བྱམས་པ་ལྷུན་གྲུབ།
གུང་ནད་བཅུ་དགུ་ཕྱོགས་ཀུན་ཁྱབ།།
མི་རྣམས་ནད་སྲུང་ཁྱིམ་འཛུལ་བྱེད།།
ཕྱི་རོལ་ཡོངས་རྫོགས་འཛམ་ཏིང་ངེ་།།
ཏིང་འཛིན་ཞི་བའི་དབྱིངས་ལ་འགྲན།།
མི་ཚོགས་བརྒྱ་ཕྲག་ཡོད་ཡོད་བཞིན།།
སུ་ཡང་གྲགས་འགུལ་མི་མངོན་འདི།།
ཉི་མ་འཆར་བའི་ཁྱད་ཙམ་ལས།།
ཁུ་སིམ་མཚན་དཀྱིལ་ལྟ་བུར་སྣང་།།
མི་སྐད་སྟོང་སང་ལྷིང་འཇགས་དང་།།
འཕྲུལ་སྒྲ་གྲགས་མེད་ཞི་ལྷོད་ཁྲོད།།
ཞི་གནས་ཕར་སྒོམ་མ་འབད་ཀྱང་།།
འབད་མེད་ཚུར་ལ་འགྲུབ་བཟོ་སྣང་།།
མཐའ་ཡས་གནམ་མཁའ་སྔོ་ཤིག་ཤིག།
ས་ཁྱོན་ཡངས་མོ་འཇམ་ལྷོད་ལྷོད།།
རྣ་དབང་གང་ཕྱོགས་གཏད་ན་ཡང་།།
བྱ་བྱིའུ་གསུང་སྐད་འབའ་ཞིག་ཐོས།།
མཚན་གཞུང་ལ་འགྲན་ཁུ་སིམ་འདི།།
གློ་བུར་འབྱུང་བའི་ལྷིང་འཇགས་འདི།།
ཡོད་ཚད་མེད་འདྲ་སྟོང་སང་འདི།།
དོན་དངོས་དགའ་སྐྱོ་ཟུང་འབྲེལ་ཞིག།
རང་བྱུང་ཁོར་ཡུག་ཇེ་གཙང་འགྱུར།།
དུད་འགྲོ་སྲོག་ཆགས་བདེ་སྐྱིད་འཕེལ།།
མི་མིན་སྣོད་བཅུད་ཐམས་ཅད་པོ།།
སྔར་མེད་གཙང་བདེ་དཔལ་ལ་རོལ།།
འོན་ཀྱང་ངེད་ཅག་མི་རྣམས་ནི།།
འདོད་རྔམ་ཚད་ཐིག་ཀུན་ལས་རྒལ།།
སྣོད་བཅུད་གཏོར་སྦགས་ལས་ངན་རྩོམ།།
ནད་མུག་འཁྲུག་རྩོད་གཞི་རྣམས་འདྲེན།།
རང་བཟོས་ལས་འབྲས་སྨིན་པ་ན།།
ས་ཡམས་སླེབས་དུས་ཕྱི་ལ་བྲོས།།
ནད་ཡམས་སླེབས་དུས་ནང་ལ་བྲོས།།
བྲོས་རིན་བྲོས་ཚད་གདུང་བ་མྱོང་།།
དེས་ན་སྔར་བསགས་སྡིག་སྒྲིབ་ཀུན།།
ཉེར་འབྲས་འདི་ཡིས་ཡོངས་དག་སྟེ།།
ཕྱོགས་ཀུན་ནད་པ་ཐམས་ཅད་པོ།།
མྱུར་བར་ནད་ལས་གཙང་ཐར་སྨོན།།
༢༠༢༠ ། ༣ ། ༢༣ ཉིན།
ཏོག་དབྱིབས་ནད་ཡམས་ཕྱི་ལ་ཁྱབ། །
རྒྱ་ཧན་མི་རིགས་ངོ་ཚས་གདུང་། །
རྒྱ་གཞུང་ཨ་རིའི་དམག་མིར་ཕྱིས། །
ཆབ་སྲིད་ཞབས་འདྲེན་གསལ་དུ་ཕྱིན། །
ནད་ཡམས་ཁྱོད་ཀྱི་བཀའ་དྲིན་རེད། །
་
ཏོག་བྱིབས་ནད་ངན་ཁྱོད་བསླེབསནས།
དམག་སའི་དམག་མིས་མཚོན་ཆའི་ཚབ། །
ཁ་རས་ལག་འཁྲུད་རྫས་ཆུ་ཉར། །
དྲག་དམག་གྲང་དམག་ཉུང་དུ་ཕྱིན། །
འདི་ཡང་ཁྱོད་ཀྱི་བཀའ་དྲིན་ལགས། །
་
ནད་ངན་ཁྱོད་ཀྱི་སྐད་གྲགས་ཀྱིས། །
མི་ངན་ལས་ངན་གསོག་མཚམས་བཞག །
ཕར་རྒྱུག་ཚུར་རྒྱུག་འགྲོ་རྒྱུག་བཞག །
རང་གཞན་དོན་དུ་ནང་ལ་བསྡད། །
དེ་ཡང་ཁྱོད་ཀྱི་བཀའ་དྲིན་ལགས། །
དངོས་གནས་ཡག་པོ་འདུག་་་ ང་France ལ་ཡོད་ཡིན་ན་ཡང་བོད་ཡིག་ལ་དོན་སྣང་ཡོད་
བོད་ཡིག་ལ་དོ་སྣང་མུ་མཐུད་གནང་བར་རྗེས་སུ་ཡིད་རངས་ཡོད།
ཏོག་དབྱིབས་ནད་དུག་ཟེར་བ་དེ། མི་ལ་འཚེ་བ་ཁོ་ན་ཡིན།
སུ་ལ་དྲིས་ཀྱང་བསམ་ཚུལ་ལས། གཞན་གྱི་སློབ་སྟོན་གང་ཡང་མེད།
མཐོ་བའི་མཚན་རིག་མཁས་པ་དང། ཕྱི་ནང་སྨན་པ་མཁས་པས་ཀྱང།
མིན་གྲོ་མིན་མིན་འགྲོ་བསམ་བཞིན་ལས། གཞན་གྱི་དོན་ཕན་བཤད་རྒྱུ་མེད།
ཚང་མས་ལག་པ་ཡག་པོ་འཁྲུས་། ཕྱི་ལ་མ་འགྲོ་ནང་དུ་སྡོད།
ཕན་ཚུན་འགྱངས་ཐག་རིང་ཙམ་སྡོད་། འདི་ལས་ལྷག་པའི་གདམ་ངག་ལས།
དེ་མིན་བཤད་རྒྱུ་ཅི་ཡང་མེད། ཅི་ཡང་མེད་ལ་ཕྱག་འཚལ་ལོ།