ཤངས་པ་འོད་ཟེར་བསམ་འགྲུབ།
ཁ་སང་དེ་རིང་། མང་ཚོགས་ཀྱིས་སྲིད་སྐྱོང་དང་བཀའ་ཤག་ལ་ངོ་རྒོལ་བྱེད་བཞིན་པ་རེད། ཁོང་ཚོས། ༼དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་མིན། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད། སྲིད་སྐྱོང་བློ་སེང་ལ་ངོ་རྒོལ་ཡོད།༽ ཅེས་ལངས་ཕྱོགས་དང་ངོ་རྒོལ་ཁ་ཕྱོགས་གསལ་པོ་ཞིག་འཕྱར་འདུག
དེ་ནི་དགྲ་བོ་རྒྱ་དམར་དང་བོད་པའི་སྤྱི་ཚོགས་ནང་གི་གཡམ་རྒྱུག་པ་ཚོ་གོ་ནོར་མི་ཐེབས་པ་དང་། ཡང་ན། འགན་ཁུར་མེད་པའི་གཡམ་རྒྱུག་པ་ཚོས་ལོག་འགྲེལ་དམའ་འབེབས་ཁ་ནས་གང་ཐོན་ལག་པར་གང་ཐེབས་ལྟ་བུ་བྱེད་ངེས་པ་ཚོ་ལ་གོ་བར་བྱེད་པའི་བརྡ་དང་། མཐོང་བར་བྱེད་པའི་ཐོར་བསླངས་པའི་རྟེན་ཕུར་ཞིག་དང་འདྲ།
གཏན་འཁེལ་བའི་འབོད་ཚིག་འདིས། དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ནི་ངོ་རྒོལ་གྱི་བྱ་བའི་ཡུལ་མིན་པ་གསལ་སྟོན་དང་། བློ་བཟང་སེང་གེ་ནི་ངོ་རྒོལ་གྱི་བྱ་བའི་ཡུལ་དུ་བྱས་ཡོད་པ་གསལ་སྟོན་བྱས་འདུག
ཁ་གསལ་པོས་བཤད་པ་ཡིན་ན། བློ་བཟང་སེང་གེ་དང་ཁོང་གིས་དབུ་ཁྲིད་པའི་བཀའ་ཤག་གཉིས་ཀ་ད་རེས་ཀྱི་ངོ་རྒོལ་བྱ་ཡུལ་ཆགས་ཡོད། ངོ་རྒོལ་གྱི་སྐབས་སུ་༼བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཀྱི་ལས་འགུལ།༽ཞེས་པའི་འབོད་སྒྲ་དང་འཕྲེད་དར་འཕྱར་ཡོད་པའི་ཆ་ནས། ཁོང་ཚོས་བོད་གཞུང་ལ་ངོ་རྒོལ་བྱེད་ཀྱི་མེད་པ་དེ་ཕྱི་གསལ་ནང་གསལ་རེད། ཁོང་ཚོས་ད་ལྟའི་སྲིང་སྐྱོང་དང་བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་བརླག་གི་འདུག་ཟེར་བ་འདི་ངོ་རྒོལ་གྱི་འཕྲེད་དར་དང་འབོད་ཚིག་སྤུངས་ས་དེ་རེད།
ཁོང་ཚོའི་འབོད་ཚིག་ཁྲོད་ན། ༼དབང་ཆ་ལོག་སྤྱོད་བྱེད་མི་ཆོག༽ ༼བདེན་པའི་རྒྱབ་ལངས༽ ཞེས་པ་སོགས་ཁྲིམས་དང་སྒྲིག་གཞི་ལ་འབྲེལ་བ་ཡོད་པའི་བརྗོད་ཚིག་མངོན་ཡོད། བཀའ་ཤག་གིས་གསལ་བསྒྲགས་དང་བཀའ་ལན་གནང་ཐེངས་རེར། ཁྲིམས་དང་སྒྲིག་གཞི། ད་དུང་དབང་ཚད་ཟེར་བ་ཞིག་བཅས་བརྗོད་ཀྱིན་ཡོད། མང་ཚོགས་ཀྱི་ངོས་ནས་སྲིད་སྐྱོང་དང་བཀའ་ཤག་གིས་ཁྲིམས་འགལ་བྱེད་ཀྱི་འདུག་ཅེས་ཤོད་ཀྱིན་པ་ཆགས་ཡོད།
ད་ལྟ་སུ་ཞིག་གིས་སྤྱི་ཚོགས་དང་སྤྱི་ཚོགས་བར་དང་། གཞུང་དང་མང་ཚོགས་བར་གྱི་འགལ་ཟླ་སེལ་ཐུབ་བམ། སུ་ཞིག་གིས་གཡམ་རྒྱུག་པ་དང་གནས་ལུགས་པ་ཚོའི་ངོ་གདོང་དབྱེ་འབྱེད་ཐུབ་བམ། སུ་ཞིག་གིས་བདེན་པ་དང་རྫུན་མའི་ངོ་རིས་དབྱེ་གསལ་ཐུབ་བམ། སུ་ཞིག་ལ་ད་རེས་ཀྱི་འཁྲུག་ཆ་དོད་པོ་འདི་ལྷིང་འཇགས་བག་ཕེབས་སུ་གཏོང་བའི་ནུས་པ་ཡོད་དམ། སུ་ཞིག་བར་གནས་དང་བདེན་པའི་རྟེན་ཕུར་ལྟ་བུ་བྱེད་ཐུབ་བམ། ཧ་ཅང་བཤད་ཚོད་མི་ཐིག་པ་ཞིག་ཆགས་ཡོད།
ལྟོས་ས་ལྟོས་འཇོག་གིས་བཤད་ན། བོད་མི་སྤྱི་པའི་མིང་དང་ལྡན་མཁན་བོད་ཀྱི་གཞོན་ནུ་ཚོགས་པ། བོད་ཀྱི་བུད་མེད་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། བོད་ཀྱི་ཁྲིམས་ལུགས་རིག་པའི་ལྷན་ཚོགས་ཟེར་བ་དེ་ཚོས། ད་རེས་བདེན་རྫུན་ཤན་འབྱེད་དང་། སྤྱི་ཚོགས་ལྷིང་འཇགས་ཡོང་བར་ལམ་སྟོན་སྣེ་ཁྲིད་ཀྱི་འགན་ཁུར་ཞིག་ལེན་ཐུབ་དགོས་ནའང་། དེ་ཚོ་ནི་མཐོང་ཡུལ་དང་ཐོས་ཡུལ་གང་ནས་ཀྱང་མངོན་མེད་ཆགས་སོང་། འདི་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་རེད།
ངོ་མ་ད་ལྟའི་ཆར་བོད་དང་བོད་མིའི་བར་ལ་ལངས་ཕྱོགས་དང་ངོ་རྒོལ་སོགས་མང་པོ་ཡོང་དང་ཡོང་བཞིན་པ་རེད་འདུག། གལ་ཏེ་དེ་འདྲ་རིགས་མི་འགོག་པར་མུ་མཐུད་ཡོང་ན་བོད་རང་བཙན་ཐོག་འཐབ་རྩོད་བྱ་རྒྱུ་ཁག་པོ་རེད་དོ།
རང་བཙན་ཨེ། རང་བཙན་ཁག་པོ་ཡིན་འགྲོ དེ་བས་དབུ་མའི་ལམ་གྱི་རང་དབང། རྩོད་ན་མི་ལེགས་སམ། ལགས།
ཁ་དང་ཁ་སྤུ་སོ་སོ་རེད། ཁ་སྤུ་འབྲེག་པ་ན་ཁ་བྲེགས་སོང་། སྣ་བྲེགས་སོང་ཞེས་འུར་བརྗོད་པ་ནི་འུར་བརྗོད་རིང་ལུགས་པ་ཚོས་དཀྲོགས་གཏམ་གྱི་བྱེད་ཐབས་ཤིག་རེད། བྱེད་ཐབས་འདིས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་བྱེད་ཀྱིན་པ་མཚོན་ཡོད།
ད་ལྟའི་གཀའ་ཤག་གི་དགྲ་དགའ་གཉེན་སྡུག་གི་ལས་དོན་སྒྲུབ་པའི་སྐྱེན་གྱི་མིང་གི་འདོད་ལོ་མ་གང་བ་རེད་་་་་མང་གཙོ་རེད་མི་མང་་གི་ངོ་རྒོལ་བྱས་པ་ནི་མང་གཙོ་ཚད་དང་ལྡན་པ་མཚོན་ཡོད་་་བློ་སེང་གི་ཁྲིད་པའི་བཀའ་ཤག་གི་མི་མང་ཁ་གཏོར་གཏོང་་བའི་ཉེན་ཁ་སླེབ་ཡོད་་་་་ཞེན་ཁོག་སྐམ་པོ་རེ་བྱས་ནས་འདུག་ཚོད་མ་རེད་བསམ་གི་་་་་་་འབྲེལ་ལོག་ཅི་ལྟར་རྒྱབ་ཡང་དྲང་བདེན་མཐོང་མཁན་ཞིག་ཡིན་དུས་མཐོང་གསལ་རེད་་་་
ཤངས་པ་འོད་ཟེར་བསམ་འགྲུབ།་
༄། །བཙན་བྱོལ་གཞུང་ལ་ངོ་རྒོལ་མིན་ཟེར། གཞུང་གི་དབུ་ཁྲིད་ལ་ངོ་རྒོལ་ཡིན་ཟེར། རྒྱལ་བ་ལ་ངོ་རྒོལ་མིན་ཟེར། རྒྱལ་བའི་ཐུགས་ཡིད་ཆེས་སའི་མིར་ངོ་རྒོལ་ཡིན་ཟེར། དྲང་བདེན་ལ་རྒྱབ་སྐྱོར་ཡིན་ཟེར། དྲང་བདེན་སུ་ཡིན་མི་ཤེས་གསལ་བཤད་དགོས་ཟེར། རྩ་ཁྲིམས་ལ་བརྩི་སྲུང་དགོས་ཟེར། སྲིད་ཚབ་ཀྱིས་རྩ་ཁྲིམས་བཤད་པར་ཁས་ལེན་མེད་ཟེར། བོད་ཀྱི་ལ་རྒྱ་ཡིན་ཟེར། བཅའ་ཁྲིམས་ལག་དེབ་ལ་དངུལ་སྤྲོད་ཀྱི་མིན་ཟེར། བོད་སྤྱི་ཡི་རྩ་དོན་གལ་ཆེན་པོ་ཡིན་ཟེར། གང་ཟག་བྱེ་བྲག་གཅིག་གི་དོན་དུ། རང་སྲོག་ཀྱང་གཏོང་གི་ཡིན་ཟེར། མང་གཙོ་ཡིན་ན་དྲིན་ལན་ལོག་འཇལ་བྱེད་ན་འགྲིག་གི་རེད་བསམ་འདུག། ཕ་བླ་མའི་མགོ་ལ་སྟ་རེ་ཞུས་ན་རང་དབང་ཡིན་བསམ་པ་མིན་ནམ། གད་མོ་རང་དབང་མེད་པར་ཤོར་སོང་།
ད་རེས་ཀྱི་ངོ་རྒོལ་ལས་འགུལ་འདི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་བྱེད་དང་རུལ་སུངས་པ་ཚོ་ངོ་ཚ་ཁ་སྐྱེངས་བཟོ་བྱེད་ཅིག་ཡིན་པས། བོད་དོན་རྣམ་དག་བསྒྲུབས་པ་ཞིག་རེད་མོད། ཕ་རོལ་དགྲ་བོའི་ལྐོག་ཇུས་ལྟར་འགྲོ་བའི་བླུན་རྨོངས་མགོ་འཐོམས་པ་ཚོས། བོད་གཞུང་དང་དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་རེད་ཅེས་ངོ་དེབ་དང་བརྙན་ཐུང་སོགས་སུ་བཏང་སྟེ་དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱེད་བཞིན་ཡོད། དེ་དག་ཕྱོགས་ཞེན་ཁོ་ནའི་དབང་དུ་སོང་སྟེ་་རང་ཉིད་ཀྱི་ལས་ཀ་དེ་དགྲ་བོར་དགོས་མཁོ་སྐོང་བྱེད་དུ་འགྲོ་བཞིན་ཡོད་པའང་ཚོར་གྱིན་མེད། དོན་དུ་བོད་གཞུང་དང་དགའ་ལྡན་ཕོ་བྲང་བོད་མི་རིགས་ལ་ངོ་རྒོལ་བྱེད་མཁན་བདེན་པ་ལོག་སྤྱོད་དུ་སྒྲོག་མཁན་དེ་དག་རེད་ཅེས་སྨྲའོ།། ཅིག་བྱས་ན་འདི་དག་ལ་དགྲ་བོས་ལྐོག་རྔན་བྱིན་ནས་ལས་ཀ་དེ་འདྲ་ལས་བཅུག་ཡིན་པར་དོགས་པ་ཆེའོ།། གང་ལྟར་ངོ་རྒོལ་འདི་འདྲ་བྱུང་བ་ནི། བློ་སེང་སྲིད་སྐྱོང་ཞིག་གི་ངོ་བོར་མ་བསྡད་པར་རྩིས་མི་ཕོག་པའི་་ཁྲིམས་མེད་ལུགས་བྱེད་ཀྱི་བྱ་བྱེད་མང་དྲགས་པས་རེད། ད་ནི། སྲིད་སྐྱོང་དང་སྲིད་འཚབ་དྲུང་འཕར་དང་བྱས་པ་གསར་འགོད་པ་དང་བདེན་པ་བཤད་སར་བྲོས་ཤིང་ཡིབ་དགོས་པའི་གནས་སུ་ཆགས་འདུག
ད་རེས་ཀྱི་ངོ་རྒོལ་འདི་དགའ་ལྡན་ཕོ་བྲལ་ལ་མིན་པ་སུས་བལྟས་ཀྱང་གསལ་བོ་རེད།
འོན་ཀྱང་འུར་དུམ་ཚ་བོ་དང་གླེན་རྟགས་སྟོན་རྒྱུར་ངོ་ཚ་མེད་པ་རྣམས་ཀྱིས་དེ་ལྟར་བཤད་བཞིན་ཡོད་པ་རེད།
དངོས་གནས་བྱས་ན་གྲྭ་གཟུགས་བསྟན་པ་ཡར་འཕེལ་གྱིས་དགའ་ལྡན་ཕོ་བྲང་ལ་དངོས་སུ་ངོ་རྒོལ་བྱས་སོང་བ། དེ་དུས་ཁྱེད་ཚོའི་ཕྱོགས་ཁག་ནས་ཅི་ཡང་ཟེར་མཁན་མེད་པ། ད་དུང་བློ་སེང་ཡང་ཕོ་བྲང་ལ་ཡིད་མ་ཆེས་མདོག་མདོག་གིས་ཕོ་བྲང་ལ་ཁ་པར་བཏང་བ་རེད།
ད་བློ་སེང་དང་བློ་སེང་ཕྱོགས་གཏོགས་པ་ཚོས་གླེན་རྟགས་སྟོན་ཡ་མང་དྲགས་སོང་ངོ།།
ཐེངས་འདིར་བཙན་བྱོལ་བོད་མི་གནས་ཡུལ་གྱི་ས་གནས་མི་ཉུང་བ་ཞིག་ན་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཀྱིས་དབུ་ཁྲིད་པའི་བཀའ་ཤག་ནས་མང་གཙོ་ལོག་ལམ་དུ་བེད་སྤྱོད་ཀྱིས་ཚབས་ཆེའི་ནོར་འཁྲུལ་བཟོས་དང་བཟོ་བཞིན་པ་དེར་མང་ཚོགས་ནས་ངོ་རྒོལ་དང་རབ་དང་རིམ་པ་སྤེལ་བཞིན་པ་འདི་ནི་མིའི་རིགས་ཀྱི་ཡོངས་ཁྱབ་རིན་ཐང་ལྟ་བར་མོས་མཁན་ཞིག་ཡིན་ན་དགའ་འོས་པ་ཡིན་མོད། ལོ་འགའི་སྔོན་བོད་ནང་གི་རྩོམ་པ་པོ་ཞིག་གིས་བོད་ཀྱི་ས་ཁུལ་ཞིག་བསམ་བློར་མུ་གེ་ཐེབས་པའི་ཡུལ་དུ་ངོས་བཟུང་ཡོད་པ་བཞིན་ད་ཐེངས་ཀྱང་ཡུལ་དེའི་མུ་རྒོད་སྐོར་ཞིག་གིས་ཁྲིམས་མཐུན་གྱིས་མང་གཙོའི་ཁེ་དབང་རྩོད་ལེན་པ་དག་ལ་སྔ་ཕྱི་བར་གསུམ་དུ་ཉེས་འཛུགས་དང་ལོག་བཤད་ཧ་ལས་པ་བྱེད་ཀྱིན་པ་ནི་བོད་མི་རིགས་སྤྱིའི་གྱོང་གུད་འབའ་ཞིག་ལས་དམིགས་བསལ་གྱིས་བོད་ཀྱི་ས་ཁུལ་རེ་ཟུང་གི་གྱོང་གུད་གཏན་ནས་མིན་ཨང་། ནམ་རྒྱུན་༸གོང་ས་མཆོག་ནས་སྤོབས་པ་ཆེན་པོས་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་ཕྱི་གསལ་ནང་གསལ་གྱི་གཞུང་ཞིག་ཡིན་ཞེས་གསུངས་དང་གསུང་བཞིན་ཡོད་མོད། ད་ཐེངས་སྲིད་སྐྱོང་སློབ་བཟང་རྒྱས་གཙོས་གཡོ་ཐོག་ཀརྨ་དགེ་ལེགས་དང་། དངོས་གྲུབ་ཚེ་རིང་གསུམ་ཅིའི་ཕྱིར་གསར་འགོད་པ་དག་གི་མདུན་དུ་ཐོན་མ་ཐུབ་པ་ཡིན་ནམ། བསམ་བློ་ཞིབ་པར་བཏང་ན་གནད་དོན་འདི་གཅིག་པུས་ཀྱང་ང་ཚོར་ཉོག་གླེང་འདིའི་ནང་སྙིང་ག་འདྲ་ཡིན་པ་གསལ་བོར་བསྟན་ཡོད་པར་འདོད།
སྙོགས་གླེང་འདི་གཙང་མ་བཟོ་དགོས་ན་བར་མའི་འོས་བསྡུ་ལས་གཞན་ཐབས་ལམ་ཨ་ཡོད་།
འདི་ཐམས་ཅད་བློ་སེང་གི་གཡོ་སྒྱུ་དང་། ཐ་ཤལ་གྱི་བྱེད་བབ་ལས་བྱུང་བ་རེད། ང་རིན་པོ་ཆེ་རྩ་ཆེ་དྲག་པ་དང་། གཞན་ལ་མཐོང་ཆུང་བྱས་དྲག་པའི་རྐྱེན་གྱིས་མི་མང་འུ་ཐུག་ཐབས་ཟད་ཆགས་པ་རེད།
ད་གཡུག་ཤོག་ཆོ་མི་འདུག་ཚར་ནི་ཚར་སོང་བློ་སེང་ལ་ཐོབ་སོང་རྟེན་འབྲེལ་ཞུ་ད་ཤུགས་རྒྱོབ།
སྲིད་སྐྱོང་རྩིས་ལོག་ཐེབ་ངོ་མ་རེད་འདའ། སྲིད་སྐྱོང་ལ་དངོས་གནས་དོན་སྙིང་རྩ་བ་ནས་མེད་པའི་དོན་ཚན་བཅུ་དེ་མ་ཡིན་པའི་ཐོག་ནས་སྤེན་ཚེ་མེད་པ་བཟོ་དགོས་པའི་གདེན་པ་ཡང་དགས་ཤིག་ཡོད་ན་བསམ་གྱི་འདུག། དེ་མེད་ན་སྲིད་སྐྱོང་ནས་རྒྱ་ཆེའི་བོད་མི་དམངས་ལ་དགོང་དགས་ལབ་ཞག་ན་དགའ་བ་ཡོང་ས་རེད། དེ་མིན་སྲིད་སྐྱོང་ནང་མི་ནས་བྱས་ང་ཚོ་ཚང་མ་མ་སྐྱིད་རོག་རེད། རྒྱ་མའི་རྒྱུག་ཁྱི་དོད་ཚོག་པ་ཁ་ཤད་རྒྱ་མིས་པད་ཀོག་སྒང་ལ་མེ་མདའ་སྐེམ་སྡད་ཡོད་དུས་ཁོང་ཚོ་གུ་སྐབས་ནམ་བྱུང་ལ་གནད་ཚུལ་དེ་འདྲ་པོར་དགའ་འདོག་ལོས་བྱེད་སྙིང་རྗེ། དངོས་གནས་རྒྱ་མིས་ང་ཚོའི་དམངས་གཙོའི་རང་དབང་དེ་ཚོ་མཐོང་ཡོང་དུས་གལ་ཏེ་འབངས་མི་སེར་སུ་ལ་སྲིད་གཞུང་གི་འགོ་འཁྲིད་རེ་ཟུང་ནས་ཉེས་མེད་ཉེས་འཛུག་བྱས་པ་ཡིན་ན་རྒྱ་ནག་ལྟ་བུར་མ་ཡིན་པར་ང་དྲང་པོ་ཞིག་ལ་རྒྱབ་བསྐྱོར་བྱེད་འདོད་ཀྱང་སྲིད་གཞུང་གིས་དྲགས་གནོན་ཐོག་ནས་ང་དང་ངའི་ནང་མི་ཚང་མ་མེད་པ་བཟོ་ཡི་རེད་བསམ་མི་དགོས་པར་གཙན་བྱ྄ོལ་བོད་མི་དེ་ཚོར་ཞི་བའི་ཐོག་ནས་གདེན་པ་བཤད་པའི་ཐོབ་ཐང་ཡག་པོ་འདུག་བསམ་རྒྱན་རེད།
བོད་ཀྱི་ཐེབས་རྩའི་དངུལ་གྱིས་རང་ཁ་རང་གསོ་བྱས། །
ཨ་མདོ་སྤེན་ཚེ་གནས་དབྱུང་ཆོལ་གསུམ་ཆིག་སྒྲིལ་བཟོས། །
བཀའ་བློན་དངོས་ཚེ་འཕོ་བས་གསར་གཏོད་གསར་པ་བྱས། །
འོས་མི་བློ་སེང་དམ་བཅའ་གསུམ་པོ་ད་ནི་ཚང་ལ་ཉེ། །
བློ་སེང་མཆོག་གིས།
རང་བཙན་ཁོག་ནས་བཏོན་པའི་ཁྲི་ཕྱིར་དབུས་ལམ་ཁྱབ་བསྒྲགས་བྱས། །
གཉིས་སྨན་དབུ་མའི་དགོས་དོན་རྒྱ་བོད་གསང་བའི་མོལ་གྲོས་བྱས། །
༸གོང་ས་མཆོག་ཉིད་བོད་ལ་གདན་འདྲེན་ལོ་དྲུག་ནང་ལ་བྱས། །
བོད་ནང་རང་དབང་ཉི་མའི་ངོ་ལོག་ཨ་དྷའི་ཡུལ་ནས་ཤར། །
ད་ངོ་རྒོལ་འདིའི་གྲས་ལ། ང་ཚོ་བོད་པར་སྔོན་མ་ནས་གཏམ་དཔེ་མང་པོ་ཆགས་ཟིན་ཡོད།
དགོན་པའི་ཁྱི་ལ་ཞུས་ན། བླ་མའི་ཐུགས་ལ་ཕོག་ཡོང་།
ཚིགས་པ་གཡག་ལ་ཟ། རྡོག་རྡོ་འབྲི་ལ་ཞུས།
གང་ནས་བལྟས་ཀྱང་ངོ་རྒོལ་འདི་རྒྱལ་བ་རིན་པོ་ཆེར་མ་འདོད་པའི་ལས་འགུལ་རེད། གཙོ་བོ་འདི་རྒྱལ་བ་རིན་པོ་ཆེས་བློ་སེང་སྐུ་ཚབ་ལ་བསྐོས་པ་རེད། བློ་སེང་གི་འདོད་པ་ཡོད་པའི་སྐུ་ཚབ་ནི་ཨུ་དཀར་ཚང་རེད།
ད་རེས་བློ་སེང་གིས་རྒྱལ་བ་རིན་པོ་ཆེར་བཀའ་དགོངས་ཞུས་ནས་སྤེན་ཚེ་གནས་དབྱུང་བཏང་བ་རེད། ད་ངོ་རྒོལ་འདི་དགའ་ལྡན་ཕོ་བྲང་ལ་མིན་ཟེར་ན་འགྲོ་ས་མིན་འདུག
བློ་ཟུར་བོར་གནས་པའི་འགྲོ་བ་མི་མཚན་ཉིད་ཚང་བ་ཞིག་ཡིན་ན།སུའི་ནོར་འཁྲུལ་ཡིན་པ་གསལ་པོ་གོ་ཤེས་ཐུབ་པ་ཞིག་དང་ ད་རེས་རྩིས་ནོར་ཆེན་པོ་ཞིག་པ་ཤེས་དགོས་ངེས་རེད།
ངོ་རྒོལ་བ་ཚོ་ལ་བཀྲིས་བདེ་ལེགས་ཡོད།
༧གོང་ས་མཆོག་གིས། འཛམ་གླིང་མི་མང་ལ། ང་ཚོ་ལ་བདེ་པ་ཡོད། ང་ཚོ་དྲང་པོ་དྲག་ཕྱོགས་ལ་འགྲོ་འདུག་པའི་མི་ཡིན། ང་ཚོ་ཕྱི་གསལ་ནང་གསལ་ཡིན། ཞེས། བོད་པ་ཞིག་ཡིན་ཕྱིན། རྒྱལ་ཁབ་གང་ལ་སོང་ན། བསྡད་ན། མིས་ཆ་འཇོག་ཡོད་པ། རང་གིས་ཡང་བོད་པ་ཡིན་པའི་སྤོབས་བྱེད་ཐུབ་པ་ཞིག་ཡོད་པ་རེད།
ད་རེ་ནས་འདིའི་མཐོང་འདི་ང་ཚོར་གནས་མི་ཐུབ་པའི་འགོ་སྲིད་སྐྱོང་ནས་མགོ་བཙུག་པ་རེད།
ཁྲམ་པ་དང་ཧམ་པས་ང་ཚོ་གཡང་ལ་གཡུག་རྒྱུ་ཡིན་ཙང་། སྲིད་སྐྱོང་ཁོང་ལ་ངོ་རྒོལ་འདི་འབབ་པ་ཞིག་རེད།
ས་ཡ་གཅིག་དང་ཕྱེད་ཀའི་སྐོར་གྱིས། ཨ་རིའི་གཞུང་ལ་སྲིད་སྐྱོང་དང་ཕྱོགས་བཏོག་པ་ཚོས་ཁྲམ་པ་འཁྲབ་བསྡད་ཡོད་དེ་གསལ་པོ་རེད། ཁྲམ་པ་འཁྲབ་རོག་མ་བྱས་པའི་སྤེན་ཚེ་ལས་གནས་ལས་ཕབ་པ་འདི་བོད་མི་དྲང་བདེ་གཙིགས་དུ་འཛིན་ཁན་ཞིག་ཡིན་ཚེ་གྱོང་ཆེན་པོ་ཞིག་ཡིན། ལྷག་ཏུ། ༧གོང་ས་མཆོག་གིས་གླིང་ཡོངས་ལ་མི་ལོ་དྲུག་བཅུ་ཙམ་ལ་བསགས་པའི་བོད་མིའི་བཟང་སྤྱོད་དང་སྣང་བརྙན་འདི་སྒོར་མོ་ཙམ་ལ་བརྗེས་ཕོད་པ་ཞིག་རྩ་ནས་མིན།
སྲོད་སྐྱོང་གིས་གསུངས་ན། སྤེན་ཚེ་ཕུད་དགོས་བའི་གནད་དོན་ནི། ཁོས་ཨ་རིའི་གཞུང་ནས་ཨ་སྒོར་མང་པོ་ཞིག་གི་རོགས་དངུལ་ལེན་ཐུབ་པ་བྱེད་དགོས་བའི་དོན་ཡིན་ཟེར། འདི་ཧམ་པ་རེད། ཨ་རིའི་རོགས་དངུལ་བོད་མི་ཡོད་ཚད་ཀྱི་གནས་བབས་བདེ་སྡུག་ལ་གཞལ་ནས་སྟེར་གྱི་ཡོད་པ་ལས། སྐུ་ངོ་ཁྲམ་པ་སུ་ཡིན་གྱི་སླུ་ཁྲིད་ཀྱི་རྫོངས་རྒྱགས་ལ་སྟེར་བསྡད་པ་དེ་འདྲ་ཞིག་ནམ་ཡང་ཡིན་མི་སྲིད་སུས་ཀྱང་ཤེས།
དུས་སྐབས་འདི་ལ། མོས་བཤད་སོང་། ཁོས་ལབ་སོང་། ང་ཚོ་ལ་ངག་ཐོག་ན་སྐད་ཆ་ཡོད་ཟེར་བ་སོགས་ལ་གཞི་བཅོལ་ནས། ཁྲམ་པ་དང་ཧམ་པ་འཁྲབ་སྟངས་ཀྱི་ཁྲིམས་ཞིག་གང་ནས་བསྦྱངས་ཡིན། ཧ་ཝར་ན་དེ་འདྲའི་ཁྲིམས་ལུག་སློབ་སྦྱོང་ཞིག་ཡོད་ཚོད་མི་འདུག།
ཤོག་སྒོར་ནི་ལོ་གཅིག་ཙམ་གྱི་ཁེ་ཕན་ཙམ་རེད། བཟང་སྤྱོད་དང་ཕྱི་གསལ་ནང་གསལ་ནི་མི་རབས་ནས་མི་རབས་ཡིད་ཙང་། ཁྲམ་པ་དང་ཧམ་པའི་གྲུབ་པའི་གཞུང་ཞབས་པ་ཚོ། རྒྱ་ཆེ་མི་མང་གིས་ཕམ་པར་རྒྱག་དགོས་བ་ཞིག་ཡོད། ད་ལྟ་མགོ་བཙུག་ཙམ་རེད། ལས་སླ་པོ་ཡོད་པའི་རེ་བ་ཡོད། རྗེས་སུ་ནད་རྙང་གིས་ཆགས་ན། འདྲེ་ལག་ཚོས་མ་རྩ་བཞག་ན། གཏོར་དཀའ་ཙམ་ཡོད་པ། དོལ་འདྲེ་ཚང་ལ་ལྟོས་དང་ཤེས།
དུས་རབས་འདི་འདྲ་ཞིག་ལ། མགོ་སྐོར་མགོ་གཡོག་ཞིག། ཨ་རི་ཚང་ལ་ག་པ་ག་པ། ང་ཚོའི་བཙན་བྱོལ་པོ་མོ་ཚོ་ལ་ཡང་འགྲོ་གི་མ་རེད། ཚང་མ་གཉིད་སད། ཆོལ་ཞེན་དོར། མཉམ་དུ་ལོངས།
་་་་་་་ ད་རེས་བློ་སེང་གིས་རྒྱལ་བ་རིན་པོ་ཆེར་བཀའ་དགོངས་ཞུས་ནས་སྤེན་ཚེ་གནས་དབྱུང་བཏང་བ་རེད། ད་ངོ་རྒོལ་འདི་དགའ་ལྡན་ཕོ་བྲང་ལ་མིན་ཟེར་ན་འགྲོ་ས་མིན་འདུག ་་་་་་་ ཟེར།
ལས་འགུལ་འདིའི་རིགས་ཕལ་ཆེར་མེག་ལོར་ཟ་ཁང་ཟིན་བསྡད་མཁན་གྱི་ཀླད་མེད་འགའ་ལོས་ཡིན་བསམ།
པཎ་ཆེན་རིན་པོ་ཆེས།
https://www.facebook.com/photo.php?fbid=2217159578510935&set=p.2217159578510935&type=3&theater
མ་འཕུར་ན། རེ་བ་བརླག་རྒྱུ་རེད་་་་་་་་་་ ཟེར།
https://www.facebook.com/tenzin.tenzin.587606/videos/134099437365089/
ཁམས་པ་སྐོར་ཞིག་གིས་ཆོལ་ཞེན་བྱེད་པ་ལས་རྒྱུ་མཚན་གནས་ལུགས་ལ་རྒྱབ་མི་བརྟེན་པར་འདུག དེ་ལྟར་སྲིད་སྐྱོང་ལ་ངེས་:པར་དུ་ཁམས་པ་ཞིག་དགོས་ཐག་ཆོད་ཡིན་ན། དཔལ་རྒྱལ་བ་ཀརྨ་པ་ང་ཚོ་ཚང་མས་སྲིད་སྐྱོང་དུ་བཀུར་ན་ཅི་འདྲ་འདུག ཆོལ་གསུམ་སྤུན་ཟླ་ཚོ།
གང་ལྟར་སྒེར་གཅོད་པའི་ལས་ཀ་འདིས་རྒྱུན་རིང་པོར་འཁྱོལ་ཐུབ་ཀྱི་མ་རེད། མང་ཚོགས་ཀྱིས་ཞིབ་འཇུག་གཏིང་ཟབ་བྱས་ནས་སྒེར་གཅོད་པ་ལས་གནས་ནས་ཕབ་དགོས།
རྟ་བཞག་ནས། བོང་བུ་གཞོན་གཞན་ཞིག་ཨེ།
དང་པོ་དག་ཡིག་སྦྱང་དགོས་འདུག།
གནམ་ལགས།
ཁྱེད་གསུང་བའི་ནང་དུ་ལག་ལེན་དང་ཉམས་མྱོང་ཏིལ་ཙམ་མེད་པའི་གསུང་ཤ་སྟག་རེད། ཁ་དེ་འདྲ་ཞིག་ལ་བསྒྱུར་ནས་གསུང་བསྡད་ན་གསུང་རྒྱུ་ཡོད་པ་རེད། དེ་འདྲའི་སྟབས་བདེ་བོ་བདེ་བོ་ཞིག་ཡེ་ནས་མ་རེད། འོན་ཀྱང་ཁྱེད་ལ་བཤད་ན་གོ་བརྡ་མི་འཕྲོད་པ་ཁོ་ཐག་རེད།
ཁྱེད་ལ་མཐོང་ཆུང་བྱས་པ་རྩ་བ་རྩ་བ་ནས་མིན་ཀྱང་ཁྱེད་ཀྱིས་གསུང་སྟངས་འདི་བྱིས་པའི་བཀའ་མོལ་ངོ་མ་བོ་རེད། དགོངས་པ་ཡེ་ནས་མ་འཚུབ། མ་གཞི་ནས་དཔེ་འདི་ཡང་ཁྱེད་ཀྱི་ཐུགས་ལ་གསལ་པོ་ཞིག་འཆར་ཨེ་ཐུབ་མི་ཤེས། བྱིས་པའི་ངག་ལ་ཉན་ན་ཚིག་རིས་རེ་རེ་ནས་བདེན་པ་ཡིན་ཡང་མི་རྒན་པས་བཤད་སྟངས་དང་ལས་སྟངས་དེ་ལས་ལོགས་སུ་ཡོད་པ་ཐུགས་རྒྱུས་ཨེ་ཡོད། དགོངས་བཞེས་གནང་ཨེ་མྱོང་། གལ་སྲིད་མྱོང་ན་ཅུང་ཟད་ར་འཕྲོད་པའི་རེ་བ་ཞུ། དེ་མིན་ཁྱོད་བདེན་ནོ་ཞེས་འཇོག་རྒྱུ་མ་གཏོགས་ཐབས་ཤེས་གཞན་མེད་པ་ཁོ་ཐག་རེད། འོན་ཀྱང་དོན་དངོས་དེ་འདྲ་ཞིག་རྩ་བ་ནས་མ་རེད་ལགས། ཞེས་ཞུ་འོ།
མདོར་བསྡུས་ན་ཁྱེད་རང་ལྷག་བསམ་དག་ནས་བཞུགས་སྡོད་དང་བློ་སེང་གིས་སྡུག་པ་ཞིག་ནམ་ཡང་ནམ་ཡང་གནང་གི་མ་རེད། དེ་ངས་འགན་ཁུར་ཐུབ་པ་འདུག་ཞུ་འོ་།
བྱིས་པའི་ངག་ལ་ཉན་ན་ཚིག་རིས་རེ་རེ་ནས་བདེན་པ་ཡིན་ཡང་མི་རྒན་པས་བཤད་སྟངས་དང་ལས་སྟངས་དེ་ལས་ལོགས་སུ་ཡོད་པ་དེ་དང་འདྲ་བོ་ཤིན་ཏུ་ཞིག་རེད།
འཇམ་དཔལ་ཚུལ་ཁྲིམས་ལགས་སྡིག་པ་མིག་བཙུམ་མི་བྱེད་པའི་རེ་བ་ཡོད།
རྒྱུ་མཚན་ལྡན་པའི་སྒོ་ནས་གསུང་རྒྱུ་གལ་ཆེ་པོ་རེད་མ་གཏོགས་བློ་སེང་གིས་སྡུག་པ་ཞིག་ནམ་ཡང་གནང་གི་མ་རེད་ཟེར་བ་ནི་རྒྱུ་མཚན་གྱིས་ཕོངས་པའི་ངན་རྟགས་བསྒྲགས་པ་ལས་གཞན་མ་མཆིས།
བློ་སེང་གིས་སྤེན་ཚེ་གནས་དབྱུང་གཏོང་དགོས་པའི་རྒྱུ་མཚན་ནི་དཀའ་ཤག་གི་གསར་བསྒྲགས་དོན་ཚན་བཅུ་བགྲང་བ་དེ་ཡིན་པར་གསལ་བ་ལྟར་ལ་དེའི་ནང་དུ་སྤེན་ཚེ་གནས་དབྱུང་གཏོང་དགོས་པའི་རྒྱུ་མཚན་ཅུང་ཟད་ཀྱང་མཐོང་རྒྱུ་མེད་པས་མི་མང་གིས་ངོ་རྒོལ་རིམ་བཞིན་སྤེལ་དགོས་བྱུང་བ་རེད། རྡ་ས་དང་ཨ་རི་སོགས་ནས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་དངོས་སུ་བློ་སེང་ལ་ངོ་རྒོལ་བྱས་པ་དེ་དག་གི་ཁྲོད་དུ་ཁྱོད་ཀྱི་བསམ་བློའི་གོ་རྟོགས་ཅན་གཅིག་ཀྱང་མེད་སོང་བ་ཨེ་རེད།
བློ་སེང་ལ་ངོ་རྒོལ་བྱེད་མཁན་དང་ལས་འགུལ་དུ་མཉམ་ཞུགས་གནང་མཁན་འདི་དག་གིས་སྤེན་ཚེ་མི་གཅིག་གི་དོན་དུ་རང་གི་ལས་དོན་ཆ་ཚང་བཞག་སྟེ་ས་ཐག་རིང་པོ་བརྒྱུད་ནས་ཡོང་བ་ཞིག་རེད་དམ། སུའི་དོན་དུ་དཀའ་ལས་རྒྱག་གི་ཡོད་རེད། བོད་སྤྱི་བོའི་དོན་དུ་རེད། བསམ་བློ་ཡག་པོ་ཐོངས་དང་། ད་ལྟའི་བཙན་བྱོལ་བོད་གཞུང་འདི་འཛམ་པོ་གླིང་གི་མི་ཀུན་གྱི་མདུན་དུ་བོད་རྒྱལ་ཁབ་ཀྱི་ངོ་བོ་དང་བོད་ཀྱི་མཐུན་མོང་མ་ཡིན་པའི་བོད་མའི་ཁྱད་ཆོས་སྟོན་སའི་སྟེགས་བུ་ཞིག་ཏུ་༧གོང་ས་མཆོག་གིས་དཀའ་ལས་མང་པོ་རྒྱབ་ནས་བཙུགས་བཞག་པ་ཞིག་རེད། ང་ཚོའི་བོད་མི་རིགས་འདི་དང་འདིའི་རིགས་གཞུང་ཡུན་རིང་དུ་གནས་མི་གནས་བཙན་བྱོལ་བོད་གཞུང་འདི་ལ་རག་ལས་ཡོད་པས། ད་ལྟ་ནས་གཞུང་འདི་ལྐོག་ཟ་རུལ་སྲུང་དང་དབང་ཆ་སྒེར་གཅོད་ཅན་ཞིག་ཏུ་གྱུར་ན་མ་འོངས་ལ་སོ་སོའི་བུ་ཕྲུག་དེ་དག་གིས་ཀྱང་བཙན་བྱོལ་བོད་གཞུང་གི་འོག་ཏུ་འཚོ་བ་ཡག་པོ་ཞིག་རོལ་ཐུབ་བམ། ཡག་པོ་སོམ་དང་། ད་ལྟ་ནས་ངོ་རྒོལ་བྱེད་འོས་ཤིང་བྱེད་དགོས་པ་ཞིག་ཀྱང་རེད། ནག་ཉེས་གང་ཡང་མེད་པར་བརླབས་ཆེན་གྱི་མི་ཞིག་ནག་པོ་བཟོས་ན་བོད་རང་ལ་ཀྱོང་གུད་མ་རེད་དམ། དབང་ཆ་ལོག་སྤྱོད་བྱེད་པ་དེས་བོད་ཀྱི་ཆེ་མཐོང་བརླབས་པ་མིན་ནམ། བློ་སེང་གིས་བོད་ཆོལ་ཁ་གསུམ་འདི་ལྟར་དཀྲུགས་པ་ལས་མི་བུ་རྒྱལ་ཞེན་ཅན་དག་གིས་སེམས་ཀྱིས་མ་བཟོད་པར་འབངས་གྱེན་ལོག་བྱུང་བ་རེད། བློ་སེང་གི་བསམ་པའི་ཕུགས་ནག་པོ་ནག་རྐྱང་ཡིན་པ་མཐོང་བཞིན་དུ་ད་དུང་སྡིག་པ་མིག་བཙུམ་བྱེད་ན་ཡ་མཚན་རེད།
འཇམ་དཔལ་ལགས།
བལྟས་ཚོད་ལ། ཁྱེད་རང་ཨ་མདོ་བ་ཞིག་ཡིན་པ་འདྲ། སྐྱག་པ་དང་གཉང་མ། ཕ་རོ་དང་མ་རོ། ཁྱི་སྐྱག་དང་གདོན་འདྲེ་ལྟ་བའི་ཁམས་རིགས་ཡོན་ཏན་མེད་པའི་ངན་མཚང་གི་སྡུག་ཚིག་མེད་པའི་སྒོ་ནས་ང་ལ་དམའ་འབབ་བྱས་བཞག།
རེད། སྤྱིར་སྤྱི་དོན་ལ་བསམ་ནས་སྐད་ཆ་བཤད་ཡིན། ཆོལ་ཞེན་མེད།
སྲིད་སྐྱོང་གི་གསུངས་དྲོན་པོ་ཞིག་འདྲེན་དགོས། ཁྱོད་ལ་ལྟ་ཚུལ་ག་འདྲ་ཡོད། ༼ ང་སྤན་པ་ཚེ་རིང་ལ་འཁོན་འཛིན་མེད། བྱས་ཙང་། བཀའ་བློན་རྣམ་པ་ལྷན་རྒྱས་ལ། བཀའ་གྲོས་མེད་པར། ང་རང་རང་གིས་ཐག་བཅད་དེ། སྤན་ཚེ་བྷིསེར་དོན་གཅོད་ལ་བསྐོས་བ་ཡིན། བཀའ་བློན་ལྷན་རྒྱས་ནས། མོས་མཐུན་ཡོང་དགོས་ཡོད་ཟེར་བའི་བཙན་བཀའ་ལ་ཉན་ན།༽ ཁྱོད་ཀྱི་ཤ་མི་འདར་རམ། གྲོགས་ཡིན་ན་འདྲ། དགྲ་ཡིན་ན་འདྲ། བཀའ་བློན་ལྷན་རྒྱས་ཟེར་སའི་གྲོས་འདབས་ས་ཞིག་ཡོད་བཞིན་དུ། གྲོས་མི་བྱེད་པར། དབང་ཆ་སྒེར་གཅོད་རྐྱང་བྱེད་དུ་བཞག་ན། མ་འོངས་པའི་བོད་ཟེར་བ་འདི་གང་ལ་ལྷུང་རྒྱུ་རེད་དམ། ཁྱོས་ཤེས་སམ།
སྤྱི་ཚོགས་རུལ་སུངས་ཚང་མ་དང་པོ་ཆུང་ཆུང་ནས་མགོ་བཙུག་པ་ཞིག་རེད། དེ་ལ་མི་མང་གིས་ཡ་མེད་བྱས། མཐའ་དོན་འཕྱི་དྲག་ནས། ཡོད་ཚད་ལ་དཀའ་ངལ་འཕྲེད་བསྡད་པ་ཞིག་ཡིན་པ་ཤེས་དགོས།
༼ས་བོན་སྡུག་རྐྱལ་བཏབ་ས་ནས་འབྲས་བུ་བཀྲིས་བ་ཞིག་བྱུང་བར་འདོད་ན།༽ ང་བུ་གུའི་རྣམ་དག་གི་བསམ་འཆར་ལ་ཆ་འཇོག་མེད་རུང་། ཁྱོད་མི་ཆེན་འཁྱོག་བརྗོད་པ་ཚོའི་ལས་ཉེས་ལ་ཆད་པ་ཞིག་ཏན་ཏན་བབས་ཡོང་བསམ། ལས་རྒྱུ་འབྲས་ཟེར་བ་ཞིག་འཁོར་རྒྱུ་ཡོད་ཁོ་ཐག་ལ་ཡོད་ནི་རེད། གུས་ཚིག་གིས་ཕུལོ།
དབུས་བོད་མིའི་སྲིད་ཞུའི་ལས་བྱེད་ནང་མ་འཛུལ་གོང་ཡིག་ཚད་བཏང་ནས་འགྲོ་དགོས་པ་ལས་ཡིག་ཚད་མ་བཏང་ནས་སྲིད་ཞུའི་ལས་བྱེད་དང་ཕྱི་རྒྱལ་དོན་གཅོད་སོགས་ལ་བཀའ་ཤག་གམ་སྲིད་སྐྱོང་ནས་བསྐོ་བཞག་གནང་ཡོད་ན་འགོ་འདྲེན་རེད་ལ་ཁྲིམས་འགལ་དང་སྒྲིག་འགལ་ལ་ངོས་འཛིན་ཞུ་གི་ཡོད་ལ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་གྲལ་རིམ་དམངས་གཙོའི་འོག་ཏུ་འཇུག་བསྡུས་པ་མ་རེད་དམ་།
དོན་གཅོད་ཏི་ལོ་ལ་ཡིག་ཚད་ག་དུས་བཏང་བ་རེད། དཔྱ་དངུལ་ལག་དེབ་ག་དུས་བཟོས་པ་རེད། ལགས། གཞུང་པ་ལགས།
ཤར་གླིང་གིས། དིང་སང་ངོ་ཤེས་དང་། སྤུན་ཉེ་ལ་མ་གཏོགས། དེ་མིན་པ་ལ་ལས་བྱེད་ས་དམིགས་ཐོབ། ཁག་པོ་ཡོད་རེད། གོ་ཐོས་འདུག དེ་བདེན་པ་རེད་དམ། ལགས།
དོན་གཅོད་གསར་རྙིང་དཔང་སྤྲོད་པར་དབང་།
https://www.facebook.com/office.of.tibet/photos/pcb.1512151812202189/1512120348872002/?type=3&theater
ངོ་རྒོལ་ལས་འགུལ་དེས་དོན་དྲུག་ཚོན་ཐུབ་སོང།
དང་པོ་ང་ཚོའི་སྤྱི་ཚོགས་མང་གཙོ་ཚོན་བ་དང་
གཉིས་པ་མང་ཚོགས་ཀྱི་བསམ་བློའི་གནས་ཚད་མཐོ་རུ་སོང་བ།
གསུམ་པ་དཀར་ནག་ངོ་ཤེས་པ་
བཞི་པ་མྱི་ངན་གི་ལྐོག་གཡོ་ལམ་དུ་འགྲོ་ས་མིན་ན་ཤེས་བ་ཟོས་བ་
ལྔ་པ་གཡོ་བྱུས་གཤམ་མཁན་གི་མྱི་ངན་རེ་ཟུང་ཚོའི་སྙིང་རྩ་འདར་གོ་ཟོས་པ་
དྲུག་པ་བོད་མྱི་རྣམས་རྨོང་ཉིད་སད་ནས་སྔར་སོང་ལྟརབརྙས་ཅོས་རང་སྣང་གང་དྲན་འགྲོ་ས་མེད་པ་ཤེས་པ་ཟོས་སོང་
ཡིན་ནའི་ང་ཚོས་བཀའ་ཤག་གི་ངོ་། བློ་བཟང་སངས་རྒྱས་གཏིང། སྐལ་ལྡན་བློ་བྲོས་་གིས་སྟོབས་ལས་འཇུག་འབྲས་ཡིན་ནོ་ཤེས་དགོས་ལསའབྲས་ཁོར་ངེས་རེད།
སྤེན་པ་ཚེ་རིང་ཤོར་སོང་།
ཤོར་ནས་ཨ་རིར་གཡུགས་སོང་།།
གཡུགས་པའི་རྗེས་ལ་སྤུད་སོང་།
རྐུབ་ལ་རྡོག་ཐོ་གཞུས་སོང་།
མདོ་མེད་མང་པོ་ངུས་སོང་།།
བུད་མེད་མང་པོ་ངར་སོང་།།
རྩ་མེད་སྙིང་རླུང་འཕར་སོང་།།
དྲན་མེད་བརྒྱལ་བ་བྱུང་སོང་།།
ཨ་ཙི་བླ་མ་དཀོན་མཆོག།
སྤེན་པ་ཤི་ནི་མེད་པ།།
སྲོག་ཁྲིམས་བཅད་ནི་མེད་པ།།
དེ་འདྲ་སྡུག་དོན་མེད་པ།།
འོས་ཤོག་ཤོར་ཡང་དམངས་རེད།།
གོ་གནས་འཕྲོག་ཀྱང་དཔོན་རེད།།
ཐུགས་ལ་བཞག་པ་མ་གནང་།།
སྐུ་ལུས་འཕྲོད་བཞེས་གནང་མཛོད།།
ངའི་ངོ་དེབ་ནང་ནས།
https://www.facebook.com/lhuboom/videos/10155882874309919/?hc_ref=ARSvvSXIx4h7kJsPZmKEyt3kCN4iTR6HfEVLvH1gKpHr6fNmIhDianKAq5DTmH1_ehI
ད་ལྟའི་བཀའ་ཤག་གིས། བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ལ། དོན་གཅོད་བསྐོ་བཞག་ཉི་མ་ཉི་ཤུའི་སྔོན་གནང་ན་ཡང་། ཚོགས་ཟུར་དང་། དོན་གཅོད་སྤེན་པ་ཚེ་རིང་མཆོག་ལ་ལས་གནས་མ་ཕུལ་བ་འདི། བཀའ་ཤག་གི་ནག་ཉེས་གཉིས་པ་ཞིག་བསགས་པ་མ་རེད་དམ། ལགས།
མདང་དང་དེ་རིང་ཉིན་གཉིས་ནང་ལ་ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ལ། ལས་གནས་མ་གནང་བ་འདིས་ག་རེ་མཚོན་ནམ་ཞེ་ན། དོན་གཅོད་ལས་མཚམས་འཇོག་དགོས་བཀའ་གནང་བ་ཙམ་མ་ཟད། ༸རྒྱལ་བའི་༸སྐུ་ཚབ་དོན་གཅོད་ནས་ཀྱང་གནས་དབྱུང་གཏང་གནང་བ་ཤུགས་ཀྱིས་གོ་འགྲོ་བ་མ་ཡིན་ནམ། ལགས།
བླུན་རྨོངས་ང་ལ། གསལ་བཤད་ཅིག གཞུང་མངས་གཉིས་ནས་གང་གནང་རྒྱུ་ཡོད། ལགས། ཅིག་གསུང་དང་།། །།
སྤེན་པ་ཚེ་རིང་ལགས། ཁོང་ལ་སྤྱི་སེམས་དང་། བཟོད་སེམས། ཁོག་ཡངས་དང་། རྣམ་དཔྱོད་མི་འདྲ་བ་ཞིག་འདུག་སྙམ་མོ།། །།
གཞུང་འཛིན་བཀའ་ཤག་དང་དགའ་ལྡན་ཕོ་བྲང་།དོན་གཅོད་ཟུར་པ་བཅས་ཀྱི་ནང་ཁུངས་བཀའ་མོལ་གསལ་པོ་མ་ཆགས་གོང(འདི་དང་འདིར་མ་རེད)མི་འགའ་ཤས་སྐབས་འཚོལ་གྱིས་འགའ་ཤས་ཕྱོགས་ཞེན་གྱིས་འགའ་ཤས་ཧོབ་རྒྱུགས་ཀྱིས་གང་བྱུང་མ་བྱུང་བྱེད་བཞིན་ཡོད་པ་དེ་རེད།ལྷག་པར་ཏུ་༧གོང་ས་སྐྱོབས་མགོན་རིན་པོ་ཆེ་མཚན་གནས་ཡོད་པའི་སྐུ་ཚབ་དོན་གཅོད་ནང་ངར་ནས་སྤྲང་སྐད་ངུར་སྐད་རྒྱག་པ་དེ་ཧ་ཅང་བློ་ཕམ་རེད་།དེ་ཚོས་བོད་ཀྱི་རྩ་དོན་ཆེད་སེམས་ཤུགས་ཡོད་མདོག་མདོག་བྱེད་ནས་སྤྱི་ཚོགས་ནང་དཀྲུག་ནས་བསྡད་ཡོད་པ་རེད།འགའ་ཤས་དངོས་་གནས་མགོ་སྐོར་འོག་ལ་འགྲོ་བཞིན་ཡོད་པ་རེད།
ཁ་སང་གྲྭ་པ་སྐུ་བགྲེས་ཤིག་རང་ལུས་མེ་སྲེག་གཏོང་བ་དེར་སྙིང་རྗེ་བྱུང།བཙན་བྱོལ་དུ་ཡོད་པའི་བོད་མི་འགའ་ཤས་ཀྱི་བཀའ་ཤག་དང་སྐུ་ཚབ་དོན་གཅོད་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་རེད(བློ་སེང་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཟེར།དེ་འདྲ་ཡིན་ན་བློ་སེང་ཞུགས་གནས་ལ་བསྐྱོད་དགོས་རེད་བ།)
དོན་དངོས་ཐོག་བོད་ཀྱི་རྩ་དོན་ཐད་ཕན་ལས་གནོད་ཆེ་བ་ཡང་ན་ལྡོག་ཕྱོགས་ཀྱི་འབྲས་བུ་ཐོན་གྱི་ཡོད་མེད་ཧ་གོ་གི་ཡོད་པ་རེད།ཡང་ན་ཆེད་དུ་དེ་འདྲའི་བཟོ་ཡི་ཡོག་རེད།
ག་དུས་ཡིན་ཡངབོད་མི་་ནང་ཁུངས་ལ་རྩོད་བསྡད་ན་མ་གཏོགས་རྒྱ་ནག་ལ་བོད་ཀྱི་བདག་དབང་རྩོད་ལེན་བྱེད་ཀྱིས་ཡོད་པ་ཧ་གོ་མེད།མི་དེ་ཚོ་བརྒྱབ་ལྗོངས་ལ་ཡིན་གཅིག་ཞིབ་འཇུག་བྱ་རིན་ཐག་ཆོད་བཞག
ཁ་ནང་ལ་རྒྱ་མི་རྒྱ་མི་ཟེར་ན་མ་གཏོགས།དོན་དམ་པ་ལ་རྒྱ་ནག་ལ་དགའ་དགོས་པའི་ཕྱག་ལས་གནང་བསྡད་ཀྱི་འདུག
༄༅། གདོང་ལ་རས་དཀར་གཡོགས་ནས། ངོ་རྒོལ་བྱེད་དོན་ཅི་ཡིན།
ཡང་ན་དམར་པོས་བསྐུལ་ལམ། ཡང་ན་དོལ་ཚོགས་འཛུལ་ལམ།
ཞབས་འདྲེན་ཐང་ལ་བཞག་སོང།
དགྲ་དགའ་གཉེན་སྡུག་བཟོས་སོང།
རང་མེད་གཞན་མེད་བཟོས་སོང།
མཚོན་མདོག་ཐང་ལ་བཀྲམས་སོང།
དེང་རབས་ཡར་འཐོན་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་མཁན་ཞིག་ཡིན་ན་ངོ་རྒོལ་སྐད་འབོད་ལ་ཧང་སང་དགོས་དོན་མེད་པ་ནི་གཏམ་བརྗོད་རང་དབང་ཟེར་བའི་ཐ་སྙད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བ་ལ་འགན་འཁུར་བ་ཞིག་ཀྱང་ཡིན་སྲིད་པ་དང་གལ་ཆེ་བཤོས་དེ་སྐད་རྒྱག་མཁན་གྱི་དགོས་འདུན་ལ་འཛིན་སྐྱོང་ནས་བདག་པོ་རྒྱབ་ནས་ཐུགས་ཞིབ་གནང་དགོས་པ་ལས་མི་མང་གི་མངོན་འདོད་ལ་འཛིན་སྐྱོང་ནས་སྣང་མེད་དུ་དཀྱུར་ཚེ་མཐའ་མའི་འབྲས་བུ་སྤྱི་ཚོགས་ནང་གཞི་རྒྱ་ཆེ་བའི་ལས་འགུལ་ལ་ཁ་ཕྱོགས་སྲིད་པ་ནི་མང་གཙོ་དྲང་བདེན་དང་འདྲ་མཉམ་ཁྲིམས་ཀྱི་དབང་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་རྒྱུ་ཚན་དང་གནས་ལུགས་གང་ཡང་མེད་པར་མི་མང་ནས་འཛིན་སྐྱོང་ལ་ངོ་རྒོལ་སྐད་འབོད་རྒྱག་མཁན་ཡོད་ན་ཁྲིམས་སར་རྩིས་སྤྲོད་དགོས་པ་་ལས་ཞི་བའི་མི་མང་གི་བདེ་འཇགས་ལ་གནོད་འཚེ་ནམ་ཡང་གཏོང་མི་ཉན་པ་བཅས་ང་ཚོའི་སྤྱི་ཚོགས་ནང་མི་མང་གི་བསམ་སྤྱོད་རང་དབང་ལ་བརྡོ་ཕོག་གཏོང་རྒྱུའི་
ཐ་་སྙད་རྒྱ་མིའི་རྒྱུགས་ཁྱི་ཟེར་བ་དང་དོལ་ཚོགས་ཀྱི་བརྒྱུད་བསྐུལ་ཟེར་བའི་ཚིག་བེད་སྤྱད་ནས་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་དང་གང་ཟག་སྒེར་གྱི་བསམ་སྤྱོད་རང་དབང་ལ་བརྡོ་ཕོག་གཏོང་བཞིན་པའི་ཆབ་སྲིད་ཀྱི་ཟློ་གར་དེ་མ་ཁྲབ་ན་ཡག་ལེ་རེད་དོ་།
༄༅། ངོ་རྒོལ་བྱེད་ན་ཕ་ཡུལ་བཙན་འཕྲོག་བྱེད་མཁན་ལ་རྒོལ་བྱེད་དགོས།
སྐད་འབོད་རྒྱག་ན་རིག་གཞུང་རྩ་གཏོར་བཏང་མཁན་ལ་སྐད་རྒྱོབས།
དཔའ་ཡོད་ན་རྒྱ་དམར་པོའི་སྒོ་འགྲམས་ལ་ཉལ་ནས་རང་སྲོག་གཅོད་།
བཤད་རྒྱུ་འབྲི་རྒྱུ་ཡོད་ན་དམར་པོའི་སྒོ་ལ་འཕྲད་དར་བྲིས་ནས་འཕྱར་།
དེ་མིན་དགྲ་ཤར་ལ་བཞག་ གཏོར་མ་ནུབ་ལ་སྐྱེལ་བ་ནི།
དགྲ་དགའ་གཉེན་སྡུག་མིན་ན་ཅི་ཡིན།
སོ་སོའི་གདོང་ལ་སོ་སོས་སྐྱག་པ་བྱུགས་པ་དང་གཅིགས་པ་རེད།