ཆུང་ཆུང་རྣམས་ལ་བཀའ་ལེན་གནང་རོགས་ཞུ་རྒྱུ་ཡིན།་་ཐུགས་རྗེ་ཆེ།།