ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་བློ་བཟང་གྲགས་པའི་དཔལ།།
ཁ་བའི་ཡུལ་དུ་སྐུ་འཁྲུངས་བསྟན་པ་སྤེལ།།
དགའ་བ་རྒྱ་ཕྲག་ལྡན་པའི་སྐྱེས་ཆེན་ལ།།
ང་ཚོ་བོད་རིགས་་ཡོངས་ཀྱི་རྗེས་དྲན་ཞུ།།
ཅ་ཅོ་དབེན་པའི་གངས་རིའི་འགྲོ་བའི་མགོན།།
ཆ་རྐྱེན་འཛོམས་ནས་དགེ་བཅུའི་ངོ་སྤྲོད་གནང་།།
ཇ་ཕུད་ལ་སོགས་མཆོད་པ་ཁྱེད་ལ་འབུལ།།
ཉ་རྒྱས་ཟླ་བའི་འོད་ཟེར་མཇལ་བས་ཚིམས།།
ཏ་ཐ་ག་ཏའི་བསྟན་པ་འཛི་སྤེལ་གནང་།།
ཐ་དད་ཆོས་ལུགས་དྲི་མེད་གཅིག་ཏུ་འཛིན།།
ད་ལྟའི་སྐབས་སུ་ཁྱེ,ད་ཞལ་གང་ན་བཞུགས།།
ན་རྒས་འཆི་བརྡིབས་བོད་འབངས་བརྩེ་བས་གཟིགས།།
པ་སངས་ལྟབུའི་བུ་རབས་ཚ་བརྒྱུད་རྣམས།།
ཕ་ལམ་འདྲ་བའི་ཁྱེད་ཀྱི་རྗེས་སུ་འཇུག།
བ་དང་གླང་རྒན་འདྲ་བའི་བསམ་མེད་འགས།།
མ་བཟོད་རྨེ་ངག་ཆོས་ལུགས་གཞི་འཛིན་བྱེད།།
རྩ་བའི་བླ་མ་བློ་བཟང་གྲགས་པའི་དཔལ།།
ཚ་གདུང་སེལ་བའི་འགྲོ་བའི་མགོན་པོ་ཁྱོད།།
རྫ་བརྩེའི་སྤྱན་མིག་སྐྱེ་འགྲོ་ཡོངས་ལ་གཟིགས།།
ཝ་ལེར་བསམ་དང་ཁྱེད་ཀྱི་མཛད་འཕྲིན་ནི།།
ཞ་སེར་ཙམ་མིན་འཇིག་རྟེན་ཡོངས་ལ་ཁྱབ།།
ཟ་དང་རྒྱུ་སྐར་ལ་སོགས་ཁྱེད་ལ་གུས།།
འ་ཆད་འུ་ཐུག་བོད་འབངས་ད་ཕྲུག་བཟོས།།
ཡ་མེད་རྒྱ་ཡི་རྩོན་རར་ཉིན་ཚན་དཀའ།།
ར་བ་གངས་རིའི་བོད་འབངས་སྐྱེ་འགྲོ་རྣམས།།
ལ་ལུང་བགྲོད་ནས་བདེ་སྐྱིད་མྱུལ་བས་ན།།
ཤ་ཚའི་གཏམ་དང་དགེ་བཅུའི་ངོ་སྤྲོད་སོགས།།
ས་ལམ་འབྲས་བུ་ཡོན་ཏན་གཞི་གྱུར་མ།།
ཧ་ཅང་ཟབ་པའི་ལམ་སྟོན་ཁྱེད་ཀྱི་བསྟན།།
ཨ་གསར་མ་ཡིན་རྒྱུན་དུ་ཉམས་ལེན་ཞུ།།
དགའ་ལྡན་ལྔ་མཆོད་སེ་རའི་ཞིང་མཆོད་འབུལ།།
དོན་དངོས་བླ་མའི་དགོངས་རྫོགས་མཆོད་འབུལ་ལ།།
མར་མེ་ཚོགས་འབུལ་གྲངས་མེད་བཤམས་པ་ནས།།
དམིགས་བརྩེ་དྲུག་སྐོར་བཞི་སྐོར་གང་མང་བསོག།
དམིགས་མེད་རྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
གངས་ཅན་མཁས་པའི་བཙུག་རྒྱན་ཙོང་ཁ་བ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
གླིང་ཀ་
ཁྱིམ་མཚོས་
བོད་བཅིངས་འགྲོལ་
ལེའུ་གསར་བ་
འགྲིམ་འགྲིལ།
འཕྲུལ་རིགས།
་ཅི་བྱ་གཏོད་མེད་ཀྱི་
གནས་སུ་ལྷོང་ཡོད།
། སྲིད་བློན་ཎེ་རོ་
ར་ཁང་བ་གསར་རྒྱག་དང་།
འགྲིམ་འགྲིལ་
༧གོང་ས་ཏཱ་ལའི་བླ་མ་བཅུ་པ་གསུམ་ཆེན་པོའི་ཡང་སྲིད་
དགོང་ལོ་༢༦ སྟེང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བླངས།
་བོད་སྤྱི་བའི་
ཞ་སེར་ཙམ་མིན་འཇིག་རྟེན་ཡོངས་ལ་ཁྱབ།།
ཟ་དང་རྒྱུ་སྐར་ལ་སོགས་ཁྱེད་ལ་གུས།།
འ་ཆད་འུ་ཐུག་བོད་འབངས་ད་ཕྲུག་བཟོས།།
ཡ་མེད་རྒྱ་ཡི་རྩོན་རར་ཉིན་ཚན་དཀའ།།
འདི།
ཞྭ་སེར་ཙམ་མིན་འཇིག་རྟེན་ཡོངས་ལ་ཁྱབ།།
གཟའ་དང་རྒྱུ་སྐར་ལ་སོགས་ཁྱེད་ལ་གུས།།
འ་ཆད་འུ་ཐུག་བོད་འབངས་ད་ཕྲུག་བཟོས།།
ཡ་མེད་རྒྱ་ཡི་བཙོན་རར་ཉིན་ཚན་དཀའ།།
འབྲེལ་མེད་འཆན་འདེབས་གོ་་བརྡ་འཕྲོད་་པ་དཀའ་།
ཧ་ཧ་