ཨེ་མ་ཧོ། ། མཁྱེན་པའི་དཀྱིལ་འཁོར་ཆོས་དབྱིངས་ཀ་དག་ལས། ། བརྩེ་བའི་ཁྱབ་བདག་རྗེ་བཙུན་བློ་བཟང་གྲགས། ། ནུས་པའི་ཕྱག་རྒྱ་བཤད་སྒྲུབ་སྤེལ་བའི་མགོན། ། ཀུན་འདུས་བླ་མ་དམ་པ་རྒྱལ་གྱུར་ཅིག ། དང་པོ་བསམ་བཞིན་བསྟན་འགྲོའི་དཔལ་དུ་བྱོན། ། བར་དུ་དོན་ཆེན་སྙིགས་འགྲོའི་རྨོངས་མུན་བསལ། ། ཐ་མར་འོད་གསལ་སྦུག་ཏུ་དགོངས་པ་གཤེགས། ། དགའ་ལྡན་ལྔ་མཆོད་ཆེན་མོར་སླར་ཡང་དྲན། ། ནམ་མཁར་སྤྲིན་དཀར་བླ་བྲེའི་འཇའ་འོད་ཤར། ། ས་གཞི་གངས་དཀར་ཕུང་པོས་ཡོངས་སུ་གཏམས། ། མཚོ་འུ་དར་དཀར་སྲབ་མོས་གཡོགས་པའི་ཚེ། ། གངས་ཅན་གཉིས་པའི་ས་ནས་ཁྱེད་ཉིད་དྲན། ། ཤར་ཕྱོགས་ཝ་ཡེལ་རི་བོའི་མཛེས་སྡུག་དང་། ། ལྷོ་ཀློང་ནགས་ཚལ་ཆུ་ཆེན་རྒྱས་མཐོང་ཡང་། ། བྱང་ཕྱོགས་ཁ་བའི་དེད་དཔོན་ཙང་ཁ་པར། ། ནུབ་མཐའ་འདི་ནས་དྲན་དབང་ཁྱེད་ལ་ཤོར། །
ཕ་མཆོག་བློ་བཟང་གྲགས་པ་ཡབ་སྲས་ཀྱིས། ། མ་ནོར་ལམ་རིམ་ཟབ་རྒྱས་སྤེལ་བའི་དྲིན། ། བསླབ་གསུམ་བརྒྱུད་པའི་སེ་འབྲས་དགའ་གསུམ་སོགས། ། ཁ་བ་ཅན་པའི་སྐལ་བཟང་སྐྱེས་བུ་དྲན། ། མགོན་ཁྱེད་དགོངས་པ་ཞིང་གཞན་གཤེགས་ན་ཡང་། ། ཕྲིན་ལས་བསམ་གྱིས་མི་ཁྱབ་མཛད་རྗེས་ཉིད། ། རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་དམ་པ་ཁྱེད། ། བཀའ་དྲིན་གཞལ་དཀའ་སྙིང་གི་དཀྱིལ་ནས་དྲན། ། དྲན་དྲན་རྒྱལ་ཀུན་སྤྱི་གཟུགས་ཁྱེད་དྲན་ནོ། ། མཁས་པ་བཅུ་ཕྲག་རིག་པའི་གཏེར་ལ་དབང་། ། བཙུན་པ་ཉེས་ལྟུང་དྲི་མའི་རྡུལ་དང་བྲལ། ། གྲུབ་པའི་རྣལ་འབྱོར་བློ་བཟང་གྲགས་པ་རྒྱལ། ། ལས་ཀྱི་རྡོ་རྗེས་ཆོས་སྐུ་ངོ་བོར་སྟོན། ། ཕུན་ཚོགས་རྣམས་ལྔས་ལོངས་སྐུའི་ཞིང་ཁམས་གཟིགས། ། པདྨ་ཀ་རས་སྤྲུལ་སྐུར་ལུང་གིས་བཟུང་། ། སྐུ་གསུམ་བདག་པོ་བློ་བཟང་གྲགས་པ་མཁྱེན། ། ངེས་འབྱུང་རྣལ་མའི་གྲྭ་བ་ཙང་ཁ་པ། ། བྱང་ཆུབ་སེམས་དཔའི་བླ་མ་ཙང་ཁ་པ། ། རྡོ་རྗེ་ཐེག་པའི་སློབ་དཔོན་ཙང་ཁ་པ། ། དཔལ་ལྡན་བློ་བཟང་གྲགས་པ་སྙིང་ནས་དྲན། ། རྣམ་སྨིན་རྒྱུ་བ་དབྱིངས་སུ་དག་ན་ཡང། ། ཞིང་དང་དུས་འདིར་དགོངས་པས་མ་འདོར་བས། ། རྒྱལ་བསྟན་སྤྱི་དང་གངས་ཅན་བསྟན་སྲིད་ལ། ། ཕན་བདེར་མཛད་པ་སྙིང་ནས་བཀའ་དྲིན་ཞུ། ། མཚན་དཔེའི་སྐུ་ཡི་གཟི་དཔལ་ཏ་ལ་ལ། ། གསུངས་དབྱངས་དྲུག་ཅུའི་ཆོས་སྒྲ་ཨ་ལ་ལ། ། མཁྱེན་བརྩེ་ནུས་པའི་མཛད་པ་བསམ་མི་ཁྱབ། ། དགའ་ལྡན་ལྔ་མཆོད་རྗེས་དྲན་ཨེ་མ་ཧོ། ། ནོག་ཆུང་རྒྱུ་ཡི་མཆོད་སྤྲིན་དངོས་སུ་བཤམས། ། བུ་ཆུང་དགའ་བའི་དད་འདུན་ཡིད་སྤྲུལ་རིགས། ། ན་ཆུང་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ཀུན། ། ཀུན་མཁྱེན་རྒྱལ་བ་སྲས་དང་བཅས་པར་མཆོད། ། བལྟམས་དང་འདས་པའི་དགའ་ལྡན་ལྔ་མཆོད་ཞེས། ། དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་ཞིང་ཁམས་ཆེ། ། ཚོགས་གཉིས་བསགས་པའི་དུས་ཆེན་དགེ་ལེགས་དཔལ། ། སེམས་ཅན་ཀུན་གྱི་རྒྱུད་ལ་སྨིན་གྲོལ་ཤོག ། དགེ་སྡིག་བླང་དོར་ནུས་པར་བྱིན་གྱིས་རློབས། ། དད་པ་དག་སྣང་སྐྱེ་བར་བྱིན་གྱིས་རློབས། ། ངེས་འབྱུང་བྱང་སེམས་ལྡན་པར་བྱིན་གྱིས་རློབས། ། ཚེ་གཅིག་བཙན་ས་ཟིན་པར་ཐུགས་རྗེས་བཟུང་། ། སང་ཉིན་དགའ་ལྡན་ལྔ་མཆོད་ལ་དེ་རིང་སྟ་གོན་སྐབས་སུ་ཅི་དྲན་དུ་ཤྲྰི་སྨྱོན་པས་ཝ་ཡེལ་གངས་ཁྲོད་ནས་བྲིས་པ་དགེའོ།།
Comments on “དགའ་ལྡན་ལྔ་མཆོད་ལ་ཕུལ་བའི་ཀུན་བཟང་མཆོད་སྤྲིན།”
Comments are closed.
ཅི་དྲན་དུ་གསོལ་འདེབས་སུ་མྱུར་བྲིས་བགྱིས་པས་ཡིག་ནོར་འགའ་ཤོར་འདུག དགོངས་དག
ཡིག་བཅོས་བྱས་ནས་ཡང་སྐྱར་དུ་བཀོད་ཡོད། །
དགའ་ལྡན་ལྔ་མཆོད་ལ་ཕུལ་བའི་ཀུན་བཟང་མཆོད་སྤྲིན། །
ཨེ་མ་ཧོ། །
མཁྱེན་པའི་དཀྱིལ་འཁོར་ཆོས་དབྱིངས་ཀ་དག་ལས། །
བརྩེ་བའི་ཁྱབ་བདག་རྗེ་བཙུན་བློ་བཟང་གྲགས། །
ནུས་པའི་ཕྱག་རྒྱ་བཤད་སྒྲུབ་སྤེལ་བའི་མགོན། །
ཀུན་འདུས་བླ་མ་དམ་པ་རྒྱལ་གྱུར་ཅིག །
དང་པོ་བསམ་བཞིན་བསྟན་འགྲོའི་དཔལ་དུ་བྱོན། །
བར་དུ་དོན་ཆེན་སྙིགས་འགྲོའི་རྨོངས་མུན་བསལ། །
ཐ་མར་འོད་གསལ་སྦུག་ཏུ་དགོངས་པ་གཤེགས། །
དགའ་ལྡན་ལྔ་མཆོད་ཆེན་མོར་སླར་ཡང་དྲན། །
ནམ་མཁར་སྤྲིན་དཀར་བླ་བྲེའི་འཇའ་འོད་ཤར། །
ས་གཞི་གངས་དཀར་ཕུང་པོས་ཡོངས་སུ་གཏམས། །
མཚོ་འུ་དར་དཀར་སྲབ་མོས་གཡོགས་པའི་ཚེ། །
གངས་ཅན་གཉིས་པའི་ས་ནས་ཁྱེད་ཉིད་དྲན། །
ཤར་ཕྱོགས་ཝ་ཡེལ་རི་བོའི་མཛེས་སྡུག་དང་། །
ལྷོ་ཀློང་ནགས་ཚལ་ཆུ་ཆེན་རྒྱས་མཐོང་ཡང་། །
བྱང་ཕྱོགས་ཁ་བའི་དེད་དཔོན་ཙོང་ཁ་པར། །
ནུབ་མཐའ་འདི་ནས་དྲན་དབང་ཁྱེད་ལ་ཤོར། །
ཕ་མཆོག་བློ་བཟང་གྲགས་པ་ཡབ་སྲས་ཀྱིས། །
མ་ནོར་ལམ་རིམ་ཟབ་རྒྱས་སྤེལ་བའི་དྲིན། །
བསླབ་གསུམ་བརྒྱུད་པའི་སེ་འབྲས་དགའ་གསུམ་སོགས། །
ཁ་བ་ཅན་པའི་སྐལ་བཟང་སྐྱེས་བུ་དྲན། །
མགོན་ཁྱེད་དགོངས་པ་ཞིང་གཞན་གཤེགས་ན་ཡང་། །
ཕྲིན་ལས་བསམ་གྱིས་མི་ཁྱབ་མཛད་རྗེས་ཉིད། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་དམ་པ་ཁྱེད། །
བཀའ་དྲིན་གཞལ་དཀའ་སྙིང་གི་དཀྱིལ་ནས་དྲན། །
དྲན་དྲན་རྒྱལ་ཀུན་སྤྱི་གཟུགས་ཁྱེད་དྲན་ནོ། །
མཁས་པ་བཅུ་ཕྲག་རིག་པའི་གཏེར་ལ་དབང་། །
བཙུན་པ་ཉེས་ལྟུང་དྲི་མའི་རྡུལ་དང་བྲལ། །
གྲུབ་པའི་རྣལ་འབྱོར་བློ་བཟང་གྲགས་པ་རྒྱལ། །
ལས་ཀྱི་རྡོ་རྗེས་ཆོས་སྐུ་ངོ་བོར་སྟོན། །
ཕུན་ཚོགས་རྣམས་ལྔས་ལོངས་སྐུའི་ཞིང་ཁམས་གཟིགས། །
པདྨ་ཀ་རས་སྤྲུལ་སྐུར་ལུང་གིས་བཟུང་། །
སྐུ་གསུམ་བདག་པོ་བློ་བཟང་གྲགས་པ་མཁྱེན། །
ངེས་འབྱུང་རྣལ་མའི་གྲྭ་བ་ཙོང་ཁ་པ། །
བྱང་ཆུབ་སེམས་དཔའི་བླ་མ་ཙོང་ཁ་པ། །
རྡོ་རྗེ་ཐེག་པའི་སློབ་དཔོན་ཙོང་ཁ་པ། །
དཔལ་ལྡན་བློ་བཟང་གྲགས་པ་སྙིང་ནས་དྲན། །
རྣམ་སྨིན་རྒྱུ་བ་དབྱིངས་སུ་དག་ན་ཡང། །
ཞིང་དང་དུས་འདིར་དགོངས་པས་མ་འདོར་བས། །
རྒྱལ་བསྟན་སྤྱི་དང་གངས་ཅན་བསྟན་སྲིད་ལ། །
ཕན་བདེར་མཛད་པ་སྙིང་ནས་བཀའ་དྲིན་ཞུ། །
མཚན་དཔེའི་སྐུ་ཡི་གཟི་དཔལ་ཏ་ལ་ལ། །
གསུངས་དབྱངས་དྲུག་ཅུའི་ཆོས་སྒྲ་ཨ་ལ་ལ། །
མཁྱེན་བརྩེ་ནུས་པའི་མཛད་པ་བསམ་མི་ཁྱབ། །
དགའ་ལྡན་ལྔ་མཆོད་རྗེས་དྲན་ཨེ་མ་ཧོ། །
ནོག་ཆུང་རྒྱུ་ཡི་མཆོད་སྤྲིན་དངོས་སུ་བཤམས། །
བུ་ཆུང་དགའ་བའི་དད་འདུན་ཡིད་སྤྲུལ་རིགས། །
ན་ཆུང་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་ཀུན། །
ཀུན་མཁྱེན་རྒྱལ་བ་སྲས་དང་བཅས་པར་མཆོད། །
བལྟམས་དང་འདས་པའི་དགའ་ལྡན་ལྔ་མཆོད་ཞེས། །
དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་ཞིང་ཁམས་ཆེ། །
ཚོགས་གཉིས་བསགས་པའི་དུས་ཆེན་དགེ་ལེགས་དཔལ། །
སེམས་ཅན་ཀུན་གྱི་རྒྱུད་ལ་སྨིན་གྲོལ་ཤོག །
དགེ་སྡིག་བླང་དོར་ནུས་པར་བྱིན་གྱིས་རློབས། །
དད་པ་དག་སྣང་སྐྱེ་བར་བྱིན་གྱིས་རློབས། །
ངེས་འབྱུང་བྱང་སེམས་ལྡན་པར་བྱིན་གྱིས་རློབས། །
ཚེ་གཅིག་བཙན་ས་ཟིན་པར་ཐུགས་རྗེས་བཟུང་། །
སང་ཉིན་དགའ་ལྡན་ལྔ་མཆོད་ལ་དེ་རིང་སྟ་གོན་སྐབས་སུ་ཅི་དྲན་དུ་ཤྲྰི་སྨྱོན་པས་ཝ་ཡེལ་གངས་ཁྲོད་ནས་བྲིས་པ་དགེའོ།།
ང་ཡི་བླ་མ་བློ་བཟང་གྲགས་པ་དེ། །
དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས། །
དག་པའི་ཞིང་ཁམས་གང་དུ་བཞུགས་ཀྱང་རུང་། །
བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །
གཞན་ནས་བརྐུས་པ་ཡིན་ལ་རང་གི་ཁ་ཏོན་ཡང་ཡིན།
པདྨ་གེ་སར་དང་ཀླུ་སྨྱོན་ཕེབས་པར་དགའ་བསུ་དང་། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས་།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
རྗེ་རིན་པོ་ཆེས་གསུང་བྱིན་རླབས་ཅན་ནོ། །
དགའ་ལྡན་ལྷ་བརྒྱ་མ་བཞུགས་སོ།།
ན་མོ་གུ་རུ་མཉྫུ་གྷོཥྰ་ཡ།།
དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།།
རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར།།
ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས།།
སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།།
མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་།།
རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན།།
བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ།།
བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།།
ཤེས་བྱའི་ ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས།།
སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་།།
གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ།།
མཐོང་ཐོསས་དྲན་པ་དོན་ལྡན་ལ་ཕྱག་འཚལ།།
ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་།།
དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས།།
དངོས་གཤམས་ཡིས་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི།།
བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།།
གང་ཞིག་ཐོགས་མེད་དུས་ནས་བསགས་པ་ཡི། །
ལུས་ངག་ཡིད་ཀྱི་མི་དགེ་ཅི་བགྱིས་དང་།།
ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས།།
སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།།
སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།།
ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས།།
མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།།
བདག་ཅག་བསམ་པ་དག་པས་ཡི་རང་ངོ་།།
རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས།།
ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས།།
ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ།།
ལྷུན་གྲུབ་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ།།
བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།།
བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།།
ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །
བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
དེ་ལྟར་མཁའ་དབྱིངས་ཆུ་འཛིན་དཀར་པོའི་དབུས།།
རྗེ་བཙུན་བླ་མ་ཡབ་སྲས་ལེགས་བསྒོམས་ནས།།
ཤུགས་དྲག་གདུང་བའི་ཡིད་ཀྱིས་བཏབ་མཐུས།།
རྨོངས་པའི་མུན་པ་དྲུངས་ནས་འབྱིན་པར་ཤོག།
གསུང་རབ་ཀུན་ལ་གཏུགས་པ་མེད་འཇུག་ཅིང་།།
དཀའ་བའི་གནད་ཀུན་འབྱེད་ལ་ཟླ་དང་བྲལ།།
མ་རྟོགས་ལོག་རྟོག་ཐེ་ཚོམ་མྱུར་གཅོད་པའི།།
ཟབ་གསལ་མྱུར་བའི་ཤེས་རབ་ བདག་ལ་སྩོལ།།
གང་ཞིག་བརྟག་ཅིང་དཔྱད་པའི་ཆོས་རྣམས་ཀུན།།
མི་བརྗེད་བསྐལ་པའི་བར་དུ་འཛིན་ནུས་པའི།།
ཚིག་དང་དོན་གྱི་གཟུངས་མཆོག་བླ་མེད་པ།།
བདག་གི་ཡིད་ལ་དེ་རིང་འགྲུབ་པར་མཛོད།།
རྒྱལ་བའི་ཡུམ་ཆེན་མངོན་རྟོགས་རྒྱན་ལ་སོགས།།
ཤེས་རབ་ཕ་རོལ་ཕྱིན་གཞུང་རྒྱ་མཚོ་ཡི།།
དགོངས་དོན་ཇི་བཞིན་སྨྲ་ལ་འཕགས་སེང་ལྟར།།
ཟླ་བྲལ་མཁས་པའི་གོ་འཕང་ཐོབ་པར་ཤོག།
ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི།།
དྲི་མེད་གསུང་རབ་རྩ་འཇུག་བཞི་གསུམ་སོགས།།
དབུ་མའི་གཞུང་ལ་ཡིད་སྤྱོད་ཙམ་མིན་པར།།
ཚད་མའི་སྟོབས་ཀྱིས་ངེས་པ་རྙེད་པར་ཤོག།
གཞི་རྔའི་རང་སྤྱིའི་མཚན་ཉིད་ཀུན་སྟོན་པའི།།
ཐོགས་མེད་སྐུ་མཆེད་ཞབས་ཀྱི་གཞུང་ལུགས་ལ།
།ངེས་པ་གཏིང་ནས་རྙེད་པའི་ལུང་རིགས་ཀྱིས།།
ཆོས་མངོན་རྒྱ་མཚོའི་ཕ་རོལ་སོན་པར་ཤོག།
བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ།།
སྒྲུབ་བྱེད་ཚད་མ་སྡེ་བདུན་མདོ་དང་བཅས།།
ཇི་བཞིན་ཁོང་དུ་ཆུད་ནས་རྒོལ་བ་ཀུན།།
གཞོམ་ལ་སྨྲ་བའི་ཁྱུ་མཆོག་ཐོབ་པར་ཤོག།
ཐར་པའི་གྲོང་དུ་བགྲོད་པའི་འཇུག་ངོགས་མཆོག།
བསྟན་པའི་རྩ་བ་འདུལ་བ་འབུམ་སྡེའི་གཞུང་།།
ཐུབ་གསུང་དགོངས་འགྲེལ་བཅས་ཀུན་རྟོགས་གྱུར་ནས།།
བག་ཡོད་སྤྱོད་པས་རྟག་ཏུ་འཚོལ་བར་ཤོག།
ལོག་སྨྲ་ཚར་གཅོད་སྒྲ་དང་ཚད་མ་དང་།།
སྐལ་ལྡན་རྗེས་འཛིན་བཟོ་གསོ་སྙན་ངག་སོགས།།
མ་ལུས་མཁས་པའི་དགའ་སྟོན་རིག་གནས་ཀུན།།
ཇི་བཞིན་སྨྲ་ལ་འཇམ་དབྱངས་ལྟ་བུར་ཤོག།
མདོར་ན་ཐུབ་པའི་གསུང་རབས་ཐམས་བཅད་དང་།།
ཤིང་རྟ་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཀྱི།།
རབ་འབྱམས་གཞུང་ལ་བློ་གྲོས་བྱང་གྱུར་ནས།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པར་ཤོག།
བདག་གིས་བྱང་ཆུབ་སྒྲུབ་ལ་བར་གཅོད་པའི།།
འགལ་རྐྱེན་ནད་རིམས་གདོན་བགེགས་ཐམས་ཅད་དང་།།
ཁྱད་པར་སྙིང་ཁམས་དཀྲུགས་པའི་ནད་རིགས་སོགས།།
ཁྱོད་ཞབས་དྲན་པས་མྱུར་དུ་ཞི་བར་མཛོད།།
ཚེ་ཡི་འདུ་བྱེད་གཏོང་ཚེ་གནད་གཅོད་དང་།།
བར་དོ་གཤིན་རྗེའི་འཇིགས་སྐྲག་ཀུན་ཞི་ནས།།
དགའ་ལྡན་མཁའ་སྤྱོད་ཆོས་ཀྱི་ཕོ་བྲང་དུ།།
སྐྱེས་ནསའཇམ་མགོན་ཡབ་སྲས་ཞལ་མཐོང་ཤོག།
མགོན་ཁྱོད་རྨད་བྱུང་བཀོད་པར་སངས་རྒྱས་ཚེ།།
འཁོར་གྱི་ཐོག་མར་གྱུར་ཏེ་རྒྱལ་སྲས་ཀྱི།།
ཐབས་མཁས་སྤྱོད་པ་མ་ལུས་མཐར་ཕྱིན་ནས།།
རྒྱལ་བ་སེང་གེའི་ང་རོ་ལྟར་གྱུར་ཅིག།།།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས།།
སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ།།
སྒོ་གསུམ་གུས་པའི་སྒོ་ནས་སྐྱབས་སུ་མཆི།།
བདག་གཞན་སྨིན་ཞིང་གྲོལ་བར་བྱིན་གྱིས་རློབས།།
མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་ཏུ་གསོལ།།
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།
བདག་གི་སྙིང་ག་པད་མའི་གདན་བཞུགས་ལ།།
བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།།
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ།།
ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་བས།།
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་ཚེ།།
རྒྱལ་བའི་བསྔགས་པའི་ལམ་བཟང་དེ་ཉིད་ལས།།
སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག།
དམིགས་བརྩེ་མ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ལྔ་སྐོར་མ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
དགུ་སྐོར་མ།
དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །
སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ། །
སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། །
རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
མཆོག་དང་མཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
མཆོག་དང་མཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
མཆོག་དང་མཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
མཆོག་དང་མཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
མཆོག་དང་མཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །
དགེ་བསྐོས་མེད་པའི་དྲ་ཚོགས་འཚོག་སྟངས་འདི་སྐྱིད་ཀ
བླ་མ་བློ་བཟང་གྲགས་པ་འདི་ངོ་མ་རིས་མེད་དག་སྣང་ཡོངས་སུ་བྱང་བའི་སྐྱེ་བུ་དམ་པ་ཞིག་རེད་འདུག ཁོང་གི་རྣམ་ཐར་བཀླགས་པ་ཡིན། ལྗགས་རྩོམ་འགའ་ཡང་བཀླགས་པ་ཡིན། ངོ་མ་བློ་གཟུ་བོར་གནས་ཐུབ་པ་དང་། རྣམ་དཔྱོད་རྩལ་དུ་འཕྱུང་བ་ཞིག་རེད་འདུག
ལྷག་པར་དུ་ཁོང་གི་སྐུ་དུས་ལ་རྫོགས་ཆེན་དང་གསང་སྔགས་རྙིང་མའི་བསྟན་པ་ལ་དྭོགས་འདྲི་མང་པོ་ཡོང་བའི་སྐབས་ལ། ཁོང་ནས་གཞན་གྱི་ཟེར་གྲོས་ལ་མ་ཤོར་བར། རིག་པ་ཕྲ་མོས་དཔྱད་པ་གནང་ནས་མཁས་གྲུབ་རྗེ་ལ་རྫོགས་ཆེན་སྐོར་ལ་བཀའ་གསལ་པོ་ཞིག་གནང་འདུག་པ་སྟེ། རྫོགས་པ་ཆེན་པོའི་ཆོས་འདི་སངས་རྒྱས་ཀྱི་བཀའ་ངོ་མ་དང་། ཆོས་འདི་ཤིན་དུ་ཟབ་ལ་སྐྱེ་བོ་འདུ་མ་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆོས་རླབས་པོ་ཆེ་ཞིག་ཡིན་ན། དེ་ལ་ཚང་འབྲུ་སོགས་བགྱིད་ན་ངན་སོང་ལ་སྐྱེས་རྒྱུ་ཁོ་ན་དང་། སྤྱིར་སྐྱེ་བོ་མང་པོ་ཞིག་གིས་རྫོགས་ཆེན་འདི་ལ་ཐེ་འཚོམ་ཟ་བ་ནི་ཆོས་འདི་ལ་མི་ལན་ཏེ། ཆོས་བྱེད་སྐྱེ་བུ་འགའི་སྤྱོད་ཚུལ་བློ་ལ་མ་གཤོང་བས་སོ་ལྟ་བུ་བཀའ་གནང་འདུག ཚིག་གྲོས་ཇི་བཞིན་བློ་ལ་མི་ཤར་ཡང་དོན་འདི་ག་རང་ཡིན། འདི་མཁས་གྲུབ་རྗེའི་གསུང་ཐོར་བུའི་ནང་ཡོང་གི་འདུག
དེ་བཞིན། མདོ་སྔགས་གང་ཡིན་རུང་། ཁུངས་བཅོལ་ཞིབ་ཕྲ་རྩད་ནས་ཐོས་བསམ་གནང་མཁན་གྱི་སྐྱེ་བུ་དམ་པ་ཞིག་རེད་འདུག བླ་མ་འདི་པ་ས་དགེ་བཀའ་རྙིང་ཀུན་ལ་ཐོས་བསམ་རྒྱ་ཆེ་གནང་འདུག་རུང་། ཆོས་གསུང་སྐབས་གཙོ་བོ་འདུལ་བ་དང་བསླབ་སྤྱོད། ཕར་ཕྱིན་སོགས་ཀྱིས་འབྲེལ་ནས། སྐུ་ཚེ་གཅིག་ལ་སྔགས་ཀྱི་དབང་ལན་གཅིག་གནང་བ་གོ་རྒྱུ་མིན་འདུག ལྷག་དོན་ཐོས་པ་གདམ་པར་ཤར་ནས་ཉམས་ལེན་རྒྱ་ཆེ་གནང་འདུག
བླ་མ་འདིས་སྐུ་ཚེ་ཧྲིལ་པོར་སྔགས་ཀྱི་དབང་གཅིག་ཀྱང་མི་གནང་རུང་སློབ་མ་རྒྱ་ཆེ་འགུག་ཐུབ་པའི་བླ་མ་ཁྱད་པར་ཅན་ཞིག་རེད་ཞུ་ཆོག་པ་འདུག
ཁོང་ནས་འབྲི་གུང་བླ་མ་སྤྱན་སྔ་བ་གྲགས་པ་རྒྱལ་མཚན་ནམ་གཅིག་གི་དྲུང་ནས་བཀའ་བརྒྱུད་ཀྱི་ཕྱག་ཆེན་སོགས་གདམ་པ་མང་པོ་གསན་འདུག ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་རྙིང་མའི་ཆོར་སྐོར་མང་པོ་གསན་པ་དང་། ལྷོ་བྲག་པས་རྒྱ་གར་ལ་མ་ཕེབས་པར་བོད་ལ་ཞུགས་ནས་སློབ་མ་སྐྱོང་དགོས་པའི་རེ་བ་བཏོན་པ་ལྟར། ལྷོ་བྲག་ནས་ཚུར་ལོག་ཕེབས་ནས་བོད་ལ་གདན་ས་བཙུགས་ནས་སློབ་མ་མང་པོ་སྐྱོང་འདུག བཀའ་བཞིན་གྲུབ་པའི་མཆོད་པས་མཉེས་པར་བྱེད་ཟེར་བ་འདི་བླ་མ་འདིས་མཛད་འདུག
དེ་བཞིན་ས་སྐྱའི་རྗེ་རེ་གདའ་བའི་དྲུང་ནས་ཕར་ཕྱིན་དང་དབུ་མའི་སྐོར་གསན་འདུག རིས་མེད་ངོ་མ་རེད་འདུག
གོ་ཐོས་ལ་རྙིང་མའི་བླ་མ་ཞིག་གིས་བླ་མ་བློ་བཟང་གྲགས་པའི་རྣམ་ཐར་ཞིག་མཛད་ཡོད་ཅེས་སྔོན་མ་བདུད་འཇོམས་རིན་པོ་ཆེས་བཀའ་བརྩལ་འདུག དེའི་སྐོར་ལ་གསུང་རྒྱུ་ཨེ་ཡོད།
དེ་བཞིན་སྐུ་ཚེ་སྨད་ལ། བླ་མ་འདི་པའི་གསུང་ལ་འགག་པ་མཛད་མཁན་སྟག་ཚང་ལོ་ཙ་བ་དང་། རྒྱལ་དབང་ཀརྨ་པ། ཀུན་མཁྱེན་གོ་རམས་པ། འཇུ་མི་ཕམ་སོགས་ནས། བསྟོད་པ་ཕུལ་ནས་ཁོང་གི་མཛད་རྗེས་ལ་ཡི་རངས་མཛད་འདུག་གོ ཁོང་རྣམས་ཀྱི་གསུང་ནང་བསྟོད་པ་འདི་ཚོ་མཇལ་རྒྱུ་ཨེ་ཡོད།
སྤྱིར་ཁ་རྒྱུན་ལ་ས་མི་དར་དགེ་མི་ཆགས་ཟེར་གཙོ་བོ་དགེ་ལུགས་འདི་ས་སྐྱའི་དྲིན་ལས་བྱུང་བ་ལྟ་བུ་ཤོད་སྲོལ་སྣང་། ཞིབ་ཕྲ་དཔྱད་ན། རྙིང་མའི་བླ་མ་ནམ་མཁའ་རྒྱལ་མཚན་གྱིས་རྗེ་རིན་པོ་ཆེ་རྒྱ་གར་ལ་ཞབས་མི་ཅག་པར་བོད་ལ་ཞུགས་དགོས་པའི་རེ་བ་མི་བཏོན་ན། རྗེ་རིན་པོ་ཆེ་རྒྱ་གར་ལ་ཕེབས་རྩིས་འདུག དེ་ལྟར་མཛད་ན་ད་ལྟ་དགེ་ལྡན་པའི་བསྟན་པ་འདི་དར་ཐུབ་ཨེ་ཡོང་བསམ་པའི་དྭོགས་པ་ཡང་སླེབས་ཀྱི་འདུག
ང་རང་ལ་མཚོན་ན། བླ་མ་བློ་བཟང་གྲགས་པ་འདི་སློབ་དཔོན་པད་མའི་རྣམ་སྤྲུལ་ཞིག་རེད་ཨང་བསམ་པའི་དད་པ་ཡང་སེ་ཡོང་བཞིན་འདུག སྟབས་ལེགས་པ་ཞིག་ལ། སྔོན་མ་དིལ་མགུ་མཁྱེན་བརྩེ་སྐུ་གོང་མས་འདི་རང་རེད། བླ་མ་བློ་བཟང་གྲགས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། སློབ་དཔོན་པད་མ་འབྱུང་གནས་གསུམ་ནི་ཐུགས་རྒྱུད་གཅིག་རེད་ཅེས་ཐག་ཆོད་པོས་བཀའ་གནང་སོང་བས་དེ་བས་བླ་མ་འདི་ལ་དད་པ་ཇེ་ཆེར་སོང་།
རྗེ་བླ་མའི་བཀའ་དྲིན་སྙིང་ནས་དྲན།།
ཁོའི་ལྟ་གྲུབ་སྐྱོང་རྣམས་ཕྱག་གི་ཡུལ།།
བུ་ང་ཡང་ཉིན་ཞིག་གཉིད་སད་ལྟར།།
རྗེའི་དགོངས་པ་རྗེན་པ་རྟོགས་པར་ཤོག།
ཨ་རོ། ཨ་ཁུ་ཆ་བོ། གཏམ་འདི་ཡོངས་སུ་གྲགས་པ་ཞིག་ཨེ་རེད། ལན་ཞིག་གསུངས་དང་།
ལོ་མང་པོ་ཞིག་གི་སྔོན། ཕྲན་དགོན་པ་ཞིག་གི་ཇ་མ་ཡིན། ཉིན་ཞིག་དཔེ་འཁྲིད་བླ་མ་ལ་གསོལ་ཇ་དྲངས་རྗེས། ཕྲན་ཡང་ཟུར་ཞིག་ཏུ་བསྡད་ན་གསུང་ཆོས་ལ་ཉན་པ་ཡིན།
ཉིན་དེའི་དཔེ་འཁྲིད་ནི་མངོན་རྟོགས་རྒྱན་ཟེར་བ་ཞིག་རེད། དེ་ཡང་ཨ་ལག་མི་ཕམ་ཚང་གི་འགྲེལ་བ་ལས་འཁྲིད་གི་འདུག བར་སྐབས་ཤིག་རྗེ་རིན་པོ་ཆེའི་སྐོར་ལའང་འཁྱུག་ཙམ་འཕྲོས་སོང་། སྐབས་དེར་འཁུར་ཆེན་བཅོ་བརྒྱད་ཀྱི་སྐོར་ཡང་གླེང་སོང་། ཨ་ལག་མི་ཕམ་ཚང་དང་རྗེ་བློ་གྲགས་གཉིས་རིགས་ཅན་གསུམ་གྱི་རྟོགས་རིགས་གཅིག་མི་གཅིག་གི་སྐོར་ལ་དགོངས་གཞི་ཐ་དད་ཡོད་པའི་སྐོར་ཀྱང་གསུངས་སོང་།
དེ་ནས། དཔེ་འཁྲིད་བླ་མ་རིན་པོ་ཆེས་འཕྲོས་བཤད་ཅིག་ལ། རྗེ་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་ནི་ཀློང་ཆེན་རབ་འབྱམས་པའི་གསུང་རྩོམ་ཡིན་པ་ཞིག་གསུངས་སོང་། ལོ་མང་པོ་ཞིག་ཕྱིན་སོང་བས། བླ་མའི་གསུང་ཚིག་ཏག་ཏག་ཅིག་དྲན་མིས་སོས་མོད། ཕལ་ཆེར་འདི་འདྲ་ཞིག་གསུངས་སོང་།སྐབས་དེར་ཆུ་ལོག་ཆེན་པོ་ཞིག་རྒྱུག་ནས། ཀློང་ཆེན་ཚང་གི་གསུང་འབུམ་གྱི་དཔེ་སྒམ་ཆུ་ལོག་གིས་འཁུར་ནས་བོར་སོང་བ་རེད་ཟེར། རྗེའི་ལག་པར་ག་འདྲ་སེ་སོན་པ་གསུངས་མ་སོང་། ལེགས་བཤད་གསེར་ཕྲེང་ཟེར་བ་ན་བོད་སྔ་རབས་མཁས་པའི་གསུང་དང་ཆ་འདྲ་བ་ཡོད་པ་དེ་ཀློང་ཆེན་པའི་གསུང་འབུམ་ཡིན་པའི་སྒྲུབ་བྱེད་འདྲ་ཞིག་དྲངས་སོང་བསམས།
ལེགས་བཤད་གསེར་ཕྲེང་རྙིང་མའི་ཀློང་ཆེན་པས་མཛད་པའི་ཡིད་ཆེས་ཡོད་མཁན་གྱི་རྙིང་མ་བ་ཚོས་ལེགས་བཤད་གསེར་ཕྲེང་ལ་སློབ་གཉེར་ཉམས་ལེན་བྱེད་དགོས་པ་རེད། རང་གིས་དེ་ཉམས་ལེན་དང་སློབ་གཉེར་མི་བྱེད་པར་ངའི་རེད་ཁོའི་རེད་ཟེར་ནས་གླེང་བསྡད་པ་དགོས་པ་ཆུང་ཆུང་རེད། རྙིང་མའི་བཤད་གྲྭ་ཚོས་ཀྱང་ལེགས་བཤད་གསེར་ཕྲེང་འདི་རང་གི་སློབ་ཚན་གྱི་གྲས་སུ་འཇོག་དགོས་པ་རེད། ངས་ཀྱང་ལེགས་བཤད་གསེར་ཕྲེང་ཙོང་ཁ་པས་མཛད་པ་རེད་ཟེར་མཁན་གྱི་རྙིང་མ་བ་རེ་ཟུང་རེ་མཐོང་མྱོང་ཡང་ལེགས་བཤད་གསེར་ཕྲེང་དེ་རང་རང་གི་སློབ་ཚན་ནང་ལ་བཞག་ཡོད་མཁན་གྱི་བཤད་གྲྭ་ནི་གཅིག་ཀྱང་ཐོས་མ་སོང་། ལེགས་བཤད་གསེར་ཕྲེང་སུའི་ཡིན་རུང་ཡིན། ལེགས་བཤད་གསེར་ཕྲེང་ཡིན་ནམ་དེ་བེད་སྤྱོད་ཡོད་པ་ཞིག་ཡིན་ན་སུས་སློབ་གཉེར་ཉམས་ལེན་བྱས་རུང་འགོག་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད།
རྗེ་ཙོང་ཁ་བ་འདི་དང་། རྒྱལ་བ་ཀློང་ཆེན་པ། ས་སྐྱ་པན་ཊི་ཊ་གསུམ་ལ་འཇམ་མགོན་རྣམ་གསུམ་ཟེར་བ་ཞིག་གོ་མྱོང་། ཁོང་རྣམས་གསུམ་གྱི་གསུང་འབུམ་མཇལ་སྐབས། ངོ་མ་མཁས་རྟགས་འདུག བཤད་བྱའི་གཞུང་ལ་གཙིགས་ནས་ཚིག་དང་གཞན་གྱི་སྐྱོན་ལ་གཙོ་བོ་མི་འཛིན་པ། དྲང་དོན་ལས་ངེས་དོན་གཙོ་བོར་འཛིན་པ། ལྟ་བའི་མཐར་ཐུག་འགྲེལ་སྐབས། ཐལ་འགྱུར་བ་གཙོ་བོར་འཛིན་པ་ལས། གྲུབ་མཐའ་འོག་མ་རྣམས་མི་འཛིན་པ། ཪང་གི་བླ་མ་དང་མཁས་གྲུབ་སྔོན་བྱོན་རྣམས་ལ་རྨ་མི་འབྱིན་པར་གོང་དུ་བསྟོད་པ་སོགས་རེད།
ད་ང་ཚོ་ལོ་རབས་གསར་པའི་སློབ་བུ་རྣམས་ཀྱིས་དམིགས་ལྟོས་དེ་ཁོང་རྣམ་ལ་བྱས་ནས། ཆོས་ལུགས་ཚང་མའི་ནང་ནས་མཁས་གྲུབ་ཚད་ལྡན་མང་པོ་བྱོན་པར་ཤོག
ང་ཡི་བླ་མ་བློ་བཟང་གྲགས་པ་སྟེ།
རྡ་སར་གནས་སམ་ཞིང་ཁམས་གང་ཕེབས་ཀྱང་།
འཁོར་གྱི་ཐོག་མར་ཉིད་ལ་བདག་འགྱུར་ཏེ།
ཐོས་བསམ་སྒོམ་གསུམ་བྱ་བས་མཉེས་པར་ཤོག
བླ་མ་མཁྱེན་ནོ། ཤཀྱ་མུ་ནེས་མཁྱེན་ནོ། འཇམ་པའི་དབྱངས་ཀྱིས་མཁྱེན་ནོ། ཕྱག་ན་པད་མོས་མཁྱེན་ནོ། གསང་བའི་བདག་པོས་མཁྱེན་ནོ། སློབ་དཔོན་པད་མས་མཁྱེན་ནོ། བློ་བཟང་གྲགས་པས་མཁྱེན་ནོ། ཀརྨ་པ་ཡིས་མཁྱེན་ནོ། ས་སྐྱ་གོང་མས་མཁྱེན་ནོ། བསྟན་འཛིན་རྒྱ་མཚོས་མཁྱེན་ནོ། རྩ་བའི་བླ་མས་མཁྱེན་ནོ།
འབྲོག་དགེ་ལྡན་རྣམ་པར་རྒྱལ་བའི་སྡེ།།
རྗེ་བླ་མའི་འདན་ས་ཡིད་ལ་དྲན།།
ཚེ་འདི་སྣང་ཞེན་པས་མ་ཁྱེར་བར།།
སྒོས་དམ་ཆོས་མྱོང་བའི་སྨོན་ལམ་འདེབས།།
ང་ཡི་བླ་མ་བློ་བཟང་གྲགས་པ་དེ། །
དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས། །
དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང། །
བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །
ཅེས་མཁས་གྲུབ་རྗེས་བསྔོ་སྨོན་སྐྱོན་པ་དེ་ལྟར་ཁོ་བོ་ཡང་སྨོན་ཤུགས་དྲག་པོས་འབོད་བཞིན་པ་མ་ཟད། སྤྱིར་ཁོ་བོས་ནང་ཆོས་དང་ལྷག་པར་ཟབ་ལམ་དབུ་མའི་ལྟ་བ་ལ་སྦྱང་བརྩོན་ཇི་ལྟར་བྱེད་རུང་གོ་བ་ཕྲ་མོ་ཙམ་ཡང་སྐྱེ་ཐུབ་པ་མི་འདུག་པས། འཇམ་པའི་དབྱངས་དང་ངོ་བོ་དབྱེར་མི་ཕྱེད་པའི་༧རྗེ་ཙོང་ཁ་པ་ཁྱེད་ལ་གསོལ་འདེབས་ཤུགས་དྲག་འབོད་བཞིན་ལགས་ན། ཁོ་བོ་ལ་གྲོགས་དང་འཕྲིན་ལས་མཛོད་ཅིག་ཅེས་ཞུ་རྒྱུ་ལགས།
བ྄ློ་ག྄ྲོས་ས྄ྟོང་གི་ར྄ྩལ་ར྄ྫོགས་པའི།
བཟང་པོའི་ཁ྄ྱད་གསུམ་ཚང་པའི་ས྄ྐུ།
ག྄ྲགས་དཀར་ས྄ྲིད་པ་གསུམ་ག྄ྱི་བ྄ླར།
པ་སངས་ལ྄ྟ་བུའི་བ྄ླ་མར་འདུད།
ར྄ྗེ་བ྄ློ་བཟང་ག྄ྲགས་པ་མཆོག་ནི་གངས་ཅན་ག྄ྱི་ཞིང་དུ་ར྄ྩལ་གསུམ་ར྄ྫོགས་པའི་སེང་གེ་ལ྄ྟ་བུའི་མཁས་པའི་ཁ྄ྱུ་མཆོག་ཞིག་ཡིན་པར་མ་ཟད་བདེན་ས྄ྟོང་དབུ་མའི་ལ྄ྟ་བའི་ས྄ྲོལ་བཟང་གི་ར྄ྒ྄ྱལ་མཚན་བས྄ྒ྄ྲེང་བའི་ག྄ྱད་ཆེན་ཞིག་ཀ྄ྱང་ཡིན།
ཁོང་གི་གསུང་ལ་མཇལ་བའི་གོ་ས྄ྐབས་བ྄ྱུང་བས་ཁོང་ནི་ཤིན་ཏུ་ནས་མཁས་པའི་རིག་ར྄ྩལ་ར྄ྫོགས་པ་ཞིག་ཡིན་པར་ངེས་ཤེས་བར྄ྙེད།
འོན་ཀ྄ྱང་འགའ་ཞིག་གིས་ར྄ྗེ་བ྄ླ་མ་ཙོང་ཁ་བ་མཆོག་ལ་བས྄ྟོད་པའི་ཚིག་ནང་དུ་ (ཀ་དག)ཅེས་བཤད་པ་ནི་མ་འོས་པར་སེམས། རི་བོ་དགེ་ལུགས་པའི་ལ྄ྟ་བར་ཀ་དག་ཅེས་བཤད་པ་མེད་ལ། གཞུང་ཆེན་མོའི་ནང་དུའང་ཀ་དག་ཅེས་པའི་ཚིག་རིས་འདི་དག་མཐོང་ར྄ྒ྄ྱུ་ཤིན་ཏུ་ནས་དཀོན།
ཚིག་འདི་ནི་བོན་དང་ར྄ྙིང་མ་ལས་སོགས་ཀ྄ྱི་གཞུང་ལུགས་སུ་ཡང་ཡང་ས྄ྨ྄ྲ་བཞིན་ཡོད་པས་དེ་ནི་ར྄ྫོགས་པ་ཆེན་པོའི་ལུགས་ཀ྄ྱི་ཚིག་ཅིག་ཡིན་པར་མཐོང་ངོ།
ཡང་འགའ་ཞིག་གིས་ར྄ྗེ་བ྄ླ་མ་ཙོང་ཁ་བ་མཆོག་ནི་ག྄ྲུབ་མཐའ་མཐའ་དག་ལ་དག་ས྄ྣང་དང་ར྄ྫོགས་པ་ཆེན་པོའི་ལ྄ྟ་བར་དགག་པ་ཡང་མི་མཛད་མཁན་ཞིག་ཡིན་པར་ཡང་བཤད་སོང༌།
དེ་ནི་དངོས་བདེན་མིན།
ར྄ྗེ་ཙོང་ཁ་བས་བསམ་གཟུགས་ཆེན་མོའི་ནང་དུ་ཇི་ལ྄ྟར་གསུངས་མེད་དམ།
ར྄ྫོགས་པ་ཆེན་པོའི་ལ྄ྟ་བར་ཉམས་སུ་ལེན་པ་ར྄ྣམས་ལེགས་ན་བསམ་གཏན་ག྄ྱི་གནས་སུ་ས྄ྐ྄ྱེ་ངེས་དང་མ་ལེགས་ན་དུད་འག྄ྲོ་ལས་སོགས་གཟུགས་མེད་ཀ྄ྱི་གནས་སུ་ས྄ྐ྄྄ྱེ་བར་ངེས་པར་གསུང་ཡོད་པ་ཞིག་གསལ་ལ་མི་གསལ་ལ་ཞིག་ངས་ད྄ྲན་ཡོང་གི་འདུག་པས་གལ་ཏེ་དེ་ལ྄ྟར་ན་ར྄ྫོགས་པ་ཆེན་པོའི་ལ྄ྟ་བར་དགག་པ་ཤིན་ཏུ་ནས་གསལ།
འོན་ཀ྄ྱང་གཏན་གཏན་ཞིག་ཡིད་ལ་མི་ད྄ྲན་འདུག་པས་དཔ྄ྱད་དགོས།
དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་པུ།
ཐར་འདོད་ཡོངས་ཀྱི་བླ་ན་མེད་པའི་མགོན།
རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན།
ཟླ་མེད་བླ་མ་མཆོག་གསོལ་བ་འདེབས།། ༡ །།
རྒྱལ་བའི་སྤྱན་སྔར་བྱང་ཆུབ་སྤྱོད་པ་བླངས།
དགའ་ལྡན་གནས་སུ་འཇམ་དཔལ་སྙིང་པོར་གྲགས།
ཁ་བ་ཅན་འདིར་བློ་བཟང་གྲགས་པའི་དཔལ།
རྒྱལ་སྲས་ཐུ་བོ་ཁྱོད་ལ་གསོལ་བ་འདེབས།། ༢ །།
རྒྱ་ཆེན་བསོད་ནམས་སྨིན་པའི་མཐུ་ལྡན་པས།
གསུང་རབ་ཀློག་དང་ལེགས་སྦྱར་སྒྲ་ལ་སོགས།
བརྡ་སྤྲོད་གཙུག་ལག་མ་བསླབས་ཐུགས་སུ་ཆུད།
ཡོན་ཏན་ལྷུན་རྫོགས་ཁྱོད་ལ་གསོལ་བ་འདེབས།། ༣ །།
ཁྱོད་སྐུའི་ཉིན་བྱེད་ཡུམ་གྱི་ཆུ་འཛིན་ལས།
གསལ་བར་བྱོན་ཚེ་སྲིད་པའི་ཕུན་ཚོགས་ལ།
ཀུན་ནས་སྲེད་པའི་གློག་གི་རོལ་རྩེད་དང་།
ནམ་ཡང་འགྲོགས་པ་སྤངས་ལ་གསོལ་བ་འདེབས།། ༤ །།
གཞོན་ནུ་ཉིད་ནས་རྒྱལ་བའི་བརྟུལ་ཞུགས་ཀུན།
མ་སྨད་ཚུལ་ཁྲིམས་མཆོག་གིས་ལེགས་བསྡམས་ཤིང་།
སྐྱེ་བ་ཀུན་ཏུ་གཅིག་ཏུ་བག་ཡོད་ལ།
གོམས་པའི་མཐུ་ལྡན་ཁྱོད་ལ་གསོལ་བ་འདེབས།། ༥ །།
རྒྱལ་བའི་གསུང་རབ་ཀུན་ཀྱི་་ཚིག་དོན་ལ།
ཐོགས་པ་མེད་པར་འཇུག་པའི་རྣམ་དཔྱོད་ཀྱིས།
རྟག་ཏུ་ལེགས་བཤད་འཚོལ་བ་ལྷུར་བླངས་པས།
རྒྱ་ཆེན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།། ༦ །།
ཚིག་འཕྲེང་ལྦུ་བས་ངོམས་པ་མི་མངའ་ཞིང་།
མཁས་མཆོག་བྱེ་བས་རྟོགས་པར་དཀའ་བའི་གནད།
ཞིབ་ཅིང་ཆེས་ཕྲ་དྲི་མེད་རིགས་པ་ཡིས།
མ་ལུས་ཆོས་ཀུན་གཟིགས་ལ་གསོལ་བ་འདེབས།། ༧ །།
རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས།
ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱོད་ཀྱི་གསུང་།
ཆ་ཙམ་རྣ་མ་པ་གཞན་དུ་གཡོ་བ་སྤངས།
དག་པའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས།། ༨ །།
འཕགས་ཡུལ་ཤིང་རྟ་ཆེ་རྣམས་བཞེད་པའི་གཞུང་།
ཇི་བཞིན་གཟིགས་པ་ཁྱོད་ལས་གཞན་ན་གང་།
གསུང་རབ་ཀུན་ཀྱང་ཁྱོད་ཉིད་འབའ་ཞིག་ལ།
གདམས་པའི་མཆོག་ཏུ་ཤར་ལ་གསོལ་བ་འདེབས།། ༩ །།
དེའི་ཕྱིར་མཁས་མཆོག་ཀུན་ཀྱི་ཅོད་པན་ལ།
རྟག་ཏུ་ངལ་གསོ་མཛད་པའི་ཞབས་པད་ཀྱིས།
རྒྱ་མཚོའི་གོས་ཅན་གང་ལ་བྲིས་པའི་རྡུལ།
འགྲོ་བའི་མཆོད་རྟེན་གྱུར་ལ་གསོལ་བ་འདེབས།། ༡༠ །།
རྒྱལ་བའི་མཁྱེན་པས་ཇི་ཙམ་ལེགས་དཔྱད་ཀྱང་།
ཁྱོད་ཀྱི་ཐུགས་ལ་རྣམ་དག་བསླབ་པའི་ཁྲིམས།
ལྷོད་པར་བགྱིས་པའི་ཉེས་པ་ཕྲ་མོ་ཡི།
ཆ་ཙམ་གཟིགས་པ་སྤངས་ལ་གསོལ་བ་འདེབས།། ༡༡ །།
རིན་ཆེན་འབྱུང་གནས་ཆུ་ཡི་ཕུང་པོ་བཞིན།
ཁྱོད་ཐུགས་སྙིང་རྗེའི་གཏིང་མཐའ་ཇི་ཙམ་ཞེས།
ཡེ་ཤེས་སྤྱན་ལྡན་ཀུན་ཀྱི་ཡུལ་ལས་འདས།
རྗེབཙུན་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས།། ༡༢ །།
ཁྱོད་ཀྱི་ལྷག་བསམ་ཁྱོགས་ལ་མ་བླངས་པའི།
ལུས་ཅན་ཕན་བདེའི་ཁུར་ནི་ཅང་མ་མཆིས།
རླབས་ཆེན་སྤྱོད་པ་ཀུན་ཀྱི་མཐར་སོན་པ།
སྙིང་སྟོབས་རྨད་དུ་བྱུང་ལ་གསོལ་བ་འདེབས།། ༡༣ །།
མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་།
མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན།
ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ།
ས་གསུམ་སྐྱེ་དགུའི་གཉེན་ལ་གསོལ་བ་འདེབས།། ༡༤ །།
འཇམ་པའི་དབྱངས་ཀྱིས་ཁྱོད་ལ་མངོན་སུམ་དུ།
ཉིན་རེ་བཞིན་ཡང་ལེགས་བཤད་བདུད་རྩིའི་རྒྱུན།
དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད་བསྡུས་པ།
རྒྱུན་མི་འཆད་པར་འདོམས་ལ་གསོལ་བ་འདེབས།། ༡༥ །།
ཐུབ་བསྟན་པདམའི་ཚལ་ལ་འཇིག་རྟེན་འདིར།
ཁྱོད་ནི་རྒྱལ་བའི་ཉི་མ་ཇི་བཞིན་ཞེས།
མི་ཕམ་མགོན་པོས་ཁྱོད་ལ་མངོན་སུམ་དུ།
དབུགས་དབྱུང་མཆོག་ཏུ་བསྔགས་ལ་གསོལ་བ་འདེབས།། ༡༦ །།
གྲངས་མེད་རྒྱལ་བའི་སྐུ་ཡི་རྒྱལ་མཚན་གཟིགས།
ས་ར་ཧ་དང་ལཱུ་ཡི་པ་ལ་སོགས།
གྲུབ་ཆེན་དུ་མས་མངོན་སུམ་བྱིན་གྱིས་བརླབས།
ཡོངས་དག་སྐྱེས་བུ་མཆོག་ལ་གསོལ་བ་འདེབས།། ༡༧ །།
ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས།
ཟླ་བའི་ཞབས་ཀྱིས་གང་ཚེ་བྱིན་བརླབས་པ།
དེ་ཡི་མོད་ལ་ཟབ་མོའི་ཆོས་ཉིད་ལ།
འཁྲུལ་པའི་དྲི་མ་སྤངས་ལ་གསོལ་བ་འདེབས།། ༡༨ །།
ཁྱོད་ཀྱི་ཆོས་ཉིད་ནམ་མཁའི་དཀྱིལ་ལྟ་བུ།
མཉམ་གཞག་ཏིང་འཛིན་མཆོག་གིས་ལེགས་བསྒོམས་པས།
རྗེས་ཐོབ་ཏུ་༷ཡང་སྒྱུ་མ་ལྟ་བུའི་ཐུགས།
སྐད་ཅིག་གཡོ་བ་སྤངས་ལ་གསོལ་བ་འདེབས།། ༡༩ །།
ཐུབ་པའི་ལེགས་བཤད་ཀུན་ཀྱི་མཐར་ཐུག་པ།
རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་འབྱེད་པ་ལ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འ༷ཆང་དབང་དང་།
དབྱེར་མེད་བླ་མ་མཆོག་ལ་གསོལ་བ་འདེབས།། ༢༠ །།
ཕྱོགས་འདིར་སྔོན་ཆད་གཞན་གྱིན་མ་མྱངས་པའི།
ལམ་གྱི་མཐར་ཐུག་རིམ་གཉིས་ཟབ་མོའི་གནད།
ཇི་བཞིན་གཟིགས་ནས་དེ་དོན་བསྒྲུབ་པ་ལ།
ཉམས་ལེན་སྙིང་པོར་མཛད་ལ་གསོལ་བ་འདེབས།། ༢༡ །།
ཕྲ་རགས་ལྷ་ཡི་རྣལ་འབྱོར་མཐར་ཕྱིན་པས།
ཐ་མལ་སྣང་ཞེན་ཀུན་རྟོག་རྒྱང་བསྲིངས་ཤིང་།
གང་ཤར་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ལས།
ཁྱོད་ཐུགས་གཡོ་བ་མེད་ལ་གསོལ་བ་འདེབས།། ༢༢ །།
ཀུན་རྟོག་རླུང་གི་རྒྱུ་བ་དུ་ཏིར་དྲངས།
འོད་གསལ་ཐམས་ཅད་སྟོང་པའི་དེ་ཉིད་གཟིགས།
གང་ཤར་བདེ་ཆེན་མཆོག་གི་རྣམ་རོལ་ཅན།
རྡོ་རྗེའི་ཐུགས་དང་ལྡན་ལ་གསོལ་བ་འདེབས། ༢༣ །།
མཐའ་ཡས་སྨོན་ལམ་སྟོབས་མངའ་ཐབས་མཁས་ཀྱིས།
འབད་མེད་ལྷུན་གྲུབ་མཐའ་ཡས་གདུལ་བྱའི་ཚོགས།
རྒྱལ་བ་དགྱེས་པའི་ལམ་ལ་འཁྲིད་མཛད་པ།
འཇིགརྟེན་ཀུན་ཀྱི་སྐྱབས་ལ་གསོལ་བ་འདེབས།། ༢༤ །།
ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས།
ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས།
བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན།
ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་འདེབས།། ༢༥ །།
བསམས་བཞིན་ཞིང་འདིར་སྐུ་ཡི་བཀོད་པ་ནི།
ཉེ་བར་སྡུད་ལ་ཁྱོད་ཐུགས་གཞོལ་བའི་ཚེ།
དཔའ་བོ་མཁའ་འགྲོའི་ལྷ་ཚོགས་མཆོད་པ་ཡིས།
བསམ་ཡས་ནམ་མཁའ་གང་ལ་གསོལ་བ་འདེབས།། ༢༦ །།
འོད་གསལ་ཆོས་སྐུ་མངོན་དུ་མཛད་གྱུར་པ།
དེའི་ཚེ་ཁྱོད་སྐུ་འོད་ཀྱི་གོང་བུར་གྱུར།
བར་དོ་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ།
མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས།། ༢༧ །།
དེང་ནས་བརྩམས་ཏེ་ཚེ་རབས་ཀུན་ཏུ་བདག
ཁྱོད་ཞབས་པད་མོ་གུས་པས་མཆོད་པ་དང་།
ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན།
ཁྱོད་མཉེས་འབའ་ཞིག་བསྒྲུབ་པར་བྱིན་གྱིས་རློབས།། ༢༨ །།
རྙེད་བཀུར་དོན་གཉེར་ཚེ་འདིའི་སྣང་བ་དང་།
རང་བདེ་འདོད་པའི་ཞི་བའི་སེམས་སྤངས་ནས།
འགྲོ་བའི་དོན་སེམས་བྱང་ཆུབ་སེམས་མཆོག་དང་།
ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས།། ༢༩ །།
ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས།
རིགས་པའི་རྗེས་འབྲང་རྒྱལ་བའི་གསུང་རབ་དོན།
ཕྱི་ནང་འགལ་རྐྱེན་ཀུན་ཀྱི་གཡོ་མེད་པར།
རྩེ་གཅིག་ཉམས་སུ་ལེན་པར་བྱིན་གྱིས་རློབས།། ༣༠ །།
མདོར་ན་རྒྱལ་བའི་དམ་ཆོས་མཐའ་དག་དང་།
ཁྱད་པར་དུ་ཡང་བླ་མེད་རྡོ་རྗེ་ཐེག
རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུང་ནས།
འགྲོ་བའི་འདྲེན་པ་བགྱིད་པར་བྱིན་གྱིས་རློབས།། ༣༡ །།
དགེ་བ་འདི་ཡིས་སྐྱེ་བ་ཐམས་ཅད་དུ།
འདྲེན་མཆོག་བླ་མ་ཁྱོད་དང་མི་འབྲལ་ཞིང་།
མགོན་པོ་ཁྱོད་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི།
ལེགས་བཤད་བདུད་རྩིའི་རོ་ཡིས་འཚོ་བར་ཤོག། ༣༢ །།
གཞན་ཡང་བདག་གིས་བགྱིས་དང་བགྱིད་འགྱུར་བའི།
ལེགས་པར་སྤྱད་པ་ཇི་སྙེད་མཆིས་པ་ཀུན།
ཁྱོད་ཀྱིས་དགྱེས་བཞིན་རྗེས་སུ་འཛིན་པ་དང་།
བཀའ་བཞིན་བསྒྲུབ་པ་ཁོ་ནའི་རྒྱུར་གྱུར་ཅིག། ༣༣ །།
ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པའི།
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།
རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས།
སྐད་ཅིག་ཙམ་ཡང་བཟློག་པར་མ་གྱུར་ཅིག། ༣༤ །།
དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག
མཚུངས་མེད་བློ་བཟང་གྲགས་པའི་ཞབན་དྲུང་དུ།
ས་དང་ལམ་གྱི་རིམ་པ་མཐར་སོན་ནས།
འགྲོ་ཀུན་སངས་རྒྱས་ས་འགོད་པར་ཤོག། ༣༦ །།
འདི་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཛད་པའོ།། །།
དྲྭ་གྲོགས་རྣམ་པ་སུ་ཞིག་ལ་རྗེ་རིན་པོ་ཆེའི་ཞུ་ལན་སྨན་མཆོག་གི་ཕྱག་དཔེ་ཡོད་ན་འདིར་བཀོད་རོགས།
དེ་མོན་ན་ང་ཡི་ཡིག་ཟོམ་རྒྱུད་ནས་བསྐུར་རོགས། སྐུ་གཅེས། མཁྱེན་ནོ།
ཨེ་མ་ཧོ། །
སྟོན་པ་སངས་རྒྱས་གཅིག་གི་རྗེས་འཇུག་དང་། །
བསྟན་པ་དམ་ཆོས་གཅིག་གི་ཆོས་མཆེད་དག །
བསྟན་འཛིན་དམ་པར་ཕྱོགས་ཞེན་མ་མངའ་ན། །
བསྟན་འགྲོ་ཀུན་ལ་བདེ་སྐྱིད་ངང་གིས་འཆར། །
ཤྲྰིས་སོ། །
དྲྭ་གྲོགས་རྣམ་པ་སུ་ཞིག་ལ་རྗེ་རིན་པོ་ཆེའི་ཞུ་ལན་སྨན་མཆོག་གི་ཕྱག་དཔེ་ཡོད་ན་འདིར་བཀོད་རོགས།
དེ་མིན་ན་ང་ཡི་ཡིག་ཟོམ་རྒྱུད་ནས་བསྐུར་རོགས། སྐུ་གཅེས། མཁྱེན་ནོ།
ཨེ་མ་ཧོ། །
སྟོན་པ་སངས་རྒྱས་གཅིག་གི་རྗེས་འཇུག་དང་། །
བསྟན་པ་དམ་ཆོས་གཅིག་གི་ཆོས་མཆེད་དག །
བསྟན་འཛིན་དམ་པར་ཕྱོགས་ཞེན་མ་མངའ་ན། །
བསྟན་འགྲོ་ཀུན་ལ་བདེ་སྐྱིད་ངང་གིས་འཆར། །
ཤྲྰིས་སོ། །
ཕྱི་ཐུབ་བསྟན་ཡུན་རིང་གནས་པ་དང་།
དགོས་ཞྭ་སེར་བསྟན་པ་སྐྱོངས་བའི་གནས་།
དཔལ་མཉམས་མེད་རི་བོ་དགེ་ལྡན་པ་།
ཕྱོགས་ཀུན་དུ་དར་ཞིང་རྒྱས་གྱུར་ཅིག
ལམ་གཙོའི་རྩ་བ་བཞུགས་སོ། །
རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།།
རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།།
རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།།
སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།།
ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།།
གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།།
དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།།
རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།།
སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།།
རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།།
བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།།
སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།།
ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།།
དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།།
ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག།
ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས།།
ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག།
དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།།
ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་།།
ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།།
བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།།
ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།།
ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།།
ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།།
བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།།
ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།
བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།
བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།
མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།།
སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།།
གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།།
ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།
གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།
ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།
སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།།
དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།
གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།།
རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །
དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །
དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །
སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །
སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །
ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །
ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །
ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །
རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །
ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞི་ན། །
དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །
གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །
སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །
རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །
མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །
དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །
གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །
དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །
གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །
ཞེས་པ་འདི་ནི་མང་ཏུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་
ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།། །།
ཕྱི་ཐུབ་བསྟན་ཡུན་རིང་གནས་པ་དང་།
དགོས་ཞྭ་སེར་བསྟན་པ་འཛིན་པའི་གནས་།
དཔལ་ཉམས་མེད་རི་བོ་དགེ་ལྡན་པ་།
ཕྱོགས་ཀུན་དུ་དར་ཞིང་རྒྱས་གྱུར་ཅིག
རྗེའི་ལེགས་བཤད་གསེར་ཕྲེང་འདི། རྗེ་རིན་པོ་ཆེའི་སློབ་གཉེར་གནང་སྐབས་སུ་མཛད་པ་དང་དེའི་ནང་ལ་མི་ཐད་པ་ཅུང་ཟད་ཡོད་པ་སོགས་བདག་གི་ཕྱག་དཔེའི་རྒན་རིན་པོ་ཆེའི་ཞལ་ནས་ཐོས་པའང་དྲན།
http://www.tibetcy.com/showart.asp?art_id=680
ཀ་དག་མེད་པའི་མ་དག་གི་ལ་བུ། །
ཁ་ཁོག་ནག་པའི་འཁོན་འཛིན་གྱི་ལ་བུ། །
ག་དུས་ཡིན་ཡང་ངན་སྨྲས་ཀྱི་ལ་བུ། །
ང་ཁྱོད་རྩོད་ན་ལྔ་མཆོད་དུ་མི་ཚུད། །
ལ་སྟོད་བུ་ཁྱོད་རང་འཇིག་རྟེན་པའི་ཁ་དཔེར། རྟེན་འབྲེལ་བཟང་པོའི་རྟ་རྒྱུགས་ས་དོང་རྐོ་བའི་དཔེ་རུ་སོང་འདུག་པས། ཡི་གེ་དེ་གསལ་དག་འཛོམས་པ་ཞིག་བྲིས་དང་དེ་རིང་གི་དགེ་བསྐོས་དེ་ང་ཡིན། ལྕག་ཚན་ཚ་བྲོ་བ་ཡོད་གདའ། ཧ ཧ
ར་ཤེས་ཡའམ་ཨུ་རི་སིའི་ནང་གི་ཁལ་མིག་རྒྱལ་ཕྲན་གྱི་ལོ་གསར་དེ་དགའ་ལྡན་ལྔ་མཆོད་སྐབས་གཏོང་གི་ཡོད་པར་བཤད། འདི་ཡ་མཚན་ཞིག་མ་ཡིན་ནམ།
སྲོང་བཙན་སྤྱན་རས་གཟིགས་དབང་བོད་རྗེའི་གཟུགས་སུ་བྱོན་པ་ནས། །
ཁྲི་སྲོང་འཇམ་དབྱངས་རྣམ་འཕྲུལ་དམ་ཆོས་རྩ་བ་བཙུགས་པའི་ཕྱིར། །
མཁན་ཆེན་བྷོ་དྷི་སྭ་ཏས་རབ་བྱུང་སྡེ་གསར་འཛུགས་པའི་སར། །
སློབ་དཔོན་པད་མ་འབྱུང་གནས་གསང་སྔགས་གདམས་ངག་འཆད་སྤེལ་མཛད། །
འདུལ་བ་ཉམས་རྨས་དུས་སུ་དཔལ་ལྡན་ཨ་ཏི་ཤ་ཡིས་བཀའ་གདམས་སྤེལ། །
སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་འབྲོམ་སྟོན་འབྱུང་སྐུ་མཆེད་བཀའ་དྲིན་ཆེ། །
གསང་སྔགས་གསར་མ་མར་མི་དྭགས་པའི་གྲུབ་བརྒྱུད་བྱིན་རླབས་དེ། །
ཨེ་ཤི་ཡ་ཡི་ཤར་དཀྱིལ་ཁྱབ་དུས་ས་ཆེན་ལྔ་ཡི་གཙོ། །
འཇམ་དབྱངས་མི་རུ་སྤྲུལ་པ་ས་པཎ་བླ་མ་ཕེབས་པ་མཚར། །
སླར་ཡང་འཇམ་དབྱངས་མི་ཡི་གཟུགས་སུ་ཨ་མདོ་ཙོང་ཁ་རུ། །
འཁྲུངས་ཤིང་ལུང་ལྟར་བློ་བཟང་གྲགས་པ་ཀུན་གྱི་གཙུག་རྒྱན་དུ། །
བཀའ་གདམས་གསར་མ་དར་ནས་རྗེས་བཞུགས་གྲངས་མང་ནང་གི་དབུས། །
བཀའ་དྲིན་ཟླ་མེད་བསམ་བཞིན་མིར་བྱོན་སྤྱན་རས་གཟིགས་དབང་དངོས། །
རྡོ་རྗེ་འཆང་དབང་ཏྰ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག །
སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་ཡི་མཚན་འཆང་བ། །
གང་གི་ཞབས་ཟིན་བདག་སོགས་འཁོར་རྣམས་རྗེས་བཟུང་བྱིན་གྱིས་རློབས། །
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
བྲལ་མེད་ཆོས་ཀྱིས་དཔལ་ལོངས་སྤྱད་ནས། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེས་འཆང་གི་གོ་འཕང་མྱུར་དུ་ཐོབ། །
གསུངས་པ་ལྟར་ཡང་ཡང་སྨོན་པའོ། །
མཆན་༢༦ པ། ལྡོང་གི་བུ་ལགས། ཁྱོད་ཀྱི་དེའི་ཁལ་མིག་གི་ལོ་སར་ལྔ་མཆོད་སྐབས་གཏོང་བཞིན་པ་དེ་གསུང་རོགས་གནང་དང་། དེའི་སྐོར་གསལ་ཙམ་གསུང་རོགས་གནང་དང་། ག་དུས་ནས་དར་མིན། ཅིའི་ཕྱིར་དར་མིན་སོགས། དེའི་སྐོར་གྱི་དྲི་བ་ང་ལ་བྱུང་ཡང་། ངས་ལན་འདེབས་མ་ཐུབ་པར་ལྷག་ཡོད།
གོང་དུ་མི་ཞིག་གིས་རྗེ་རིན་པོ་ཆེའི་རྣམ་ཐར་རྙིང་མ་ཞིག་གི་གསུང་པ་ཡོད་ཚུལ་བཀོད་ནས་དེ་སུ་རེད་དྲིས་འདུག དེ་ནི་ཟིང་ཟིང་ནེའུ་རིང་བ་ཅེས་འབོད་བཞིན་འདུག རྣམ་ཐར་དེ་དགེ་ལུགས་རྒྱུགས་སྤྲོད་ཀྱི་དེབ་ཐེར་ཆོས་འབྱུང་གི་རྒྱུགས་གཞི་ཁུངས་ལ་བཅུགས་ཡོད་པ་རེད།
དེ་ནས་ལ་སྟོད་པས་རྙོག་དྲ་བསླང་གི་འདུག རྒྱུ་མཚན་རྗེ་རིན་པོ་ཆེའི་གསུང་འབུམ་ན་བསམ་གཟུགས་ཆེན་མོ་ཟེར་བ་ཞིག་རྩ་ནས་མེད།
རྒྱལ་དབང་ལྔ་བ་ཆེན་མོས།
གཞོན་ནུའི་ལུས་ཅན་རྒན་པོའི་བློ་འཆང་བ།།
རྒྱལ་བསྟན་གྱེན་ཏུ་འདེགས་པའི་སྙིང་སྟོབས་ཀྱིས།།
ཐོས་བསམ་སྒོམ་པའི་ས་ཆེན་དབུས་གཙང་གི།
ལྗོངས་སུ་བདེ་བར་གཤེགས་པ་འདི་སྨད་བྱུང་།
བསྟོད་པ་ཙོང་ཁ་རིང་མོ་ལས།
གྲོགས་ཀྱི་སྟོབས་ཀྱིས་སྐྱིད་ཤོད་གོང་ཐང་དུ།།
གསོ་བ་རིག་པའི་སློབ་གཉེར་མཛད་པའི་ཚེ།།
རིང་བོ་མི་ཐོག་འབད་པ་ཆུང་ངུ་ཡིས།།
འཚོ་བྱེད་གོ་འཕང་བརྙེས་པའི་ཙོང་ཁ་པ།།
ཅེས་སོགས་གསུངས་སོ།།
རྟེན་འབྲེལ་བསྟོད་པ།
[རྩོམ་པ་པོ། རྗེ་བློ་བཟང་གྲགས་པ།]
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །གང་ཞིག་གཟིགས་ཤིང་གསུངས་པ་ཡི། །མཁྱེན་དང་སྟོན་པ་བླ་མ་མེད། །རྒྱལ་བ་རྟེན་ཅིང་འབྲེལ་བར་འབྱུང་། །གཟིགས་ཤིང་འདོམས་པ་དེ་ལ་འདུད། །འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །དེ་ཚེ་བློ་དང་ལྡན་པ་ཡིས། །རྟེན་ཅིང་འབྲེལ་བར་འབྱུང་བའི་ལམ། །ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། །ཇི་ལྟར་ཁོང་དུ་ཆུད་མི་འགྱུར། །དེ་ལྟ་ལགས་ན་མགོན་ཁྱོད་ལ། །བསྟོད་པའི་སྒོར་ནི་སུ་ཞིག་གིས། །བརྟེན་ནས་འབྱུང་བ་གསུངས་པ་ལས། །ངོ་མཚར་གྱུར་པ་ཅི་ཞིག་རྙེད། །གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུངས་པ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །གང་དུ་བཟུང་བས་བྱིས་པ་རྣམས། །མཐར་འཛིན་འཆིང་བ་བརྟན་བྱེད་པ། །དེ་ཉིད་མཁས་ལ་སྤྲོས་པ་ཡི། །དྲ་བ་མ་ལུས་གཅོད་པའི་སྒོ། །བསྟན་འདི་གཞན་དུ་མ་མཐོང་བས། །སྟོན་པ་ཞེས་བྱ་ཁྱོད་ཉིད་དེ། །ཝ་སྐྱེས་ལ་ནི་སེང་གེ་བཞིན། །མུ་སྟེགས་ཅན་ལའང་གཅམ་བུའི་ཚིག །ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །སྟོན་པ་དེ་ལ་བདག་ཕྱག་འཚལ། །ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ། །སྨན་པའི་སླད་དུ་བཀའ་སྩལ་བ། །བསྟན་པའི་སྙིང་བོ་སྟོང་པ་ཉིད། །ངེས་པའི་རྒྱུ་མཚན་ཟླ་མེད་པ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །འགལ་བ་དང་ནི་མ་གྲུབ་པར། །མཐོང་བ་འདི་ཡིས་ཁྱོད་ཀྱི་ལུགས། །ཇི་ལྟར་ཁོང་དུ་ཆུད་པར་ནུས། །ཁྱོད་ནི་ནམ་ཞིག་སྟོང་བ་ཉིད། །རྟེན་འབྱུང་དོན་དུ་མཐོང་བ་ན། །རང་བཞིན་གྱིས་ནི་སྟོང་བ་ཡིན། །བྱ་བྱེད་འཐད་པའང་མི་འགལ་ཞིང་། །དེ་ལས་ལྡོག་པར་མཐོང་བ་ན། །སྟོང་ལ་བྱ་བ་མི་རུང་ཞིང་། །བྱ་དང་བཅས་ལ་སྟོང་མེད་པས། །ཉམ་ངའི་གཡང་དུ་ལྟུང་བར་བཞེད། །དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །དེ་ཡང་ཀུན་ཏུ་མེད་པ་དང་། །རང་བཞིན་གྱིས་ནི་ཡོད་པས་མིན། །ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་བརྟེན་ཡོད་པ་མིན། །ངོ་བོས་གྲུབ་ན་དེ་འགྲུབ་པ། །རྒྱུ་དང་རྐྱེན་ལ་ལྟོས་པ་འགལ། །དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོང་བ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། །རང་བཞིན་ལྡོག་པ་མེད་པའི་ཕྱིར། །ཆོས་རྣམས་རང་བཞིན་འགའ་ཡོད་ན། །མྱ་ངན་འདས་པ་མི་རུང་ཞིང་། །སྤྲོས་ཀུན་ལྡོག་པ་མེད་པར་གསུངས། །དེ་ཕྱིར་རང་བཞིན་རྣམ་བྲལ་ཞེས། །སེང་གེའི་སྒྲ་ཡིས་ཡང་ཡང་དུ། །མཁས་པའི་ཚོགས་སུ་ལེགས་གསུངས་པ། །འདི་ལ་སུ་ཡིས་འགོང་བར་ནུས། །རང་བཞིན་འགའ་ཡང་མེད་པ་དང་། །འདི་ལ་བརྟེན་ནས་འདི་འབྱུང་བའི། །རྣམ་གཞག་ཐམས་ཅད་འཐད་པ་གཉིས། །མི་འགལ་འདུ་བ་སྨོས་ཅི་དགོས། །བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། །མཐར་ལྟ་བ་ལ་མི་བརྟེན་ཞེས། །ལེགས་གསུངས་འདི་ནི་མགོན་ཁྱོད་ཀྱི། །སྨྲ་བ་བླ་ན་མེད་པའི་རྒྱུ། །འདི་ཀུན་ངོ་བོས་སྟོང་བ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་པ་དང་། །འདི་ལས་རྨད་དུ་བྱུང་བ་གང་། །ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །བསྟོད་པར་འགྱུར་གྱི་གཞན་དུ་མིན། །རྨོངས་པས་བྲན་དུ་བཟུང་བ་ཡིས། །གང་ཞིག་ཁྱོད་དང་ཞེ་འགྲས་པ། །དེ་ཡིས་རང་བཞིན་མེད་པའི་སྒྲ། །མི་བཟོད་གྱུར་ལ་མཚར་ཅི་ཡོད། །ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །རྟེན་ནས་འབྱུང་བར་ཁས་བླངས་ནས། །སྟོང་ཉིད་ང་རོ་མི་བཟོད་པ། །འདི་ལ་ཁོ་བོ་ངོ་མཚར་གྱུར། །རང་བཞིན་མེད་ལ་བཀྲི་བའི་སྒོ། །བླ་མེད་རྟེན་ཅིང་འབྲེལ་འབྱུང་གི །མིང་ཉིད་ཀྱིས་ནི་རང་བཞིན་དུ། །འཛིན་ན་ད་ཀོ་སྐྱེ་བོ་འདི། །འཕགས་མཆོག་རྣམས་ཀྱིས་ལེགས་བགྲོད་པའི། །འཇུག་ངོགས་ཟླ་དང་བྲལ་གྱུར་བ། །ཁྱོད་དགྱེས་གྱུར་པའི་ལམ་བཟང་དེར། །ཐབས་གང་གིས་ནི་བཀྲི་བར་བྱ། །རང་བཞིན་བཅོས་མིན་ལྟོས་མེད་དང་། །རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །ཇི་ལྟ་བུར་ན་གཞི་གཅིག་ལ། །མི་འགལ་འདུ་བ་ཉིད་དུ་འགྱུར། །དེ་ཕྱིར་བརྟེན་ནས་འབྱུང་བ་གང་། །རང་བཞིན་གྱིས་ནི་གདོད་མ་ནས། །རྣམ་པར་དབེན་ཡང་དེར་སྣང་བས། །འདི་ཀུན་སྒྱུ་མ་བཞིན་དུ་གསུངས། །ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ། །རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །གླགས་མི་རྙེད་པར་གསུངས་པ་ཡང་། །འདི་ཉིད་ཀྱིས་མི་ལེགས་པར་འཁུམས། །ཅི་སླད་ཅེ་ན་འདི་བཤད་པས། །མཐོང་དང་མ་མཐོང་དངོས་པོ་ལ། །སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི། །གོ་སྐབས་རིང་དུ་མཛད་ཕྱིར་རོ། །ཁྱོད་ཀྱི་སྨྲ་བ་ཟླ་མེད་པར། །མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི །ལམ་འདི་ཉིད་ཀྱིས་གསུང་གཞན་ཡང་། །ཚད་མར་གྱུར་པ་ངེས་པ་སྐྱེ། །དོན་བཞིན་གཟིགས་ནས་ལེགས་གསུངས་པ། །ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པའི། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང་། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཨེ་མའོ་མཁས་པས་འདི་གཉིས་ཀྱི། །ཁྱད་པར་ཁོང་དུ་ཆུད་གྱུར་པ། །དེ་ཚེ་རྐང་གི་ཁོང་ནས་ནི། །ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར། །ཁྱོད་གསུངས་དུ་མ་ཅི་ཞིག་སྨོས། །ཆ་ཤས་རེ་ཡི་དོན་ཙམ་ལའང་། །འོལ་སྤྱི་ཙམ་གྱི་ངེས་རྙེད་པ། །དེ་ལའང་མཆོག་གི་བདེ་བ་སྟེར། །ཀྱེ་ཧུད་བདག་བློ་རྨོངས་པས་བཅོམ། །འདི་འདྲའི་ཡོན་ཏན་ཕུང་བོ་ལ། །རིང་ནས་སྐྱབས་སུ་སོང་གྱུར་ཀྱང་། །ཡོན་ཏན་ཆ་ཙམ་མ་འཚལ་ཏོ། །འོན་ཀྱང་འཆི་བདག་ཁར་ཕྱོགས་པའི། །སྲོག་གི་རྒྱུན་ནི་མ་ནུབ་པར། །ཁྱོད་ལ་ཅུང་ཟད་ཡིད་ཆེས་པ། །འདི་ཡང་སྐལ་བ་བཟང་སྙམ་བགྱིད། །སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། །ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །ཁྱོད་ཀྱི་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཀྱེ་མའོ་ཁྱོད་ཀྱི་བསྟན་པ་ནི། །གང་གི་རྣ་བའི་ལམ་སོང་བ། །དེ་དག་ཐམས་ཅད་ཞི་འགྱུར་ཕྱིར། །ཁྱོད་བསྟན་འཛིན་པར་སུ་མི་གུས། །ཕས་རྒོལ་མཐའ་དག་འཇོམས་པ་དང་། །ལྟག་འོག་འགལ་འདུས་སྟོང་བ་དང་། །སྐྱེ་རྒུའི་དོན་གཉིས་སྟེར་བྱེད་པ། །ལུགས་འདིར་ཁོ་བོ་སྤྲོ་བ་འཕེལ། །འདི་ཡི་ཕྱིར་དུ་ཁྱོད་ཀྱིས་ནི། །ལ་ལར་སྐུ་དང་གཞན་དུ་སྲོག །སྡུག་པའི་གཉེན་དང་ལོངས་སྤྱོད་ཚོགས། །གྲངས་མེད་བསྐལ་པར་ཡང་ཡང་བཏང་། །གང་གི་ཡོན་ཏན་མཐོང་བ་ཡིས། །ལྕགས་ཀྱུས་ཉ་ལ་ཇི་བཞིན་དུ། །ཉིད་ཀྱིས་ཐུགས་དྲངས་ཆོས་དེ་ནི། །ཁྱོད་ལས་མ་ཐོས་སྐལ་བ་ཞན། །དེ་ཡི་མྱ་ངན་ཤུགས་ཀྱིས་ནི། །སྡུག་པའི་བུ་ལ་མ་ཡི་ཡིད། །རྗེས་སུ་སོང་བ་ཇི་བཞིན་དུ། །བདག་གི་ཡིད་ནི་གཏོང་མི་བྱེད། །འདི་ལའང་ཁྱོད་གསུང་བསམ་པ་ནི། །མཚན་དཔེའི་དཔལ་གྱིས་རབ་ཏུ་འབར། །འོད་ཀྱི་དྲ་བས་ཡོངས་བསྐོར་བའི། །སྟོན་པ་དེ་ཡི་ཚངས་དབྱངས་ཀྱིས། །འདི་ནི་འདི་ལྟར་གསུང་སྙམ་དུ། །ཡིད་ལ་ཐུབ་པའི་གཟུགས་བརྙན་ནི། །ཤར་བ་ཙམ་ཡང་ཚ་བ་ཡིས། །གདུང་བ་ཟླ་ཟེར་བཞིན་བུ་སྨན། །དེ་ལྟར་རྨད་དུ་བྱུང་བ་ཡི། །ལུགས་བཟང་དེ་ཡང་མི་མཁས་པའི། །སྐྱེ་བོས་བལ་བ་ཛ་བཞིན་དུ། །རྣམ་པ་ཀུན་ཏུ་འཛིངས་པར་བྱས། །ཚུལ་འདི་མཐོང་ནས་བདག་གིས་ནི། །འབད་པ་དུ་མས་མཁས་པ་ཡི། །རྗེས་སུ་འབྲངས་ནས་ཁྱོད་ཀྱི་ནི། །དགོངས་པ་ཡང་དང་ཡང་དུ་བཙལ། །དེ་ཚེ་རང་གཞན་སྡེ་པ་ཡིས། །གཞུང་མང་དག་ལ་སྦྱངས་པ་ན། །ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས། །བདག་གི་ཡིད་ནི་ཀུན་ཏུ་གདུངས། །ཁྱོད་ཀྱི་བླ་མེད་ཐེག་བའི་ཚུལ། །ཡོད་དང་མེད་པའི་མཐའ་སྤངས་ཏེ། །ཇི་བཞིན་འགྲེལ་པར་ལུང་བསྟན་པ། །ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་གི་མུན་པ་སེལ། །ལོག་སྨྲ་རྒྱུ་སྐར་ཟིལ་གནོན་པ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་འཕྲེང་བས་གསལ་བྱས་པ། །བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གི་ཡིད་ཀྱི་ངལ་གསོ་ཐོབ། །མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར། །ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང་། །བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེན་པས་རྟག་ཏུ་གང་བར་ཤོག །བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག །འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་ཀྱིས། །ནན་ཏན་སྙིང་བོར་མཛད་བསྒྲུབས་པ་འདི། །ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་པའི། །རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །ལྷག་བསམ་དག་པས་ཚུལ་དེར་བརྩོན་པ་ན། །ཚངས་དང་དབང་བོ་འཇིག་རྟེན་སྐྱོང་བ་དང་། །ལེགས་ལྡན་ནག་པོ་ལ་སོགས་སྲུང་མས་ཀྱང་། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །།
གོང་གི་ཟིང་ཟིང་དང་ཟངས་ཟངས་ཡིན་བསམས་སོང་ལ། མཚན་དངོས་འཆི་མེད་རབ་རྒྱས་ཡིན་དྲན། ཁོང་གིས་བརྩམས་པའི་རྗེའི་རྣམ་ཐར་ཤོག་ལྡེབ་བཞི་བརྒྱ་ཙམ་ཡོད་པ་ཞིག་གྱ་གྲངས་ནང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཡོད། ཁོང་རྙིང་མའི་སྤྲུལ་སྐུ་མ་ཡིན་པར་བཀའ་བརྒྱུད་པའི་སྤྲུལ་སྐུ་ཞིག་བསམས་སོང་། གང་ལྟར་དགེ་ལུགས་པའི་གྲྭ་སར་སློབ་གཉེར་གནང་མཁན་ཞིག་རེད། ཁོང་གི་སྤྲུལ་སྐུ་དེས་ཀྱང་སེ་ར་ནས་སློབ་གཉེར་གནང་འདུག་ཅིང་། ཁྲི་ཆེན་བསྟན་པ་རབ་རྒྱས་ལ་རྗེ་ཙོང་ཁ་པའི་ལྟ་བའི་སྐོར་ནས་དྲི་བ་འདྲ་མིན་ཞིག་དྲིས་པར་ཁྲི་ཆེན་གྱིས་ལན་རེ་དང་བཀའ་བཀྱོན་རེ་ཟུང་འབྲེལ་གྱིས་གནང་བ་ཞིག་ཁྲི་ཆེན་འདིའི་གསུང་འབུམ་ཁྲོད་དུ་བཞུགས།
ཀློང་ཆེན་པའི་གསེར་ཕྲེང་དེ་མཇལ་མྱོང་མཁན་རྙིང་མའི་སྤྲུལ་སྐུ་མཁས་དབང་ཞིག་གིས་དེ་ཚིག་བཅད་རྐྱང་རྐྱང་དུ་བརྩམས་འདུག་ལ་རྗེའི་གསེར་ཕྲེང་ལྟ་བུའི་ཤོག་ལྡེབ་ལྔ་བརྒྱ་ཅན་ཞིག་མ་ཡིན་པར་ཐུང་ཐུང་ཞིག་རེད་ཅེས་གསུངས་སོང་།
ང་ཡི་བླ་མ་བློ་བཟང་གྲགས་པ་དེ། །
དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས། །
དག་པའི་ཞིང་ཁམས་གང་དུ་བཞུགས་ཀྱང་རུང་། །
བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །
ཀླུ་སྨྱོན་རིན་པོ་ཆེ་ཐུགས་རྗེ་ཆེ། ཁྱེད་ཀྱིས་སྦྱིན་པའི་འཆི་མེད་རབ་རྒྱས་ཀྱི་མིང་དེས། ཁོང་གི་རྣམ་ཐར་ཞིག་ཐོབ་བྱུང་། ངས་ནང་བསྟན་དཔེ་ཚོགས་ལྟི་གནས་ཀྱི་དྲ་རྒྱ། www.tbrc.org ལ་ཕྱིན་ནས། འཆི་མེད་རབ་རྒྱས་བཙལ་བ་ཡིན། ཁོང་གི་གསུང་འབུམ་ཁ་ཤས་འདུག གོང་དུ་གསུངས་པའི་འདྲི་བ་དེ་ཡང་འདུག
རྣམ་ཐར་རིང་ཐུང་གཉིས་འདུག དེའི་མཚན་བྱང་ལ།
རྣམ་ཐར་ནོར་བུའི་བང་མཛོད་ཞུ་གྱི་འདུག དེ་དགོས་ན་གློག་འཕྲིན་ཁ་བྱང་འཇོག་་རོགས། སྐུར་གྱི་ཡིན།
རྗེ་ཙོང་ཁ་བས་མཁྱེན་ནོ།
དུས་རབས་བཅུ་དགུ་བའི་ནང་ཁམས་ཕྱོགས་སུ་བྱོན་པའི་བསམ་གྱིས་མི་ཁྱབ་པའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྤྲུལ་སྐུ་རྫོང་གསར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞུ་བའི་རིས་མེད་ཀྱི་སྐྱེས་ཆེན་དེའི་གཟིགས་སྣང་ལ་ཡང་རྗེ་ཙོང་པ་ཡང་ཡང་བྱོན་འདུག་པ་དིལ་མགོ་མཁྱེན་བརྩེས་མཛད་པའི་ཁོང་གི་རྣམ་ཐར་དུ་འདུག་ལ། སྤྱིར་ན་ཁོང་གི་སྐུ་གོང་མ་དེ་ས་སྐྱའི་ངོར་མཁན་པོ་ཞིག་གི་ཡང་སྲིད་དུ་ངོས་འཛིན་མཛད་པ་ཞིག་རེད། དེ་བཞིན་དེ་དང་དུས་མཉམ་ལྟ་བུར་བྱོན་པའི་ཁམས་སྒ་ཡུལ་གྱི་ས་སྐྱ་པའི་གྲུབ་ཐོབ་ཆེན་པོ་བྱམས་པ་བསྟན་འཛིན་ཞུ་བ་དེའི་མནལ་ལམ་གྱི་ཐོ་ཡིག་ནང་དུ། ཡང་སྒྲུབ་པ་ལ་བརྩོན་པའི་སྐབས་རྨི་ལམ་དུ་རྒྱལ་བ་ཙོང་ཁ་པ་མཇལ་བསམས་ནས་ལུང་པ་ཞིག་གི་ནང་དུ་སོང་བས། མི་འགའ་ཤས་ཀྱིས་མགྲིན་བཟང་དེད་ནས་འགྲོ་བར་འདུག་པས་དེ་རྣམས་ལ་ཙོང་ཁ་པ་ག་བར་ཡོད་རེད་ལབ་པས། ཡ་ཤིག་ལ་ཡོད་གྲགས་ཟེར། དེ་ནས་སྤང་ལྗོངས་ཉམས་དགའ་བ་ཞིག་ནས་ཡར་ཕྱིན་པས་གུར་དཀར་པོ་ཞིག་གི་ནང་དུ་ཁྲི་མཐོན་པོའི་སྟེང་དུ། རྒྱལ་བ་ཙོང་ཁ་པ་ཞལ་འཛུམ་བག་དང་ལྡན་པ། ཚུལ་ཁྲིམས་ཀྱི་དྲི་ངལ་ཆིལ་ལེ་བ། ཆོས་གོས་རྣམ་པ་གསུམ་གསོལ་བ་བཞུགས་པ་དང་། དེའི་གཡས་ཕྱོགས་སུ་དཀྱིལ་འཁོར་བཤམས་ནས་དབང་གིས་སྒྲུབ་གནང་གིན་འདུག་པར་མཇལ་ནས། ཕྱག་དབང་ཞུས། ཁོང་གིས་ཁྱེད་འོངས་པ་ལེགས། དབང་བསྒྲུབས་ཟིན་གསུངས། དབང་ཅི་ལགས་ཞུས། བདེ་མཆོག་དཀར་པོའི་ཚེ་དབང་ཡིན་གསུངས་ཏེ་དབང་གི་ཆོ་ག་རྣམས་རྗེས་ཟློས་དང་བཅས་ཏེ་རིམ་པ་བཞིན་དུ་བསྩལ། ཡེ་ཤེས་དབབ་པའི་སྐབས་སུ། རྒྱལ་བ་དེ་ཡིས་སྤྱན་བར་སྣང་ལ་གཟིགས་བཞིན་ཕྱག་རལ་གྲི་དང་བཅས་ཏེ་བཞུགས། ནམ་མཁའ་འཇའ་སྤྲིན་འཁྲིགས་པའི་གསེབ་ནས་མེ་ཏོག་དཀར་པོའི་ཆར་དབབ་པ་དང་རང་གི་ལུས་ལ་སིམ་པས་དགའ་སྤྲོའི་ཉམས་དང་ལྡན་པ་བྱུང་ཞེས་བྲིས་གནང་ཡོད་པས། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ནི་ལས་དག་པའི་སྐྱེས་བུ་ཞིག་ཡིན་ཕྱིན་གྲུབ་མཐའ་གང་ཡིན་ལ་མ་ལྟོས་པར་དག་པའི་སྣང་བར་མཇལ་རྒྱུ་ཡོད་པ་ཞིག་ཡིན་ནོ།། ཁོ་བོར་མཚོན་ན་རྗེའི་གསུང་རབ་ལ་ཐོས་བསམ་ཆེན་པོ་རེ་མ་ཐུབ་ཀྱང་ལམ་རིམ་དང་སྔགས་རིམ་ཆེན་མོ་རྩ་ཤེས་ཊྰིཀ་ཆེན་གསུམ་ལ་གསུམ་ལ་དུས་རྒྱུན་དུ་ལྟ་རྟོག་རེ་བྱེད་པའི་ཁུལ་ཡིན་ནོ།།
ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་ལྟ་བུའི་བརྗོད་བྱ་ཙམ་མ་ཡིན་པར་རྗོད་བྱེད་ཀྱི་ཐད་ནས་བསྟན་བཅོས་རྩོམ་སྟངས་གཅིག་པོར་དཔྱད་ན་ཡང་མཁས་པ་གཞན་མང་པོས་མི་ཐོན་པའི་ཁྱད་ཆོས་མང་པོ་ཞིག་མཐོང་རྒྱུ་འདུག་གོ།
དྲ་གྲོགས་རྙིང་པ་གཞོན་ནུ་ཟླ་མེད་ལ་ལན་བསྡུས་ཞིག་ཞུ་ན་འདོད་ཐལ། །གོང་གི་མཆན་༢༨་ལས་ར་ཤེས་ཡའམ་ཨུ་རི་སིའི་ནང་གི་ཁལ་མིག་རྒྱལ་ཕྲན་གྱི་ལོ་གསར་དེ་དགའ་ལྡན་ལྔ་མཆོད་སྐབས་གཏོང་གི་ཡོད་པར་བཤད་པ་དེ་ལ་ལན་མ་ཐེབས་ཡིན་ན་ལས་སླ་བོ་རེད། མཚམས་མཚམས་སུ་རྒྱ་བོད་ལོ་སར་གཅིག་ཏུ་ཁེལ་བ་ནང་བཞིན་རེད། ཁལ་མིག་རྒྱལ་ཕྲན་ནས་ནམ་རྒྱུན་ཕྱི་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ལོ་སར་ཚེས་ཀྱིན་ཡོད་པ་རེད་འདུག ད་ལོ་དགའ་ལྡན་ལྔ་མཆོད་དང་དུས་ཚོད་གཅིག་པ་རེད་མ་གཏོགས། །ཡ་མཚན་པ་དང་དམིགས་བསལ་བ་གང་ཡང་མ་རེད། །རྗེ་རིན་པོ་ཆེའི་གསུང་ལ་དཔྱད་པ་རྫོགས་མ་རྫོགས་དང་གསུང་ཡིན་མིན་སོགས་དཔྱད་པ་དག་གཙོ་བོ་མ་རེད། མདོ་ཕྱོགས་ནས་ལམ་གཙོ་དང་སྔགས་ཕྱོགས་ནས་ཞུ་ལན་སྨན་མཆོག་གཉིས་ལ་གཟིགས་དང་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་ལོན་པར་ངེས་སོ། དེ་མིན་རྒྱས་སྤྲོས་དང་ས་བཅད་དག་ལ་ཁྱད་ཡོད་པར་སྨོས་ཅི་དགོས། མདོར་ན་ཁྱེད་རྣམ་པས་མཆན་ཐུང་དང་གསོལ་འདེབས་གནང་བ་རྣམས་ལ་མཉམ་དུ་སྨོན་ལམ་ཡོད།
དཔལ་རྒྱས་པ་རྡོར་རྗེས་གསུངས་ལན་གནང་པ་ཐུགས་རྗེ་ཆེ། ང་ལ་དྲི་བ་གཏོང་མཁན་གྱིས་དྲི་བ་འདི་འདི་ལྟར་རེད། ཁལ་མིག་སྐད་ལ་རྫོལ་ཟེར། དེ་ནི་ལྔ་མཆོད་དང་ལོ་གསར་གཉིས་ལ་ཟེར་གྱི་འདུག ད་དུང་དེ་གཉིས་ཉིན་གཅིག་རེད་ཟེར། ཁྱོད་རང་གིས་གསུངས་ན་ཁོང་ཚོའི་ལོ་ཐོ་དེ་ཕྱི་ལུགས་ཀྱི་ལོ་ཐོ་གཞིར་བཞག་གསུངས་གི་ཡོད་ས་རེད། དེ་རེད་དམ།
དེ་མིན་དྲི་ལན་སྨན་མཆོག་ཟེར་བ་འདི་རྗེའི་གསུངས་ཐོར་བུའི་ནང་དུ་ཡོད་པའི་དྲི་ལན་ཞིག་ཡིན་ས་རེད། རྗེའི་གསུངས་ལ་དགག་བཞག་གི་རྣམ་བཞག་མང་པོ་མེད་ན་ཡང་། དྲི་ལན་སྨན་མཆོག་འདི་དགག་ལན་གྱི་རྣམ་པར་མཛད་པའི་སྔགས་ཕྱོགས་ཀྱི་གསུང་ཞིག་ཏུ་སྣང་། འོན་ཀྱང་རྗེའི་གསུང་འབུམ་དུམ་པ་བཅོ་བརྒྱད་ལས། ལམ་གཙོ་དང་དྲི་ལན་སྨན་མཆོག་གཉིས་ལ་ཤོག་ལྷས་ཁ་ཤས་ལས་ཡོད་པ་མ་རེད། དེ་ཙམ་ཀློག་ན་འགྲིག་ཟེར་ན་ཅུང་མི་འཐད།
རྗེའི་གསུང་ནང་གི་དྲི་བ་ལྷག་བསམ་རབ་དཀར་དང་དེའི་དྲིས་ལན་པཎ་ཆེན་བློ་བཟང་ཆོས་རྒྱམ་པའི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་གཉིས་ཀ་འགྲོ་ཞོར་འདུག་ཞོར་ཀློག་ཐུབ་ན་བཟང་གི ཚིག་ཉུང་དོན་བསྡུས་རེད།
ཨ་ལག་དཔལ་དགྱེས་རྡོར་ཚང་།
ཨ་ལག་མི་ཕམ་ཚང་ལ་རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་བསྟོད་པ་ཟེར་བ་ཞིག་ཡོད་ལེ་རེད་ཟེར། དེ་ཁ་བཏོན་བྱས་ན་རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་ནང་བཞིན་སེམས་པ་ཚ་སྦིར་སེ་འགྲོ་ལེ་ཟེར། རྩོམ་ཡིག་དེ་འདྲ་ཡག་མོ་ཞིག་གདའ་ན། དེ་ག་ནས་རག་གི་རེད།
དགོངས་དག། དགེ་བཤེས་ཤེས་རབ་རྒྱ་མཚོ་ བཅོས་རོགས།
ཆོས་ཀྱི་ཞིང་དུ་ཆོས་ལ་ཆགས་པ་ཡིས།།
རང་ཡུལ་མཐའ་འཁོབ་བརྗེད་ལ་གསོལ་བ་འདེབས།།
སྦྱིན་བདག་སློབ་མ་མང་པོས་བསྐོར་བ་ན།།
ཨ་མ་མི་དགོས་ཁྱོད་ལ་གསོལ་བ་འདེབས།།
ཨ་མ་ཨ་མདོར་འཕྲེང་སེམས་མེད་པ་ཡི།།
ཨ་མདོ་སྣ་བོ་ཆེ་ལ་གསོལ་བ་འདེབས།།
ཨམ་ཕྲུག་ང་ཡིས་འདི་ལྟར་གསོལ་བཏབ་མཐུས།།
ཨ་མདོའི་ཨ་འཐས་ཞེན་པ་ཆོད་པར་ཤོག།
འགྲོ་ཀུན་ས་རིས་དབྱེ་བ་མ་བཅད་པར།།
ཀུན་སྙོམས་སེམས་ཀྱིས་ཀུན་ལ་ཁྱབ་པར་ཤོག།
ཤ་ཟན་དམར་པོ་ནས་ཤ་ཟ་མཁའ་འགྲོ་འབུམ་གྱི་གྲོགས་དང་བཅས་གསོལ་བ་བཏབ་པ་དགེའོ།
འཕྲེང་ནོར། འཁྲེང་།
ཕྱོགས་འདིར་སྔོན་གཞན་གྱིན་མ་མྱངས་པའི། ༷ཞེས་པར་གྱིན་ལ་གྱིས་ཞེས་ཀློག་པར་མཛོད་ཞུ་བ་ལགས།
དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས།
སྒོམ་རྣམས་ཀུན་ཀྱི་དང་པོའི་མགོ
རྒྱ་གར་སྐད་མཚུངས་རང་རྒྱུད་ལ།
ལེགས་པར་བརྟག་པ་ཡིན་ནོ་ཞེས།
ཟླ་མེད་བླ་མ་མཆོག་དེ་བཞེད།།
ཚིགས་བཅད་འདི་བཀླགས་ནས། བླ་བཟང་བཞད་པོའི་ཞེས་པར་བློ་བཟང་བཞེད་པའི་ཞེས་མ་ཡིན་ནམ་སྙམ་པའི་དོགས་པ་ཞིག་ཤར། ཟླ་མེད་བླ་མ་མ༷ཆོག་དེ་བཞེད། ཅེས་པ་འཇམ་མགོན་བླ་མ་རྗེ་བློ་བཟང་གྲགས་པ་ལ་ཞུ་བ་༷ཡིན་ནམ། བློ་བཟང་ཆོས་ཀྱི་རྒྱལ་མཚན་ཆེན་པོས་རང་ཉིད་ཀྱི་དངོས་ཀྱི་བླ་མ་ཞིག་ལ་ཞུ་བ་༷ཡིན་ནན་ཏན་རང་མ་ངེས་སོ།།
ཡོངས་གྲགས་སུ་དྲིས་ལན་འདིའི་ནང་གི་ཁྱོད་ཅེས་པ་དེ་རྗེ་ཙོང་ཁ་པར་གོ་དགོས་ཞེས་དགེ་རྒན་རྣམ་པས་གསུང་གིན་འདུག དཔེར་ན། ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། །ཅེས་པའི་སྐབས་སོགས་སུའོ།།
སྤྱིར་རྗེ་རིན་པོ་ཆེ་ནི་བོད་མི་རིགས་ལ་སྐུ་དྲིན་ཆེན་པོ་ཡིན་པ་སྨོས་མེད་རེད། རྒྱུ་མཚན་ནི་ཁོང་གིས་བརྩམས་པའི་བསྟན་བཅོས་ལས་དཔོག་ནུས། ཡིན་ན་ཡང་ཁོང་གི་སྲས་ཀྱི་ཐུ་བོ་གཉིས་ཡོད་པ་ལས་མཁས་གྲུབ་རྗེ་ནི་རྗེ་རིན་པོ་ཆེའི་བསྟན་པ་ལ་ཕ་རོལ་ནས་དགོངས་པ་དཔྱིས་ཕྱིན་པར་མི་ཤེས་པའི་དབང་གིས་རྒོལ་བ་དེ་དག་ལ་དགག་ལན་གྱི་སྒོ་ནས་གསལ་བཤད་ཀྱིས་དག་ཐེར་གནང་བ་ནི་དེ་བས་ཀྱང་སྐུ་དྲིན་ཆེ་བ་རེད་འདུག་སྙམ།
སྤྱིར་རྗེ་རིན་པོ་ཆེ་ནི་བོད་མི་རིགས་ལ་སྐུ་དྲིན་ཆེན་པོ་ཡིན་པ་སྨོས་མེད་རེད། རྒྱུ་མཚན་ནི་ཁོང་གིས་བརྩམས་པའི་བསྟན་བཅོས་ལས་དཔོག་ནུས། ཡིན་ན་ཡང་ཁོང་གི་སྲས་ཀྱི་ཐུ་བོ་གཉིས་ཡོད་པ་ལས་མཁས་གྲུབ་རྗེ་ནི་རྗེ་རིན་པོ་ཆེའི་བསྟན་པ་ལ་ཕ་རོལ་ནས་དགོངས་པ་དཔྱིས་ཕྱིན་པར་མི་ཤེས་པའི་དབང་གིས་རྒོལ་བ་དེ་དག་ལ་དགག་ལན་གྱི་སྒོ་ནས་གསལ་བཤད་ཀྱིས་དག་ཐེར་གནང་བ་ནི་དེ་བས་ཀྱང་སྐུ་དྲིན་ཆེ་བ་རེད་འདུག་སྙམ།
སྤྱིར་བཏང་ལེགས་བཤད་གསེར་ཕྲེང་ལྟ་བུ་ལ་ཁོ་བོས་ལོ་མང་རིང་སློབ་གཉེར་བྱས་པའི་ཁུལ་ཡིན་ཀྱང། དེའི་ནང་མཁས་པ་གཞན་གྱི་འདོད་པ་མང་དག་ཅིག་བཀོད་གནང་འདུག བྱས་ཙང་དེའི་འཁྲུལ་གཞི་བྱས་ནས་གདན་ས་ཁག་གི་ནང་དུ་མཁས་དབང་རི་འདྲ་བ་དེ་དག་གིས་ཀྱང་ལེགས་བཤད་གསེར་ཕྲེང་དེ་རྗེ་རིན་པོ་ཆེའི་རང་ལུགས་མ་རེད་ཟེར་མཁན་ཡང་ཡོང་གིན་ཡོད། གང་ཡིན་ཟེར་ན། དེའི་ནང་དུ་མཚམས་རེས་སེམས་ཙམ་པའི་འདོད་པ་སྟེ་ཀུན་གཞི་དང་ཉོན་ཡིད་ཀྱི་རྣམ་གཞག་ཡོད་པའི་ཟོ་འདྲ་པོ། ཡང་མཚམས་རེས་དབུ་མ་ཐལ་འགྱུར་བའི་ལུགས་གཞིར་བཞག་ཡིན་པའི་ཟོ་འདྲ་པོ། ཡང་མཚམས་རེས་དབུ་མ་རང་རྒྱུད་པའི་གྲུབ་མཐའ་གཞིར་བཞག་པའི་བཟོ་འདྲ་པོ་མང་དག་ཡོད། བྱས་ཙང། ཉེ་ཆར་གསེར་ཕྲེང་བགྲོ་གླེང་གཅིག་གི་སྐབས་སུ་མཁས་དབང་གཅིག་གིས། གསེར་ཕྲེང་གི་ཚིག་ཟིན་དང་སྒྲས་ཟིན་དང་དངོས་ཟིན་གསུམ་གྱི་ཐད་ལ་གྲུབ་མཐའ་མི་འདྲ་བ་གསུམ་གྱི་ལུགས་ཡིན་ཟེར་བཀོད་འདུག་པ་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང། ཁྱེད་ཀྱིས་བལྟས་ན་གང་འདྲ་འདུག
དམིགས་མེད་བརྩེ་བའི་བདེ་ཆེན་སྤྱན་རས་གཟིགས།
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།
དུག་གསུམ་མ་ལུས་འཇོམས་མཛད་གསང་བའི་བདག
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།
མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།
ངས་འདི་ན་འབྲེལ་འཇོག་གི་གསོལ་འདེབས་གཞན་བྲིས་མ་ཞིག་བཀོད་ན
ཙོང་ཁ་བ་ཆེན་པོའི་བསྟོད་པ་ཤར་གངས་རི་མ།
ན་མོ་གུ་རུ། ཤར་གངས་རི་དཀར་པོའི་རྩེ་མོ་ན།། སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ།། དེ་མཐོང་བའི་མོད་ལ་བླ་མ་དྲན།། དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ།།
སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན།། འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར།།
མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ།། ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས།།
ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས།། ཆོས་ཟབ་ལ་ཤིན་ཏུ་རྒྱས་པར་གསུངས།།
བོད་ཁ་བ་ཅན་གྱི་སྐལ་ལྡན་ལ།། མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ།།
སྒོས་སྙོམས་ལས་འཛིན་པའི་དགེ་འདུན་གྲུབ།། བློ་ཅུང་ཟད་ཆོས་ལ་ཕྱོགས་པ་འདི།།
རྗེ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ཡིན།། དྲིན་ཆེ་བར་ངེས་སོ་ཡབ་སྲས་རྣམས།།
དུས་འདི་ནས་བྱང་ཆུབ་སྙིང་པོའི་བར།། རྗེ་ཡབ་སྲས་ཁྱེད་རྣམས་མ་གཏོགས་པར།།
སྐྱབས་རེ་ས་གཞན་དུ་མི་འཚོལ་བས།། ཐུགས་བརྩེ་བའི་ལྕགས་ཀྱུས་དྲང་དུ་གསོལ།།
དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང་།། སེམས་ཆགས་སྡང་དབང་དུ་མ་སོང་བར།།
མགོན་ཁྱེད་ཀྱི་བསྟན་པ་འཛིན་པ་ལ།། དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།།
ལར་ ད་ལྟ་གངས་རིའི་ཁྲོད་འདི་ན།། རང་བསྟན་པ་འཛིན་པར་ཁས་ལེན་ཞིང་།། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།།
གཞན་ ཕུང་བར་འདོད་པའི་ཀུན་སློང་དང་།། རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང་།། ལམ་མཐོན་པོར་གནས་པའི་ཁས་ལེན་བྱེད།། འདི་བརྟག་ན་ཀུན་གྱིས་ཁྲེལ་བའི་རྒྱུ།།
ལམ་ གོལ་སར་རྒྱས་པའི་སྡུག་ཡུས་ཀྱིས།། ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ལ།། རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན།། གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།། དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར།། གཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང་།། འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།། གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།།
དོན་དེ་ལྟར་གོ་བའི་བཤེས་གཉེན་ང་།། སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་བསམ།།
སྒོས་ ཆོས་མཛད་ཡོངས་ལ་དག་སྣང་སྦྱོང་།། དགྲ་ནང་ན་འདུག་པའི་ཉོན་མོངས་འདུལ།། མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས།། ཡིད་ཕྱོགས་སུ་ལྷུང་བས་མི་འཆིང་བར།།
བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས།། ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས།།
གཏམ་ འདི་ལ་བརྟེན་ནས་འགྲོ་བ་རྣམས།། བྱམས་སྙིང་རྗེས་དྲངས་པའི་སེམས་བསྐྱེད་དང་།། དབྱིངས་སྤྲོས་བྲལ་རྟོགས་པའི་ལྟ་བ་ཡིས།། དཔལ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག།
སྐུ་ལ་མཚན་དཔེའི་དཔལ་འབར་ཞིང་།། གསུང་དབྱངས་ཡན་ལག་དྲུག་ཅུས་བརྒྱན།། ཐུགས་ནི་ཟབ་ཡངས་མཁྱེན་བརྩེའི་གཏེར།། དཔལ་ལྡན་བླ་མའི་བཀྲ་ཤིས་ཤོག།
ཅེས་པ་འདི་ནི་ཐམས་ཅད་མཁྱེན་པ་ཆེན་པོ་དགེ་འདུན་གྲུབ་པ་དཔལ་བཟང་པོས་གདུང་དབྱིངས་སུ་མཛད་པའོ།།
གྲོགས་གཞོན་ནུ་ཟླ་མེད་ལགས། རེད་ལགསང་ལ་ར་ཤ་གྲོགས་པོ་སྨན་པ་འགའ་རེ་དེ་ན་ཡོད་པས་ཡོངས་གྲགས་ལ་དུས་ཆེན་དུ་ངོས་འཛིན་རེད་ལབ་སོང། མ་ཚད་རིག་པ་ཆོས་ཚོགས་ཀྱི་ལོ་ཐོ་ལས་དེ་ལྟར་དབྱིན་ཡིག་ཐོག་ལ་བཤད་འདུག ང་རང་གིས་བསམ་ན་ཕྱི་ལོ་ཧོར་ཟླ་འགྲོ་སྟངས་ཞིག་རེད་བསམ་ཡོད། ཞུ་ཉེས་འདྲ་སོང་ཡོད་ན་མཐོལ་ལོ་བཤགས། རྫོལ་སྐད་དེ་ད་རེས་མ་གཏོགས་གོ་མྱོང་བོན་ཟེར་བ་ནང་བཞིན་གོ་གཉིས་ཆོད་ཅན་ཞིག་ཡིན་པ་འདྲ་བས་ལན་མི་ཐེབས་སེམས་ཐག་རེད། ཁྱོད་རེ་བདེན་ནོ། ཡིན་ན་ཡང་རྗེ་རིན་པོ་ཆེའི་གསུང་ཚང་མ་བཀླགས་མྱོང་ཡང་ང་རང་ལ་བག་ཆགས་ཟབ་ཤོས་དེ་ལམ་གཙོ་དང་སྨན་མཆོག་གཉིས་སེམས་ལ་ཤིན་ཏུ་འཕྲོད་པ་ཞིག་བྱུང་ནས་ཞུས་པ་ཡིན། ཁྱེད་རྣམ་ལ་གཞོན་ནུ་རྒྱས་སྤྲོས་ལ་དགའ་བ་ཚོ་ལ་ཨ་ལ་ལ་དྲང་ངེས་དང་འཇུག་ཊིཀ་སོགས་ལ་གཟིགས་ན་གོ་མྱོང་རྟོགས་པ་ཡོང་གི་རེད། ང་ལ་མཁོ་བ་དེ་ནང་ནས་སྨན་མཆོག་དེ་ཕྱི་གླིང་མཐའ་འཁོབ་འདི་ཚོ་ནས་ད་སྔོན་བློ་ཡི་མོག་མོག་དེ་ལས་ཡི་གེ་རྙེད་ཀྱིན་མི་འདུག་པས་རེ་ཆེན་པོས་མཐེ་བོང་དེ་བཙོང་དགོས་ཐུག་སོང་བས་དགོངས་དག གྲྭ་ས་ཚོ་ནས་རྗེ་རིན་པོ་ཆེའི་གསུངས་མཐོང་ཆེ་ཆུང་ག་ཚོད་ཡོད་ང་ཚོའི་ཤེས་རྒྱུ་དེ་རེད། དགག་བཞག་གི་རྣམ་བཞག་མང་པོ་ལ་བལྟ་འདོད་ཡོད་ན་གོ་ཤྰཀ་སྟག་གི་བརྒལ་ལེན་ཚོ་ལ་གཟིགས་དང་གཞོན་ནུ་ཁྱེད་ལྟ་བུ་རྣམས་ཤ་ཟིང་སྤུ་ཟིང་འབྱུང་གི་རེད་བསམ། གོང་དུ་འགའ་རེས་རྗེས་རིན་པོ་ཆེས་དབང་མ་བསྐུར་བ་དང་སྔགས་མི་འཆད་པ་དེ་ཆེ་ཆོས་སུ་བཟུང་ན་ཧ་ཅང་ཐལ་ཤེས་སོ་སྙམ་མོ། མདོར་ན་མཆོག་གིས་སྨན་མཆོག་ཤོག་ལྷེབ་ཁ་ཤས་དེ་བདག་ལ་བསྐུར་རོགས་མཁྱེན། མ་ཚད་བཟང་ངན་ག་རེ་བཤད་ན་ཡིག་ཟོམ་ཐོག་ལ་ཤོག་khenchenlama@yahoo.comདང་ཁ་བརྡ་དལ་མོ་ཞུ་ཆོག ། ཤྲྰིས་སོ
བཀའ་གདམས་རྙིང་མ་ཇོ་བོ་སྐུ་མཆེད་སྐབས་དང་། བཀའ་གདམས་གསར་མ་དགེ་ལྡན་རྗེ་ཡབ་སྲས་གསུམ་དང་རྡོ་རྗེ་མཆེད་གསུམ་སྐབས་ལ་གསང་སྔགས་ཤིན་ཏུ་སྦས་ནས་འཆད་སྤེལ་གནང་བ་ལ་རྗེས་སུ་ཡི་རང་བ་ཆེན་པོའི་གནས་སུ་མཐོང་ངོ་། །
།ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །སྟོན་པ་དེ་ལ་བདག་ཕྱག་འཚལ།
༄༅། །རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ལ་སྒོ་གསུམ་གུས་བས་ཕྱག་འཚལ་ལོ། །
རྗེ་ཙོང་ཁ་པས་ཐོག་མར་སྨོན་ལམ་ཆེན་མོ་བཙུགས་དུས་སྦྱིན་བདག་གཙོ་བོ་དེ། བོན་པོའི་ཡོག་ཐང་དགོན་པའི་དཔོན་སློབ་མང་པོས་འབུལ་བ་རྒྱ་ཆེན་ཕུལ་བ་ལས་སྨོན་ལམ་ཆེན་མོ་ཐོག་མར་འཚུགས་པའི་སྐོར། དགེ་བཤེས་ཤེས་རབ་རྒྱ་མཚོ་ཞེས་པ་ཡིན་པ་ཡོད་ཁོང་གིས་བརྩམས་པའི། རྗེ་ཙོང་ཁ་པའི་རྣམ་ཐར་གཅིག་གི་ནང་དུ་ཀུན་མཁྱེན་ཟང་ཟང་བའི་ཞལ་ལུང་ནས་ལུང་དྲངས་བ་ཞིག་ལོ་མང་སྔོན་ཀློག་སྨྱོང་བས་དྲན་པ་གསལ་པོ་རང་མིན་འདུག་པས་འདི་སྐོར་མཁྱེན་མཁན་ཡོད་དམ།།།།།་ དྲྭ་རྒྱ་འདིར་གཟིགས་དང། དགེ་བཤེས་ཁོང་འདི་ཡིན་པ་འདྲ།http://www.lhasan.cn/Item/Show.asp?m=1&d=71
འཇམ་དབྱངས་མི་ཡི་རྣམ་རོལ་ལ། །
ས་སྐྱ་པཎ་ཆེན་དང་པོ་དང་། །
ཀློང་ཆེན་རབ་འབྱམས་གཉིས་པའི་ཐོག །
ཙོང་ཁའི་བློ་གྲགས་གསུམ་པ་ཞེས། །
འཇམ་དབྱངས་རྣམ་གསུམ་བཞེད་པའང་ཡོད། །
བཀའ་གདམས་གསར་རྙིང་ཡུན་གནས་ཤོག །
`ཨོ་བཀའ་དྲིན་ཆེ་དྲ་གྲོགས་དགའ་ལྡན་ལྔ་མཆོད་ལ་ཕེབས་པ་ཚོ། ད་ནི་བཟང་གི་རྔ་མ་རྒྱན་ཞེས་པའི་དཔེ་བཞིན་ལེགས་གྲུབ་བྱུང་ཟིན་པས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་སྦྱར་བཅས་གྲོལ་བ་ཡིན། བདེ་མོ་ཕེབས།
ཨེ་མ་ཧོ། །
རྣམ་དག་རྒྱལ་བའི་བསྟན་པ་དར་ཞིང་རྒྱས། །
རྣམ་དཀར་ཕན་བདེའི་ལེགས་ཆར་དུ་སྨིན། །
རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ནས། །
རྣམ་གྲོལ་གཏན་བདེའི་ས་ལམ་མཐར་ཕྱིན་ཤོག །
ཤྲྰིས་སོ།།
༄༅། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། །ཨརྱ་བྷ་དྲ་ཙརྱ་པྲ་ཎི་དྷ་ན་ར་ཛྰ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།།དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བརྒྱའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།།རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ནས་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སཔོས་དམ་པ་ཡི། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་འཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གི་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། སྡིག་པ་དག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། འགྲོ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་རྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། ། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡང་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུ་བུམ་དག་དང་མི་ཡི་སྐད་རྣམས་དང། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་འགྱུར་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ནི་རྟག་ཏུ་འགྲོགས་པར་ཤོག །ལུས་དག་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོའི་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །དེ་དག་རྟག་དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་ལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱུང་ཆུབ་སྤྱོད་པ་རྣམ་པར་སྦྱང་བ་ཡང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་ལས། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང། །བསྐལ་བ་རྒྱ་མཚོ་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡིས། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱི་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་བ་ཐམས་ཅད་འཇུག་པ་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་བ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་ཀུན་གྱི་སྤྱོད་ཡུལ་ལ། །སྒྱུ་མ་གྱུར་པའི་རྣམ་ཐར་སྟོབས་ཀྱི་འཇུག །གང་ཡང་དུས་གསུམ་དག་གིཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཞིང་གི་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐར་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུན་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་རྣམས་དང། །ཆགས་པ་མེད་པ་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་འགྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་བ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གི་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར། །ཀུན་ནས་དགེ་བ་བཟང་པོ་སྤྱད་པའི་ཕྱིར། །འཇམ་དཔལ་གྱི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་བ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཁྲུལ་བ་ཐམས་ཅད་འཚལ་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་ལས་དང་ཉོན་མོངས་མཐར་གྱུར་བ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་རྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་བར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་སྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་གྱུར། །དེས་ནི་གྲོགས་པོ་ངན་པ་སྤོང་པ་སྤོང་བ་ཡིན། །སྣང་མཐའ་ཡས་དེ་ཡང་དེས་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག། །དེ་ཡི་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་དག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བ་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པད་མོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་ཐམས་ཅད་འབྱོར་བར་ཤོག །བཟང་པོ་སྤྱོད་པ་ཡོངས་སུ་བསྔོས་པ་ལས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། །།
འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ་འདི་གསུངས་པ་པོ་འམ་མཛད་པ་པོ་སུ་ཡིན་ནམ།
བཟང་བོ་སྤྱོད་པའི་སྨོན་ལམ་འདི་སངས་རྒྱས་ཤྰཀྱ་ཐུབ་པས་གསུངས་པའི་མདོ་རེད། ཡང་དཔལ་རྒྱས་པ་རྡོ་རྗེ་ལགས་ལ་དྲི་ལན་གནང་པ་ཐུགས་རྗེ་ཆེ། དྲི་ལན་སྨན་ཆོག་དེ་ངའི་ལག་སྣེ་ཞིག་ན་མེད། ག་དུས་ལག་ལ་འབྱོར་ན་ངེས་པར་དུ་ཕུལ་ངེས། དེ་མིན་བགྲོ་གླེང་ཟེར་ན་ངས་བགྲོ་གླེང་བྱེད་ཤེས་ནི་མ་རེད། རང་ཉིད་ལ་བློ་བསྐྱེད་རགས་པའི་ཆེད་དུ་ནམ་རྒྱུན་ཆ་ལ་ཆོ་ལེ་འདྲ་བཤད་ནས་ཕར་ཕྱོགས་ནས་ཚུལ་ལེན་བྱེད་བཞིན་ཡོད། ཁྱོད་རང་གི་གསུངས་དག་ལ་ལྟོས་ན་ངའི་མཐོ་རྒྱག་དམའ་རྒྱག་གི་སྐད་ཆ་དེ་ཚོ་ང་རང་རང་གི་ཉེས་བ་བསགས་བྱེད་ཙམ་ལས་མི་འདུག་པས། གནས་སྐབས་ང་ཚོ་དྲ་ཐོག་ནས་བགྲོ་གླེང་གནང་ན་དེ་ག་རང་ལེགས་བསམ།
གཞོན་ནུ་ཟླ་མེད་ལགས་བཀའ་དྲིན་ཆེ། ལོ་ཙ་བ་སུས་བོད་སྐད་དུ་བསྒྱུར་བ་ཡིན་ནམ།
བླ་མ་མཁན་པོ་སྤྲུལ་སྐུ་རིན་པོ་ཆེ་དཔལ་དགྱེས་རྡོར་ལགས་སུ། མཆན་ཨང་༤༨་ན་དྲི་བ་ཞིག་ཕུལ་ཡོད་དེ། དེ་ལ་བཀའ་ལན་མེད་པར་བལྟས་ན། ལམ་མཐོན་པོ་རྐྱང་ལ་བཞུགས་པ་མང་དྲག་ནས་ལམ་ཆུང་ངུར་འཇུག་མཁན་དག་གཟིགས་ལེ་མིན་པ་ཨེ་རེད། ཧ་ཧ་ཧ གཏམ་ཀུ་རེ་ཡིན་ཟོ།
བཟང་སྤྱོད་སྨོན་ལམ་མཛད་པ་པོ་ནི་སངས་རྒྱས་ཤྰཀྱ་ཐུབ་པ་མ་རེད། དེའི་ལོ་རྒྱུས་ལྟ་བུ་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཞེས་ཀྱང་བྱ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་ཀྱང་བྱ་བ་དེར། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་གཅིག་ཏུ་བསྡུས་པའི་རྟེན་ལོངས་སྤྱོད་རྫོགས་པའི་སྐུ་ནི། རྣམ་པར་སྣང་མཛད་གངས་ཆེན་མཚོ་ཆེན་པོ་ཞེས་བྱ་བ་དེ་ཡིན་ལ། དེའི་ཐུགས་ཀ་ནས་བྱུང་བའི་སྲས་ནི་རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་དེ་ཡིན་ལ། རྒྱལ་སྲས་ཆེན་པོ་དེ་ཉིད་ཀྱིས་འོག་མིག་སྟུག་པོ་བཀོད་པའི་གནས་དེར་སངས་རྒྱས་དང་བྱང་སེམས་ཀུན་གྱི་སྨོན་ལམ་གྱི་སྙིང་པོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འདི་བཏབ་པ་ཡིན་ལ། སངས་རྒྱས་ཤྰཀྱ་ཐུབ་པས་དེ་མདོ་སྡེའི་སྡེ་སྣོད་ཀྱི་ཁོངས་སུ་ཕྱོགས་བསྒྲིགས་མཛད་པ་ཡིན་པས། སངས་རྒྱས་ཤྰཀྱ་ཐུབ་པ་ནི་མདོ་སྡེ་འདི་རྩོམ་པ་པོ་མ་ཡིན་པར་རྩོམ་སྒྲིག་པའམ་རྩོམ་སྒྲིག་འགན་ཁུར་བ་རེད།
སྨོན་ལམ་ཆེན་པོ་འདི་ནི་ཚོང་དཔོན་གྱི་བུ་ནོར་བུ་བཟང་པོས་དགེ་བའི་བཤེས་གཉེན་བརྒྱ་རྩ་བརྒྱད་བསྟེན་ནས་ཐེག་པའི་ཆེན་པོའི་ལམ་ལ་བློ་སྦྱངས་པའི་མཇུག་ཐོགས་སུ་རྒྱལ་སྲས་ཀུན་ཏུ་བཟང་པོས་ནོར་བཟང་གི་ཆེད་དུ་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་དག་ཏུ་སངས་རྒྱས་རེ་རེའི་སྤྱན་སྔར་ཀུན་ཏུ་བཟང་པོ་རེ་རེ་བཞུགས་པའི་སྤྲུལ་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་དང་། དེ་ནས་ཕྱག་གླང་པོའི་སྣ་ཞགས་ལྟར་བརྐྱངས་པ་ནོར་བཟང་གི་དབུ་ལ་བཞག་པའི་སྒོ་ནས་སྨོན་ལམ་གྱི་རྒྱལ་པོ་འདི་ཚིགས་སུ་བཅད་པའི་དབྱངས་ཀྱིས་བཏབ་པ་ཡིན་ནོ།།
གལ་སྲིད་དེ་ལྟ་བུའི་ལོ་རྒྱུས་ཅན་གྱི་བཟང་སྤྱོད་སྨོན་ལམ་འདི་སངས་རྒྱས་ཤྰཀྱ་ཐུབ་པས་མཛད་པར་འཇོག་དགོས་ན། འོད་སྲུང་ཆེན་པོ་སོགས་དགྲ་བཅོམ་པ་དག་གིས་འདི་སྐད་བདག་ཐོས་ཀྱི་སྒོ་ནས་སངས་རྒྱས་ཀྱི་གསུང་དག་བཀའ་བསྡུ་མཛད་པས། དགྲ་བཅོམ་པ་དེ་དག་བཀའ་བསྡུ་བ་པོར་མི་འཇོག་པར་བཀའ་དེ་དག་གི་མཛད་པ་པོར་འཇོག་པར་ཐལ་ལོ།།
གོང་དུ་སངས་རྒྱས་ཤྰཀྱ་ཐུབ་པས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཕྱོགས་བསྒྲིགས་མཛད་པ་རེད་ཅེས་པ་དེ་རྣ་བར་བདེ་བོ་མེད་ན་སངས་རྒྱས་ཀྱིས་སྨོན་ལམ་འདི་བརྒྱུད་བསྒྲགས་བྱས་པ་རེད་ཅེས་བརྗོད་ཆོག དེ་བས་ཁོང་གི་སྨོན་ལམ་འདིའི་བརྒྱུད་པའི་བླ་མའི་གྲས་སུ་བཞག་ཆོག་གི་རེད། ཕྱོགས་བསྒྲིགས་པ་པོ་ནི་དགྲ་བཅོམ་པ་དག་ཡིན་ཞེས་སྨྲ་ཡང་ཆོག་གོ
སྨོན་ལམ་འདི་བསྒྱུར་མཁན་ནི་རང་རེའི་ཡིག་སྒྱུར་པ་སྔ་ཤོས་ཀྱི་གྲས་ཀ་བ་དཔལ་བརྩེགས་ཡིན་བསམས་སོང་། མིན་ན་དགོངས་དག
ཨ་ཁ་ཁ་ཡང་ཀླུ་སྨྱོན་འདིས་ཡིན་ཙི་ནང་ལ་མིན་ཙི་བསྲེས། ཕྱ་ལེ་བཅད་ནས་བསྲེགས་ཤ་བྱེད་བཞིན་འདུག སྟོན་པ་འདིའི་དབང་དུ་བྱས་པའི་བཀའ་དང་བསྟན་བཅོས་གཉིས་ཡོད་པ་ལས། བཀའ་ཐམས་ཅད་ཤྰཀྱ་ཐུབ་པའི་བཀའ་རེད། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། གསར་འོད་རྔ་སྒྲ་ལ་སོགས་པ། ད་དུང་ཤེར་སྙིང་སྤྱན་རས་གཟིགས་དང་ཤྰ་རིའི་བུ་གཉིས་ཀྱི་དྲི་བ་དྲི་ལན་ལྟ་བུར་བཀོད་ཡོད་ན་ཡང་སངས་རྒྱས་ཤྰཀྱ་ཐུབ་པའི་བཀའ་རེད། བཀའ་ལ་འཇོག་པའི་ཚད་གཞི་ཞིག་ཡོད་པ་རེད། དེ་མིན་དེའི་ངག་དུ་བརྒྱུད་པ་ཙམ་ལ་ཟེར་གྱི་ཡོད་པ་མ་རེད།
དཔེ་ཆུང་ཆུང་ཞིག་བཀོད་ན། རྡ་ས་ནས་གནས་ཆུང་ཕེབས་སྐབས་སུ། ལྷ་ཞུགས་སའི་གྲྭ་བ་དེའི་ཁ་ནས་ཡོང་གི་ཡོད་ན་ཡང་། གྲྭ་བ་དེས་བཀའ་མ་རེད། ཡང་དྲུང་ཡིག་དེས་བཀོད་ཀྱི་ཡོད་ན་ཡང་དྲུང་ཡིག་དེའི་བཀའ་མ་རེད། དེ་ནི་རང་དབང་གིས་ཐག་གཅོད་སུས་བྱེད་པ་དེ་ལ་རགས་ལས་ནས། གནས་ཆུང་གི་བཀའ་ལུང་ཕེབས་སོང་ཟེར་གི་ཡོད་པ་རེད།
གོང་གི་མཆན་༦ པ། འབུམ་དྲུག་ཚེ་རིང་ཟེར་བ་དེས། ༼ཉིན་དེའི་དཔེ་འཁྲིད་ནི་མངོན་རྟོགས་རྒྱན་ཟེར་བ་ཞིག་རེད། དེ་ཡང་ཨ་ལག་མི་ཕམ་ཚང་གི་འགྲེལ་བ་ལས་འཁྲིད་གི་འདུག བར་སྐབས་ཤིག་རྗེ་རིན་པོ་ཆེའི་སྐོར་ལའང་འཁྱུག་ཙམ་འཕྲོས་སོང་༽ཁོས་འདི་འདྲ་ཞིག་བཤད་ནས། ཆོས་ལུགས་བར་གྱི་འགལ་ཟླའི་ས་བོན་ཞིག་བསྐྲུན་ཀྱིན་འདུག་ཀྱང་མཁྱེན་བགྲོ་གླེང་བ་ཚོས་དེར་དོ་སྣང་གནང་མེད་པ་ཡི་རང་ཞུ།
ཁོས་ཆོས་ལུགས་བར་གྱི་དབྱེན་དཀྲུག་ཞིག་བཟོ་འདོད་པ་ཙམ་ལས། ཁོའི་གཏམ་ལ་ཁུངས་གཏན་ནས་མེད། གང་ཡིན་ཟེར་ན། ཁོས་བཤད་དོན། ཨ་ལག་མི་ཕམ་ཚང་གི་མངོན་རྟོགས་རྒྱན་གྱི་འབྲེལ་བ་ཞིག་དཔེ་ཁྲིད་བྱེད་ཀྱིན་འདུག་ལན་པ་དེ་རེད། རྙིང་མའི་ཆོས་བརྒྱུད་ནང་གི་མི་ཕམ་ཚང་གི་གཞུང་མདོ་གཞུང་ཡག་པོ་ཞིག་མེད་ས་གཅིག་ནི། ཤེར་ཕྱིན་དེ་ཡིན་པ་རེད། མི་ཕམ་གྱིས་མཛད་མེད་ནའང་འབུམ་དྲུག་ཟེར་བས་དེ་འདྲ་ཞིག་ཐོས་པ་ནི། ངོ་མ་ཡ་དབྱེན་སྦྱོར་གྱི་ཁྲག་རླུང་འཁོལ་སྟངས་ཡ་མཚན་ཞིག་རེད།
རྙིང་མ་ཚང་གི་ལེགས་བཤད་གསེར་ཕྲེང་ཀློང་ཆེན་པའི་གསུངས་རེད་ཟེར་ནས། གསུངས་མཁན་ལམ་ལུགས་ཡོད་པ་ཞིག་གཏན་ནས་མེད་པ་ཡིན་པ་མ་ཟད། དེ་ནི་རྙིང་མའི་ལྟ་གྲུབ་དང་མཐུན་ས་མང་བརྟེན་ཙོང་ཁ་པ་ལ་དད་དམ་བྱེད་ཀྱི་རེད།
མ་ཟད་མང་ཤོས་ཀྱིས་དགེ་ལྡན་པའི་ནང་གི་བཤད་སྒྲོས་དག་ཀྱང་འཆད་ཀྱི་རེད།
ཀླུ་ཚང་ལགས། ཁྱེད་གསན་རྒྱ་ཆེན་པོ་ཡིན་ས་རེད་དེ། བླ་མ་མི་ཕམ་སང་ལ་ཤེར་འགྲེལ་ཡོད་པ་རེད། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྜ་རི་ཀའི་དོ་ཤལ་ཟེར་བ་དེ་རེད། གསུང་འབུམ་པ༽པའི་ནང་དུ་ཡོད། མི་ཕམ་རིན་པོ་ཆེའི་ཕྱག་མཆན་དཀྱུས་སུ་ཕབས་པ་ཞིག་ཡིན་ཡང་མི་ཕམ་གྱི་གསུང་དང་གཅིག་པར་བརྩི་གི་ཡོད། དེ་མིན་རྙིང་མ་ཚང་གི་ལེགས་བཤད་གསེར་ཕྲེང་ཀློང་ཆེན་པའི་གསུངས་རེད་ཟེར་ཟེར་བ་དེ་རྫུན་རེད། རྙིང་མའི་ཆོས་བརྒྱུད་ཡིན་པའི་མི་རེ་ཟུང་གིས་དེ་འདྲ་བཤད་ཀྱི་ཡོད་ཀྱང་དེ་ནི་གང་ཟག་གཅིག་གཉིས་ཤིག་ཡིན་པ་ལས། རྙིང་མ་སྤྱིའི་དེ་འདྲ་ཟེར་གྱི་མེད། རྫོགས་ཆེན་དཔལ་སྤྲུལ་སང་གི་ཤེར་ཕྱིན་སྤྱི་དོན་དེ་རྗེའི་གསེར་ཕྲེང་དང་དོན་ཙམ་མ་ཟད་ཚིག་ཀྱང་འདྲ་ས་ཧ་ཅང་མང་པོ་ཡོད་པས་རྗེའི་གསེར་ཕྲེང་གི་བསྡུས་དོན་ལྟ་བུ་ཞིག་གསུང་སྲོལ་ཡོད། ཀློང་ཆེན་པ་ལ་ཤེར་ཕྱིན་གྱི་འགྲེལ་བ་ཞིག་མེད་པ་ཁོང་རང་གིས་མཛད་པའི་བསྟན་བཅོས་ཀྱི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ལས་གསལ་བོར་ཤེས་ཐུབ། དེས་ན་ཀླུ་སྨྱོན་གྱིས་གསན་པ་དེ་ཡང་ཀློང་ཆེན་གྱི་མིན་པར་ཐག་ཆོད། འོན་ཀྱང་བསྟན་བཅོས་ཀྱི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་གློག་ཀླད་དུ་གཏག་ཚོད་མི་འདུག་པས་བཞག་པ་ཡིན། གཞོན་ནུ་ཟླ་མེད་ཀྱིས་གདུགས་དཀར་སོགས་སངས་རྒྱས་ཀྱི་གསུང་ཡིན་མིན་གྱི་ཐད་ལ་བླུན་གཏམ་ལུང་པ་གང་བྱས་འདུག་ཀྱང་གཡུག་ཞོགས། སློབ་ཁྲིད་བྱེད་རྒྱུའི་དུས་ཚོད་མི་འདུག
བཀའ་ཡིན་ན་སངས་རྒྱས་ཤྰཀྱ་ཐུང་པའི་གསུང་ཡིན་པས་ཁྱབ་པར་འདོདད་ན་ཧ་ཅང་ཐལ་བར་འགྱུར་རོ། ། རེ་ཞིག་དེ་ཙམ་མོ། །
འབུམ་དྲུག་ཚེ་རིང་ལགས། མཆོག་གི་དྲི་བ་དང་དད་འདུན་དེ་དག་བླ་རྒན་ངའི་ཤ་གསང་སྙིང་གསང་དུ་ཟུག་སོང་ཡང་དྲ་སྟེང་དུ་དགའ་ལྡན་ལྔ་མཆོད་འཚོགས་སར་མཚོ་རྒྱལ་བསྟན་དར་དང་རྫོགས་ཆེན་གཞི་ལམ་འབྲས་བའི་སྨོན་ལམ་བཀོད་ན་ཁ་མཆུ་ཤི་མི་ཐུབ་པ་ཞིག་ཡོང་གི་རེད་ལགས། གཟིགས་དང་ངའི་ཁ་ལད་འདྲ་བོས་ཀ་དག་ཅེས་ཚིག་གཅིག་ལ་ཡང་ལ་བུ་ལོས་ག་རེ་བཤད་འདུག གར་ལྟར་ཁྱེད་ལ་མཁོ་ཉག་ཡོད་ན་གྷུ་གྷོའི་དྲ་བྱང་ལས་ཨེ་མ་ཧོའི་ཀུན་རྟོག་ཅེས་བརྟག་དཔྱད་གནང་དང་དེ་ན་ཡོད། ང་རང་གི་འཆར་ཆ་དང་གནད་ཆེན་རིགས་ཕྱི་ནང་བརྗེས་ནས་དེ་ན་བཀོད་ཡོད་ལགས། ཐུགས་དགྱེས་པར་མཛོད་ཅིག །
འོ། གཅིག་ལྷག་སོང་ཡ། ཨ་ཁུ་ཀླུ་ལོ་ལགས། བཀའ་འགྱུར་བསྟན་འགྱུར་ཚང་མ་བོད་དུ་བསྒྱུརད་ཟིན་པ་རེད། བཀའ་དྲིན་ཅན་ལོ་ཆེན་བེེ་རོ་ཙ་ན་དང་ཀ་ཅོག་ཞང་གིས་བསྒྱུར་བ་རེད། ཁྱད་པར་དུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་གྱི་རྒྱལ་པོ་མདོ་ཞེས་བསྒྱུར་འདུག མ་ཚད་སྡེ་དགེ་པར་ཁང་གི་བཀའ་འགྱུར་ཁྲོད་དུ་ཡང་འདུག ། ཁྱད་པར་མདོ་དབུས་ཁམས་སུ་གྲགས་པའི་བཀའ་འདུས་སམ་གཟུངས་འདུས་ནང་དུ་བཀོད་བཞག་འདུག གཟིགས་མྱོང་ངམ། བླ་ཆེན་ཚོ་ཇ་འདོན་འགྲོ་མ་མྱོང་བས་ཁག་མེད་ཀྱང། ཚིག་སྒུག་མ་བྱས་ན་དགའ་མི་འགྲོ་བསམ་ཡོད། བཤད་སྟངས་ལ་བལྟས་ན་བོན་ཕྲུག་མཁར་ནག་གིས་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ལ་དགགས་ཡིག་འབྲི་ཁུལ་གྱི་བཤད་སྟངས་ཀྱི་ཚུལ་དུ་འདུག་པ་མཐོང་སོང་བས་མིན་ན་དགོངས་དག ང་ཡིན་ན་དེ་འདྲའི་གཞི་མེད་ཀྱི་དོགས་གཞི་དང་ཁྱབ་མཐའ་ཁས་ཀྱང་བླངས་མེད། སྔ་རྒོལ་མེད་པའི་མུན་ནག་མདའ་འཕེན་ཞིག་རེད་སྙམ། ད་དགའ་ལྡན་ལྔ་མཆོད་དེ་རྔ་མ་མ་འཁྱོག་ན་བཟང་མི་འགྲོ་བསམ་ཡོད། ཁ་བྲོ།
ཆོས་བརྒྱུད་ཆོལ་ཁའི་ཕྱོགས་ལྷུང་ཆེ་དང་གཅིག།
སྐྱ་མིན་སེར་མིན་ལུས་ཅན་མང་དང་གཉིས།།
རིས་མེད་གཞུང་ལ་འཇུག་མཁན་དཀོན་དང་གསུམ།།
རྒྱལ་བསྟན་ཉམས་པའི་སྔ་ལྟས་འདི་གསུམ་ལགས།།
ཨེ་མ་ཧོ། །
དམ་ཆོས་བགྲོ་གླེང་གནང་བ་མཁས་པའི་སྲོལ། །
དམ་པ་ཚུལ་བཞིན་བསྟེན་པ་བཙུན་པའི་ཚད། །
དམ་པའི་ཆོས་ལ་སྤྱོད་པ་བཟང་པོའི་ལམ། །
ཀུན་གྱིས་དྲན་ཤེས་བག་ཡོད་གནང་བར་མཁྱེན། །
ཤྲྰིས་སོ། །
ཨ་ལག་དཔལ་དགྱེས་རྡོར་ཚང་ལགས། བཀའ་དྲིན་ཆེ་ཞུ།
དེ་ནས་ཀླུ་ཚང་ཟེར་མཁན་ཞིག་ནས་མཆན་ཨང་༨༡་ན་ “ངོ་མ་ཡ་དབྱེན་སྦྱོར་གྱི་ཁྲག་རླུང་འཁོལ་སྟངས་ཡ་མཚན་ཞིག་རེད།”ཟེར་ནས་ངས་བཤད་པ་དེ་ཚབས་ཆེན་རེད་མདོག་ལབ་འདུག། བདག་ལ་དེ་འདྲའི་ཀུན་སློང་གང་ཡང་མེད་དོ། ཕྲན་གྱི་ཆོས་བརྒྱུད་རི་བོ་དགེ་ལུགས་པ་ཡིན་ནའང་། སྔ་འགྱུར་རྙིང་མ་དང་ཆོས་བརྒྱུད་གཞན་དག་ལའང་དད་པ་དང་དགའ་སྣང་ཡོད་མཁན་ཞིག་ཡིན། ཕྲན་གྱི་ནང་མིའི་ཁྲོད་གཅིག་ནི་རི་བོ་དགེ་ལྡན་པའི་གྲྭ་བཙུན་དང་གཞན་ཞིག་ནི་སྔ་འགྱུར་རྙིང་དགོན་ཞིག་གི་ཇོ་མོ་ཡིན། ཕྲན་གྱི་ཁྱིམ་ཚང་གི་མཆོད་བཤམས་ན་སྟོན་པ་དང་།གུ་རུ་རིན་པོ་ཆེ། རྗེ་རིན་པོ། མི་ལ་རས་བ་སོགས་ཀྱི་སྐུ་བཤམས་ནས་མཆོད་པ་བྱེད་བཞིན་ཡོད་དོ། བདག་ཀྱང་མཚམས་མཚམས་ལ་སྔ་འགྱུར་རྙིང་མའི་མ་བྱན་བྱས། སྐབས་སྐབས་ལ་རི་བོ་དགེ་ལྡན་པའི་ཇ་མ་འདྲ་བྱེད་ཞོར་དཔེ་འཁྲིད་ཕྲན་བུ་ཕྲན་བུའང་ཞུས་མྱོང་མཁན་ཞིག་ཡིན།
རྗེའི་ལེགས་བཤད་གསེར་ཕྲེང་ཀློང་ཆེན་པའི་ཡིན་མིན་སྐོར་བཀའ་འདྲི་ཞུས་དོན་ནི། སྐད་ཆ་གསུངས་མཁན་བླ་མ་ཁོང་ནི་བླ་མ་ཚད་ལྡན་ཡིན་པ་གང་ཞིག་ལ། ཆོས་བརྒྱུད་རིས་མེད་ཀྱི་གཞུང་ལུགས་མཁས་པ་ཆེན་པོ་ཞིག་ཀྱང་ལགས་པས། གཏམ་དེར་ཁོ་བོའང་དང་ཐོག་ཐེ་ཚོམ་འདྲ་ཟ་ནའང་། བསམ་བློ་ཞིག་བཏང་བ་ན། ཁོང་ནི་མཁས་པ་ཞིག་ཡིན་པ་དང་། སྔ་འགྱུར་རྙིང་མ་དང་རི་བོ་དགེ་ལྡན་པའི་ཁྲོད་ཁ་མིག་ཡར་བལྟ་བྱེད་ས་ཞིག་ཡིན་པས། གཏམ་འདི་བྱུང་རྒྱལ་དུ་སྨྲས་པ་མ་ཡིན་པར། དར་སོ་ཆེན་པོ་ཡོད་པའི་བཤད་རྒྱུན་ཞིག་མིན་ནམ་སྙམ་ནས་དྲི་བ་དྲིས་པ་ཡིན་ནོ།
དེ་མིན། ལེགས་བཤད་གསེར་ཕྲེང་རྗེའི་མིན་པར་ཀུན་མཁྱེན་ཚང་གི་རེད་ཟེར་ནས་རྩོད་པ་སློང་གི་མེད། རྗེའི་རིན་པོ་ཆེའི་ལེགས་བཤད་གསེར་ཕྲེང་ནི་བརྩམས་ཆོས་གནད་འགག་ཅན་དང་གལ་པོ་ཆེ་ཞིག་རེད་ཟེར་ནས་གསལ་འདེབས་ཞུས་ཀི་ཡོད།
ང་ཚོས་བསམ་བློ་ཡག་པོ་ཞིག་གཏོང་དང་ང་ཚོ་སྐལ་བ་བཟང་པོ་མི་ལུས་ཐོབ། མི་ལུས་ལས་བོད་ཀྱི་མི་ལུས་རིན་པོ་ཆེའི་ལུས་རྟེན་རེད། དལ་བརྒྱད་འབྱོར་བཅུ་ལ་བསམ་བློ་གཏོང་ཤེས་མཁན་དང་། ཁྱད་པར་རྒྱལ་བསྟན་རིན་པོ་ཆེ་དང་མཇལ། རང་རང་སོ་སོའི་གང་མོས་ཀྱི་གྲུབ་མཐའ་ལ་ཞུགས་ནས་ཐོས་བསམ་རེ་གནང་བ་དེ་བསྟན་འགྲོ་ལ་ཕན་ཐོག་གི་ཆེད་དུ་དམིགས་ནས་སྙིང་པོ་ལོན་པ་བྱས་ན། དངོས་ནས་ཐོད་པ་བོར་ཆོག་མ་ཞིག་བྱེད་ཆོག་ངེས་དང་སངས་རྒྱས་པའི་ཉེན་ཁ་ཡང་ཡོད་པ་རེད། བསྟན་པ་ལ་བསམ་བློ་གཏོང་ན་ཡང་རྒྱལ་བ་རྫོགས་པའི་སངས་རྒྱས་བསྟན་པ་ཡང་དག་པ་དྲི་མ་མེད་པ་ཞིག་རང་རང་སོ་སོས་སྒྲུབ་ནུས་ན་སྒྲུབ་ཆོག་ཆོག་མ་ཡོད་པ་རེད། དེ་མིན་ཕྱོགས་ཞེན་དང་ཁ་རྒྱབ་ཁོ་ན་གཡེང་ཤོར་ན་བོད་ལུས་རིན་པོ་ཆེ་དོན་མེད་དེ་རྡོ་མགོར་རྒྱབ་ཚར་བ་རེད། ཧ་གོ་དོན་རྟོགས་ཡོད་ན་ཡང་ལག་ཏུ་མ་བླངས་པ་ཡིན་ན་ནོར་བུ་རང་ལ་ཡོད་ཀྱང་ངོ་ཤེས་པའམ་བེད་སྤྱོད་མ་ཤེས་པ་རེད་པས་ཀུན་གྱིས་གཟབ་པར་འཚལ། །
ཇི་སྐད་དུ། །
ཕྱོགས་དང་རིས་མེད་རྒྱལ་བསྟན་རིན་པོ་ཆེ། །
ཕྱོགས་ཞེན་རྩོད་པའི་དུཿཁ་རབ་ཞི་སྟེ། །
ཕྱོགས་ཀྱི་ཐ་གྲུ་ཡངས་པའི་རྒྱལ་ཁམས་ཀུན། །
ཕྱོགས་ལས་རྣམ་རྒྱལ་ཐུབ་བསྟན་མཛེས་གྱུར་ཅིག །
ཅེས་པ་འང་དམ་པ་དག་གིས་ཡང་ཡང་གསུངས་སོ། །
ང་ཚོ་བོད་པ་ཚང་གི་གོམས་གཤིས་ངན་པའི་ནང་ལ། གལ་སྲིད་གང་ཟག་ཞིག་གིས་རང་གི་འདོད་པ་དང་མི་མཐུན་པའམ་ཡོངས་གྲགས་ཀྱི་བཤད་སྲོལ་དང་མི་མཐུན་པའི་སྐད་ཆ་ཞིག་བཤད་ཚེ་ལམ་སེང་དབྱེན་དཀྲུག་རྒྱག་མཁན་དང་དཀྲུགས་ཤིང་རྒྱག་མཁན་དང་རྒྱ་མི་སོ་པ་དང་དོལ་རྒྱལ་གྱི་ཕྱོགས་གཏོགས་རེད་ཟེར་བ་སོགས་ཁུངས་ལུང་གང་ཡང་མེད་པ་བཤདཔ་དེ་རེད། གོམས་གཤིས་དེ་ཡོངས་སུ་བསྒྱུར་དགོས། གལ་སྲིད་ཁུངས་ལུང་བརྟན་པོ་ཡོད་ན་དེ་ལྟར་བཤད་ཆོག
བཀའ་དང་མདོ་ཡིན་ན་སངས་རྒྱས་ཀྱི་གསུང་ཡིན་པས་ཁྱབ་ཟེར་བ་ལ་ཧང་སངས་མདོག་བྱེད་མཁན་འདུག་ཀྱང། ཁོ་བོས་བལྟས་ན་དེ་ག་རང་རེད། གང་ཡིན་ན་སྤྱིར་ཤེས་རབ་སྙིང་པོ་དེ་མདོ་དང་སངས་རྒྱས་ཀྱི་གསུང་ཡིན་ཀྱང་། ཁྱེད་ཀྱིས་ངག་འདོན་དུ་གྱུར་པའི་ཤེར་སྙིང་དེ། མདོ་མ་ཡིན་ལ་སངས་རྒྱས་ཀྱི་གསུང་ཡང་མ་ཡིན། འདི་ནི་ཁྱེད་ཀྱི་གསུང་ཡིན་ཟེར་ནས་དོགས་པ་གཅོད་དགོས་སྙམ།
སྐྱག་པ་ཟོ་དང་ལྐུགས་པ་ཟེར་བ་དེ་ཚོ་སྐད་ཆ་ཡག་པོ་མིན་ནའང་། རིགས་དང་ས་ཆ་སོགས་ཀྱི་མིང་ཐོག་ནས་མི་ཟུར་འབུད་བྱེད་པ་ལས་དྲག་ག་ཡོད་པ་རེད། ཀུན་སློང་ངོ་མ་ཅི་ཡིན་ལ་མ་ལྟོས་པར་དེའི་རིགས་ལ་འཛེམས་ན་བཟང་།
འོ་ད་ཡིན་ན།
སྤྲིན་རྨ་ཆུ་ཁ་ནས་ལངས་ཀི།
གནམ་འབབ་གྱི་ཡིན་ན་ཐང་གི།
ཚིག་བཤད་ནོ་དཀྱོག་ལ་འཁྱེར་ཀི།
རོགས་འགལ་རྒྱུ་ཡིན་ན་ཐང་ཀི།
ཨེ་མ་ཧོ། །
བན་ལ་བསྟོད་པར་སོང་རུང་ང་རྒྱལ་མེད། །
བོན་ལ་སྨད་པར་སོང་ཡང་འགྱོད་བཤགས་མེད། །
བན་བོན་བཞག་པ་བློ་ཡིས་འཛིན་སྟངས་ཙམ། །
དོན་ཆེན་འོད་གསལ་ངང་དུ་གཟིམ་སར་བདེ། །
བདེ་ཆེན་རྨི་ལམ་ཞིང་ནས་མཉམ་འཛོམས་ཡོང་། །
ཤྲྰིས་སོ། །
རྗེའི་རྣམ་ཐར་ཚིགས་བཅད་བཞི་མ་བཞུགས་སོ། །
གཞོན་ནུའི་དུས་ནས་བླ་མ་ལྷ་ཡིས་བྱིན་གྱིས་བསླབས། །
དར་མའི་དུས་སུ་འཆད་རྩོད་རྩོམ་གསུམ་མཐར་ཕྱིན་མཛད། །
གཞོན་དར་རྒན་དུས་མཁས་བཙུན་བཟང་པོས་ཡོན་ཏན་ཕྱུག །
འཇམ་དབྱངས་མི་གཟུགས་ཀུན་གྱི་གཙུག་རྒྱན་ཞབས་ལ་འདུད། །
ཀརྡོས།
སླར་ཡང་འདིར་སྨོན་པ།
༸བློ་བཟང་༸རྒྱལ་བའི་༸བསྟན་པ་༸རྒྱས་གྱུར་ཅིག །
༸བློ་བཟང་རྒྱལ་བའི་བསྟན་པ་རྒྱལ་འགྱུར་ཅིག །
༸བློ་བཟང་རྒྱལ་བའི་བསྟན་འཛིན་ཡུན་བརྟན་ཤོག །
༸བློ་བཟང་རྒྱལ་བའི་བསྟན་པ་ཡུན་གནས་ཤོག །
དྲྭ་སྤྱོད་པ་འགའ་ཞིག་གིས་ཁ་སྔོན་ངས་འདིར་མཆན་ཞིག་བཀོད་དུས་ལྟས་ངན་སྟོན་ཡོང་གི་འདུག་ཅེས་ཟེར་ད་ལྟས་ངན་འདི་ན་མང་པོ་སྟོན་ཡོང་གི་འདུག
ང་ཚོ་བོད་མི་རིགས་འདི་ལ་སྐྱིད་པའི་ཉི་མ་ཞིག་ཤར་ཁག་པོ་རེད།
དང་པོ་ཆོས་ལུགས་ཀྱི་རུ་ཏྲ།
དེ་ནས་ཆོལ་ཁའི་ཕྱོགས་ཞེན།
དེ་ནས་མི་རིགས་ཀྱི་དབྱེ་འབྱེད།
དེ་ནས་ལྷ་སྲུང་གི་རྙོག་ཁྲ།
དྲོ་སྤྱོད་པ་མཁན་ཆེན་གྱི་མིང་ཁུར་ནས་གཞན་ལ་ཆོས་བཤད་འདྲ་རྒྱབ་འོན་ཀྱང་རང་ལྟ་ལ་ཆགས་གཞན་ལྟ་ལ་སྡང་རང་གཞན་གཉིས་ཕན་གྱི་གནས་ལ་རྨོངས་པའི་ཚིག་རྩུབ་ཁོ་ན་ལས་བསྟན་དང་འགྲོ་བར་ཕན་པའི་ཚིག་བཟང་ཞིག་མཐོང་རྒྱུར་དཀའ།
དྲི་ངན་པདྨ་གེ་སར་ཁྱོད་ཀྱིས་བོན་ལ་འདི་ལྟར་གནག་དགོས་དོན་ཞིག་ཤོད་དང།
དང་པོ་བོན་པོས་དམར་མཆོད་བྱེད་པའི་ཆོ་ག་བོན་གཞུང་ལས་འདིར་སྟོན་ཤོག་དང་དེ་ནས་ཁྱོད་ཀྱི་གཏམ་ལ་བདེན་ཁ་སྟེར་ངེས།
དེ་མིན་དྲི་ངན་འདི་ཡིས་ཀུན་ཏུ་གཡོ་བར་མནོ་བསམ་གཏོང་དགོས།
བོན་པོས་མཐུ་གཏད་བྱེད་པ་ཞིག་ཤོད་རོགས།
བོན་ཆོས་འདྲེ་ཆོས་ཡིན་པར་ཁུངས་བདེན་ཤོད་དགོས།
ལ་སྟོད་དང་མཁར་ནག་གིས་བྱེད་བབས་ལ་བརྟེན་ནས་བོན་པོར་དམའ་འབེབས་བྱེད་སྟངས་འདི་ལ་ཚོད་ཅིག་དགོས།
ཁྱོད་པད་བྱུང་གི་རྗེས་འཇུག་ཞིག་ཡིན་ཚེ་པད་མ་འབྱུང་གནས་ཀྱི་བསྟན་པར་དགག་པ་བྱས་པ་དེ་ཚོར་མནོ་བསམ་གཏོང་།
(ཅི་ཡང་མི་རྟོག་གང་དུ་མི་འཛིན་པར།
མ་བཅོས་གསལ་ལ་མི་རྟོག་ངོས་བཟུང་མེད།
བོན་དང་རྫོགས་ཆེན་ཧ་ཤང་ཏིང་འཛིན་ལ།
མཆོག་ཏུ་འཛིན་པ་ལྷག་མཐོང་གཟུགས་བརྙན་ཡིན།)
དེ་སུས་བཤད་པ་རེད།
ཕ་རྒན་པདྨའི་རྗེས་འཇུག་ཡིན་ན་ལན་ཞིག་ཐོབ་དང།
དེ་མིན་ཁྱོད་ཀྱི་རྫོགས་ཆེན་གྱི་ལྟ་བར་སྐྱོན་ཡོད་པའི་རྟགས་མཚན་ཡིན།
(བོན་རྫོགས་གཉིས་ཐུགས་སྣང་གཤིན་པོ་འདྲ་ཡོད་འདྲའོ།)
དེ་སུས་བཤད་པ་རེད།
ཁྱོད་ཀྱིས་བོན་པོར་དམའ་འབེབས་པ་དེ་ཡིས་རྙིང་མར་དམའ་ཕབས་པ་དང་གཅིག་མཚུངས་རེད།
མ་རྒན་མན་དྷ་ར་བ་ཡིས་རྗེས་འཇུག་ཡིན་ན་དེར་ལན་ཞིག་ཐོབ་དང་པདྨ་པདྨ་ཡིན་དེ་མིན་མོ་མཚན་པདྨ་ཡིན།
ངས་ནམ་ཡང་རྙིང་མའི་ཆོས་རྒྱུད་དང་གྲུབ་མཐར་སྐྱོན་བརྗོད་བྱེད་པར་མི་ལེགས་པ་ཞིག་མཐོང་ཀྱང་ཁྱོད་ཀྱིས་བོན་པོར་དམའ་འབེབས་བྱེད་སྟངས་འདི་ཡིས་ཚིག་ཟུར་མི་བརྗོད་རང་བརྗོད་བྱུང་།
ད་དུང་བོན་པོས་མཐུ་གཏད་བྱེད་ཚུལ་ཤོད་པ་འདི་ནི་མ་ཉེས་ཁ་གཡོགས་རང་རེད།
རྙིང་མའི་སྔགས་འཆང་པ།
རྭ་ལོ་ཙཱ་བས་དགེ་ལུགས་ཀྱི་དགེ་བཤེས་བསླབ་པ་གསུམ་དང་ལྡན་པ་ཞིག
མཐུ་ཡིས་བཀྲོངས་པར་འདིར་མངོན་ལོ་འཕྱར་དགོས་སམ།
ཁྱེད་རང་ལ་དགོས་པ་ཡོད་ན་འདིར་འབྲི་རྒྱུ་ཡིན།
༧གོང་ས༧་ལྔ་པ་ཆེན་པོས་བརྩམས་པའི་འདུལ་བའི་ལས་ཆོག་ལས།
(རྭ་ལོ་ཆེན་པོར། སྐྱོ་འདུལ་འཛིན་ན་རེ། ཁྱེད་རབ་ཏུ་བྱུང་བའི་མཁན་པོ་མཛད་པ་ལ་མཁན་པོར་འོས་པའི་ཡོན་ཏན་མ་ཚང་སྟེ་ཞེས་སོགས་གསུངས་པར།)
རྭ་ལོས།
(ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན།
དམ་ཉམས་གསོད་པ་སྔགས་ཀྱི་དམ་ཚིག་ཡིན།
བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན།
ང་ཡིས་དེ་ལྟར་ཤེས་པའི་གནས་སྐབས་ལ།
འདུལ་འཛིན་དགེ་སློང་དག་དང་འགལ་བ་མེད།
དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་ཀྱང།
ཞག་བདུན་ཐོ་རང་གཤེགས་སུ་གསོལ་བར་བྱ།
གསུངས་པས་མཁན་པོ་དེ་ཞག་བདུན་ནས་ལུས་ངག་ཡིད་གསུམ་རེངས་ནས་འདས་པས།)
དགེ་སློང་མཐུ་ཡིས་གསོད་མཁན་དེ་བོན་པོ་རེད་དམ།
ལན་ཞིག་ཡོད་ན་ཐོབ་ད་དུང་མང་པོ་འདྲེན་རྒྱུ་ཡིན།
ལ་སྟོད་བུ་ངན་ཁྱོད། པདྨ་གེ་སར་བཤད་ན་མོ་མཚན་ལ་མགོ་འཁོར་བོན་པོ་ཟེར་དུས་ཕོ་མཚན་ལ་ཞེན་ཆགས་པའི་དབང་པོ་སྐྱོན་ཅན་ཤོར་བ་ཁྱོད་ལ་ལན་མི་དགོས་ལུང་རིགས་སྟོང་ཕྲག་བརྗོད་ཀྱང་ཕན་ས་མ་རེད། སྨན་དང་བོན་དང་རྰ་ལོའི་ངན་སྔགས་ཁྱད་པར་འདྲ་ཡོད་ན་མ་གཏོགས། མཁར་ནག་ཕག་ལ་ཙནྡན་དྲི་བཟང་དང་མཁྲིས་ནད་ཅན་ཁྱོད་ལ་དུས་དཀར་པོ་ནམ་ཡང་མཐོང་ཐབས་ཐོན་གྱི་མ་རེད། ། མི་ངན་ཁྱོད་ལ་ལབ་ཉན་སྤྲོ་མ་སོང་།
བན་བོན་ཕྱོགས་གཉིས་ཀ་ནས་རྩོད་འཚམས་འཇོག་རོགས་གནོངས། ཕྱོགས་གཉིས་ཀས་སྨད་མ་ཤེས་པར་བསྟོད་པར་འགྲོ་ཉེན་ཡང་མཐོང་བས་ངོ་མཚར་བ་གང་ཡང་མི་འདུག ཁ་བརྡའི་དགེ་བསྐོས་ཀྱང་ཕེབས་རན་མི་འདུག་གམ།
བན་བོན་རྣམ་གཉིས་ལུས་དང་གྲིབ་མ་བཞིན་དུ་མཐུན་གནས་ཤོག །
ས་ལ་བན་བོན་གཉིས།
གནམ་ལ་ཉི་ཟླ་གཉིས།
བར་དུ་ཆར་དང་སྤྲིན་གཉིས་ལྟ་བུར་གནས་པར་ཤོག
བོད་མི་རིགས་འདི་ལ་ཆོས་ལུགས་དང་ཆོལ་ཀ་མི་རིགས་ཀྱི་དབྱེ་འབྱེད་མེད་པ་ཞི་བདེ་བག་ཕེབས་ཡོང་པར་ཤོག
༄༅།།དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ་གྲུབ་པའི་བདེན་ཚིགjཅེས་བྱ་བ་བཞུགས་སོ། །
རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གྱུར་ཀྱང་། །
རྒྱལ་སྲས་ཚུལ་གྱིས་ཞིང་ཁམས་རབ་འབྱམས་སུ།།
རྒྱལ་བའི་ཆོས་འཛིན་ཐུགས་བསྐྱེད་བདེན་པའི་མཐུས།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
སྔོན་ཚེ་དབང་པོའི་ཏོག་གི་སྤྱན་སྔ་རུ། །
དམ་བཅས་ཚེ་ན་སྙིན་སྟོབས་ཆེན་པོ་ཞེས།།
སྲས་བཅས་རྒྱལ་བས་བསྔགས་བརྗོད་བདེན་པའི་མཐུས།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ལྟ་སྤྱོད་གཙང་མའི་བརྒྱུད་པ་སྤེལ་བའི་ཕྱིར། །
ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ།།
ཆོས་དུང་གནང་ཞིང་ལུང་བསྟན་བདེན་པའི་མཐུས།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །
སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་སངས།།
སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། །
ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན།།
ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
དྲང་ངེན་གསུང་རབ་མ་ལུས་འགལ་མེད་དུ། །
གང་ཟག་གཅིག་གི་ཉམས་ལེན་གདམས་པ་རུ།།
ངེས་པ་རྙེད་པས་ཉེས་སྤྱོད་མཐའ་དག་འགགས། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་།།
རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ།།
མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།།
ནང་དུ་རིམ་གཉིས་རྣམ་འབྱོར་གདེང་དང་ལྡན།།
མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་ཁྱེར།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རྒྱུ་ཡི་ཐེག་པར་བཤད་པའི་སྟོང་པ་ཉིད། །
འབྲས་བུའི་ཐབས་ཀྱིས་སྒྲུབ་པའི་བདེ་ཆེན་དང་།།
མཉམ་སྦྱོར་ཆོས་ཕུང་བརྒྱད་ཁྲིའི་སྙིང་པོའིབཅུད།།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ།།
མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས།།
བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མདོར་ན་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན།།
མཁས་བཙུན་བསྟན་འཛིན་དམ་པས་ས་སྟེང་གང་།།
བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །། །།
ད་ཕྱིན་པདྨ་གེ་སར་དང་ལ་སྟོད་བུ་གཉིས་མ་འཁོན་རོགས། སྐུ་གཅེས་ཞེས་མཐེ་བོང་གནམ་ལ་བསྒྲེང་དགོས་ཐུག་སོང་། ལས་དཀར་པོ་སྒྲུབ་ས་ནག་པོ། ལྷ་པད་འབྱུང་བཞེངས་ས་ཁྱི་རྗེས་ཞེས་པའི་དཔེ་རུ་མ་སོང་བར་མཁྱེན་ཞེས་གསོལ་བ་འདེབས་པ་ལགས་སོ། ། ཤྲྰིས་སོ།
ང་ཡི་བླ་མ་བློ་བཟང་གྲགས་པ་མཆོག །
དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས། །
དག་པའི་ཞིང་ཁམས་གང་དུ་བཞུགས་ཀྱང་རུང་། །
བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བོད་པ་ཚང་ལ་ག་དུས་ཡིན་ཡང་བསྟོད་པ་ལས་སྨད་ར་འཐེན་མི་ཉན། ཤེས་ཚེ་མི་གསོད་ལ།
འཆད་པའི་ཐལ་ངག་འབྲུག་སྒྲས་ལོག་རྟོག་དྲུང་ནས་བཅོམ།
རྩོད་པའི་ཐོག་མདའ་དམར་པོས་གཉིས་སྒྲིབ་མུན་སྨག་བཅོམ།
རྩོམ་པའི་གསུང་རབ་རྒྱ་མཚོས་འགྲོ་བའི་སྐོམ་པ་བསལ།
མཁས་པའི་བྱ་བ་གསུམ་གྱིས་སྐལ་ལྡན་མྱུ་གུ་འབུས།
བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག་གུ།
ད་ཡག་པོ་མིན་འདུག ཡང་ཆོས་ལུགས་ཀྱི་ན་ཚ་ཞིག་སྒྲུབ་ཀྱི་འདུག རང་གཞན་མང་པོ་དམྱལ་བར་ཁྲིད་ས་རེད། ད་རྩོམ་འདིའི་སྒོ་དེ་རྒྱབ་ན་ལེགས། དཔལ་དགྱེས་པའི་རྡོ་རྗེ་ལ་ཐུགས་རྗེ་ཆེ། རྗེ་བླ་མའི་གསུང་རྩོམ་རྣམས་ངེད་ལ་མཉམ་སྤྱོད་གནང་བར་བཀའ་འདྲིན་ཆེ། ཁྱེད་ཀྱང་རྗེ་བླ་མ་ལྟ་བུར་འགྲོ་དོན་རྒྱ་ཆེར་སྤྱོད་པར་སྨོན།
རིག་པ་དང་གྲོགས་པོ་རྣམས་ཀྱིས་ཐུགས་སྨོན་དང་བསླབ་བྱ་གནང་བ་བཀའ་དྲིན་ཆེ་ལགས།
གང་ཟག་གང་ཞིག་འཁོར་བའི་རྒྱ་མཚོ་འཇིགས་སུ་རུང་ཞིང་བརྒལ་དཀའ་བ་ལས་སྒྲོལ་བར་མཛད་པའི་རྗེ་བཙུན་བླ་མ་དམ་རྣམས་ཀྱི་ལྟ་སྤྱོད་རྣམ་པར་དག་པས་བརྒྱན་ཅིང་བྱིན་རླབས་ཀྱི་ཆུ་རྒྱུན་རྒྱ་མཚོ་ཆེན་པོའི་དབྱིངས་ལྟར་ཟད་མི་ཤེས་པ་སྨོན་ལམ་རྒྱ་ཆེ་ཞིང་ཡུན་རིང་བ་ལྷུན་གྱིས་གྲུབ་པའི་བླ་བརྒྱུད་དྲི་མ་མེད་པའི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་འདེབས་སྨོན་དམ་བཅའ་བྱས་པས་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་གནང་བར་གསོལ་བར་འདེབས་སོ། །
རང་གཞན་སེམས་སེམས་ཅན་ཀུན་པོ་གཏན་བདེ་བླ་ན་མེད་པའི་ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་རུ་གྱུར་ཅིག །
ཨེ་མ་ཧོ། །
རྙེད་དཀའི་མི་ལུས་སྙིང་པོ་ལོན་གྱུར་ཅིག །
ཉོན་མོངས་གཡུལ་རྒྱལ་དགྲ་བཅོམ་ཐོབ་གྱུར་ཅིག །
བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ་གྱུར་ཅིག །
ཡང་གསང་རྫོགས་ཆེན་དེ་ཉིད་རྟོགས་གྱུར་ཅིག །
མ་གྱུར་ནམ་མཁའི་མཐའ་མཉམ་འགྲོ་བ་ཀུན། །
དཀོན་མཆོག་རིན་ཆེན་གསུམ་དང་མི་འབྲལ་ཞིང་། །
སྒྲིབ་བྱང་ཚོགས་རྫོགས་བྱང་ཆུབ་ཐོབ་གྱུར་ནས། །
འཁོར་འདས་ཀུན་བཟང་མཆོད་སྤྲིན་རོལ་གྱུར་ཅིག །
ཅེས་པའང་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པའི་དད་འདུན་ཅན་གནུབས་བན་དཔལ་དགྱེས་པ་རྡོ་རྗེས་དགའ་ལྡན་ལྔ་མཆོད་ཀྱི་འཇུག་བྱང་དུ་སྙིང་ནས་སྨོན་པ་དགེའོ། །དགེའོ།།དགེའོ།།།།ཤྲྰི་སརྦ་ལོ་ཀ་མངྒ་ལཾ་བི་ཛ་ཡནྟུ།།།།
དྲྭ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ། རྗེ་རིན་པོ་ཆེ་ལ་གུས་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས། བོན་་གྲོགས་པོ་རྣམས་ལ་དྲི་བ། གུས་པས་སྔོན་བོན་བཤེས་ཞིག་ལ་བགྲོ་གླེང་ཞུས་སྐབས། ཁོང་གིས་གསུངས་ན། བོན་གྱི་མདོ་ལུགས་ཡུལ་གྱི་ལྟ་བ་མཐའ་ཐུག་ནི། བདེན་སྟོང་མེད་དགག་རྗེ་རིན་པོ་ཆེསབཞེད་པ་ལྟར་དང་། སྔགས་ཀྱི་སྐབས་སུ་ལྟ་བ་མཐའ་ཐུགས་ནི། ཅི་མེད་ཅང་མེད་སྤྲོས་བྲལ་དུ་འདོད་པ་རྙིང་མ་པས་བཞེད་པ་དང་ཁྱད་པར་གང་ཡང་ཡོད་མ་རེད་ཟེར་གྱི་འདུག
བོན་གྱི་མདོ་སྔགས་ལ་ཞིབ་འཇུག་བྱ་འདོད་ཆེན་པོ་བྱུང་ནའང་། ཡུལ་དང་འཁོར་ཡུག་གིས་རྐྱེན་པས་མཇལ་རྒྱུ་དེ་སྔོན་མ་བྱུང་། ད་ལྟའི་སྐབས་སུ་དྲྭ་རྒྱ་འདིར་ཕན་ཚུན་བགྲོ་གླེང་ཞིབ་མོར་བྱ་བའི་གོ་སྐབས་རྙེད་པས་དྲིས་པ་ཡིན། དེང་དུས་སྐབས་འཚོལ་རིང་ལུགས་ཀྱི་དྲྭ་གྲོགས་ཁ་ཤས་ཀྱིས། ཆོས་ལུགས་བར་དཀྲུགས་གཞིའི་དྲི་བ་རེད་ཟེར་སྲིད་ཀྱང་། སོ་སོའི་གཞུང་ལུགས་ནང་གང་གསུང་པ་དེ་ཇི་བཞིན་དྲྭ་ཐོག་ཏུ་མདོར་བསྡུས་བཀོད་ན། ཕན་ཚུན་ལ་ཕན་ངེས་རེད་ལ། སོ་སོས་གཞུང་ལ་དག་པའི་ཡིད་ཆེས་ཀྱི་དད་པ་ཡོད་ན་གསང་དགོས་ཀྱི་ལྟ་གྲུབ་མེད་།
གོང་དུ་བོན་གྲོགས་ཤིག་གིས་གསུངས་པ་ལྟར། བོད་ཀྱི་ནང་ཆོས་ཀྱི་ཆོ་ག་འདོན་ཆོག་རྣམས་བོན་ལུགས་ཀྱི་ལུགས་སྲོལ་འདྲེས་ཡོད་ཚོད་རེད། དཔེར་ན་། བརྒྱ་བཞི། གསང་གསུར་སོགས་ཀྱིས་མཚོན་པར་ནུས་ཀྱི་འདུག
ཕྱོགས་ཞེན་བྱེད་ནས་ང་བཟང་ཁྱོད་ངན་གྱིས་རང་གི་ལྟ་གྲུབ་འཛིན་པ་ལ་མི་ཕན་ཞིང་རང་གཞན་གྱི་རྒྱུད་སྲེག་པ་ཡིན་པར་ཤེས་ནས། སོ་སོས་གོ་རྟོགས་དང་བསྟུན་ནས། བོན་དང་སངས་རྒྱས་ཀྱི་ཆོས་ལུགས་བར་གྱི་ལྟ་གྲུབ་དང་། སྒོམ་པའི་རིམ་པ་སོགས་ཀྱི་ཁྱད་པར་བཤད་རྒྱུ་ཡོད་ན། རང་གཞན་གཉིས་ཆར་ལ་ཕན་པར་ངེས།
འོ་ད་རྗེའི་རིན་པོ་ཆེས་མཛད་པའི་ལེགས་བཤད་གསེར་ཕྲེང་གི་ཁྱད་ཆོས་གཙོ་བོ་ནི། དངོས་བསྟན་སྟོང་ཉིད་ཚིག་ཟིན་ལ་སྟོན་པའི་ཤེར་མདོ་སྟེ། ཡུམ་འབུམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དངོས་སུ་སྟོན་པའི་མངོན་རྟོགས་རྒྱན་གཉིས་གཅིག་ཏུ་ཕན་ཚན་ཚིག་རེ་རེ་བཞིན་གའུ་ཁ་སྦྱར་གྱི་ཚུལ་ཏུ་བཀྲལ་ནས། ཚིག་ཤིན་ཏུ་རྒྱས་པ་ཡུམ་འབུམ་པ་དེ་ཚུར་མངོན་རྟོགས་རྒྱན་གྱི་སྟེང་དུ་སྤུངས་ནས་གོ་བ་ལེན་སྟངས་བསྟན་ལ། དེ་ནས་རྣམ་བཤད་སྙིང་བོ་རྒྱན་ནི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟེ། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་པོ་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་བསྒྲིགས་ནས་བསྟན་ཡོད་པས། དེ་གཉིས་ཀ་ཡང་གང་ཟག་གཅིག་གི་ཐོས་བསམ་བྱེད་པའི་གོ་རིམ་ཞིག་བསྟན་ཡོད་དོ།
ལ་སྟོད་རགས་མོ། ངས་ཁྱོད་ལ་སྔོན་མ་ངའི་དགེ་ཕྲུག་ཡིན་པའི་སྐབས་ནས་རགས་མོ་རགས་མོ་ཟེར་ནས་འབོད་ཀྱི་ཡོད་པ་དེ། ཁྱོད་ལ་སྨད་ར་མིན། གདམས་ངག་ཞིག་ཡིན། ཁྱོད་ཀྱིས་མི་གཞན་དང་ཁ་རྩོད་ཤོར་དུས་ཀྱང་གདམས་ངག་དེ་དྲན་དགོས་པ་རེད། དེ་མ་དྲན་ན་ཡང་ཡང་རགས་མོ་ཆགས་འགྲོ་གི་ཡོད་པ་རེད། ལྟོས་དང་གོང་གི་མཆན་ལ། ༼རྭ་ལོ་ཙཱ་བས་དགེ་ལུགས་ཀྱི་དགེ་བཤེས་བསླབ་པ་གསུམ་དང་ལྡན་པ་ཞིག མཐུ་ཡིས་བཀྲོངས་པར་འདིར་མངོན་ལོ་འཕྱར་དགོས་སམ། ཁྱེད་རང་ལ་དགོས་པ་ཡོད་ན་འདིར་འབྲི་རྒྱུ་ཡིན།༽ འདི་འདྲ་བྲིས་འདུག ཤིང་གི་མདའ་བཞུ་བསྲེགས་ནས་ཐལ་བ་བྱས་རྗེས། ཐལ་བ་དེས་ཕ་རོལ་བོ་ལ་རྒོལ་བ་དང་མཚུངས། དེ་ལས་ཐལ་བ་མ་བཟོས་པར་མདའ་ཐད་ཀར་བསྣུམས་ན་ཕ་རོལ་བོ་ལ་རྒོལ་ཐུབ་ཀྱི་རེད། བསམ་བློ་ཐོངས་དང་རྭ་ལོ་ཙ་བ་ག་དུས་བྱོན་པ་རེད། དགེ་ལུགས་པ་ག་དུས་བྱུང་བ་རེད།
xxxxxxxxxxxxxxxxxxxxxxxxxxxxxxxxx
ཁོ་རེ་ཚོ། ལྟ་བ་དྲ་སྟེང་བཤད་ན་སྨྱོན་པ་རེད། །
འོ་ལ་སྟོད་རགས་མོ། ཡང་ཁ་སང་དེ་རིང་ཚིག་བཅད་བྲིས་ནོ་ཡག་རུ་སོང་ཡོད་ཀི དགེ་རྒན་གྱིས་་བསྔགས་བརྗོད་དང་མཉམ་དུ་སིལ་ཏོག་གཅིག་སྤྲོད་ཀྱི་ཡིན། འོན་ཀྱང་སློང་བཟེད་ནང་གི་ཤིང་ཏོག་དེ་རྐུ་མ་མ་རྒྱག་གོ་སོང་ང་། ཧཧཧ སྐུ་རྩེད་ཞུ་བ་ཡིན།
ད་རྗེ་རིན་པོ་ཆེའི་སྐོར་ལ་ཤོད་བཞིན་གློག་བུར་དུ་བོན་ལ་སྡང་བའི་རྩོམ་གཅིག་སྤེལ་གྱི་འདུག དེ་རྗེ་རིན་པོ་ཆེ་དང་འབྲེལ་བ་མེད་སྟབས། འདི་ནས་བླངས་ན་ལེགས། དེ་མིན་རྩོམ་འདིའི་གཞུང་ནང་ལ་ཆོས་ལུགས་འཐེན་ཁྱེར་གྱི་དམག་ཁྲུག་ཆེན་པོ་ཞིག་འགོ་ཚུགས་པའི་སྔ་ལྟས་འདུག རྗེ་རིན་པོ་ཆེས་ཆོས་ལུགས་གཞན་ལ་དམའ་འབེབ་དང་སྡང་ཟུག་གནང་བ་གསུང་འབུམ་ནང་ལ་མིན་འདུག དེ་མིན་བོན་པོ་དང་རྗེ་རིན་པོ་ཆེའི་ཆོས་རྒྱུད་པ་རྣམས་ཀྱི་དབར་ལ་ལོག་རྟོགས་བྱུང་བའི་ཉེན་ཁ་འདུག
དྲ་བདག་ལགས།
སྐུ་མཁྱེན་རྩོམ་འདི་དག་ལེན་རོགས།
ཡ་བློ་གྲོས་མཐའ་ཡས་ལགས། དེ་རིང་སྐུ་ཉིད་ཀྱིས་ང་ལ་༼གཞོན་ནུ་ཟླ་མེད་ཀྱིས་གདུགས་དཀར་སོགས་སངས་རྒྱས་ཀྱི་གསུང་ཡིན་མིན་གྱི་ཐད་ལ་བླུན་གཏམ་ལུང་པ་གང་བྱས་འདུག་ཀྱང་གཡུག་ཞོགས། སློབ་ཁྲིད་བྱེད་རྒྱུའི་དུས་ཚོད་མི་འདུག ༽ འདི་འདྲ་གསུང་འདུག ད་སློབ་ཁྲིད་ཞིག་མ་ཞུས་རང་ཞུས་རེད། ངས་འགྲེལ་བཤད་གོང་དུ་བྱས་ཟིན། ད་དམ་བཅའི་ཚུལ་དུ་བཀོད་ཀྱི་ཡིན། བཀའ་དང་བསྟན་བཅོས་གཉིས་སུ་ཕྱེས་པའི་བཀའ་ཡིན་ན་སངས་རྒྱས་ཀྱི་བཀའ་ཡིན་པའི་ཁྱབ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཆོས་ཅན། སངས་རྒྱས་ཀྱི་བཀའ་མ་ཡིན་པར་ཐལ། དེ་བཞིན་གཤེགས་པའི་གསུང་རབ་མ་ཡིན་པའི་ཕྱིར། ན་རྟགས་མ་གྲུབ། དེར་ཐལ། ངག་ནས་མ་བྱུང་པའི་ཕྱིར་ན་མ་ཁྱབ། དེ་བཞིན་དུ་གསེར་འོད་སྔ་སྒྲའི་མདོ་དང་། ལྗོན་ཤིང་རླུང་གིས་སྐུལ་བ་ལས་བྱུང་བའི་མདོ་སོགས་ལ་རིགས་འདྲ། མདའ་འདི་ཀརྡོ་རབ་འབྱམས་པ་ལ་ཡང་བཏང་བ་ཡིན། ད་འཕགས་འཚགས་ལྷོད་ཀྱི་ཡོད་ན་ལྷོད་རན་ཡིན། འབེམ་སྔོན་ལ་འགྱིང་ནས་བསྡད་ཡོད།
xxxxxxxxxxxxxx
གཟུར་གནས་ཚོས་ཟུར་ནས་བལྟས་བསྡད་ཡོད་པ་རེད། སུའི་དྲང་བོ་བྱེད་གི་མེད་པ་ཁོ་ཚོའི་སེམས་ལ་ཁྲིགས་ཁྲིགས་ཡིན་ནི་རེད། དུས་རབས་ཉེར་གཅིག་པ་འདིའི་ནང་བོད་མི་ཚོ་ཡང་གཞན་དང་འདྲ་བར་མགོ་གྲུང་བོ་ཞེ་དྲག་ཆགས་བསྡད་ཡོད་རེད། གང་ལ་ཁྲིད་ཁྲིད་རེད་མ་འདོད། ཨ་་་ཨ་་་་ཨ་་་་ད་འདིའི་གྲངས་འདི་དངོས་གནས་མྱིག་རྫོབ་རེད་ཡ། མྱིག་རྫོབ་རེད།
གཞོན་ནུ་ཟླ་མེད་ཆུང་ངུ་ཕྲ་མོ་ཞིབ་མོ་ཁྱོད་ད་དུང་བློ་ཆུང་སེམས་ཆུང་ལུས་ཆུང་རང་ལ་བཞུགས་སྡད་ཡོད་པས།
ད་བློ་སེམས་ལུས་ཕུང་ཚར་ལོང་སྨིན་རྒྱུ་མེད་པར་སྡོད་སྟངས་འདི་ནི་ཡག་རྟགས་ཤིག་མ་རེད།
ཁྱོད་ཀྱིས་འདོད་པའི་དགེ་ཕྲུག་ཁོ་བོ་ཡིད་སེམས་སྐྱོ་གི་ཡ།
xxxxxx
xxxxxxxxxxxxx
ཨ་ཡ་ཡ། ད་ཆོས་ལུགས་ཀྱི་དམག་འཁྲུག་ལངས་འདུག དྲ་རྒྱ་འདིའི་སྟེང་ནས་མཚོན་བྱ་འཕེན་མ་ཐུབ་པ་འདིས་སྐྱོབ་འདུག དེ་མིན་ན། མི་མང་པོ་གསོད་ས་རེད།
སློབ་དཔོན་རིན་པོ་ཆེ་དང་རྗེ་ཙོང་ཁ་པ། རྒྱལ་བ་ཀརྨ་པ་དང་ས་སྐྱ་པན་ཊི་ཏས་གཟིགས། ཁ་བརྩོད་ཆོས་ལ་ཞི་བར་ཤོག
ད་ཁ་བརྡའི་དོ་དམ་པ་ཚོས་གཟིགས་ནས་མ་བཞུགས་པར་དྲ་སྒོ་འདི་རྒྱག་རོགས།
ཤེས་རབ་མིང་འཛིན་པ་ལགས xxxxxxxxxxxxxxxxxx
དྲ་གྲོགས་ཚང་མར་ཞུ་རྒྱུར།
ད་ཕན་བདུན་གསུམ་གྱི་ནང་ཚུན་དུ། ཁ་བརྡ་དྲ་བས་རྩོམ་གཉིས་ལ་མཆན་སྒོ་བརྒྱབ་པ་ཡིན།
ང་ཚོས་ྐློག་མཁན་ཚོའི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་བཞིན་ཡོད། འོན་ཀྱང་། ཚིག་མཚོན་འདེབས་པ་དང་ཁྱད་གསོད་བྱེད་པ་སོགས་སྨྲ་བརྗོད་ཀྱི་ཡོན་ཏན་མིན་པ་བཞིན།
ཁ་བརྡས་ཀྱང་ཡོན་ཏན་དུ་མི་བརྩི། གོང་གི་རྩོམ་འདིའི་ཁོངས་སུ་མཆན་བུ་ཉི་ཤུ་ལྷག་བསུབ་ཚར་བ་མ་ཟད། པདྨ་གེ་སེར་སོགས་མཆན་འདེབས་མཁན་འགའ་ཡང་བཀག་ནས་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
གཞོན་ནུ་ཟླ་མེད་ལགས། བཀའ་ཡིན་ན་ཞལ་ནས་གསཡང་པའི་བཀའ་ཡིན་པས་ཁྱབ་པ་ངས་འདོད་པ་མི་དྲན། བཀའ་ཡིན་ན་རྣམ་འདྲེན་བཞི་པ་ཤྰཀ་ཐུབ་ཀྱི་གསུང་ཡིན་པའི་མ་ཁྱབ་པ་དཔེར་ན། སྒྲོལ་མ་ཉེར་གཅིག་པའི་བསྟོད་པ་ལྟ་བུ་སངས་རྒྱས་བཀའ་ཡིན་ཡིན་ཡང་། གསུངས་པ་པོ་བདག་ཅག་ཅིག་སྟོན་པ་མ་ཡིན་པར་སངས་རྒྱས་གཞན་ཞིག་གིས་སྒྲོལ་མར་བསྟོད་པ་མཛད་པ་ཅིག་རེད། གཞན་ཡང་ཤིན་ཏུ་མང་ངོ། །
བོན་དག་མ་དགེ་ལེགས་ཡེ་ཤེས་དང་། །
གྲོགས་དྭངས་མ་ལ་སྟོད་བུ་ཆུང་དང་། །
མཆེད་དམ་པ་པདྨ་གེ་སར་ལ། །
བཀའ་ཆད་པར་བྱུང་བར་བློ་རེ་ཕམ། །
དོན་རྒྱུ་མཚན་རྣམ་དག་མ་ཡོད་ན། །
ད་ཕྱིན་ཆོད་རང་སྣང་གར་ཤར་ཚིག །
རྟགས་གཏན་ཚིགས་མེད་པར་བན་བོན་ལ། །
ཚིག་ངན་པས་བདག་བསྟོད་གཞན་སྨོད་སྤོངས། །
ཤྲྰིས་སོ། །
xxxxxxxxxxxxxxxxxxxxx།
འདི་ལ་འདྲི་བ་ཞིག་འདྲི་རྒྱུ་ཡོད་པས་མཁས་དབང་རྣམས་ཀྱིས་གསུང་་བྱོན་རོགས་གནང་།
རི་བོ་དགེ་ལྡན་པའི་མཁས་པ་མང་པོས་གཞན་སྟོང་དེ་བཀག་འདུག དཔེར་ན་རྒྱལ་དབང་སྐུ་འཕྲེང་ལྔ་པ་སོགས་རེད། འོན་ཀྱང་རི་བོ་དགེ་ལྡན་པའི་ནང་དུས་འཁོར་དེ་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་པ་དང་། དུས་འཁོར་གྱི་རྫོགས་རིམ་ནང་གི་སྟོང་ཉིད་སྒོམ་སྟངས་དེ་ཚོ་གཞན་སྟོང་དང་གཅིག་པ་ཨེ་རེད།
ཁ་བརྡ་ལ྄གས་ཐུགས་རྗེ་ཆེ།
ཁ་བརྡའི་དྲྭ་བདག་ལགས་ནས་དུས་ལ་བབས་པའི་སྟངས་འཛིན་དོ་དམ་གནང་བར་ངོས་ནས་དགའ་བསུ་ཡོད།
རྗེས་ཕྱོགས་མ་འོང་པ་ལའང་འདི་རིགས་འབྱུང་ཚེ་འགོག་འོས་སུ་མཆིས།
ཕྱོགས་གཉིས་ཀའི་མཆན་བུ་མི་ལེགས་པ་རྣམས་བཀག་པར་ངོས་ནས་དགའ་བསུ་ཞུ།
མ་འོང་པ་ལའང་ཁ་བརྡའི་དྲྭ་རྒྱའི་ཁྲིམས་དང་འགལ་བའི་རིགས་འགོག་ཀྱང་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེ།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག
རྣམ་དཔྱོད་ཀྱི་ཌྷཆ་ཡོངས་སུ་རྫོགས་པའི་ཁ་བརྡ་ཚང་ལ་བཀའ་དྲིན་ཆེ་ཞུས་རྒྱུ་ཡིན།
ཁ་དྲོ་བཀྲ་ཤིས།
ཡ་ད་དཀོན་མཆོག་མཁྱེན། ཁ་བརྡ་ཚང་དེ་འདྲ་ཡིན་པ་དེ་སྔོན་མ་ཤེས་ལགས། གཏམ་དྲིས་ན་མི་བཤད་སྒུག་ན་བཤད་ཟེར་བ་ལོས་བདེན། ནར་ལོ་ཆོས་ལུགས་བར་དུ་ཕན་ཚུན་སུན་པོ་བཟོ་བའི་མཆན་དྲུག་བརྒྱ་ལྷག་བཏབས་ཀྱང་ནག་སྲུབ་བྱེད་པ་མ་མཐོང་། ད་ལོར་ཁ་བརྡ་ལ་མིག་ཡོ་འདུག་དྲངས་པོ་བལྟ་དགོས་ས་རེད་ཟེར་བའི་ཚིག་ཀྱང་ནག་སྲུབ་བྱེད་པ་ནི། རྒྱ་ནག་གུང་ཁྲན་ལ། མི་མང་གིས་ཡོ་སྲང་སྐྱོན་བརྗོད་བྱེད་མི་ཆོག་པ་དང་ཅིས་མི་འཚུངས། ད་གནས་སྐབས་བདེ་མོ་བཞུགས
སྤྱིར་ཆོས་ལུགས་ལ་དག་ཐེར་བྱེད་རྒྱུ་མེད་པ་དང་། ཆོས་ལུགས་ཀྱི་གཙོ་འཛིན། རྗེ་རིན་པོ་ཆེ་ལྟ་བུས་ཅི་གསུངས་པ་དེ་དེ་བཞིན་དུ་ཡིན་པ་ལས་མི་ཆོག་པ་དང་། དེས་གསུང་པ་ལ་བརྟགས་དཔྱད་ཙམ་ཡང་བྱེད་མི་ཆོག་པ་ནི། ཡེ་ཤུ་དང་། ཁ་ཆེའི་ལུགས་ལས་མ་འདས་པ་དེ་ཤེས་པར་གྱིས།
བདག་ཅག་གི་སྟོན་པས་ཀྱང་། ཁོང་གི་བསྟན་པ་ལ། བརྟགས་དཔྱད་ཡང་ཡང་བྱེད་དགོས་པ་གསུང་པའི་བཀའ་གཟི་བརྗིད་ཆེན་པོ་ཅན་དེ་རྣམས་ཀྱིས། རང་རེ་ནང་པ་སངས་རྒྱས་ལ། ཡང་ཡང་བརྟགས་དཔྱད་བྱེད་ཆོག་པའི་རང་དབང་སྤྲད་པ་དེ་ཡང་ཤེས་པར་གྱིས།
རྩོམ་འདིའི་མཆན་སྒོ་བརྒྱབ་ཟིན་པ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།