བོད་ཀྱི་དགུ་བཅུ་གསུམ་ཚོགས་པ།
དགུ་བཅུ་གསུམ་གྱི་སློབ་བསྡུའི་གསལ་བསྒྲགས།
༄༅། །བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གཙོ་བོར་གྱུར་པའི་ཚོགས་མི་རྣམས་ཀྱི་ཤེས་ཚད་གོང་མཐོར་གཏོང་རྒྱུར་དམིགས་ཏེ་དུས་ཡུན་ལོ་གཅིག་རིང་གི་གློག་ཀླད་ཤེས་བྱ་གཙོ་བོར་གྱུར་པའི་བོད་ཀྱི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག་གི་འཛིན་གྲྭ་ཞིག་ཚུགས་མུས་སུ་ཡོད་པ་ལྟར། འདི་ལོར་ཡང་སྐབས་བཅོ་ལྔ་པའི་སློབ་མ་གྲངས་ཉི་ཤུ་ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྡུ་བྱ་རྒྱུ་ཡིན་ན། གོང་གསལ་སློབ་ཁོངས་སུ་འཛུལ་བློ་ཡོད་རིགས་ཀྱི་འདི་གའི་ཚོགས་མི་རྣམས་གཤམ་གསལ་ཆ་རྐྱེན་ཚང་བའི་ཐོག་སྙན་ཞུ་འབུལ་འཐུས་ཆོག་ཅིང་། སྙན་ཞུ་མཉམ་དོ་བདག་སོ་སོའི་ལོ་རྒྱུས་ཁ་གསལ་དང་། འདྲ་པར་གཉིས་བཅས་སྤྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༦ ཚེས་ ༡༥ ནང་ཚུད་འདི་གར་འབྱོར་དགོས་པ་དང་། ཡིག་རྒྱུགས་ཁོངས་ཚུད་མིན་འདི་ནས་ཞིབ་འཇུག་གིས་བརྡ་ལན་འབུལ་རྒྱུ་ཡིན།
གཞན་ཡང་ས་མིག་ལྷག་མ་བྱུང་ཚེ་སྒེར་གྱིས་སློབ་ཡོན་(ལོ་གཅིག་གི་སློབ་ཡོན་སྡེབ་འབུལ་དགོས་པ་ཡིན།)ཕུལ་ཐུབ་ཅིང་གཤམ་གསལ་ཆ་རྐྱེན་ཚང་བ་རྣམས་ལའང་གཅིག་གྱུར་ཡིག་རྒྱུགས་ལམ་ནས་བསྡུ་བཞེས་བྱ་རྒྱུ་ཡིན་ན་གོང་ཚེས་ནང་ཚུད་འདི་གར་སྙན་ཞུ་འབུལ་འབྱོར་དགོས་པའི་གསལ་བརྡར།
འཛུལ་ཞུགས་ཆ་རྐྱེན།
༡༽ དོ་བདག་རང་ཉིད་བཙོན་ཟུར་རམ་འབྲེལ་ཡོད་འབྲེལ་ཆགས་གང་རུང་ཡིན་པ།
༢༽ མ་མཐར་བོད་ཡིག་འཛིན་རིམ་བརྒྱད་པའི་ཤེས་ཚད་ཡོད་པ།
༣༽ དབྱིན་ཡིག་གི་རྨང་གཞི་ཅུང་ཡོད་པ།
༤༽ སྦྱོང་བརྡར་གྱི་དུས་ཡུན་རིང་སློབ་ཕྲུག་གི་ངོ་བོར་སྡོད་ཐུབ་པ།
༥༽ དྭང་བླངས་དཔྱ་དངུལ་འདི་ལོ་བར་གཙང་འབུལ་ཟིན་པའི་འདྲ་བཤུས།
༦༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་ཚེ་དེའི་འདྲ་བཤུས་བཅས་ཚང་དགོས།
སློབ་གྲྭར་བཞུགས་རིང་མཐུན་རྐྱེན་ནི། ༡༽ བཞུགས་ཡུལ་གོ་སྒྲིག ༢༽ དུས་གསུམ་གྱི་ཞལ་ལག ༣༽ ནད་མནར་རིགསལ་སྨན་བཅོས་མཐུན་རྐྱེན་བཅས་ཡོད།
བོད་ཀྱི་དགུ་བཅུགསུམ་ལས་འགུལ་ཚོགས་པ་ནས།
སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༤ ཚེས་ ༨ ལ།
གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་རོགས།
སློབ་སྤྱི་ངས་པོ་རྒྱལ་མཚན།
ཁོང་གི་ཞལ་པར་ཨང་གྲངས། 9882520859
GU-CHU-SUM MOVEMENT ASSOCIATION OF TIBET
JOGIBARA RD.P.O.MCLEOD GANJ
DHARAMSALA 176219
(H.P.) INDIA
PHONE: 91 1892 220 679/80
EMAIL:guchusum1991@gmail.com
WEBSITE: www.gu-chu-sum.org