ལྷ་སྡེ་གནམ་ལོ་ཡག
སྨྱུག་ཐོགས་པས་དགའ་ལྡན་བླ་སྤྱི་དགའ་བཞིན་སྤྲོ་བཞིན་སྤེལ་བའི་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་འགོག་གི་གསལ་བསྒྲགས་ཀློག་སྐབས། གསལ་བསྒྲགས་ནང་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་འོས་མི་ཡིན་པ་བརྗོད་ཐུབ་མེད་པ་ནི་གནང་སྟངས་དམངས་གཙོར་འགལ་བཞིན་པ་ཤེས་ཡོད་པའི་རྟགས་མཚན་ཡིན་པའི་ཁར། འགོག་དོན་ཡང་ཆོས་དད་དང་ཡ་རབས་བཟང་སྤྱོད་ཟེར་བ་ཙམ་ལས་ཁུངས་ལུང་གང་ཡང་བཀོད་མི་འདུག
བདེན་རྒྱབ་བདེན་ལངས་ཚོགས་ཆུང་གིས་སྤེལ་བ།
དེ་མཚུངས་སུ་ངོ་དེབ་འཕྲིན་ལམ་བརྒྱུད་ནས་གནས་ཚུལ་གཞན་ཞིག་འབྱོར་བ་ནི་སེ་ར་བླ་སྤྱི་ནས་ཀྱང་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་སོང་ཟེར། ཞིབ་ཕྲའི་གསལ་བསྒྲགས་ད་དུང་མ་མཐོང་ནའང་། དགའ་ལྡན་བླ་སྤྱིའི་གནང་སྟངས་ལས་ཧེ་བག་ཆེར་ཡོད་མི་སྲིད་པར་འདོད།
མ་གཞི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ཆོས་པ་རྣམ་དག་ཚོས་སེམས་ཅན་ཐམས་ཅད་ལ་མ་ཡི་འདུ་ཤེས་བཟུང་ཡོད་མོད། དགའ་ལྡན་དང་སེ་ར་བླ་སྤྱི་གཉིས་ནས་ཨ་ཚོགས་ཀླུ་མཁར་བྱམས་མ་གྱུར་སེམས་ཅན་ལས་བསྒྲལ་བཞིན་པ་ལྟ་བུའི་མཐོང་སྣང་ཞིག་བསྐྲུན་བཞིན་པས། འདི་ནི་བོད་རྒྱ་དབྱིན་གསུམ་བརྒྱུད་ལམ་གྱི་དོ་སྣང་ཡོང་ས་གསར་བ་ཞིག་ཆགས་ཡོད།
དེ་ལས་ལྡོག་ནས། བདེན་རྒྱབ་ཚོགས་ཆུང་གིས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལས་ཤོག་སྟེང་དཀྱེལ་ཡངས་ཀྱི་ལན་ཐུང་ཞིག་ཕུལ་འདུག་པ་ནི་ལྷ་རམས་པའི་དཔུང་སྡེ་ཞིག་གི་གནང་སྟངས་དང་ཆ་འདྲ་བས། གཤམ་གྱི་དོན་ཚན་ཁག་ལ་བསྐྱར་དུ་གླེང་སློང་ཞིག་བྱེད་དགོས་པར་སྣང་།
གཅིག ཆོས་ལུགས་ཀྱི་ཆ་ནས་སྲིད་དོན་ལ་ལྟ་བ།
ཕ་ཆོས་གཡུང་དྲུང་བོན་ཡིན་ནའང་འདྲ། བུ་ཆོས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཡིན་ནའང་ཆོག སྲིད་ཀྱི་སྒང་ཤུགས་རྐྱེན་རིམ་པས་ཐེབས་མྱོང་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་ཡར་སྔོན། བཙན་པོ་རེ་ལ་སྐུ་གཤེན་རེ་ཡོད་ཅིང་། སྐུ་གཤེན་རེ་ཡིས་མ་འོངས་ལུང་བསྟན་དང་བཙན་པོའི་རུ་དཔུང་ལ་སྐྱབས་འཇུག་ཆོ་ག་སྒྲུབ་ཀྱིན་པས། སྐབས་ལ་ལར་བཙན་པོ་དང་སྐུ་གཤེན་བར་དུའང་དགོངས་ཚུལ་མི་མཐུན་པ་བྱུང་ཡོད་པར་མ་ཟད། སྐུ་གཤེན་ལ་དབང་ཆ་ཤོར་དོགས་ཀྱང་བྱུང་ཡོད་མོད། རྩ་བའི་ཆ་ནས་ཆོས་སྲིད་བར་གཅིག་ཕན་གཅིག་གྲོགས་སུ་འགྱུར་ཐུབ་ཡོད།
སངས་རྒྱས་ཆོས་ལུགས་ལ་མཚོན་ན། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཕྱག་བསྟར་གྱིས་ཕྱི་ལོ་༢༠༡༡ ལོ་བར་དུ་རྒྱལ་བོའི་གོ་ས་ཆོས་པས་བཟུང་བ་དང་། དེང་གི་བར་སྔར་གྱི་སྐུ་གཤེན་གྱི་གོ་ས་ཆོས་དགེ་དང་ཆོས་སྐྱོང་ལ་གཏད་ཡོད། ཡིན་ནའང་། གཞུང་ལུགས་ཀྱི་ཆ་ནས་སྟོན་པ་ཤཀྱཱ་ཐུབ་པ་མཆོག་གིས་༼དགེ་སློང་དག་གམ་མཁས་རྣམས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན་༽ཞེས་རྒྱས་བཅད་ཡོད་པས། སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་ཡིན་ན་ལམ་ཁ་འདི་ལས་འདའ་ཐབས་མེད་ལ། འདོད་མིན་ལས་ལྡོག་ནས་ངེས་པར་དུ་༼བསྲེག་བཅད་བརྡར་གསུམ༽ཉམས་ལེན་གནང་དགོས་ཀྱི་ཡོད་པ་མ་གཏོགས་གླེགས་བམ་ནང་སྦས་ནས་འཇོག་པའི་དུས་རབས་ཡོལ་ཟིན།
དེང་གི་ཆར་བོད་ལ་སྟོན་པ་གསར་བ་ཞིག་བྱུང་ནས་བན་བོན་གང་ལའང་མ་འདྲ་བའི་ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་བསྐྲུན་ནས་ནུབ་ཕྱོགས་ཀྱི་དཀོན་ཅོག་ནང་བཞིན་དོགས་སློང་བྱེད་མི་ཆོག་པ་ཅིག་བཟོ་བའི་དབང་དུ་བཏང་ནའང་། དེ་ནི་བསམ་ཚུལ་ཉི་ཚེ་བའམ་འཕྲལ་སེལ་ལ་དམིགས་པའི་བྱེད་སྟངས་ཤིག་ལས་ཕུགས་རྒྱང་རིང་བོའི་དོན་ཆེན་ཞིག་མིན། དེ་བས། དགའ་ལྡན་བླ་སྤྱིས་དགའ་སྤྲོ་དང་བཅས་སྤེལ་བའི་གསལ་བསྒྲགས་ནང་གསལ་བའི་ཆོས་དད་ཟེར་བ་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་མེད་གསལ་ཁ་ཆགས་མེད་པའི་ཁར། བརྡ་འཕྲིན་དུས་རབས་ནང་དུ་བྱས་པ་མཐའ་དག་ཕྱི་གསལ་ནང་གསལ་ཡིན་པས། བོད་བརྒྱུད་སངས་རྒྱས་ཆོས་ལུགས་འཛམ་གླིང་སྟེང་དར་སྤེལ་ལ་གེགས་སུ་མི་འགྱུར་བའི་ངེས་པ་མེད་ལ། སེ་ར་དང་དགའ་ལྡན་བླ་སྤྱིར་ནམ་རྒྱུན་འབྲེལ་ལམ་ཟབ་པའི་དམངས་གཙོའི་ཡུལ་ལུང་གི་སྦྱིན་བདག་ཆེན་མོ་དག་ལའང་བློ་ཕམ་མི་བྱུང་བའི་ངེས་པ་དེ་ལས་ཀྱང་མེད།
གཉིས། སྲིད་དོན་གྱི་ཆ་ནས་ཆོས་ལུགས་ལ་ལྟ་བ།
བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིའི་དབྱེ་མཚམས་གསལ་ཤོས་དེ་བོད་རྒྱལ་ཁབ་རྒྱ་དམར་འོག་ཏུ་ཤོར་བ་དང་། བོད་ཀྱི་དགོན་སྡེ་ཆེ་མ་ཆུང་གསུམ་ལ་གཏོར་སྐྱོན་ཐེབས་པ་དང་། སྒོས་སུ་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་དགའ་ལྡན་རྨེག་མེད་དུ་བཏང་བའི་ལོ་སྟེ། ཕྱི་ལོ་༡༩༥༩ ལོ་རེད།
ལོ་འདིའི་ཡར་སྔོན་༼བསྲེག་བཅད་བརྡར་གསུམ༽གླེགས་བམ་ནང་སྦས་པའམ་ལྷག་རྗེས། ཆོས་པ་རེ་འགས་མི་ལས་དགུ་ལས་བྱས་པའི་དུས་རིམ་ཞིག་ཏུ་འཁེལ་ཡོད། དཔེར་ན། བཅོས་བསྒྱུར་བ་ཆེན་པོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་གི་སྤྱན་བྲུས་པ་ནི་རྒྱལ་ཚབ་ར་སྒྲེང་གིས་སྲིད་སྐྱོང་བའི་དུས་སུ་འཁེལ་བས། འདུལ་བའི་གཞུང་གིས་བླ་མ་སྲིད་དོན་པ་ཚོ་གཅུན་ཐུབ་ཀྱི་མེད་པ་མཚོན་ཡོད། དེ་བས། སྐབས་དེར་དོགས་སློང་ངམ། སྐྱོན་བརྗོད་རིགས་ཡོང་ཆོག་གི་མེད་པ་ནི་དམངས་གཙོ་མ་ཡིན་པའི་ལམ་སྲོལ་རྙིང་བ་ཡིན་པས་ཀྱང་རེད།
ཕྱི་ལོ་༡༩༦༠ ལོ་ནས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་གསོལ་རས་བསྩལ་བ་རེད་ལ། དེང་གི་བར་ལོ་ངོ་༥༥ འདས་ཟིན་པར་མ་ཟད། ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱིས་འདེམས་པའི་བཀའ་ཁྲིའམ། སྲིད་སྐྱོང་ལ་ཕུལ་ནས་ལོ་ལྔ་བཞི་ལྷག་འགྲོ་ཟིན་པ་ལྟར་རེད།
རྒྱལ་བ་རིན་པོ་ཆེ་ནས་ཆབ་སྲིད་སྐུ་དབང་མ་ཕུལ་བའི་ཡར་སྔོན་དུ་༼བཙན་བྱོལ་བོད་མིའི་བཅའ་ཁྲིམས༽ནང་དུ་གྲོས་ཚོགས་རྩ་འབོར་གྱི་སུམ་ཆ་གཉིས་ནས་དགག་བྱ་ཡོད་ན། རྒྱལ་བ་རིན་པོ་ཆེ་ཡི་ཆབ་སྲིད་གོ་གནས་ལེན་ཆོག་པ་བཀོད་ཡོད།
དེས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། རྒྱལ་བ་རིན་པོ་ཆེ་མཆོག་གི་སྲིད་དོན་གནང་ཕྱོགས་ཐད་སྐྱོན་བརྗོད་བྱེད་ཆོག་པར་མ་ཟད། ཐ་ན་སྲིད་དོན་གོ་གནས་ཀྱང་ཕབ་ཆོག་པ་གསལ་ཡོད་པས། ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་ཤུགས་ལྡན་གནད་དོན་ཐད་དོགས་སློང་དང་ཐག་གཅོད་ཡོང་སྟངས་ལ་དགོངས་ཚུལ་བཏོན་པ་ནི་མཚན་སྨོད་མ་ཡིན་པར་ཐུགས་ཕན་གསོ་སྲིད་པའི་རྒྱུ་རུ་གྲུབ་ཡོད། ཡང་ཅིག་བཤད་ན། རྒྱལ་བ་རིན་པོ་ཆེ་ནས་སྲིད་འགན་རྩིས་སྤྲོད་ཐུབ་ས་ཞིག་ནས་གཞུང་སྲིད་བར་གནས་དགག་བྱ་ཡོད་མི་སྲིད་པས། སྐབས་འཚོལ་རིང་ལུགས་པ་ཚོས་དད་པ་ལོག་སྤྱོད་གཏོང་བཞིན་པའང་གསལ་བོ་ཆགས་ཡོད།
དེ་བས། དགའ་ལྡན་དང་སེ་ར་བླ་སྤྱིའི་གནང་སྟངས་འདི་བཙན་བྱོལ་དམངས་གཙོའི་དར་འཕེལ་གྱི་གེགས་སུ་གྱུར་ཡོད་པར་མ་ཟད། རྒྱ་དམར་གཞུང་གིས་ནམ་རྒྱུན་བཤད་ཀྱིན་པའི་༼ཞིང་བྲན་ལམ་ལུགས་ལ་རོ་ལངས་རྒྱག་འདོད་འདུག༽ཅེས་པའི་སྒྲུབ་བྱེད་ཚད་ལྡན་ཞིག་ཏུ་གྱུར་ཡོད། ད་དུང་བཙན་བྱོལ་སྤྱི་ཚོགས་གཏོར་བྱེད་ཀྱི་དུག་མཚོན་ལྟ་བུར་འགྱུར་ཉེན་ཆེ་བ་ནི་བོད་ཞེན་ཤིན་ཏུ་ཟབ་པའི་སྐྱ་སེར་ཤེས་ལྡན་པའི་དཔུང་ཚོགས་ཀྱི་ལྡོག་ཕྱོགས་སུ་འགྲེངས་ཡོད་པས་ཡིན།
གསུམ། བཙན་བྱོལ་གནང་རྐྱེན་བརྗེད་པ་ནི་ནག་ཉེས་ཡིན།
དགའ་ལྡན་དང་སེར་ར་རྒྱ་གར་ནང་ག་རེ་བྱས་ནས་ཡོང་བ་རེད་དམ། དགའ་བཞིན་སྤྲོ་བཞིན་ཡོང་བ་མ་རེད་ལ། བཙན་བྱོལ་སྤྱི་ཚོགས་གཏོར་དུ་ཡོང་བའང་ག་ལ་ཡིན། རྒྱ་དམར་བཙན་འཛུལ་བས་བོད་གངས་ཅན་བཙན་བཟུང་བྱས་པའི་གོ་རིམ་ཁྲོད་དུ་དྲག་གནོན་རབ་དང་རིམ་པར་བྱས་ཡོད་པས། དགའ་ལྡན་དང་སེ་རའི་ནང་དུའང་སྔར་དེང་གི་ཨ་ཚོགས་ཀླུ་མཁར་བྱམས་ནང་བཞིན་གྱི་བཙན་རྒོལ་རྒྱལ་སྐྱོབ་པའི་དཔུང་སྡེ་ཞིག་གྲུབ་མྱོང་བས་རེད་ལ། བཙན་འཛུལ་བར་མགོ་འདོགས་མི་བྱེད་པའི་ཆོད་སེམས་ཡོད་པས་རེད།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་ལས་ཚད་མེད་བསྐྱོན་ནས་༼བོད་ནང་ཤེས་རིག་བསྐྱར་དར་དང་ཆོས་ལུགས་ཡང་དར༽གྱི་དབུ་ཚུགས་སྐབས། འབྲས་སྤུངས་དང་སེ་ར་ལས་ཀྱང་དགའ་ལྡན་དགོན་པ་བསྐྱར་གསོ་དང་ཆོས་སྒོ་འབྱེད་རྒྱུར་དཀའ་ངལ་ལྷག་མ་འཕྲད་ཡོད། ལོ་རྒྱུས་ནི་དེ་རིང་གི་རྒྱུན་མ་དེ་ཡིན་པས། བཙན་འཛུལ་བས་ཆོས་བསྣུབས་ནས་ཆོས་སྡེ་རྨེག་མེད་བཏང་བའི་བྱ་སྤྱོད་དེ་བརྗེད་ངེས་བསྐུར་ཚེ་ནག་ཉེས་ཆགས་ཡོད་པར་མ་ཟད། བཙན་བྱོལ་གནང་རྐྱེན་བརྗེད་པ་ནི་ཉེན་ཁ་ཚབས་ཆེན་དུ་གྱུར་ཡོད། རྒྱ་དམར་གཞུང་གིས་བོད་ནང་ཆོས་བསྣུབས་པ་ནི་བན་བོན་དབྱེར་མེད། ཁ་ཆེ་དང་ཡི་ཤུ་དབྱེར་མེད་ཀྱིས་རྨེག་མེད་དུ་བཏང་ཡོད། བདུད་ཟེར་མཁན་ཞིག་བཙལ་དགོས་ན་དེ་ལས་གཞན་འཚོལ་དུ་མེད།
དོན་དག་འདིའི་ཆ་ནས་བཤད་ན། ཨ་ཚོགས་ཀླུ་མཁར་བྱམས་ནི་བོད་ཀྱི་དེང་རབས་ལོ་རྒྱུས་སྟེང་ཤར་ཕྱོགས་ཨ་མདོ་ནས་བཙན་རྒོལ་ལས་འགུལ་གྱི་མེ་རོ་གསོ་མཁན་ཞིག་ཆགས་ཡོད་པས། དགའ་ལྡན་དང་སེ་ར་བླ་སྤྱིས་གཞོགས་འདེགས་མི་ཐུབ་ཀྱང་ཁ་མིག་ཡར་ལྟ་བྱེད་ས་ཞིག་ཏན་ཏན་ཆགས་ཡོད། རྒྱུ་མཚན་ནི༼བསྟན་པ་ལ་གནོད་པ་སྐྱེལ་མཁན་བྱུང་ན་ཕ་དང་མའང་བསད་བྱ་ཡིན༽ཟེར་བ་ལྟར། ཨ་ཚོགས་ཀླུ་མཁར་བྱམས་ལགས་རང་ཉིད་བཙོན་ཁང་ནང་ལྷུང་མིན་ལ་མ་ལྟོས་པར་བོད་གངས་ཅན་བཙན་བཟུང་དང་བསྟན་པ་བསྣུབས་མཁན་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་ཡོད་པས། ད་རེས་དགའ་ལྡན་དང་སེ་ར་བླ་སྤྱིས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་པ་ནི་བོད་ཕྱི་ནང་གཉིས་ཀ་ཧང་སངས་དགོས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་ཆགས་ཡོད།
མཐའ་བསྡོམས།
དམངས་གཙོར་གོམས་འདྲིས་ཡོད་མཁན་ཞིག་ཡིན་ན། དབུ་མའི་ལམ་ལ་སྐྱོན་བརྗོད་དང་ཤུགས་ལྡན་གནད་དོན་སེལ་ཐབས་བཙལ་བཞིན་པ་ནི་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་མེད་པས། སྒྲོ་འདོགས་དང་བསྐུར་འདེབས་ལས་བསྐྱེད་པའི་མཚན་སྨོད་ཆགས་མེད།
མ་གཞི་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་པ་ཡིག་ཐོག་ནས་བསྒྲགས་ཟིན་པས། བོད་མི་ཚོའི་རེ་བ་ལྟར་ཡོང་རྒྱུ་ཡོད་པ་ཞིག་ཆགས་མེད། དེ་ལས་ལྡོག་ནས་རང་བཙན་བསྐྱར་གསོའི་ལས་འགུལ་ནི་རྒྱ་ནག་གཞུང་ལ་སྒོ་ཚུར་བརྡུང་དུ་འཇུག་པའི་ཐབས་ལམ་ཡག་ཤོས་དེ་ཆགས་ཡོད།
ཡང་ཅིག་བཤད་ན། རང་བཙན་བསྐྱར་གསོ་ནི་བོད་ནང་གི་རེ་བསྐུལ་ཡིན་པ་དང་། བཙན་བྱོལ་བའི་ངོས་ནས་ལོ་རྒྱུས་ཀྱི་རྒྱུན་དང་འཐུས་ཚབ་ཀྱི་རྒྱུན། འཐབ་རྩོད་ཀྱི་རྒྱུན་བཅས་འཛིན་དགོས་ཀྱི་ཡོད་པ་གལ་ཆེན་ཆགས་ཡོད། ཡིན་ནའང་། རང་བཙན་བསྐྱར་གསོས་སྣེ་ཁྲིད་རྗེས། དབུ་མའི་ལམ་གླེང་མ་ཆོག་པའམ། སྤེལ་མ་ཆོག་པ་དེ་འདྲ་རྩ་བ་ནས་མ་རེད། བོད་ལ་གཏམ་དཔེ་ཞིག་ཡོད་དེ། ཕོ་རབ་བར་གྱི་བརྒལ་བརྟག་ནི་གཅིག་ཕན་གཅིག་གྲོགས། ཕོ་འབྲིང་བར་གྱི་བརྒལ་བརྟག་ནི་ལེགས་ཆ་ལེན་རེས། ཕོ་ངན་བར་གྱི་བརྒལ་བརྟག་ནི་ཁྱོད་ཤི་ང་གསོན་ཡིན། དེ་བས། དབུ་མའི་ལམ་འབྱུང་ཁུངས་ནི་ཕོ་རབ་ཅིག་ཡིན་པའི་ཆ་ནས་བརྒྱུད་འཛིན་པ་ཡིན་ཟེར་མཁན་ཚོས་ཕོ་ངན་གྱི་བྱེད་སྟངས་འོག་དྲུད་མི་ཡོང་བ་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཆགས་ཡོད།
གང་ལྟར་དགའ་ལྡན་དང་སེ་རར་བསླབ་པ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་ལྷན་རྒྱས་ནི་བོད་གངས་ཅན་གྱི་དམངས་གཙོའི་དུས་རབས་ཀྱི་ཆོས་རིག་དར་སྤེལ་གཏོང་བའི་སྟོབས་ཤུགས་དང་། རྒྱུ་འབྲས་མིག་བཞིན་སྲུང་བ་དང་ཆུ་སྣ་གར་ཁྲིད་ཀྱི་སྒོ་མོ་གཏན་ཟིན་པའི་དཔུང་སྡེ་ཞིག་ཡིན་པར་ཡིད་ཆེས་ཡོད།
ཐེངས་འདིར་དགེ་འདུན་པ་ཚོས་རང་ཉིད་ལ་གཏོགས་པའི་འོས་ཤོག་བཀོལ་ནས་འདས་པའི་དུས་ཡུན་ནང་སྐུ་སྒེར་ཡིག་ཚང་ནས་མཁན་པོ་ལྷན་རྒྱས་ཞལ་པར་ཕུལ་ནས་འོས་ཤོག་གི་གྲངས་འབོར་གསུངས་རྗེས། མཁན་པོ་ལྷན་རྒྱས་ནས་ཁང་ཚན་ཁག་གི་བླ་མའམ་དགེ་བཤེས་རིམ་པ་བསྐོང་འགུགས་ཀྱིས་ཁང་ཚན་རེ་ནས་འོས་ཤོག་འདི་འདྲ་ཞིག་ལོང་དགོས་ཟེར་བའི་ཆོས་འཇིག་རྟེན་གཉིས་ཀར་འགལ་བའི་འགྲོ་སྟངས་དེ་མེད་པར་དུ་གཏོང་བར་བོད་ཕྱི་ནང་གི་ཤི་གསོན་གཉིས་ཀས་རེ་བ་བརྒྱབ་ཡོད་པར་མ་ཟད། རྒྱ་དམར་གཞུང་ལ་སྒོ་ཚུར་བརྡུང་དུ་འཇུག་པའི་གཞོགས་འདེགས་སུའང་གྱུར་ཡོད་སྟབས། རང་གཞན་གཉིས་ཕན་གྱི་གདམ་ག་འདི་ནི་དམངས་གཙོའི་གོ་རྟོགས་སད་ཅིང་རྒྱུ་འབྲས་བློ་མིག་མངའ་བའི་མཚོན་རྟགས་སུ་གྱུར་ཡོད་པའང་བཤད་མ་དགོས་པར་སྙམ།
ཕྱི་ལོ་༢༠༡༥ ལོའི་ཟླ་༩ ཚེས་༢༤ ཉིན་ཤར་མར་བྲིས་པ་དགེའོ།
སྟོན་མཆོག་མའོ་ཚེ་ཐང་གི་རྗེས་འབྲང་བ་དགའ་ལྡན་དགོན་པར་ཡོང་བ་མང་མེད་ན་ཉུང་མེད། བཙན་རྒོལ་བ་ཕལ་ཆེར་གྱིས་རྒྱལ་ཁབ་ཀྱི་སྤྱི་ནོར་སྲུང་སྐྱོབས་ཀྱི་ཆེད་སྲོག་གཏའ་མར་བཞག་པ་མ་གཏོགས། དོལ་ཏང་དང་༧རྒྱལ་བ་རིན་པོ་བར་དུ་བར་གནས་བགྱིས་པ་བྱུང་མེད། སྟོན་མཆོག་མའོ་ཀྲུའུ་ཞི་མཁྱེན།
ཨ་ཚོགས་ཚང་རྒྱའི་བཙོན་དུ་ལོ་ཤས་ལ་འགྲོ་མྱོང་བ་དེར། སྡུག་ཡུས་ཞེ་དྲགས་མ་ཤོད་ཨ། ཇི་ཙམ་གྱིས་ཡུས་ཤོད་རྒྱུ་མང་ན། དེ་ཙམ་གྱིས་རང་ཉིད་ཀྱིས་བྱས་པར་ངོ་སོ་ཆུང་རུ་འགྲོ་སྲིད།
གནམ་ལོ་ཡག ད་མཚམས་བཞག་ན་མི་དགའ་འམ། འགྲོ་ཁུངས་འདུག་ཁུངས་མེད་དུས་༧གོང་ས་མཆོག་དང་བོད་གཞུང་ལ་སྐྱབས་བཅོལ། བོད་གཞུང་གི་བཀའ་དྲིན་ལ་བརྟན་ནས་ཨོ་གླེང་དུ་སོང་།་ད་ཁ་ཚུར་ལོག་ནས་༧གོང་མཆོག་དང་བོད་གཞུང་གི་མཛད་གཙོ་རྣམ་པ། འཕྲལ་ཕུགས་གཉིས་ཕན་གྱི་སྲིད་ཇུས་ཁག་ལ་སྐྱོན་བརྗོད་དང་། ཟུར་ཟ། དམའ་འབེབས། གཞུང་དམངས་བར་ལ་དབྱེན་སྦྱོར་དང་དཀྲུགས་ཤིང་ལ་འབད་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ལ། གདན་ས་གང་ཞིག་ལ་གང་ཟག་སུ་འདྲ་ཞིག་ཡོང་ཆོག་མིན་ནི་གདན་སའི་མཁན་ལས་རྣམ་པའི་འགན་དབང་ཡིན་པས་དགའ་ལྡན་བླ་སྤྱིའི་ཐག་གཅོད་དེར་འཛམ་གླིང་ཧྲིལ་བོར་གནས་པའི་བོད་རིགས་ཡོངས་ནས་མཐེ་བོང་གནམ་ལ་བསྒྲེངས་བཞིན་འདུག ཡིན་ནའང་འབྲས་སྤུངས་ཀྱི་གནང་སྟངས་དེར་བོད་འབངས་རྣམས་བློ་ཕམ་གྱི་རང་བཞིན་དུ་གྱུར་འདུག
བོད་ནང་གི་ཆབ་སྲིད་བཙོན་ཟུར་ཚོ་ཕྱི་རྒྱལ་ལ་སླེབས་པའི་ཉིན་ནས་བོད་མིའི་སྒྲིག་འཛུགས་དང་རྒྱལ་བ་རིན་པོ་ཆེར་རྒོལ་མཁན་ཞིག་ཆགས་འགྲོ་བ་འདི་ཅི་མ་ཉན་པ་རེད། དཔེར་ན་ཀླུ་མཁར་བྱམས་དང་གནམ་ལོ་ཡག་ལྟ་བུ། ག་དུས་ཡིན་ཡང་རྒྱལ་བ་རིན་པོ་ཆེས་གཅིག་མ་འགྲིག་བོད་གཞུང་གིས་གཉིས་མ་འགྲིག་ཟེར་བ་ལས་རྒྱ་གཞུང་གིས་མ་འགྲིག་པ་བཤད་པ་མཐོང་དཀོན་པོ་འདུག ངོ་མ་མིའི་འགྱུར་བ་ཟེར་རྒྱུ་འདི་ཁྱད་མཚར་པོ་རེད། ད་དུང་ཨི་སི་ཊིར་ལི་ཡར་ཡོད་པའི་ཆབ་སྲིད་བཙོན་ཟུར་ཁྲོད་ན་རྒྱ་གཞུང་གི་རྒྱུག་ཁྱི་བྱེད་མཁན་ཡང་ཡོད་པ་གོ་རྒྱུ་འདུག
མྱི་འདི་ངས་རྩོམ་འབྲི་མཁན་ཞིག་ལ་ནོར་འདུག མ་གཞི་ཁོ་ནི་བདེན་པ་གཞི་ལ་བཞག་པའི་རྩོམ་འབྲི་བ་ཞིག་མ་ཡིན་པར། དབྱེན་སྦྱོར་དཀྲུགས་ཤིང་གི་ཚིག་འཆལ་བསྒྲགས་མཁན་ཞིག་རེད་འདུག་ཨང་། ཡིག་ཚོགས་འདིར་བོད་མི་ནང་དཀྲུགས་གི་གནད་དོན་ཚབས་ཆེན་གཅིག་དང་། འདས་པའི་བཙན་བྱོལ་གྱི་མང་གཙོའི་ལམ་ལུགས་དེ་སྟོབས་དང་དབང་གི་ཤུགས་རྐྱེན་འོག་ཚད་ལྡན་ཡོང་མེད་པར་བཤད་འདུག བཤད་ཀྱི་ཡོད་ན་གསལ་པོ་ཞིག་བཤད་ན་ཡག་པོ་མེད་འགྲོ། ཞི་ལ་སྙིང་ཆུང་གིས་ཙི་ཙི་འཛིན་སྟངས་ལྟར་ཐུག་ཙམ་རག་ཙམ་གྱིས་གཞན་གྱི་ཁ་སྒོ་ནས་ཐོན་རྒྱུར་རེ་བ་དང་བརྒྱུད་སྐུལ་བྱེད་པ་ནི་ཐ་ཤལ་གྱི་བྱ་སྤྱོད་རེད།
ཀླུ་མཁར་བྱམས་གདན་ས་ནས་སྐད་ཆ་བཤད་པར་འགོག་དགོས་པའི་དགོས་པ་མ་མཐོང་མོད། ཀླུ་མཁར་བྱམས་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་འོས་མིར་ལངས་བ་དང་ལང་དུ་བསྩལ་བ་དང་ལངས་བ་ལ་རྗེས་སུ་ཡི་རང་བ་ནི་རྦད་ཏེ་དབུ་མའི་ལམ་དང་༧རྒྱལ་བའི་དགོངས་བ་དང་འགལ་བས། བཙན་བྱོལ་བོད་གཞུང་གིས་ཁོང་འགོག་དགོས་པ་རེད། དེ་མིན་ཁོ་རང་ཉིད་ནས་ཀྱང་འོས་ལངས་ཕྱིར་འཐེན་བྱས་ཏེ་རང་བཙན་གྱི་ལྟ་བ་ཁྱེར་ནས་མུ་མཐུད་ནས་ལོགས་སུ་བསྡད་ན་ལེགས། ཁོང་གི་འདེམས་ག་ནི་ནོར་འཁྲུལ་གྱི་ལམ་བུ་ཞིག་ཡིན་པ་མ་ཟད་བོད་མི་མང་ཡོངས་ལ་འགན་མ་ཁུར་བའི་ལས་ཞིག་ཀྱང་ཡིན། ནགས་མེ་རླུང་གིས་སྤར་མོད་ཀྱང་། དེ་ཡིས་སྒྲོན་མེ་ཆུང་ངུ་གསོད། ལེགས་བཤད་འདི་ལ་བསམ་གཞིགས་གནང་རོགས་སྙིང་གི་གྲོགས།
མང་ཚོགས་ནང་ཤེས་མི་ཐུབ་པའི་དོན་དག་མང་པོ་ངོ་འཕྲོད་ཐུབ་ཡོད་ས་རེད།
སྐུ་ངོ་སྤེན་ཚེ་རྒྱབ་བསྐྱོར་བ་ཡིན་ཟེར་མཁན་མི་གཅིག་མིང་ཅན་ལུང་རྟོགས་ཀྱང་ཕེབས་འདུག
ཕོ་མིན་མོ་མིན་འདྲ་བའི་ངོ་གཉིས་བསྟན་མ་བསྟན་ཡོད་པ་མ་རེད། ཀླུ་བྱམས་དང་ཀླུ་བྱམས་ཀྱི་དོན་ལྔ་སྣོད་དྲུག་གིས་ལག་རྡོ་བྱེད་མཁན་ནི་དད་མེད་མི་བུའི་སྡེ་ཚོགས་ཆུང་ཆུང་ཞིག་ཡིན་པ་ཤེས་ནི་རེད། ཇི་སྲིད་མང་གཙོ་དར་ན་དེ་སྲིད་ཐོབ་ཐང་ལོན་ནི་མ་རེད།
དབུ་མ་རང་མིན། རང་བཙན་རང་མིན་པའི་ལྟ་བ་ཞེ་པོ་ཞིག་ཡོད་མདོག་བཤད་མ་བཤད་ཡོད་པ་མ་རེད། རྡོག་རྩ་གཏོར་སྤྱད་ཀྱི་གཡོ་གཏམ་ཞིག་ལས། ལང་ཕྱོགས་བརྟན་པོ་མེད་པ་གསལ་སྟོན་བྱས་ཡོད་པ་ཤེས་ནི་རེད།
ནང་གཏོར་གྱི་གཏེ་བོ་བྱུང་ན། དགྱས་སྒོ་ཚུར་རྡུང་ལས་དགྱ་སྒོར་ཚུར་སྟེར་བྱེད་རྒྱུ་ཡིན་པ་ཤེས་ནི། ཁྱེད་ཚོ་ལ་དེ་འབབ་དུ་རེ་བ་སྟོང་བ་ཡིན།
“ཨ་ཚོགས་ཀླུ་མཁར་བྱམས་ནི་བོད་ཀྱི་དེང་རབས་ལོ་རྒྱུས་སྟེང་ཤར་ཕྱོགས་ཨ་མདོ་ནས་བཙན་རྒོལ་ལས་འགུལ་གྱི་མེ་རོ་གསོ་མཁན་ཞིག་ཆགས་ཡོད་པས།” ཧམ་པ་འདི་འདྲ་བཤད་མ་ཡོང་། མདོ་སྨད་ལ་དགུ་བཅུ་གོ་གསུམ་བར་དུ་བཙན་རྒོལ་ལས་འགུལ་གྱི་མེ་རོ་མ་གསོ་རབས་ཟེར་ན། ཁྱེད་ཚོས་རང་དོན་གྱི་མིང་བྱང་ཞིག་གི་དོན་དུ། དེ་སྔའི་ཤི་བོའི་གཞུག་གི་དཔའ་བོ་ཚོ་ལ་རྒྱས་ང་མ་བྱས་བ་དང་ཁྱད་གསོད་བྱས་ཡོད་པ་ཤེས་བར་བྱོས།
གནམ་ལོ་ཡག་འདི་བསྡད་ཀྱིན་བསྡད་ཀྱིན་རང་མདོག་ཇེ་གསལ་རེད། ཁྱོད་མི་ཞིག་དང་ད་དུང་དབང་བོ་ཐང་ཐང་ཡིན་རྒྱུ་རེད་བསམ། ད་དངོས་གནས་ཀླུ་མཁར་བྱམས་དང་ཁྱོད་གཉིས་ཀྱིས་སྨྱོན་བཤད་རྒྱུ་མང་སོང་ད། གོང་ས་མཆོག་དང་བོད་གཞུང་གིས་ཁྱོད་གཉིས་ལ་ཅི་ཞིག་བྱས་སོང་། ལོ་མང་རིང་གོང་ས་མཆོག་དང་བོད་གཞུང་གངས་ཅན་སྐྱིད་གཤོངས་ནས་ཟོས་ཟོས་པ་དེ་མ་འགྲིག་པ་རེད་དམ། བོད་གཞུང་གིས་ཨོ་གླིང་ལ་བཏང་བ་མ་འགྲིག་པ་རེད་དམ། ད་རྒན་སྡང་མང་ད། རང་མདོག་བསྟན་ད། འབྲོག་མགོ་རྡོ་ཡིན་པ་ཤེས་སོང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་གླེང་།
༄༅། །སྤྱི་ནོར་༧གོངས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་སྟོན་གནང་བའི་འོག་ ང་ཚོ་བཙན་བྱོལ་བོད་མི་ཡོངས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྲིད་ཟུང་འབྲེལ་ཀྱི་གནའ་པོའི་གོམས་གཤིས་བཟང་པོ་དང་། འཚེ་མེད་ཞི་བའི་ལྟ་བ་གཞིར་བཟུང་། བོད་ཚང་མར་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར་བཙས་ཀྱི་རང་དབང་དང་། འདྲ་མཉམ། དྲང་བདེན་ཡོང་བ་བྱེད་རྒྱུ་ཡིན་་་ཞེས་བཀོད་འདུག
༡་་་་སྲིད་སྐྱོང་འོས་མི་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལགས་ཀྱི་གཏམ་བཤད་ལ་བཀག་འགོད་བྱས་པ་འདི་༧གོང་ས་ཏྭ་ལའི་བླ་མའི་དགོངས་པ་དང་མཐུན་ནམ།
༢་་་་སྲིད་སྐྱོང་འོས་མི་ལྔ་ཡི་ནང་ནས་དབྱེ་འབྱེན་གྱིས་གཏམ་བཤད་བཀག་འགོག་བྱས་པ་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་ནམ།
༣་་་་སྲིད་སྐྱོང་འོས་མི་རྣམས་གཏམ་བཤད་ཡོང་ཆོག་མིན་ལ་འདྲ་མཉམ་མེད་པའི་ཐོག་ནས་རྒྱལ་གཅེས་པ་ཀླུ་མཁར་བྱམས་བཀག་འགོག་བྱས་པ་འདི་ཡ་རབས་བཟང་སྤྱོད་དང་མཐུན་ནམ།
འདི་བས་ཡི་གེ་འབྲི་སྲོལ་ལ་ལྟོས་དང་། རྒྱ་གུང་བྲན་པ་ཞིག་གིས་བྲིས་པ་དང་ཨ་ན་མ་ན་རེད། རང་བཙན་ཁ་ལ་འཁྱེར་ཚད་དུ་བོད་མི་མང་གི་གཙུག་ཏུ་བཀུར་བའི་བླ་མ་དང་། གཞུང་ལ་རྒོལ་རྐྱང་རེད། འདིར་དྲང་ཐིག་ནས་བཤད་ན། གདན་ས་དགའ་སེར་གཉིས་ཀྱི་ལས་སྣེ་རྣམས་ཀྱང་ཕྱོགས་རིས་དབང་དུ་སོང་མེད་དམ་སྙམ། སོ་སོའི་ལྟ་བ་མི་མཐུན་པ་ཞིག་ཡོང་ནས་རྩོད་རྒྱུ་ཟེར་ན། བཀག་པ་དང་ཞ་དགོས་དོན་མེད་ཀ རིག་ལམ་ནས་བགྲོ་གླེང་གིས་ཕམ་པར་བརྒྱབས་རྒྱུ་འགན་འཁྲི་ཡིན་ཏེ། གནའ་བོའི་དཔལ་ན་ལེན་ཌའི་བཙུན་པའི་ཚོགས་ཀྱིས་མུ་ཏིག་པ་ནམ་ཡོང་ལ་མ་བཀག་པར་རིག་ལམ་བགྲོ་གླེང་མཛད་དེ། ལྟ་ལོག་རྣམས་ཡང་དག་པའི་ལམ་ལ་བཀོད་པའི་དངོས་བྱུང་མ་གཟིགས་པ་ཨེ་ཡིན།
རེད་རེད། འདི་ཚོར་དགོས་རྒྱུ་དཀོར་རྒྱུན་མ་གཏོག་མི་རིགས་ཀྱི་རྩ་དོན་ཟེར་བ་ཞིག་ཡོད་ལེ་མ་རེད། མ་འགྱུར་སེམས་ཅན་གྱི་ཁ་གཡང་ནི་དཀོར་རྒྱུན་འཚོལ་ཐབས་ཀྱི་ལག་ཆ་ཙམ་ལས། ཟ་རྒྱུ་དང་འཐུང་རྒྱུ་ཞིག་རག་སོང་ན་མ་འགྱུར་སེམས་ཅན་བསད་རྒྱུར་ཐེ་ཚོམས་ཡེ་ནས་མེད། ངས་གསལ་པོར་བཤད་འདོད་པ་ནི་མི་འདིའི་རིགས་ནི་ནང་བསྟན་དར་སོང་ན་མི་རིགས་མི་དགོས་པ་དེ་རེད། རྒྱུ་མཚན་ནང་བསྟན་དར་འགྲོ་བ་མཉམ་དུ་ཁོ་ཚོའི་དཀོར་ཚོང་དང་དཀོར་རྫས་ཐོག་པ་མེད་པ་དེ་ལས་གཞན་པའི་ཁོ་ཚོ་ཚོར་དགོས་མཁོ་མེད། ད་ཡིན་ན་དཀོར་ཟན་པ་འདི་ཚོས་གནའ་ནས་ད་བར་བོད་དང་བོད་མི་རིགས་འདི་དཀོར་བདག་གི་ལག་པར་བཞག་ཏེས་དཀོར་ཚོང་བརྒྱབ་པར་རྫོགས་མཐའ་མེད་ཀི། ཁྱོད་དཀོར་རྔམས་པ་ཚོས་ནང་བསྟན་དར་འཕེལ་འགྲོ་བཞིན་པའི་ཀྲུང་གོའི་མེས་རྒྱལ་གྱི་པང་དུ་གང་མགྱོགས་ལོག་འགྲོ་རོགས། ཁྱོད་ཚོ་ཡུལ་བགྱར་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མི་འདུག། ཀྲུང་གོའི་བདག་དབང་དང་རྩ་ཁྲིམས་ལ་ནི་མགོ་འབུལ་ལུས་འབུལ་གྱིས་ཁས་ལེན་ཞུས་ཟིན་པ་རེད། ད་ནི་བཙན་བྱོལ་དུ་ཀྲུང་གོའི་ལོག་སྤྱོད་པའི་ཡུལ་བགྱར་ངོ་མ་ཚོར་མཐོང་ཆུང་བརྙས་བཅོས། འབུར་བཅོམས་བྱེད་རྒྱུ་འཚམས་འཇོག་བྱེད་རན་ཡིན།
གནའ་དུས་ཀྱི་ལྟ་ལོག་པར་རིག་ལམ་ཀྱིས་ཕར་ལབ་ས་ཡོད་རེད།
དེང་དུས་སུ་ལྟ་ལོག་པར་སྒོར་མོ་སྤྲད་པ་ལས་རིག་ལམ་འགྲོ་ས་མི་འདུག
རིག་ལམ་འགྲོ་ས་ཡོད་ན་༧རྒྱལ་བ་རིན་པོ་ཆེས་རིག་ལམ་བསྟན་ཡོད་རེད།
ད་དེ་ནས་དོལ་ཅོར་ཉ་མས་ཅིག་བཤད་ཀ་བྱས་འདུག དབུ་ཁྲིད་དུ་འོས་མིན་དབྱེ་འབྱེད་གནང་དགོས་པ་ཉིད། རང་དབང་དང་། དམངས་གཙོའི་དགོངས་པ་རེད། སྲིད་སྐྱོང་དུ་བཞེངས་འདོད་ཡོད་པ་ལྔ་དང་།བདུན། ལྔ་བཅུ་སོགས། ཡོད་ཆོག་མོད། འོན་ཀྱང་ཀླུ་མཁར་བྱམས་དང་ཅོ་རི་ཉ་མ་ལྟ་བུ་འཇེ་ལང་ལང་བྱས་ཏེ་ལང་བཞག་ན། བོད་མོ་ཡོད་དོ་ཅོག་གི་འདྲ་མཉམ་གྱི་གཉའ་མ་བཟེད་དགོས་མེད་པ་ཡང་དམངས་གཙོ་རེད། ཆོས་རབ་ཏུ་རྣམ་འབྱེད་པའི་ཤེས་རབ་ཀྱིས་སུ་འོས་མིན་དབྱེ་འབྱེད་ཀྱིས་སྲིད་སྐྱོང་གཅིག་རང་གདམས་བགྱི་ཡང་འདྲ་མཉམ་གྱི་ལོངས་སྤྱོད་གཅིག་རེད། འདྲ་མཉམ་གྱི་ཙམ་གྱི་གོ་དོན་ཡང་མི་ཤེས་ན་དོལ་ཚོགས་ཀྱི་གཡོགས་ལས་བྱོག སློབ་གྲྭར་སོང་།
མའོ་ཀྲུའུ་ཞིའི་དགོངས་དོན།
བྲན་གཡོག་ལམ་ལུགས།
སྐུ་དྲག་ལམ་ལུགས་པ།
ཞིང་བྲན་ལམ་ལུགས་པ།
ཡུ་ལོ་རིན་པོ་ཆེའི་བསྟན་དོན།
དཀོར་བདག་ལམ་ལུགས་པ།
ཞོལ་གཡག་ལམ་ལུགས་པ།
མའོ་ཀྲུའུ་ཞི་མཁྱེན། ཞོལ་གཡག་ཏང་བརྒྱུད་བསྟན་པའི་སྲོལ་འཛིན།
ད་དངོས་དངོས་རྫབ་དྲི་ཁ་པོ་འདུག
ཏང་ཕྲུག་རྣམས་བཙན་བྱོལ་དུ་ཡོང་དགོས་དོན་གང་ཡིན་ནམ། བོད་ཀྱི་མཐོ་རིམ་མི་སྣ་དགག་རྒྱག་ཆེད་ཡིན་ན་བོད་དུ་ཆ་རྐྱེན་བཟང་བ་ཙམ་མ་ཟད། གོན་ཏང་ཆོས་བརྒྱུད་ཀྱིས་རོགས་བྱེད་ཀྱི་འདུག་ག
གོན་ཏང་ཆོས་བརྒྱུ་དར་སྤེལ་ཆེད་ཡིན་ན་རང་ཚོད་མ་ཟིན་པའི་རང་རེད།
གོན་ཏང་ཆོས་བརྒྱུད་ས་གནས་གང་དང་ཡུལ་གང་དུ་དར་སྤེལ་ཕྱིན་པ་དེར། མེ་མདས་འཕྲོག་བཅོམ་དང་དམག་ཤུགས་ཁོ་ནས་དར་སྤེལ་བཏང་བ་མ་གཏོགས། སྨྱུགས་ཐོགས་པ་གཅིག་པུས་དར་སྤེལ་བཏང་བ་ཀླད་ཀོར་རེད་ད།
ཧ་ཧ། ཏང་ཕྲུག་དྲན་དཀར་ཐོན་སོང་ང་། དཀོར་ཟན་པ་ངོས་ལེན་བྱས་པ་འདྲ། འོ་རེད། བོད་ཀྱི་མཐོ་རིམ་མི་སྣ་ཟེར་ན་སུ་རེད། ཁྱོད་ཨེ་རེད། ཁྱོད་ཡིན་ན་ངོ་རྒོལ་ལས་ལྷག་ཅིག་ཡོད་ད།
བཀས་བཀོད་རྒྱུན་འཛིན་ལམ་ལུགས། ཞིང་བྲན་ལམ་ལུགས། ཆོས་ལུགས་དབང་འཛིན་ལམ་ལུགས། མངའ་བདག་ཆེན་པོ་གསུལ་གྱི་ལམ་ལུགས། དཀོར་འཚོ་ལམ་ལུགས། འདི་ཚོ་མའོ་ཡིས་བོད་བཙན་བཟུངས་བྱེད་རྒྱུར་ཆ་རྐྱེན་དུ་གྱུར་པ་རེད། སྟབས་མ་ལེགས་པ་ཞིག་ལ་ཞིངའབྲོག་མང་ཚོགས་ནི་ག་དུས་ཡིན་ཡང་མའོ་དང་མངའ་བདག་ཆེན་པོ་གསུམ་གྱི་བྲན་གཡོག་ལས་ནམ་ཡང་ཐར་མེད་པ་དེ་རེད།
ངའི་ལྟ་སྟངས་ནི། ད་རེས་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་ལངས་པ་ཙམ་གྱིས་ང་ཚོའི་སྲིད་སྐྱོང་གི་འོས་བསྡུའི་རྣམ་པ་ཇེ་ཡག་ཏུ་སོང་ཡོད་པ་དེ་རེད། ཁོང་གིས་ལྟ་སྟངས་དང་བྱེད་སྟངས་འགྲིག་གི་མེད་ན། ཁོང་ལ་གཏམ་བཤད་རང་དབང་ཆ་ཚང་སྤྲོད་དགོས། དྲི་བ་དྲིས་ལན་བྱེད་ཆོག དེ་མིན། རྒྱུ་མཚན་གང་ཡང་མེད་པར་ཁོང་ལ་ཟུར་ཟ་དང་ཁྱད་གསོད། ད་དུང་། གཏམ་བཤད་ཚུན་ཆད་ཀྱང་བྱེད་དུ་མི་འཇུག་ན། ང་ཚོ་ག་དུས་ཡར་རྒྱས་འགྲོ་སྲིད། དམངས་གཙོ་ཟེར་བ་རང་གིས་གཏོར་བཤིག་གཏོང་བཞིན་ཡོད། མདོ་དོན་ཤ་ཚའི་ཁ་ནས་གཏམ་སྙན་མི་ཐོན་ཟེར་བ་བཞིན། སྤྱི་དོན་ལ་བསམས་ནས་ཤེས་ལྡན་མི་སྣ་གནམ་ལོ་ཡག་དང་ཀླུ་མཁར་བྱམས་སོགས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་གཡོ་ཟོལ་མེད་པར་བཤད་པར་ང་ཚོས་དང་ལེན་དང་གུས་བརྩི་ཞུ་མ་ཐུབ་ཀྱང་། བཏང་སྙོམས་སུ་བཞུགས་རྒྱུར་དཀའ་ངལ་ཅི་ཡོད།
གནམ་ལོ་ཡག་དང་ཀླུ་མཁར་བྱམས་ལྟ་བུའི་སྐད་ཆ་ལ་ངོ་མ་ལྗིད་ཁོག་འདུག གདན་ས་ཆེན་མོའི་བླ་སྤྱིའི་ཡན་ཆད་འཇིག་དགོས་པ་ཞིག་བཟོས་འདུག ཀླད་ཆུང་མང་པོའི་ཀླད་པ་འགད་དགོས་པའི་སྐད་ཆ་ཞིག་བྱུང་འདུག
ཏང་ཕྲུག་དྲན་ནག། ཀླུ་མཁར་བྱམས་མཚོན་པས་ཆབ་སྲིད་བཙོན་པ་ཚོ་བཙན་བྱོལ་དུ་ཡོང་དགོས་དོན་ནི། བོད་ནང་གུང་ཁྲན་གྱི་བཙན་གནོན་འོག་བོད་མི་རིགས་ནི་ཡོད་ཚད་བཙོན་པ་ཡིན་ལ། ཐ་ན་ཁ་འཕོ་ཙམ་ཡང་བདག་དབང་མེད་པས་བོད་མི་རིགས་ཀྱི་རིགས་ཞེན་དང་ལ་རྒྱའི་མེ་དཔུང་སེམས་སུ་འབར། བཙན་པོའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་བཞུར། ཡོད་ཚད་བློས་བཏང་གིས་མེ་མདའི་ཁ་གཏད་དུ་ལངས། མེ་མདའི་ཁ་འོག་ནས་སྲོག་རྒྱུན་ཕྲ་མོ་ཞིག་ཐར་ཙམ་གྱིས། རྒྱལ་ཁབ་སླར་གསོ་དང་བདག་དབང་སླར་གསོའི་ཆེད། རང་དབང་དང་དམངས་གཙོ་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་ལ་དགའ་བའི་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་འཚོལ་ཆེད་ཡོང་བ་ལས། ཁྱོད་འདྲ་བའི་དཀོར་རྫས་རི་བོའི་རྟ་ལ་བཞོན། དཀོར་ཆུའི་རྒྱ་མཚོར་བསྐྱལ་བསྡད་མཁན་གྱིས་དཀོར་ཟན་པ་ཚོར་རེ་ནས་སླེབས་པ་ཞིག་ཡིན་ཚོད་མ་རེད།
ཞོལ་གཡག་ཏང་བརྒྱུད་པས་ཏང་གི་རྩ་དོན་བཀའ་སྒྲོགས་གནང་འདུག
སྟབས་མ་ལེགས་པ་ཟེར་ན་འདྲ་གནད་འགག་དེ་ཏང་བསྟན་བརྒྱུད་སྤེལ་ནང་། མེས་པོ་རྣམས་ལྐུགས་པར་བརྩི་བའི་སྲོལ་དང་སྐུ་དྲག་རྣམས་ལྐུགས་པར་བརྩི་བ། གནའ་སྲོལ་རྣམས་ཀླ་ཀློའི་བྱེད་སྟངས་དུ་བརྩི་བ། འདི་རྣམས་ཏང་གི་སྨྱུགས་ཐོགས་པའི་མ་རྩ་རེད། འོན་ཀྱང་དགའ་སེར་བ་རྣམས་ཏང་ལས་སྐྱབས་བཅོལ་དུ་ཡོང་བ་དང་། སྨྱུགས་ཐོགས་པའི་སྒེར་གཅོད་ལ་འཇིག་སྣང་ཆེ་བ་གནང་བ་འདིས་སྟོན་མཆོག་མའོ་ཀྲུའུ་ཞིའི་ཆོས་ལུགས་ལ་ཞེད་སྣང་གིས་ཡིན་སྲིད། རེད། དཔེར་ན་དགའ་སེར་བ་རྣམས་ནི་ཏང་གིས་སྡུག་པོ་བཏང་མྱོང་བའི་མི་གཞིའི་སྟེང་དུ་གྲུབ་ཡོད་རེད། གོང་དུ་འགའ་ཞིག་གིས་བཙོན་མ་ངོ་མཁྱེར་གནང་གི་འདུག དགའ་སེར་བ་རྣམས་ནི་བཙོན་ཟུར་ཤ་སྟག་རེད་ཅེས་ལབ་ན་རྫུན་ཞེ་དྲག་ཆག་གི་མ་རེད། དགུ་བཅུ་གསུམ་ནང་དུ་ཕྱིན་ནས་ང་ཕྱི་རྒྱལ་ལ་གཏོང་རོགས་བྱོས། བཙོན་ཟུར་ཡིན་ལབ་མ་མྱོང་མཁན་རྣམས་དགའ་སེར་རུ་འགྲོ་འི་ཡོད་རེད། ཏང་བརྒྱུད་ཆོས་ལུགས་སྨྱུགས་ཐོགས་པའི་བསྟན་པ་ཡིན་ཞེས་ཏང་གི་བསྟན་འཛིན་ཚོས་བཤད་ཀ་བྱས་ཀ་བྱོས། དོན་ངོ་མར་སྤྲང་པོ་དམག་བསྒྱུར་བྱས་རྗེས་དམག་ཤུགས་ལ་བརྒྱ་ཆ་བརྒྱ་བསྟེན་དགོས་རེད། དེང་སྐབས་འདྲ་མཉམ་མེད་ས་དེ་རྣམ་པ་ཞལ་ནས་གསུངས་ནུས་ཀྱི་མི་འདུག འཛེམ་གནང་དགོས་མེད། གོན་ཏང་ཆོས་ལུགས་ཀྱི་རྐུབ་བཀྱག་གཉིས་སྤྱི་མཐུས་ནང་འཚོ་ཐབས་གནང་དགོས་རེད། གོན་ཏང་ཆོས་ལུགས་ཀྱི་རྐུབ་བཀྱག་དེ་གཙོ་བོ་རྒྱ་ཡིག་གཙོ་བོ་གནང་མཁན་ཚོས་འབད་པ་ཞེ་དྲག་གནང་མི་རུང་། དབྱིན་ཡིག་གཙོ་གནང་མཛད་མཁན་གོན་ཏང་བ་ཚོས་ཤུགས་བརྒྱབ་ན་ཐོབ་སྲིད་པའི་རྒྱུ་མཚན་འགའ་ངས་ཤེས་བྱུང་།
ཏང་ཕྲུག་ཞོལ་གཡག་གིས་ཅིག་འདྲི་ཁ་བྱས་འདུག
བོད་ཀྱི་མཐོ་རིམ་མི་སྣ་ཟེར་ན་ཏང་ཕྲུག་ཚོས་རྒོལ་བརྡུང་བྱ་སའི་མི་བུ།བོད་ཀྱི་དབུ་ཁྲིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་ལྟ་བུ་ལ་ཟེར་གི་ཡོད།
ཡང་ན་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་ལྟ་བུ།
བོད་ཀྱི་སྐུ་དྲག་རྣམས་ལྟ་བུ།
གང་བྱས་གང་ལྟར་རྒྱ་ཏང་ཚོ་མི་དགའ་སའི་མཐོ་རིམ་མི་སྣ་དག་རེད།
དེང་སང་གི་བོད་ཏང་ཚོ་ཁག་མི་དགའ་སའི་མི་སྣ་རྣམས་ཀྱང་མཐོ་རིམ་མི་སྣ་རེད་ཀོ། ཞོལ་ཏང་།
དྲན་དཀར་དཔལ་ཡོན་ལགས། ད་གོང་ས་མཆོག་ལ་མཚན་སྨོད་མ་ཞུ། རྒྱུ་མཚན་ནི༼སྤྱི་ལོ༡༩༥༤ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པར་བདམས་ཐོན་བྱུང་བ་རེད། དེ་ནི་བོད་ས་གནས་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ལོ་རྒྱུས་ཐོག་ཁུར་བའི་ཀྲུང་དབྱང་སྲིད་གཞུང་གི་གོ་གནས་མཐོ་ཤོས་རེད། པེ་ཅིང་ལ་བཞུགས་རིང་། ཀྲུང་གོ་གསར་པའི་འགོ་ཁྲིད་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་མཇལ་འཕྲད་ཐེངས་མང་གནང་བ་དང་ཁོང་དང་སྙིང་གཏམ་ཤོད་རེས་བྱས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས《མའོ་ཀྲུའུ་ཞིར་བསྟོད་པ》ཞེས་པ་བརྩམས་ནས་ཀྲུང་གོ་གསར་པའི་དབུ་ཁྲིད་མའོ་ཙེ་ཏུང་གི་མཛད་རྗེས་རླབས་ཆེན་ལ་བསྟོད་པ་ཕུལ། ༽ གོང་ས་མཆོག་ནི་ཏང་ཕྲུག་དང་པོ་དེ་ཡིན་པར་ཐལ། མའོ་ལ་བསྟོད་པ་ཕུལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར།
དོལ་ཚོགས་བློ་གསལ་སླེབས་བསམ་བསམ་སྐབས་སླེབས་བྱུང་།
༧པན་ཆེན་རིན་པོ་ཆེ་ཏང་ནང་ཞུགས་པ་དང་རྗེས་སུ་༧གོང་ས་མཆོག་ཏང་ནང་གཞུག་པ་ཕྱི་ཚུལ་ཙམ་རེད། ཁོང་གཉིས་ཀས་སྐྱེ་བ་སྔ་ཕྱི་ཡོད་པར་མའོ་ཚེ་ཐང་ལ་སྙིང་གཏམ་ཤོད་རིས་ཀྱིས་ཚུལ་དུ་བསྟན་ཡོད་རེད།
སྐྱེ་བ་སྔ་ཕྱི་འདོད་པ་དང་ཏང་ཕྲུག་ཡང་ཡིན་པ་གཅིག འཇིག་རྟེན་སྟེང་བྱུང་མྱོང་མེད། ཡིན་ནའང་ཁོང་རྣམ་པ་གཉིས་ཀ་སྤྱི་ཚོགས་རིང་ལུགས་ལ་དགའ་བོ་ཡོད་རེད། མའོ་ཚེ་ཐང་གིས་༧གོང་ས་མཆོག་ཏང་ཕྲུག་གཅིག་ཡིན་བསམས་ཡོད་པ་དེས་བོད་མི་དམངས་དོལ་རྒྱལ་རྗེས་འབྲང་དང་ལམ་འགྲོ་ཞེ་དྲག་རྒྱུགས་ཡོད་རེད།
དགེ་སློང་དྲན་དཀར་ལགས། ཏཱ་ལ་དང་པན་ཆེན་གཉིས་ཀ་ཏང་ནང་ཞུགས་མི་འདུག་ཟེར། སྒྲུབ་བྱེད་ཁུར་ཤོག བསྐུར་འདེབས་བྱས་ན་སྡོམ་པ་ཤོར་ཚར་བ་རེད་ད།
༡་་་་སྲིད་སྐྱོང་འོས་མི་རྒྱལ་གཅེས་པ་ཀླུ་མཁར་བྱམས་ལགས་ཀྱི་གཏམ་བཤད་ལ་བཀག་འགོད་བྱས་པ་འདི་༧གོང་ས་ཏྭ་ལའི་བླ་མའི་དགོངས་པ་དང་མཐུན་ནམ། མཐུན་།
༢་་་་སྲིད་སྐྱོང་འོས་མི་ལྔ་ཡི་ནང་ནས་དབྱེ་འབྱེན་གྱིས་གཏམ་བཤད་བཀག་འགོག་བྱས་པ་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མཐུན་ནམ། མཐུན།
༣་་་་སྲིད་སྐྱོང་འོས་མི་རྣམས་གཏམ་བཤད་ཡོང་ཆོག་མིན་ལ་འདྲ་མཉམ་མེད་པའི་ཐོག་ནས་རྒྱལ་གཅེས་པ་ཀླུ་མཁར་བྱམས་བཀག་འགོག་བྱས་པ་འདི་ཡ་རབས་བཟང་སྤྱོད་དང་མཐུན་ནམ། མཐུན། ཧ་ཧ་
༧རྒྱལ་པཎ་རྣམ་གཉིས་ཀྱི་སྐྱེ་བ་སྔ་ཕྱི་ཡོད་པར་བཞེད་པའི་སྐབས་དོར་མྱོང་མེད་པ་ཙམ་གྱིས་ཏང་ནང་ལ་ཞུགས་པ་ཕྱི་ཚུལ་ཙམ་རེད་བསམས་ཀྱི་འདུག གཅིག་བྱས་ན་ཏང་ཕྲུག་གིས་འདོད་པའི་སྒྲུབ་བྱེད་དེ་མིན་སྲིད།
ཏོག་ཙམ་སྒུག་ན། མ་རིག་བུ་མངའ་འཕྲིན་ཅོ་ཉ་མ་སོགས་རིག་ལམ་སྐམ་པོའི་ཤེས་པར་རློམ་པ་ཚོས་དོལ་ཏང་ཟུང་འབྲེལ་གྱི་གཏན་ཚིགས་གསུམ་བཤད་ཀ་བྱས་ཡོང་ང་། དོལ་སྡོམ་བླངས་མཁན་ཁྱེད་ཡིན་བགྱིད་རེད་པ།
རི་བོ་དགེ་ལུགས་ནང་དུ་སྤྲུལ་དང་སྦལ་བ་སྣ་ཚོགས་ཡོད་པ་ཤེས་གསལ་རེད། ཧི་མ་ལ་ཡ་ཟེར་བའི་ཟོས་ཕྲུག་ཁ་ཤས་ཉར་ནས་ཕྱི་རྒྱལ་མདུན་སྦྱིན་བདག་འཚོལ་རྒྱུ་མ་གཏོགས་གཞན་ཅང་མེད་པ་གསལ་བོ་རེད། རྒྱལ་གཅེས་དཔའ་བོ་རང་བཙན་འཐབ་རྩོད་པ་ཞིག་བཀག་འགོག་གནང་ནས་དམངས་གཙོ་རྡོག་རོལ་གཏོང་བ་དང་། རྒྱ་དམར་ལ་མགོ་འདོགས་བྱས་ནས་མེས་པོའི་ཞབས་འདྲེན་ཡ་རང་རེད།
རྒྱ་དམར་ལ་མགོ་མདོག་བྱས་ནས། ཏཱ་ལས་བླ་མར་ཏ་དོ་ཟེར་གི་འདུག་གོ
ཧ་ཧ། ཏང་ཁྱི་དྲན་ནག་གིས་མཐོ་རིམ་མི་སྣ། མཐོན་པོ་ག་ཚོད་ཙམ་རེད། སྲིད་སྐྱོང་སེང་གེ་ལྟ་བུ་ནི་ངས་གུས་བཀུར་བྱེད་སའི་མི་རབས་གསར་པའི་སྣེ་འཁྲིད་ཡིན་ལ་ཁོང་གི་འདྲ་མཉམ་གྱི་ལྟ་ཚུལ་ལ་ང་ཡིད་སྨོན་སྐྱེས་མཁན་གྲས་ཡིན། འོན་ཀྱང་སྤེན་ཚེ་རྒྱགས་པ་ལྟ་བུ་སྤྲང་པོ་རྟ་ལ་བཀྱོན་ན་ས་གཞི་མིག་གིས་མ་མཐོང་མཁན་གངས་སྐྱིད་ཀྱི་སྐུ་དྲག་གསར་པ་མགོ་བོ་བགྱེར་བགྱེར་བྱས་ནས་རང་ཉིད་མི་བསད་ལག་དམར་བ་ཡིན་པ་ཡང་རྦད་དེས་བརྗེད་སོང་ལ། གངས་སྐྱིད་ཀྱི་རྐུབ་སྟེགས་སྟེང་ནས་ཁ་མར་ལ་འཁོར་ཏེས་གུང་ཁྲན་བཀའ་དྲིན་ཆེ་ཚུལ་བཤད་ལ། བཙན་བྱོལ་དུ་དར་དམར་ཐོད་ལ་བསྒྲེངས་ཏེས་གཞུང་ལམ་དུ་རྒྱུགས་འགྲོ་མཁན་དག་ལ་དཔའ་དར་འཐེན་མཁན་དག་ནི་ཁྱོད་ཀྱི་མཐོ་རིམ་མི་སྣ་དག་ལ་ངས་ནམ་ཡང་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ། ནམ་ཞིག་ཞིབ་རྩིས་རྒྱག་རྒྱུའི་དུས་ཚོད་ལ་བསྒུག་ཡོད། གོ་ཨེ་ཐལ་ཏང་ཁྱི་དྲན་ནག།
ཏང་ཕྲུག་ཆོ་བཙན་བྱོལ་ནང་ལ་ཡོང་དོན་ནི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ཐུག་པ་བཀོལ་དུ་ཨ་ཞང་ཚང་གིས་བཏང་ཡོང་བ་རེད། ཁོ་ཚོའི་ལས་འགན་ནི་ཐུག་པ་བཀོལ་རྒྱུ་དེ་ཡིན་དུས་ནམ་ཡིན་ཡང་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྡོག་ཕྱོགས་ལ་ལང་ཅི་ཐུབ་དང་། དེ་ལྟར་ལང་མཁན་ཚོར་རྒྱབ་སྐྱོར་ཅི་ཐུབ་བྱེད་ཀྱི་ཡོད་པ་རེད། གནད་དོན་འདི་ཏང་ཕྲུག་མ་ཡིན་པའི་བོད་མི་དག་མ་ཚོས་ཤེས་དགོས་པ་རེད།
ཨ་ཚོགས་ཆེན་པོ་བཟོ་མཁན་གུ་དོག་ཤོག་ཁག་ཚོ་རེད། ཁོང་ཚོས་བསམ་དུས་ཨ་ཚོགས་ལ་བཀག་ན་ཁེགས་གི་རེད་དྲན། ད་ནི་ཨ་ཚོགས་རྦད་དེ་བཀག་རྒྱ་ལས་ཐར་ཏེ་བོད་ཕྱི་ནང་གཞོན་སྐྱེས་ཤེས་ཡོན་པ་ཕལ་ཆེར་འདྲ་བོ་ཨ་ཚོགས་རྒྱབ་ལངས་བྱེད་ཀྱི་ཡོད་པ་རེད། ད་ནི་ཨ་ཚོགས་བཀག་པས་ཁོགས་མ་སོང་། རྒྱུ་མཚན་གཙོ་བོ་དེ་ཨ་ཚོགས་སྐད་ཆ་རྒྱུ་མཚན་འདུག བདེན་པ་འདུག ང་ཚོ་རྒྱ་མི་མགོ་འདོགས་གི་མིན། ང་ཚོའི་ལངས་ཕྱོགས་ལངས་ཕྱོགས་མཁྲེགས་དགོས་ཟེར་བ་དེ་རེད་བ། ཨ་ཚོགས་མུ་མཐུད་ཤོག ཤུགས་རྒྱོབས་ཤོག ཕ་བཟང་བུ་ཡིན། བོད་མི་ཁྲི་ཚོ་བདུན་བརྒྱས་ཁྱོད་ལ་བལྟས་ནས་ཡོད་ཀི ཨ་ཚོགས་རྒྱལ་གྱུར་ཅིག །
དད་པ་ལོག་སྤྱོད་པ་འཇོམས་པའི་ཐོ་ཆེན་འདི་འདྲ་འ་མེད་ཀི། དེ་དེ་བཞིན་ནོ། རྡོག་རྡོག་བཤད་༧ རྒྱལ་བ་རིན་པོ་ཆེས་སྨྲ་བརྗོད་དང་དམངས་གཙོ་གནང་བ་བདེན་པ་ཡིན་མིན་བཀའ་འདྲི་ཞུ་དགོས་ས་རེད། གལ་ཏེ་བདེན་ན་༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་བཞེངས་ཕྱོགས་ལ་སྐྱོན་བརྗོད་ཞུ་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་ནམ། གལ་ཏེ་སྐྱོན་བརྗོད་ཞུས་ན་མཚན་སྨད་ཀྱི་ཞ་ནག་གཡོག་དགོས་པའི་རྒྱུ་མཚན་ཅི་རེད། འདི་ཐད་ཀར་དགའ་ལྡན་ཕོ་བྲང་གི་སྙན་དུ་གསོལ་དགོས་པའི་དྲི་བ་ཞིག་ཡིན།
ཞོལ་གཡག་གོས་དྲི་བ་ཡག་པོ་བཏང་འདུག།
གོང་ས་མཆོག་ལ་དོན་དམ་པའི་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་ཁོང་ལ་སྐྱོན་བརྗོང་ཟུར་ཟ་བྱེད་མཁན་ཇི་ཙམ་ཡོད་པ་དེ་ཙམ་ལ་བསམ་གཞིག་དང་བགྲོ་གླེང་སོགས་ཀྱིས་བདེན་རྫུན་དབྱེ་རྒྱུ་ལས་གོང་ས་མཆོག་ལ་སྐྱོན་བརྗོད་ཟུར་ཟ་ཙམ་ཡང་བྱེད་ས་མེད་པའི་འཁོ་ཡུག་སྐྲུན་པ་ནི་གོང་ས་མཆོག་མང་གཙོ་དང་ཞི་བདེའི་དེད་དཔོན་ཡིན་ཚུལ་ཞུ་བསྡད་ཡ་དེ་རྫུན་དུ་སོང་བ་རེད། འགྲོ་བ་མི་ཞིག་ཡིན་པས་དེར་སྐྱོན་ཞིག་ལོས་ཡོད། སྐྱོན་ཡོད་པར་ཡོད་ཚུལ་བརྗོད་པ་ནི་བདེན་གཏམ་རེད། གལ་སྲིད་སྐྱོན་མེད་ལ་སྐྱོན་ཅན་བརྗོད་ན་དེར་དོར་ལེན་དང་དགག་བཞག་གི་དཔྱོད་གླེང་དགོས་པ་ནི་མིའི་བཟང་ཕྱོགས་ཀྱི་རྣམ་དཔྱད་ཡིན་པ་ལས་སྐྱོན་ཅན་དུ་མི་འཛིནོ།
རྒྱུ་མཚན་དང་དོན་སྙིང་ཡོད་པའི་སྐད་ཆ་དབེན་པ་དང་རྙོག་དཀྲུགས་མཁན་མང་པས་རེ་ཞིག་སྐུ་ངལ་གསོ་རྒྱུ་ཡིན། རྒྱ་ནག་གི་ཇག་ཚོགས་ཀྱིས་དབུ་མ་ཨ་ཐང་ཆད་ཚར་འདུག རང་བཙན་རྩོད་དགོས་རེད།
རང་བཙན་གཙང་མ་རྩོད་མཁན་ཚང་མས་ཐོ་རྒྱོབས། སང་ཉིན་གནམ་ལངས་མ་ཐག་ལམ་ཆས་རྒྱག་གི་ཡིན། དམག་བརྒྱག་ངས་སྤྲོད། དམག་ཆས་སོ་སོའི་གྲ་བསྒྲིགས་བྱོས། རང་ཉིད་ལ་གང་གོམས་དང་གང་བདེའི་ལག་ཆ་ཡོད་ན་བེད་སྤྱོད་གཏོང་པར་སྟབས་བདེ་ཡིན་པས་རྒྱུས་མེད་པའི་གཞན་གྱི་དེ་གཡར་ན་མི་ཆོག །དང་པོ་ངྷ་ས་ནས་ཚོད་བལྟ་བྱེད་རྒྱུ་ཡིན ། རྒྱ་གཞུང་གིས་ང་ཚོར་ལྟད་མོ་བལྟས་ནས་བསྡད་ཡོད། ཁོང་ཚོར་ཞེད་སྣང་ཞིག་བསྐུར་དགོས། ང་ཚོས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་དགོས། རྒྱ་གཞུང་གིས་ང་ཚོའི་འཛེམ་སོན་་མེད་པའི་བྱ་སྤྱོད་འདི་ཤེས་ཚེ། ཁོ་ཚོ་འདར་ཤ་སློང་ཁོ་ཐག་ཡིན། དེ་སྔོན་མ་ང་བཙོན་ཁང་ན་གཡག་རྐུས་ནས་བསྡད་དུས་ཤེས་སོང་། དེ་ང་ཚོའི་གོ་སྐབས་ཡག་ཤོས་རེད། རྒྱ་གཞུང་གིས་ཏཱ་ལའི་ཞེས་དམིགས་སུ་དཀར་ཏེ་ཐེར་འདོན་བྱེད་ཀྱི་ཡོད། ང་ཚོས་ཡང་མུ་མཐུད་དུ་ལག་བསྟར་བྱས་ཏེ། ང་ཚོ་ཐུན་མོང་ལ་ཡོད་པ་ནི་དགྲ་གཅིག་ཡིན། དེ་ནི་ང་ཚོར་དམངས་གཙོ་སྤྲད་མཁན་དང་ལམ་སྟོན་་གནང་མཁན་དེ་ཡིན། ཁོའི་ལམ་སྟོན་ནི་གུ་དོག་པའི་ང་ཚོའི་བསམ་བློའི་མདུང་རིང་སྟེ་ཤོང་གི་མི་འདུག ཁོས་ང་ཚོ་ནི་དེང་རབས་ཀྱི་འཕྲུལ་རྩལ་དང་ཤེས་ཡོན་ཐོག་ནས་བདེན་པ་བརྡར་མཁན་ཞིག་རེད་བསམ་ཡོད། དེ་ནོར་འཁྲུལ་རེད་ལ་ཐམས་ཅད་མཁྱེན་པ་མིན་པའི་མངོན་རྟགས་ཡང་རེད། གཉིས་པ་སྟེ་དགའ་སེར་གཉིས་ལ་ཡིན། དེ་དུས་དོལ་རྒྱལ་ང་ཚོའི་གྲོགས་སུ་ཡོད། ཁོ་ཚོའི་དེའི་སྐོར་ལ་རྒྱུས་མངའ་ཡོད་པས་ལས་སླ་བོ་རེད། ཏཱ་ལའི་ཁ་བྲལ་རིང་ལུགས་དང་ཏཱ་ལའི་་རྗེས་འབྲངས་ཚོར་ངོ་བོ་གཅིག་པ་དང་རྣམ་པ་མ་འདྲ་པ་གཉིས་རེད། ང་ཚོས་རྒོལ་ལན་སྤྲོད་སྟངས་གཅིག་མཚུངས་ཡིན། བློ་སེང་ལ་སྐྲག་མི་དགོས། ཁོ་འགུག་པར་བཀོད་པ་གཞན་ཞིག་ཡོད། སྤེན་ཚེ་ལ་གཟབ་ནན་བྱོས། ཕ་དམ་པ་ཆང་གིས་བཟི་ཡང་། དོན་དམ་པ་རླུང་ལ་མི་བསྐུར་ཟེར་བ་ལྟར་། ཆང་འཐུང་རིག་པ་ཁོག་གསལ་ཞིག་ཡིན། ཏཱ་ལའི་ཁ་བྲལ་རིང་ལུགས་དང་ཏཱ་ལར་དད་ལྡན་རྣམས་ཕམ་ཚེ། གཉིས་ཕན་མཉམ་རྒྱལ་ཡིན། ཚང་མས་ཧ་གོ་སོང་ངམ། རུ་དཔུང་ངོམས་ཤིག དཔའ་སྐད་སྒྲོགས་ཤིག ཁ་ཕྱིར་མ་འཁོར་པར་ཆོངས་ཤིག འདི་ལྟར་རྫོགས་སོ། །
དྲང་ལྡོག་གཉིས་ཀ་ནས་མཆན་འགོད་མཁན་ཡོངས་ལ་དགའ་བསུ་ཡོད། དེ་མཚུངས་སུ་དགག་པ་རྒྱག་མཁན་ཚོས་ཚོར་བའི་སྐད་ཆ་མ་གཏོགས་དོན་ཚན་རེ་རེར་དབྱེ་ཞིབ་ཀྱིས་མཆན་འགོད་ཐུབ་མི་འདུག་པས། ལན་རྒྱག་དགོས་ས་མཐོང་མ་སོང་།
གཞན་ང་རང་ཨོ་སི་ཁྲི་ལིར་གནས་འཁོད་པ་ནི་ཆབ་སྲིད་བཙོན་མའི་མིང་ཐོག་ནས་ཡོང་བ་མིན་པས། དེའི་ཐད་ནས་བསམ་ཚུལ་བཤད་མཁན་ཚོ་ནོར་བ་རེད་ཅེས་ཞུ་འདུན་བྱུང་། དོགས་པ་ཡོད་མཁན་ཚོས་བདེ་སྲུང་ལས་ཁུངས་ནང་སྐད་ཆ་འདྲི་རོགས།
གོང་གི་མཆན་ནང་བར་གནས་པ་གཅིག་འདུག་པ་ནི་བོད་ཕྱི་ནང་གཉིས་དང་བོད་རྒྱ་ཕྱི་གསུམ་ལ་རྒྱུས་མངའ་ཟབ་ཅིང་། རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་མཁས་པ་སྐུ་ཞབས་ཅོག་མྱི་ལགས་རེད། དགོངས་ཚུལ་རྒྱས་པར་གསུང་བར་རེ་བ་ཡོད་ལ། ཉན་འདོད་ཀྱང་ཤིན་ཏུ་ཆེ།
སྐྱ་སེར་སུ་ཞིག་ཡིན་ཡང་ཆབ་སྲིད་ཀྱི་གནས་བབ་བཤད་སར་དད་པ་དང་དག་སྣང་གི་རྣམ་བཞག་བཤད་བསྡད་པ་ནི་ཆོས་སྲིད་གང་ལ་ཡང་གནད་འགག་མ་ཤེས་པའི་རང་རྟགས་རེད། དགའ་སེར་གཉིས་ཀྱིས་བྱེད་སྟངས་འདི་ནི་ཀླུ་མཁར་གྱིས་དད་པ་ལོག་སྤྱོད་ལ་ངོ་རྒོལ་དགོས་པའི་གནད་འགག་འདི་དག་རེད། དད་པ་ལོག་སྤྱོད་ཀྱིས་ལོག་འཚོ་བར་རེ་བ་ཡོད་མཁན་ཚོ་ནི་ལམ་ཁ་དེ་ལ་རྒྱུད་ནས་འགྲོ་དགོས་ཀྱི་ཡོད་པ་ཤེས་གསལ་རེད།
བཙན་བྱོལ་དུ་དགའ་སེར་གཉིས་ཀྱིས་བོད་མིའི་སྤྱི་ཚོགས་སུ་གཏོར་ཞིག་བཏང་བ་ནི་ཚོད་ལས་རྒལ་ཡོད། དཔེར་ན། དོལ་ཚོགས་ཀྱི་དཀའ་རྙོག་བཟོ་མཁན་ནི་དགའ་སེར་གཉིས་ནས་བྱུང་བ་རེད། ད་ཡང་རང་བཙན་དང་དབུ་ལམ་དབར་དཀའ་རྙོག་བཟོ་ཡོང་གི་འདུག།
ཉོག་དྲ་མང་བ་ལ
དགའ་སེར་གཉིས་ཀྱི་མགོ་རིལ་ཚོ་ཁ་ནས་ཆོས་བཤད་དོན་དུ་ཆོས་དང་འགལ་ཅི་འདྲའི་སྐྱོ་བ་བོད་འདི་ཆོས་ལུགས་ཀྱིས་འཕུང་བ་ལན་གཅིག་ག་ལ་ཡིན་་་་་་་།
ངས་འབྲིས་ཡོད་པའི་དྲི་བའི་ལན་ཇི་ལྟར་ཡིན་ནམ།