རྔ་བ་རྒྱལ་ཁམས་པ།
དགུ་ཚིགས་ཞེས་པ་ནི། རླངས་རླུང་དང། རྡུལ་རྫས། གཟའ སྐར་ས་ཡའམ༎ ཡང་ན་དུང་ཕྱུར་མང་བོ་འཐེན་ཤུགས་ལ་བརྟེན་ནས་མཉམ་དུ་བཟླུམས་པ་ལ་དགུ་ཚིགས་ཅེས་བརྗོད། ང་ཚོས་དགུ་ཚིགས་ཕྱོགས་ལ་བསམ་བློ་གཏོང་སྟངས་ཡག་ཤོས་ནི། སའི་གོ་ལ་འདིའི་ངོས་ཀྱི་ཤར་ལྷོ་ནུབ་བྱང་གི་ཕྱོགས་ཕལ་ཆེར་གླིང་དང་གླིང་ཕྲན་གྱི་ཚུལ་དུ་གནས་ཡོད་པ་ལྟར། དགུ་ཚིགས་དག་ཀྱང་མཁའ་ཀློང་ཡངས་པོ་འདིའི་ངོགས་ན། གླིང་དང་གླིང་ཕྲན་གྱི་ཚུལ་དུ་ཁྱུ་སྐོར་བྱས་ནས་གནས་པ་ཞིག་ཡིན་ཞེས་བཤད་ན་མི་ཆོག་རྒྱུ་མི་འདུག་སྙམ། དགུ་ཚིགས་དང་མཁའ་དབྱིངས་ལ་ལྟོས་ན་ང་ཚོ་ཧ་ཅང་ཆུང་དྲགས་པས། ཡ་ཐོད་ན་ཡོད་པའི་ཆུ་བུར་གྱི་མིག་གཉིས་ཀྱི་མཐོང་རྒྱའི་ཡུལ་ཞིག་ཏུ་འགྱུར་དཀའ་བར་གྱུར་པ་རེད། དཔེར་ན། ང་ཚོས་གློག་བརྙན་གྱི་རས་གཞི་ཧ་ཅང་ཆེན་པོའི་ངོས་ཀྱི་བརྙན་རིས་ལ་ལྟ་སྐབས། ང་ཚོ་རང་ཉིད་གློག་བརྙན་གྱི་ངོས་སུ་ཐིམ་སྣང་ལྟ་བུས་ལྟ་མཁན་གྱིས་བལྟ་ཡུལ་གྱི་རྒྱ་ཁྱོན་མཐོང་མི་ཐུབ་པ་ལྟ་བུ་རེད། གལ་ཏེ་ཁྱེད་རང་གནམ་རིག་སྐོར་གྱི་གློག་བརྙན་ལ་གཟིགས་རྒྱུར་དགའ་མོས་ཡོད་མཁན་ཞིག་ཡིན་ན། དགུ་ཚིགས་རྣམས་ཀྱི་ཆགས་སྟངས་ཅི་འདྲ་ཞིག་ཡིན་མིན་གོང་དུ་ངས་བརྗོད་པ་ལྟར་ཧ་ལམ་ཙམ་ཞིག་ཧ་གོ་རྒྱུ་རེད། དགུ་ཚིགས་ཀྱི་རྒྱ་ཁྱོན་ཧ་ཅང་རྒྱ་ཆེ་ཞིང་། དགུ་ཚིག་ཁ་ཤས་ཀྱི་ཤར་མཐའ་ནས་ལྷོ་མཐའ་དང་། ནུབ་མཐའ་ནས་བྱང་མཐའ་བར་འགྲུལ་བཞུད་བྱེད་པ་ལ་འོད་ལོ་འབུམ་ཐེར་མང་བོ་འགོར་བཞིན་ཡོད་པ་རེད། གནམ་རིག་པ་དག་གིས་ལོ་བར་མང་བོའི་རིང་ཉམས་ཞིབ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། དགུ་ཚིགས་རྣམས་ནི་དབྱིབས་དང་། ཁ་དོག རྣམ་པ་སོགས་མི་འདྲ་བ་སྣ་ཚོགས་པའི་ངོ་བོར་ཆགས་པ་ཞིག་དང་། ཕྱོགས་ཡོངས་ནས་གཅིག་མཚུངས་ཡིན་པའི་དགུ་ཚིགས་ཤིག་ད་ཕན་མཐོང་མྱོང་མེད་པ་རེད།
དགུ་ཚིགས་ཞེས་པ་རྒྱུ་རྫས་ཅི་ཞིག་ལས་གྲུབ་པ་ཞིག་ཡིན་ནམ།
གལ་སྲིད་འོད་ཀྱི་སྣང་བ་འདི་མེད་ན། ཉིན་མཚན་གྱི་སྣང་བ་ཡོང་བའི་གནས་མེད་ཅིང་། འོད་སྣང་ལ་བརྟེན་ནས་ང་ཚོ་འཇིག་རྟེན་འདིར་འཚོ་སྡོད་ཀྱི་སྤྲོ་སྣང་ཞིག་བྱུང་བ་རེད། ཚན་རིག་པ་དང་། གནམ་རིག་པ་དག་གིས་དཀྱུས་མའི་འོད་ཀྱི་སྣང་བ་དང་། ལྷག་པར་སྐར་མའི་འོད་སྐུད་དག་ལས་དགུ་ཚིགས་ཞེས་པ་ཐོག་མར་གསར་དུ་རྙེད་ཡོད། དེ་ལ་བརྟེན་ནས་གནམ་རིག་གི་ཤེས་བྱའི་སྒོ་མོ་གསར་པ་ཞིག་འབྱེད་ཐུབ་པ་བྱུང་འདུག འོ་ན་དོན་དངོས་ཐོག་དགུ་ཚིགས་འགྲུབ་བྱེད་ཀྱི་རྒྱུ་རྫས་ངོ་མ་དེ་ཅི་ཞིག་ཡིན་ནམ། ཚན་རིག་པ་དག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། དགུ་ཚིགས་ནི་སྐར་ཚོགས་དང་། གོ་ལ། སྐར་ཕྲན། རླངས་སྤྲིན། རྡུལ་རྫས་སོགས་ལས་གྲུབ་པ་ཞིག་ཡིན་པར་འདོད་ལ། མཁའ་དབྱིངས་ན་གནས་པའི་དངོས་པོ་འདི་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། འོད་སྣང་མེད་པའམ། ཡང་ན་འོད་སྣང་འཕྲོ་ལྡོག་གི་རྒྱུ་རྫས་མིག་གིས་མཐོང་རྒྱུ་ཞིག་ཡོད་པ་དེ་དང་། དེ་བཞིན་ཁ་དོག་དང་འོད་སྣང་གིི་འཕྲོ་ལྡོག་མེད་ཀྱང་། དངོས་པོ་འདི་དག་གི་འཐེན་ཤུགས་ཀྱི་རྩ་བར་གྱུར་པའི་རྫས་རིགས་ཤིག་གནས་པར་འདོད་ཅིང་། རྫས་རིག་དེ་ལ་སྣང་མིན་རྫས་རིགས་ཞེས་བརྗོད། རྫས་རིགས་དེ་རྒྱང་ཤེལ་སོགས་ལས་མཐོང་མི་ཐུབ་པ་ཞིག་ཡིན་པས། སྣང་མིན་རྫས་རིགས་ཞེས་བརྗོད་པ་ཨེ་ཡིན་སྙམ། གང་ལྟར་ཡང་། ཚན་རིག་པ་ཚོས་རྫས་རིགས་དེ་ནི་འཇིག་རྟེན་ཁམས་འགྲུབ་བྱེད་ཀྱི་རྩ་བའི་རྒྱུ་རྐྱེན་ནམ། ནུས་ཤུགས་གཙོ་བོ་དེ་ཡིན་པར་འདོད།
ང་ཚོ་དགུ་ཚིགས་གང་གི་ཐོག་ན་ཡོད་དམ།
ཉི་མ་སོགས་གཟའ་སྐར་གཞན་དག་གིས་ས་གཞི་འདི་ལ་སྐོར་བ་རྒྱག་གི་ཡོད་པར་འགྲེལ་བརྗོད་གནང་ཡོ
ད། ཚན་རིག་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། ས་གཞི་འདི་འཇིག་རྟེན་གྱི་ལྟེ་བ་མ་ཡིན་པ་མ་ཟད། འོ་ལམ་དགུ་ཚིགས་ཀྱི་ལྟེ་བ་ཙམ་ཡང་མ་ཡིན་ཚུལ་གསལ་བོར་ཤེས་རྟོགས་བྱུང་ཡོད། ང་ཚོའི་ཉི་ཁྱིམ་བཀའ་དྲིན་ཅན་དེ་འོ་ལམ་དགུ་ཚུགས་ཞེས་པའི་འབོད་པའི་དགུ་ཚིགས་ཀྱི་ཐོགས་ཆགས་ཤིང་། འོ་ལམ་དགུ་ཚིགས་དེ་ནི་དགུ་ཚིགས་རིགས་བཞིའི་ནང་གི་སྐོར་དཀྲིས་དགུ་ཚིགས་ཀྱི་རིགས་ཡིན་ལ། དགུ་ཚིགས་དེའི་དཔུང་འདབ་བཞི་བའི་ཕྱི་ངོས་སྨིན་དྲུག་དཔུང་བའི་སྟེང་ང་ཚོའི་ཉི་ཁྱིམ་གནས་ཤིང་། ཉི་ཁྱིམ་དེ་ལ་གཟའ་ཆེན་ལྷག་པ་ནས་སྐར་མ་མཚོ་རྒྱལ་བར་གཟའ་སྐར་བརྒྱད་ཡོད་ལ། དེ་དག་གིས་ཉི་མ་ལ་གཡས་སྐོར་གྱི་ཚུལ་དུ་འཁོར་བཞིན་ཡོད། ཕལ་ཆེར་ལོ་ཁ་ཤས་ཤིག་གོང་། ཚན་རིག་པ་དག་གིས་སྐར་ཆུང་ཕུ་ལོས་ཁྲོ་ཞེས་པ་ཉི་ཁྱིམ་དང་རྒྱང་ཐག་རིང་དྲགས་པས། རང་ཁྱིམ་ནས་ཕྱིར་ཕུད་པའི་གསར་འགྱུར་ཞིག་མཐོང་སྐབས་སེམས་པ་མ་སྐྱིད་པ་ལྟ་བུ་ཞིག་ཀྱང་བྱུང་། སའི་གོ་ལ་ནས་འོ་ལམ་དགུ་ཚིགས་ཀྱི་དབུས་བར་འོད་ལོ༢༥༠༠༠༠ཡོད་ཅིང་། འོ་ལམ་དགུ་ཚིགས་ཀྱི་སྐར་མ་ཕལ་ཆེར་གྱི་བར་ཐག་ལ་ཆ་སྙོམས་འོད་ལོ་༥་རེ་ཡོད་པ་དང་། དགུ་ཚིགས་ཀྱི་དབུས་ན་གནས་པའི་སྐར་མ་དག་གི་བར་ཐག གོང་གསལ་ལས་ཆེས་ཧ་ཅང་ཉེ་བོ་ཡིན་སྟབས། འོ་ལམ་དགུ་ཚིགས་ཀྱི་དབུས་དེ་བསམ་ཡུལ་ལས་འདས་པའི་བཀྲགས་མདངས་ཆེན་པོར་གྱུར་པ་ཞིག་རེད། མུ་འགོད།
དགུ་གཟི་གནམ་གྱི་སྐེད་རགས་ཡིན། གནམ་སྐེད་རགས་མེད་ན་སྦོ་ལུག་ཡིན། ཞེས་པའི་གཏམ་དཔེ་ཞིག་ཡོད་པས། དགུ་ཚིགས་ཡིན་ནམ་དགུ་གཟི་ཡིན་ཤེས་མཁན་ཡོད་ན་གསུངས་རོགས་ཞུ།
གཏམ་དཔེ་འདི་ང་ཚོའི་ཕ་ཡུལ་ནས་ཀྱང་བཤད་ཀྱིན་འདུག འོན་ཀྱང་དགུ་ཚིགས་ཟེར་གི་རེད། དོན་ལ་གང་ཡིན་བསད་མི་ཕོད།
དགུ་གཟི་ཟེར་ན་ཅི་རེད། དགུ་ཚིགས་ལྟ་བུ་ཞིག་རེད་དམ། ཉིད་ཀྱིད་དགུ་གཟི་ཅི་འདྲ་ཡིན་པ་གསུང་དང་དེ་ནས་དཔྱད་པ་ཡོང་གི་རེད་བསམ།
རྒན་རབས་ཀྱི་ངག་ལ་ཡང་ཡང་བརྟག་པ་བྱས་པས། དགུ་གཟི་མ་གཏོགས་དགུ་ཚིགས་ལབ་ཀྱི་ཡོད་པའི་བཟོ་འདྲ་མ་ཐོས། ཡིན་ན་ཡང་ཡོངས་སུ་གྲགས་པ་འདྲ་ཡོད་ན་བསམས་ནས་དྲིས་པ་ཡིན།
དགུ་ཚིགས་ཀྱི་སྐོར་ཐོག་མར་འགོད་མཁན་ལ་གུས་པས་སྙིང་ནས་ཐག་པ་ན་དགའ་བསུ་ཡོད། གནས་ཚུལ་འདིའི་རིགས་ལ་ང་ཚོའི་མི་རིགས་ཅུང་རྗེས་ལུས་སུ་ཐེབས་ཡོད་པས་སྒོ་ཀུན་ནས་ཡར་རྒྱས་དང་དལ་སྤེལ་ལ་འབད་དགོས། སྤྱིར་གནམ་རིག་ས་རིག་སྐོར་ལ་བོད་ཀྱི་རིག་གཞུང་ནང་དུ་རྒྱ་ཆེ་ལ་གཏིང་ཟབ་པ་མང་པོ་ཞིག་ཡོད་མོད། འོན་ཀྱང་དེའི་སྟེང་དུ་ང་ཚོར་ཅུང་རྗེས་ལུས་སུ་ཕྱིན་པའི་རིགས་རྣམས་ནང་འདྲེན་བྱེད་རྒྱུ་ཕྱིར་འགྱངས་ཐེབས་མི་རུང་བ་ཞིག་ཏུ་ངེས། གུས་པ་དེའི་སྐོར་ལ་ཤེས་རིག་ཧ་ཅང་ཞན་མོད་འོན་ཀྱང་ཤེས་འདོད་ཤིན་ཏུ་ཆེ། མུ་མཐུད་ནས་འགོད་རོགས་ཞུ་རྒྱུ་ཡིན། དགུ་ཚིགས་སམ་ཡང་ན་དགུ་གཟི་ཞེས་འབོད་པའི་དབང་དུ་བཏང་ན། མིང་དེ་དག་སྤྱི་ཚོགས་ནང་དུ་ཡོད་པ་ཞིག་རེད། འོན་ཀྱང་བོད་ཀྱི་དཀར་རྩིའི་ནང་དུ་མིང་དེ་ལྟར་ཡོད་དམ་མེད། མིང་འདི་བལྟས་ཚོད་སྒྲ་རྗེས་གྲུབ་ལྟ་བུ་ཞིག་འདུག དེར་བརྟེན་དགུ་ཞེས་པ་དང་། ཚིགས་ཞེས་འདོགས་པའི་སྒྲ་དོན་རེ་རེ་ནས་ཡོད་པར་ངེས་པས་མཁྱེན་མཁན་ཡོད་ན་གསུང་རོགས་ཞུ།
དགུ་གཟི་ཟེར་བ་ནི་སྒྲ་མ་དག་པ་ཨེ་ཡིན་ནམ། གང་ལྟར་དུ་ཡིག་ཐོག་ཏུ་དགུ་ཚིགས་འདི་འབྲི་བཞིན་པ་འདྲ། དག་ཡིག་ཁག་ནའང་དགུ་ཚིགས་སྐྱ་མོ་དང་དགུ་ཚིགས་ལོག་ཅེས་པ་ལྟར་བུར་བྲིས་འདུག
ད་དུང་འདི་ནའང་དགུ་ཚིགས་ཀྱི་སྐོར་ཤིག་འདུག གཟིགས་དང་།
འབུམ་དྲུག་ལགས། ཁྱེད་ཀྱི་ཟིན་བྲིས་འདིར་དེ་རིང་ཞོགས་པར་མཆན་དང་པོ་འགོད་མཁན་ང་ཡིན་རུང་ཐེབས་མི་འདུག
ཁྱེད་ངོ་མ་ངར་བ་ཟིག་གི་ཚུགས་ཀ་ཡོད་ཀི འཐབ་ན་འཐབ་རིན་ཡོད་མཁན་ཞིག་ཡིན་པ་འདྲ། དེས་ན་ངའི་མདེའུ་ཆུང་ཆུང་འདི་ལ་ལན་ཞིག་གནང་རོགས། དེ་ནི་དུས་རྒྱུན་དུ་ངའི་སེམས་སུ་གནད་དོན་ཞིག་ཡོད། འོད་ཅེས་པ་ང་ཚོའི་མིག་གིས་མཐོང་ཐུབ་བམ་མི་ཐུབ། འོད་ནི་ཚོན་སྣ་བདུན་གྱིས་གྲུབ་པར་བཤད་སྟངས་ལ་བལྟས་ན་ང་ཚོའི་མིག་གིས་མཐོང་ཐུབ་ཟེར་དགོས་པ་འདྲ། ཡང་འོད་ནི་ཕོགས་ས་ཞིག་ལ་མ་ཕོགས་པར་མིག་གིས་མཐོང་མི་ཐུབ་ཟེར་སྲོལ་ལ་བལྟས་ན་འོད་ནི་ང་ཚོའི་མིག་གིས་མཐོང་མི་ཐུབ་ཟེར་དགོས་པ་འདྲ། ད་དུང་མདོག་ཏུ་རུང་བ་ཁ་དོག་གི་མཚན་ཉིད་ཟེར་བ་སོགས་ལ་ད་དུང་བཤད་རྒྱུ་དེ་བས་མང་། མདོར་ན་འོད་མིག་ཤེས་ཀྱིས་མཐོང་ཐུབ་པའི་དངོས་པོ་རེད་དམ་མ་རེད།
ངས་འདིར་དྲ་ཐག་འཇོག་རྒྱུ་བརྗེད་འདུག བོད་ཀྱི་དུས་བབ་ན་སྤྱི་ལོ་༢༠༠༨ ལོའི་ཟླ་སྤྱི་༥ བའི་ནང་བཀོད་པ་ཡིན་པ་ཡོད། དགུ་ཙིགས་སྐོར་གྱི་རྩོམ་ཡིག་ཅིག་འདུག ད་གྷོ་གྷོ་ནང་ནས་བཙལ་ཀྱང་རྙེད་མ་སོང་། དེར་འགྲེལ་བཤད་ཡག་པོ་གནང་འདུག
འདི་ན་གཅིག་འདུག
http://www.tibettimes.net/blogs.php?id=283&post_id=11247
འདི་མ་ཡིན་པ་ཞིག་འདུག་མོད། རྙེད་མ་སོང་ལགས།
རྔ་བ་ལགས་ཡག་པོ་འདུག རྫས་རིག་དེ་ལ་སྣང་མིན་རྫས་རིགས་ཞེས་བརྗོད། རྫས་རིགས་དེ་རྒྱང་ཤེལ་སོགས་ལས་མཐོང་མི་ཐུབ་པ་ཞིག་ཡིན་པས། སྣང་མིན་རྫས་རིགས་ཞེས་བརྗོད་པ་ཨེ་ཡིན་སྙམ། ཟེར་བ་འདིའི་དབྱིན་ཡིག་གི་འགྱུར་གཞི་ག་རེ་ཡིན་ནམ།
དགུ་ཚིགས་་མ་རེད། རྒ་ཚིགས་ཡིན་ས་རེད། ས་ངོས་ནས་བལྟས་ན་ནམ་མཁའི་དཀྱིལ་ལམ་གཞུང་ན་རྒ་ཚིགས་ནང་བཞིན་སྐར་ཚོགས་མང་པོ་ཤར་མོ་རིང་པོ་མོ་ཀྲ་མང་པོ་གཞུང་ལམ་ཞིག་གི་ནང་ལ་འགྲོ་་བ་བཞིན་ཡོད་པ་ལ་ཟེར།
ཨ་་་ཨ་་་་ཨ།
འདི་ན་ཁ་བརྡ་སྐྱིད་པོ་ཞིག་གི་འགོ་བཙུགས་འདུག
དགུ་ཚིགས་ཞེས་པ་དེ་ཆུང་ཆུང་ཡིན་དུས་གཡའ་དག་པའི་མཚན་མོ་ནམ་མཁའ་ལ་བལྟ་དུས་སྐྱ་ཤག་གེར་ཡོད་པའི་གནམ་གྱི་སྐ་རགས་ཟེར་བ་དེ་རེད།
མིང་གཞན་ལ་གནམ་གྱི་སྒལ་ཚིགས་ཀྱང་ཟེར་གི་རེད། དེ་ནི་གནའ་སྔ་མོ་ནས་བོད་མི་ཚོས་ངག་ནས་འབོད་པའི་ཚིག་རྙིང་བ་ཅིག་རེད། ཕྱིས་སུ་རྒྱ་ནག་གི་སྐར་རྩིས་དེ་བོད་ལ་འགྱུར་རྗེས་གཟའ་དང་རྒྱུ་སྐར་མང་པོ་ཞིག་གི་མིང་གསར་དུ་ཐོན་པ་རེད། དགུ་ཚིགས་སམ་རྒུ་ཚིགས་ཞེས་པའང་དུས་དེ་ནས་བོད་ཀྱི་ཡིག་ཐོག་ཏུ་བྱུང་བ་རེད།
དེང་སང་ཚན་རིག་པ་ཚོས་དགུ་ཚིགས་ཞེས་པ་དེ་ཡིག་ཐོག་ཏུ་མ་བཞག་པར་མིག་གིས་དངོས་སུ་བལྟ་ཐུབ་པར་བཟོ་དགོས་བསམ་པ་རེད། ཁོང་ཚོས་དེའི་ཆེད་དུ་རྒྱང་ཤེལ་དང་འཕུར་གྲུ་བཟོས་ནས་སྟོང་ཁམས་སུ་བཏང་དུས་དགུ་ཚིགས་ཟེར་བ་དེ་ག་འདྲ་ཡོད་མེད་ཧ་གོ་འདུག
དགུ་ཚིགས་ཟེར་བ་དེ་ནི་རང་རེས་མིག་གིས་མཐོང་བཞིན་པའི་ཉི་མ་དམར་པོ་འདི་དཀྱིལ་ལ་བཞག་ཏེ་གཟའ་སྐར་མང་པོས་བང་རིམ་བྱས་ནས་ཉིན་མཚན་མེད་པར་ཉི་མའི་མཐའ་ལ་སྐོར་ར་རྒྱག་བཞིན་པ་མཐོང་འདུག
སྐོར་ར་རྒྱག་སྟངས་ག་འདྲ་སེ་རེད་ཟེར་ན། དང་པོ་གཟའ་ལྷག་པ་རེད། གཟའ་ལྷག་པས་ཉི་མ་དང་༼སྤྱི་ལེ་ས་ཡ་༥༨ ༽ མཚམས་ན་སྐོར་ར་རྒྱག་གིན་ཡོད་པ་རེད།
གཉིས་པ་གཟའ་པ་སངས་རེད། གཟའ་པ་སངས་གིས་ཉི་མ་དང་༼ སྤྱི་ལེ་་་ས་ཡ་༡༠༨ གི་མཚམས་ན་སྐོར་ར་རྒྱག་གིན་ཡོད།
གསུམཔ་སའི་གོ་ལ་སྟེ་རང་རེའི་འཛམ་བུ་གླིང་ཡིན། འཛམ་གླིང་གིས་ཉི་མ་དང་༼ སྤྱི་ལེ་སྤྱི་ལེ་ས་ཡ་༡༥༠༽་ཡི་མཚམས་ན་སྐོར་ར་རྒྱག་གིན་ཡོད།
བཞི་བ་གཟའ་མིག་དམར་ཡིན། གཟའ་མིག་དམར་གྱིས་ཉི་མ་དང་༼ སྤྱི་ལེ་ས་ཡ་༢༢༨ ༽ གྱི་མཚམས་ན་སྐོར་ར་རྒྱག་གིན་ཡོད།
ལྔ་བ་གཟའ་ཕུར་བུ་ཡིན། གཟའ་ཕུར་བུས་ཉི་མ་དང་ ༼ སྤྱི་ལེ་ས་ཡ་༧༧༨ ༽གྱི་མཚམས་ན་སྐོར་ར་རྒྱག་གིན་ཡོད།
དྲུག་པ་གཟའ་སྤེན་པ་ཡིན། གཟའ་སྤེན་པས་ཉི་མ་དང་༼ སྤྱི་ལེ་ས་ཡ་༡༤༣༠ ༽མཚམས་ན་སྐོར་ར་རྒྱག་གིན་ཡོད།
བདུན་པ་སྐར་མ་རྣམ་རྒྱལ་ཡིན། སྐར་མ་རྣམ་རྒྱལ་གྱིས་ཉི་མ་དང་༼ སྤྱི་ལེ་ས་ཡ་༢༨༧༠ ༽མཚམས་ན་སྐོར་ར་རྒྱག་གིན་ཡོད།
བརྒྱད་པ་སྐར་མ་མཚོ་རྒྱལ་ཡིན། སྐར་མ་མཚོ་རྒྱལ་གྱིས་ཉི་མ་དང་༼་སྤྱི་ལེ་ས་ཡ་༤༥༠༠ ༽ཡི་མཚམས་ན་སྐོར་ར་རྒྱ་གིན་ཡོད།
དགུ་བ་སྐར་མ་མཚོ་རྒྱལ་ཡིན། སྐར་མ་མཚོ་རྒྱལ་གྱིས་ཉི་མ་དང་༼ སྤྱི་ལེ་ས་ཡ་༥༩༠༠༽ ཡི་མཚམས་ན་སྐོར་ར་རྒྱག་བཞིན་པ་ཡིན།
དེ་དག་གི་དབར་ད་དུང་རྒྱུ་སྐར་ཆུང་ཆུང་གྲངས་ལས་འདས་པའི་ཀྱང་ཉི་མ་ལ་སྐོར་བ་རྒྱག་གིན་ཡོད། ཡིན་ན་ཡང་འདི་ཚོ་ཚང་མ་དགུ་ཚིགས་ཟེར་བ་འདིའི་ནང་ལོགས་སུ་ཚུད་ཡོད་པ་རེད།
ད་དུང་དགུ་ཚིགས་གཞན་དག་མང་པོ་ཡོད་མ་ཟད། ཧ་ཅང་མང་པོ་དང་རྩིས་ནས་བགྲང་ཐུབ་པ་ཞིག་ཡིན་ས་མ་རེད།
ངས་ཀྱང་དགུ་ཚིགས་ལ་བལྟ་འདོད་ནས་སྲན་མ་ཐུབ་ཁ་སང་རང་རྒྱང་ཤེལ་མེ་སྒྱོགས་འདྲ་བ་ཞིག་ཉོས་པ་ཡིན་མོད་ད་དུང་ལྷུ་སྒྲིག་སྟངས་མ་ཤེས་ནས་བསྡད་ཡོད་ཡ།
དྲ་གྲོགས་ཚོས་ནང་ན་རྒྱང་ཤེལ་མཁས་པ་འདྲ་ཡོད་ན་སྒྲིག་ཐབས་ཤིག་ཤོད་དང་།
དྲ་གྲོགས་མདོ་ལྷ་ཁམས་པས་འགྲེལ་བཤད་ཡག་པོ་གནང་འདུག ད་ཁྱོད་ཀྱང་གཞོན་ནུ་ཟླ་མེད་དུ་སྐད་ཆ་དགོད་སྤྱད་ནང་དུ་བསྲེས་ནས་བཤད་ཀྱིན་འདུག རྒྱང་ཤེལ་མེ་སྒྱོགས་འདྲ་བོའི་ལྷུ་སྒྲིག་མི་ཤེས་ན་ང་བོས་དང་། དི་མོ་དེ་སྒྲིག་ལག་ལ་བཞག་དང་ན་ང་འདྲེ་འདྲ་བོ་ཡིན་ཡ།
འཛེར་མགོ་ལྟེབ་གྲི་ཡིས་གཅུས་བཞིན་ཅིག་ལ་སྒྲིག་ནས་ཁྱེར་འགྲོ་བ། ངོ་མ་ཡིན།
མདོ་ལྷ་ཁམས་པས་གཟའ་སྐར་གྱི་སྐོར་ལ་ཤེས་བྱ་གསར་བསྣོན་མང་ཙམ་བྱས་པར་ཐུགས་རྗེ་ཆེ། ཡིན་ནའང་དགུ་ཚིགས་དང་སྒལ་ཚིགས་གཉིས་ལས་གང་དག་པོ་ཡིན་གསལ་པོ་ཞིག་གསུང་རྒྱུ་ཨེ་ཡོད། རྒྱ་ནག་གི་སྐར་རྩིས་བོད་དུ་འགྱུར་ཚུལ་ཞིག་ཀྱང་གསུངས་འདུག བདེན་པ་ཡིན་ན་ཐུགས་རྗེ་ཆེ། ད་དུང་དགུ་ཚིགས་ཞེས་པའི་སྒྲ་དེ་རྗེས་གྲུབ་དང་འདོད་རྒྱལ་གང་ཡིན་གསུང་རྒྱུ་ཡོད་ལས་ཆེ།
འཇམ་དཔལ་ཚུལ་ཁྲིམས་ནས་འོད་མིག་ཤེས་ཀྱིས་བཟུང་ཐུབ་མིན་སྐོར་ལ་སྐོར་ལ་དོགས་གཞི་རེ་ཟུང་བཀོད་འདུག ཡིན་ནའང་འོད་ཕོགས་ས་ཞིག་ཏུ་མ་ཕོགས་དུས་མིག་གིས་མཐོང་བར་བཤད་པ་དེས་རང་གིས་དྲི་བར་ལན་བཏབ་ཟིན་པ་རེད། དེས་ན་མདོག་ཏུ་རུང་བ་ཁ་དོག་གི་མཚན་ཉིད་སོགས་ངན་རྙོགས་དགོས་དོན་མེད་པ་འདྲ། མདོག་ཏུ་རུང་བ་ཁ་དོག་གི་མཚན་ཉིད། གང་ཟག་ཏུ་རུང་བ་སེམས་ཅན་གྱི་མཚན་ཉིད། ཡག་པོ་འདུག་གེ།
དེ་བཞིན་དུ་ཟླ་བའི་འཕེལ་འགྲིབ་སྐོར་ལ་ཚན་རིག་པ་ནང་པ་གཉིས་ལ་ལྟ་གྲུབ་མི་མཐུན་པ་ཨེ་ཡིན།
དེང་རབས་ཚན་རིག་པའི་ལྟ་གྲུབ་ལྟར་ན་ཉི་མ་འཁོར་གྱིན་ཡོད་པར་བཤད་དམ་མེད་པར་བཤད།
གླིང་བཞི་དང་གླིང་ཕྲན་བརྒྱད་སོགས་ལ་དེང་རབས་མི་འགལ་བའི་འགྲེལ་བཤད་གནང་ཐུབ་མཁན་ཨེ་ཡོད།
ཡ་དབང་འདུས་ལགས། དེ་འདྲའི་སླ་མོ་ཞིག་མིན་སྙམ་ཡོད། འོད་མིག་གིས་མི་མཐོང་ཟེར་བ་ཡིན་ནམ། དེས་ན་འོད་ནི་ཚོན་སྣ་བདུན་གྱིས་གྲུབ་པ་མ་ཡིན་ནམ། ཚོན་སྣ་བདུན་པོ་ཡང་མིག་གིས་མི་མཐོང་བ་ཡིན་ནམ། དེ་ཡིན་ཟེར་ན་མི་འགྲིག་པར་སྙམ། ཚོན་སྣ་བདུན་པོ་མཐོང་བས་འོད་མཐོང་བར་མི་འཇོག་ན་འོད་ཇི་ལྟར་མཐོང་། དངོས་པོ་ཞིག་ཕོགས་ས་མེད་པར་འོད་ཡོད་པ་མི་མཐོང་ཟེར་བ་འདི་ཚད་མར་འཛིན་ནམ། དེས་ན་དངོས་པོ་ཞིག་ལ་ཡོད་མེད་ཇི་ལྟར་ཤེས། བར་སྣང་སྟོང་པ་ནི་ནག་པོ་ཡིན་པ་འབུམ་དྲུག་ལགས་ཀྱིས་གསུང་ངེས། ཁྱེད་ཀྱིས་ལན་རྒྱོབས་དང་ངས་དྲི་བ་འདྲི་འོ། ཡ་ད་ཡིན་ད།
་འོ་དགོངས་དག ཆད་སོང་ཟིག དེས་ན་དངོས་པོ་ཞིག་ལ་འོད་ཡོད་མེད་ཇི་ལྟར་ཤེས། ཞེས་སུ་བཅོས་རོགས།
མདོ་ལྷ་ཁམས་པ་ལགས། ཁྱེད་ནས་་་་་་་ཕྱིས་སུ་རྒྱ་ནག་གི་སྐར་རྩིས་དེ་བོད་ལ་འགྱུར་རྗེས་གཟའ་དང་རྒྱུ་སྐར་མང་པོ་ཞིག་གི་མིང་གསར་དུ་ཐོན་པ་རེད།ཟེར་བའི་རྒྱ་ནག་གི་སྐར་རྩིས་ག་དུས་དར་བ་རེད་དམ། དཔེ་ཆ་དེའི་མིང་ལ་ཅི་ཟེར་བ་རེད། གང་ནས་ལག་ལ་རགས་གི་རེད།
ལོ་ཤས་སྔོན་ངས་འདི་གའི་ཅ་ལག་རྙིང་པ་བཙོངས་ས་ཞིག་ནས་རྒྱང་ཤེལ་ཆེན་པོ་ནམ་མཁར་ལྟ་སྤྱད་ཅིག་ཉོས་ཏེ་དགོང་མོ་རེ་བཞིན་ནམ་མཁར་བལྟས་པ་ཡིན། དེ་ལས་ངས་ཟླ་བའི་ངོས་ཀྱི་འབར་འབུར་མཐོང་ཐུབ་སོང་ལ། གཟའ་སྐར་སྤེན་པའི་མཐའ་སྐོར་གྱི་རྡུལ་འཁོར་ཡང་མཐོང་ཐུབ་སོང་། དེང་སྐབས་གོ་སྐབས་ནམ་ཡོད་ལ་བརྙན་འཕྲིན་ལས་རིམ་དག་གི་ཁྲོད་དུ་NASAཚང་གི་བྱ་བྱེད་སྐོར་ཞིག་ཡོད་དུས་འཆོར་གི་འཇུག་གིན་མེད། སྟོང་དབྱིངས་ཀྱི་སྐོར་འདི་ལ་ང་སྔོན་མར་བོད་དུ་ལུང་ཁུག་ཅིག་གི་དགོན་ཆུང་དུ་ཡོད་དུས་ནས་སྦྲང་ཆར་སྟེང་གི་མཐའ་ཡས་པའི་སྟོང་པའི་ཁམས་ན་སོགས་བཀླགས་ཏེ་ཤེས་འདོད་ཀྱི་མེ་ལྕེ་འབར་མྱོང་ཡང་དེ་དུས་བོད་ཡིག་སྟེང་དུ་དེ་ཙམ་མི་འདུག་ལ། རྒྱ་ཡིག་མི་ཤེས་པ་སོགས་ཀྱིས་རེ་བ་དོན་སྨིན་མ་བྱུང་ཡང་། དེང་སྐབས་བརྙན་འཕྲིན་ལས་སྟོང་དབྱིངས་ཀྱི་སྐོར་མང་པོ་ཞིག་མཐོང་རྒྱུ་འདུག་པས་ངོ་མ་ཅིག་དགའ་གི
འ་རོགས་བོད་ཡིག་ཐོག་ན་ཡོད་ཡོད་ནི་རེད་ཀོ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོགས། ཡང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས། ད་དུང་འཇིག་རྟེན་ཁམས་ན་གྲངས་མེད་ན་སོགས། ད་དུང་འཛམ་གླིང་བྱེ་བ་ཕྲག་བརྒྱ་སོགས། ད་དུང་སྐར་རྩིས་རིག་པ་ན་ཡོད་པ་དག ད་དུང་ཆོས་མངོན་པ་ན་ཡོད་པ་དག མང་ནི་རེད་ཀོ
འཇམ་དཔལ་ཚུལ་ཁྲིམས་ལགས། སྐུ་ཉིད་ལ་གོ་ནོར་ཐེབས་པའམ་ཡང་ན་ངས་བསམ་ཚུལ་ཡིག་གེར་གསལ་པོར་བཀོད་མ་ཐུབ་པ་འདྲ། གང་ལྟར་ངས་འོད་མི་མིག་གིས་མི་མཐོང་ཞེས་བཤད་འདོད་མེད། སྐུ་ཉིད་ཀྱི་རྩོམ་ཡིག་ཏུ། ༼འོད་ནི་ཚོན་སྣ་བདུན་གྱིས་གྲུབ་པར་བཤད་སྟངས་ལ་བལྟས་ན་ང་ཚོའི་མིག་གིས་མཐོང་ཐུབ་ཟེར་དགོས་པ་འདྲ། ཡང་འོད་ནི་ཕོགས་ས་ཞིག་ལ་མ་ཕོགས་པར་མིག་གིས་མཐོང་མི་ཐུབ་ཟེར་སྲོལ་ལ་བལྟས་ན་འོད་ནི་ང་ཚོའི་མིག་གིས་མཐོང་མི་ཐུབ་ཟེར་དགོས་པ་འདྲ། ༽དེ་ལྟར་བཤད་ཚུལ་གཉིས་རྒྱུ་མཚན་དུ་བཀོད་ནས་བསྒྲུབ་བྱ་གཉིས་རེ་རེ་བཞིན་འདྲི་ཚིག་དང་འབྲེལ་ནས་སྒྲུབ་འདུག སྒྲུབ་ཚུལ་རྗེས་མ་འདི་ངའི་གོ་ཚུལ་ལྟར་ན་ཅུང་མི་ལེགས་པ་འདྲ་ཞེས་ཞུས་པ་ཡིན། རྒྱུ་མཚན་ནི། འོད་ཕོགས་ས་ཞིག་ལ་མ་ཕོགས་ན་མིག་གིས་མཐོང་མི་ཐུབ་ཅེས་པའི་ཤུགས་ལ། འོད་ཕོགས་པས་ཞིག་ལ་ཕོགས་ན་མིག་གིས་མཐོང་ཐུབ་པར་བཤད་པ་ཡིན་པས་དེ་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་སྒྲུབ་བྱེད་དུ་སོང་འདུག་ཅེས་ཞུས་པ་ཡིན།
འོད་མིག་གིས་མཐོང་ནུས་དང་མི་ནུས་ཟེར་བ་དེ། མིའི་མིག་ཙམ་ལ་སྦྱར་ན་བར་སྲིད་དང་ལྷ་སོགས་ཀྱི་གཟུགས་ཀྱང་མཐོང་མི་ཐུབ། གཟུགས་ཁམས་ཀྱི་གཟུགས་དེ་ལས་མཐོང་མི་ཐུབ། དེས་ན་ཉིད་ཀྱིས་འོད་མིག་གིས་མཐོང་ནུས་སམ་མི་ནུས་ཞེས་པའི་དྲི་བ་དེ་ཐུགས་རྩེ་གང་འདྲ་ཞིག་ལ་གཏད་ཡོད་མེད་གུས་པར་དོགས་པ་ཡོད། དེར་བསྟེན་ཐུགས་ཁོམས་བྱུང་ན་གསལ་སྟོན་གནང་རོགས་ཞུ་རྒྱུ་ཡིན། བར་སྲིད་ལྷ་འདྲེ་སོགས་གང་ཟག་འགའ་ལ་མི་འཚམས་ཀྱང་ཉིད་ཀྱིས་གསུངས་ཚུལ་བལྟས་ན་དེ་འདྲའི་སྐོར་ལའང་བགྲོ་གླེང་གནང་འདོད་པ་ཡོད་པ་འདྲ། གལ་སྲིད་དེའི་སྐོར་གླེང་འདོད་མེད་ན་དགོངས་དག་ཞུ་རྒྱུ་ལས་གང་ཡང་མེད།།
བར་སྣང་ནི་སྟོང་པ་མིན་པར་རླུང་དང་རྡུལ་སོགས་ཀྱི་གང་ནས་ཡོད། དེ་ནི་ཁྱོད་རང་གི་ཕྱག་ཕར་ཚུར་གཡུགས་དང་རླུང་དང་རྡུལ་སོགས་ལ་རེགས་ཐུབ། རླུང་དང་རྡུལ་སོགས་ཀྱང་སྟོང་པའི་ངང་དུ་གནས་པར་བཤད་པ་འདི། ནང་པའི་རྒྱུད་བླ་མ་དང་། ཡུས་རོབ་གནའ་རབས་ཚན་རིག་པ་གཉིས་བཤད་ཚུལ་མཐུན་པར་འདུག ང་ནི་བཤད་ཚུལ་དེར་གདེངས་འཇོགས་བྱེད་གྱིན་ཡོད། མཚན་མོའི་དུས་སུ་བར་སྣང་ནག་པོར་མཐོང་བ་ནི་ང་ཚོའི་མིག་དེ་འོད་དང་མ་འགྲོགས་ན་གསལ་ཆ་མཐོང་མི་ཐུབ་པས་རེད། བྱ་འུག་པ་ལྟ་བ་ཞིག་ཡིན་ན་མཚན་མོའི་དུས་སུ་གསལ་པོར་མཐོང་ཐུབ། དེས་ན་བར་སྣང་ནི་དཀར་ཆ་དང་ནག་ཆ་གང་ཡང་ཡིན་པར་མི་འདོད། བར་སྣང་གི་དཀར་ནག་ཅེས་པ་གང་ཟག་གི་མིག་ལ་ལྟོས་པ་རེད། འོན་ཀྱང་བར་སྣང་འདི་རླུང་རྡུལ་སོགས་ཀྱིས་གང་ནས་ཡོད་པར་འདོད་ཆོག་དེ་ནི་གང་ཟག་གི་བློ་ལ་མ་ལྟོས་པར་དོན་དུ་གྲུབ་ཡོད།
དེང་སང་གི་ཚན་རིག་པའི་བཤད་ཚོད་དང་མཐུན་པ་ཞིག་མ་མཐོང་ཟེར་བ་ཡིན།
ཨ་རོགས། འཇམ་ཚུལ། དྲ་ཐོག་འདི་ན་མིང་རྫུན་འོག་གབ་བསྡད་མཁན་ཡིན་ཡིན་ཚང་མ་ང་འབུམ་དྲུག་ཡིན་ནི་མ་རེད། ངས་གནམ་རིག་ཟེར་་བ་གོ་མྱོང་བ་མ་གཏོགས་སྦྱང་མ་མྱོང་བས། དགུ་ཚིགས་སམ། སྒལ་ཚིགས་ཟེར་ནོ་བཤད་ཤེས་ནི་མ་རེད། ནང་པའི་གཞུང་ལ་བལྟ་མ་མྱོང་མཁན་ཞིག་ལ་དབུ་མ་ཐལ་རང་གི་ལྟ་བ་ཤོད་ཟེར་བ་དང་གཅིག་པ་རེད།
ཚན་རིག་གི་གཞུང་ལུགས་རྩོམ་མཁན་འདི་འདྲ་མཁས་པ་ལ་འབུམ་དྲུག་ལགས་ཞེས་མཆན་བཏབ་ན། རྔ་བ་རྒྱལ་ཁམས་པ་ལ་སྨད་ར་དང་འབུམ་དྲུག་ང་ལ་མཚང་འབྲུ་བྱས་པའི་བཟོ་འདྲ་མི་འདུག་གེ།
ང་སཡ་ཡིན་ད་དུང་མི་ཤེས་ན། སྔོན་མ་དམག་སྒར་ན་ཡོད་དུས། ཐབ་རེས་རྒྱུག་བསྡད་མཁན་དེ་ཡིན་ཡ།
ད། ཁྱོས་དབང་འདུས་ལ་ལན་ཐོབས་ཡ།
༼བོད་ཀྱི་བང་ཆེན་ནས་བཤུས།༽
དེབ་དེའི་གཞི་འཛིན་ས་གཙོ་བོ་བཀའ་བསྟན་གཉིས་ཡིན་འདུག
ཟླ་འདིའི་ཚེས་༩ ནས་༡༢ བར་ཉིན་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དཔལ་ལྡན་འབྲས་སྤུངས་སུ་(གཞི་དངོས་པོའི་གནས་ཚུལ་དང་དེ་དོན་ལྟ་གྲུབ་གསར་རྙིང་ཀུན་བཏུས་)ཞེས་པའི་དཔེ་དེབ་གསར་རྩོམ་གནང་བཞིན་ཡོད་པའི་བརྗོད་གཞི་ཐོག གཙོ་བོ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་ཐད་གདན་ས་ཁག་གི་མཁས་དབང་རྣམ་པས་བགྲོ་གླེང་ཚོགས་འདུ་ཞིག་འབྲས་སྒོ་མང་གྲྭ་ཚང་གི་འདུ་ཁང་གསར་པའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།
བགྲོ་གླེང་ཚོགས་འདུ་འདིའི་ཐོག་ཞྭ་སེར་བསྟན་བའི་གསལ་བྱེད་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་དང་། སྒོ་མང་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས། འབྲས་བློ་གླིང་དགེ་བཤེས་རྣམ་རྒྱལ་དབང་ཆེན་ལགས་བཅས་གཟུ་དཔང་དུ་ཕེབས་ཡོད་པ་དང་། ཐོག་མར་ཤར་རྩེ་ཆོས་རྗེ་མཆོག་གིས། “སྤྱིར་བཏང་ངས་ཚན་རིག་སྐོར་ལ་ཤེས་ཀྱི་མེད་མོད། དེང་སྐབས་འཛམ་གླིང་ནང་ཚན་རིག་དང་རྐང་པ་མཉམ་གཤིབ་བྱེད་ཐུབ་མཁན་ནང་བསྟན་ཆོས་ལུགས་འདི་ཡིན་པ་དང། ལྷག་པར་ཚན་རིག་དང་ནང་ཆོས་གཉིས་ཟུང་འབྲེལ་ཐོག་དར་ཁྱབ་ཏུ་འཛམ་གླིང་འདིའི་ནང་འགྲོ་ཐུབ་པ་ཞིག་དང་། གཞན་ཡང་ཚན་རིག་ནང་གསལ་པོ་མེད་པ་ནང་པའི་གཞུང་ནས་བཤད་པའི་སེམས་ཀྱི་གནས་ལུགས་དང་རྣམ་བཞག་ངོ་སྤྲོད་བྱེད་ཐུབ་པ་སོགས་ལ་༧གོང་ས་མཆོག་གི་ཐུགས་རེ་བཞིན་འབད་རྩོན་བྱེད་དགོས་པ་རེད་”ཅེས་གསུངས་སོང་།
དེ་རྗེས་བགྲོ་གླེང་གཙོ་སྐྱོང་བ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང། ༧གོང་ས་མཆོག་གི་སྐུའི་གསུང་བསྒྱུར་བ་དགེ་བཤེས་དགྲ་འདུལ་ལགས་གཉིས་ཀྱིས་དཔེ་དེབ་དེའི་སྒྲོམ་གཞི་ངོ་སྤྲོད་དང་འབྲེལ། ༧གོང་ས་མཆོག་གི་རླབས་ཆེན་གྱི་ཐུགས་རེ་ཡིན་པ་དང་དེའི་དགོས་པ་དམིགས་ཡུལ་བཅས་ཀྱི་ཐད་གསུང་དོན། “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་གཉིས་ཐོག་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཡོད་པས། ༧གོང་ས་མཆོག་གིས་དཔེ་དེབ་འདི་འདྲ་ཞིག་བཟོ་ཐུབ་པ་ཡིན་ན་ནང་པ་ཡིན་མིན་ལ་མ་ལྟོས་པར་འཛམ་གླིང་ཡོངས་ཁྱབ་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་ལམ་སྟོན་བཀའ་སློབ་ཕེབས་དོན་ལྟར། ཉེ་ཆར་༧གོང་ས་མཆོག་སེ་ར་དགོན་པར་ཕེབས་སྐབས་ཀྱང་གདན་ས་གསུམ་གྱི་མཁས་དབང་བདུན་ཅུ་ཙམ་ལ་ཞིག་ལ་༧གོང་ས་མཆོག་སྐུ་དངོས་ཀྱིས་དཔྱད་ཞིབ་གནང་བའི་ས་བཅད་རེ་རེ་མཁས་དབང་གཉིས་རེར་གནང་ཡོད་པ་རེད། དེར་བརྟེན། ཟླ་བ་གསུམ་གྱི་ནང་ལོགས་སུ་ཁུངས་དང་ལུང་གང་རག་ཡོད་པའི་རྩོམ་ཡིག་བྲིས་པ་དེ་རེ་རེ་བཞིན་ལྗགས་ཀློག་དང་ངོ་སྤྲོད་མདོར་བསྡུས་གནང་བའི་ཐོག་ལུང་རིག་གང་སྣོན་འཕྲི་དགོས་མིན་ལ་ཚང་མའི་གཟིགས་རྟོགས་གནང་རོགས་”ཞེས་གསུངས་སོང་།
དེབ་འདིའི་རྩ་བའི་གཞི་འཛིན་ས་གཙོ་བོ་བཀའ་འགྱུར་དང་བསྟན་འགྱུར་གཉིས་རིང་ཡིན་པ་མ་གཏོགས་གཞན་གསར་རྙིང་དང་གྲྭ་ཚང་ཕན་ཚུན་གྱི་ཡིག་ཆ་གཙོ་ཆེར་འཛིན་རྒྱུ་མིན་པ་དང་། ཚོགས་འདུའི་ཐོག་གདན་ས་ཁག་གི་མཁས་དབང་དྲུག་ཅུ་རེ་གྲངས་ཤིག་མཉམ་ཞུགས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་གཉིས་རིང་ལ་ཁུངས་བཅོལ་ཏེ། ནང་པའི་གཞུང་ནས་བཤད་པའི་ཚན་རིག་གི་སྡེ་ཚན་དང་ལྟ་གྲུབ་ཀྱི་སྡེ་ཚན་གཉིས་སུ་ཕྱེ་ཡོད་པའི་ནང་ནས་གཟུགས་ཕྲ་རག རྡུལ་ཕྲན་ཕྲ་རག སེམས་ཕྲ་རག སེམས་ཀྱི་བྱེད་ལས་དང་སེམས་ཀྱི་དབྱེ་བ། རྟག་པ་དང་མི་རྟག་པ། རྟེན་འབྲེལ་ཕྲ་རག་སོགས་དངོས་པོའི་གནས་ལུགས་དང་ལྟ་གྲུབ་ཀྱི་སྐོར་བརྗོད་བྱ་རེ་རེའི་རྩོམ་ཡིག་ངོ་སྤྲོད་གནང་བའི་ཐོག་བགྲོ་གླེང་གོ་བསྡུར་ལྷུག་པོ་གནང་ཡོད་པ་རེད།
དེ་ཡང་རྩོམ་ཡིག་རེ་རེར་ཤོག་གྲངས་བཅུ་ནས་བརྒྱའི་བར་ཡོད་ཚུལ་གསུངས་སོང་། དེ་བཞིན་ཚེས་༡༢ ཉིན་རྒྱབ་བགྲོ་གླེང་ཚོགས་འདུ་འདིའི་མཇུག་བསྡོམས་གཏམ་བཤད་ཐོག་ཤར་བ་ཆོས་རྗེ་མཆོག་དང་འབྲས་སྤུངས་ཁྲི་བ། སྒོ་མང་མཁན་རིན་པོ་ཆེ་སོགས་ཕེབས་ཏེ་གསུང་བཤད་གནང་དོན། དེ་རིང་གི་བགྲོ་གླེང་འདིའི་མགོ་མཇུག་བར་གསུམ་དུ་གྲྭ་ཚང་སོ་སོའི་མཁས་དབང་རྣམ་པའི་འདས་བའི་ཟླ་གསུམ་གྱི་རིང་༧གོང་ས་མཆོག་གི་ཐུགས་རེ་གནང་བ་ནང་བཞིན་གཞུང་ལུགས་ཁག་ལ་དཔེ་གཟིགས་མཐར་ཕྱིན་པ་གནང་བའི་ཐོག་ཧ་ཅང་གི་ཁུངས་ལུང་ལྡན་པའི་སྒོ་ནས་རྩོམ་ཡག་པོ་བྲིས་ཡོད་པའི་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད་ཅེས་གསུངས་སོང་།
དེ་བཞིན་གྲྭ་ཚང་རེའི་འཐུས་ཚབ་དགེ་བཤེས་རྣམ་པས། དཔེ་དེབ་འདིའི་རྩོམ་འབྲི་བྱེད་པའི་དགོས་པ་དམིགས་ཡུལ་སོགས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་པ་སྨོས་མེད་ཐོག ང་ཚོའི་གང་ཐུབ་ཅི་ནུས་ཀྱིས་དེབ་འདིའི་ཐོག་མཐའ་བར་གསུམ་དུ་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༠, ༡༢, ༡༤’ )
དྲ་གྲོགས་གཅན་རྒྱམ་ལགས། ཁྱོད་ངོ་མ་རྒྱང་ཤེལ་བཟོས་ན་དི་མོ་ཟིག་ཧྲ་ན་ཡང་། ལྟེ་གྲི་བེད་སྤྱོད་བཏང་ནས་ངའི་མེ་སྒྱོགས་འདྲ་བའི་རྒྱང་ཤེལ་བཟོ་རྒྱུ་ཟེར་ན་ངོ་མ་ངའི་བྲང་ཁོག་ལ་གྲི་བསྐོར་གི་ཡིན་ཟེར་བ་དང་ཁྱད་པར་ཅང་མེད་གི་ཡ། ཧ ཧ ཧ ཐུགས་རྗེ་ཆེ།
དྲ་གྲོགས་དབང་འདུས་ལགས། དགུ་ཚིགས་དང་སྒལ་ཚིགས་གཉིས་ལས་གང་དག་པ་རེད་ཟེར་ན།
དགུ་ཚིགས་ཞེས་པ་དེང་སང་ཡིག་ཐོག་གི་ཚིག་ཅིག་རེད། དེར་དགུ་ཚིགས་སྐྱ་མོ་ཡང་ཟེར་གི་རེད། འོན་ཀྱང་གནམ་གྱི་སྒལ་ཚིགས་ཟེར་བ་གནའ་བོའི་བོད་མའི་ངག་རྒྱུན་བརྡ་རྙིང་གི་ཚིག་ཅིག་རེད།
དགུ་ཚིགས་ཞེས་བ་འདོད་རྒྱལ་དང་རྗེས་གྲུབ་གང་རེད་ཟེར་ན། གང་ཡང་མ་རེད། དབྱིན་ཇི་ནས་སྒྲ་ཐད་བསྒྱུར་བྱས་པའི་བཟོད་འདུག དབྱིན་ཇིའི་ཚིག་ངོ་མ་ནི་༼ GALAXY ༽ ཞེས་པ་འདི་རེད།
བོད་པ་ལགས། ངས་དཔེ་ཆ་དེ་ཀློག་དུས་ལོ་བཅུ་ཐམ་པའི་གོང་ལ་རེད། དེང་སྐབས་་ངས་་དཔེ་ཆ་དེའི་མིང་སོགས་དྲན་པའི་མཛོད་ནས་བརྗེད་ངེས་རྐུན་པོས་་་ལ་འཁྱེར་ལུང་འཁྱེར་བྱས་ནས་ད་ལྟ་ཤུལ་ཙམ་ཡང་ལུས་མི་འདུག་ན། ད་ངས་ཁྱོད་ལ་ག་རེ་ཤོད་དམ།
བཤད་ཡ་ཡོད་པ་མ་རེད། དེ་ཕྱིར་ངས་ཁྱེད་ལ་དྲིས་བ་ཡིན། རྗེས་མ་ནས་བཟུང་རྫུན་དེ་འདྲ་བཤད་མི་ཉན་ཡ།
དྲ་གྲོགས་དབང་འདུས་ལགས། འོད་མིག་གིས་མཐོང་གི་ཡོད་ཟེར་ན་དེ་ཇི་ལྟར་སྒྲུབ། དངོས་པོའི་ཐོག་ལ་ཤར་བའི་ཚེ་འོད་མཐོང་ཟེར་ན་དེའི་ཚེ་མཐོང་བ་དེ་ནི་འོད་མིན་པར་གང་ལ་འོད་ཤར་བའི་དངོས་པོ་དེ་རེད། དངོས་པོ་ཕར་བླངས་ན་གང་ཡང་མཐོང་རྒྱུ་ཡོད་པ་མ་རེད།
འདིར་མཐོང་མི་མཐོང་ཞེས་པ་ནི་ང་ཚོ་མིའི་མིག་གིས་མཐོང་མི་མཐོང་ལ་དོགས་དྲིས་བྱས་པ་ཡིན། དེའི་དྲི་བ་དང་པོའི་ནང་དུ་གསལ་ལྷང་ངེར་ཡོད། ཁྱེད་ཀྱིས་བར་སྣང་སྟོང་པ་མིན་པར་སྒྲུབ་པ་དེ་ཡང་རླུང་གི་གོ་ལ་འདིའི་ནང་ཚུད་ན་གསུང་གི་ཡོད་པ་ལས་དེའི་ཕྱི་ལོགས་ལ་རླུང་ཡང་མེད། མིས་བཟོས་འཁོར་སྐར་ནས་ནམ་མཁར་བལྟས་ན་ནམ་མཁའ་ནག་པོ་ཡིན་པ་དང་། སའི་གོ་ལའི་ཐོག་ནས་ནམ་མཁར་བལྟས་ན་སྔོན་པོ་ཡིན་པ་དེ་དེའི་སྒྲུབ་བྱེད་རེད།
འབུམ་དྲུག་ལགས་ཀྱིས་མདའ་ཁ་ཁྱེད་ལ་བཏད་པས་ཁྱེད་ལ་འཕངས་བ་ཡིན།
ཨ་ལེ། ང་རྫུན་ཡིན་པའི་དབང་དུ་ཐོངས། དེས་ན་་་ཁྱོད་ལ་བདེན་ངོ་མཚར་ཅན་ཞིག་ཤོད་ཡག་ཡོད་ན་ཤོད་དང་། དགའ་བསུ་ཞུ་གི་ཡིན་ལགས།
དགུ་གཟི་གནམ་གྱི་སྐེད་རགས་ཡིན། གནམ་སྐེད་རགས་མེད་ན་སྦོ་ལུག་ཡིན། ཞེས་པའི་གཏམ་དཔེ་ཞིག་ཡོད་པའི་སྐོར་མཆན་དང་པོར་་བྲིས་ཡོད་པས། ང་ཡི་སེམས་ནང་་་གུ་གཟི་་་ཞེས་སུ་བརྗོད་འདོད་པ་ཡོད། དེ་ནི་ང་ལ་སྟོད་མངའ་རིས་ནས་ཡིན་པའི་འབྲོག་པ་བགྲེས་སོང་གཉེན་ཚན་ཡིན་པ་ཞིག་ཡོད། ཁོང་གིས་ང་རང་ཆུང་དུས་ཉལ་ཁར་སྒོ་ལ་ཁྲིད་ཞོར་གནམ་སྐར་ལ་བཤད་པ་མང་པོ་བརྒྱབ་མྱོང་བས། ཁོང་གི་ཞལ་ནས་་་གུ་གཟི་་གནམ་གྱི་སྐེད་རགས་ཡིན། གནམ་སྐེད་རགས་མེད་ན་སྦོ་ལུག་ཡིན། ཞེས་བརྗོད་པའི་ཚིག་དེ་དེང་སང་ཡང་ང་ཡི་སེམས་ལ་བསྡད་འདུག། བོད་ཡུལ་གྱི་འབྲོག་པ་ཚོས་གནམ་མཁའི་སྐར་མ་ལ་བརྟག་པ་བྱེད་རྒྱུའི་སྔ་རབས་ཀྱི་བཤད་སྲོལ་འདི། རྒྱ་དཀར་ནག་ནས་བྱུང་བ་གཅིག་ད་ཨ་ཡིན་ན་བསམ་པ་འདུག། གང་ཡིན་ཟེར་ན་དེང་སང་གི་དུས་སུ་ཡང་འབྲོག་པ་ཚོ་རྒྱ་དཀར་ནག་ལ་འབྲེལ་བ་དེ་ཙམ་མེད་པར་བསྡོད་ཐུབ་ཀྱི་ཡོད། དེས་ན་འབྲོག་པའི་གནམ་སྐར་ལྟ་སྟངས་སྐོར་ལ་ང་ཚོ་གཞོན་སྐྱེས་ཚོས་སློབ་སྦྱོང་གནང་དགོས་ས་རེད།། དེ་ནི་ང་ཚོའི་སྐར་རྩིས་ཀྱི་བྱུང་ཁུངས་ཡིན་ཟེར་ནའང་མི་འགྲིག་པ་ཨ་ཡོད་ན། ཡུལ་ལུགས་ལ་ཁུངས་གཏུག་རྒྱུ་དེ་ནི་ཤིན་དུ་གལ་ཆེན་པོ་རེད། གུ་གཟི་་་ཞེས་སུ་བརྗོད་ན་གནའ་རབས་དང་མཐུན་པར་གོ་རྒྱུ་ཆེ་བར་སེམས། གུ་ཞེས་པ་ནི་གི་གུ་ལྟ་བུ་ཐོག་ནས་མར་གུག་པ་གཅིག་ལ་གོ་བ་དང། གཟི་་་ཞེས་པ་ནི་གཟི་ཡི་དཀར་མདོག་ལྟ་བུ་ཁྲ་ཆོབ་ཆོབ་བམ་སྐྱ་ཤར་ཤར་གཅིག་ཡོད་པས་ན་གནའ་བོའི་མི་རྣམས་ཀྱིས་་་གུ་གཟི་་་ལབ་སྲོལ་བྱུང་བ་ཡིན་ནམ་སྙམ། འོན་ཀྱང་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།།
མགོ་ན་སོང་མགོ་ན་སོང་མགོ་ན་ཡ་རང་རེད་།
ངས་ཁ་སང་བཙལ་ཏེ་མ་རྙེད་པའི་དུས་བབ་ཚང་གི་དགུ་ཚིགས་ཀྱི་སྐོར་དེ་འདི་རེད།
འདིར་འདྲེན་བཀོད་བྱས་ཆོག་པར་ཞུ།
(དགུ་ཚིགས་ལ་དཔུང་བ་བཞི་མིན་པར་གཉིས་འདུག
འདོན་སྤེལ། ༢༠༠༨/༠༧/༠༤
ང་ཚོ་དགུ་ཚིགས་ཀྱི་ཀློང་ལ་བསྡད་དེ། དོན་དངོས་ཐོག་བར་སྣང་གི་སྐར་ཁྱིམ་དེའི་རི་མོ་ངོ་མ་ཇི་འདྲ་ཞིག་ཡིན་མིན་ད་དུང་ཤེས་ཡོད་པ་མ་རེད། ཡིན་ནའང་འདིས་རྒྱུ་སྐར་རིག་པ་བ་རྣམས་ཀྱི་ཚོད་ལྟའི་སེམས་ཤུགས་དེ་འགོག་ཐུབ་མེད།
ལོ་ངོ་མང་པོའི་རིང་། ཁོང་ཚོས་སྐར་ཁྱིམ་འདི་ནི་ཡིད་དུ་འོང་བའི་རླུང་གཡིབ་ཀྱི་དཀྱིལ་འཁོར་དང་། དཀྱིལ་སྙིང་ཞིག་ལ་སྐོར་ཏེ་མི་བཞི་ཡི་དཔུང་སྡང་རིང་པོས་སྦྲེལ་བ་ལྟར་མཐོང་ལ། འདིའང་ཨ་མ་བཞི་ཡིས་ཚུར་འཐམ་འཁྱུད་བྱེད་པའི་རྣམ་པ་ལྟར་མཐོང་ཡོད། དཔུང་བ་འདི་དག་ལ་ཐ་ན་མིང་ཡང་ཡོད་དེ། ནོར་མ་དང་སུ་ཁུ་ཊུམ་སེན་ཊ་རུ་སུ། ས་གྷི་ཊ་རི་སུ། ཕེར་སེ་སུ་བཅས་རེད།
ཁོང་ཚོ་ནི་སྐར་མ་དག་གི་འཁྲུངས་ཡུལ་རེད།
རི་མོ་དེ་ཡིད་དུ་འོང་བ་རེ་ཡིན་ཡང་། དོན་དངོས་དང་མཐུན་པ་ཞིག་ཡིན་མི་འདུག
ཨ་རིའི་ཝེ་སི་ཁོན་སིན་གཙུག་ལག་སློབ་གཉེར་ཁང་ནས་ཡིན་པ་རོ་བྷེར་ཊི་བྷེན་ཇ་མ་ཞུ་བས་ཉེ་ཆར་ཨ་རིའི་རྒྱུ་སྐར་བའི་སྤྱི་ཚོགས་སྟེང་གཏམ་བཤད་བྱས་སྐབས་འདི་ལྟར་དགུ་ཚིགས་ལ་ལྟ་སྟངས་གསར་པ་ཞིག་བཏོན་ཡོད། ལོ་ངོ་མང་པོའི་རིང་ལ། མི་རྣམས་ཀྱིས་དགུ་ཚིགས་ཀྱི་ཁུག་པ་གཅིག་གཞིར་བཟུང་སྟེ་སྐར་ཁྱིམ་ཧྲིལ་བོའི་ས་ཁྲ་བྲིས་པ་རེད། དེའང་ཐབས་ལམ་གཅིག་ལ་བརྟེན་པ་རེད། ཡིན་ནའང་བློ་ཕམ་པ་ཞིག་ལ། དཔེ་རིས་དེ་དག་གཤིབ་བསྡུར་བྱེད་དུས། ཁོང་ཚོ་ག་དུས་ཡིན་ནའང་ཁ་འཆམ་གྱི་མེད། དེ་ནི་མིག་གཉིས་བཀབ་སྟེ་གླང་ཆེན་ལ་ཞིབ་འཇུག་བྱས་པ་དང་འདྲ་བོ་ཡོད་པ་རེད་ཟེར།
བར་སྣང་བརྟག་དཔྱད་པ་ཚོས་ ༡༩༩༠ ལོ་ནས་བཟུང་གློག་གི་རྦ་རླབས་ལ་བརྟེན་ནས་སྐར་ཁྱིམ་གྱི་རི་མོ་གསར་པ་ཞིག་འབྲི་མགོ་བརྩམས། རྒྱུ་སྐར་རིག་པ་བ་དག་གིས་དགུ་ཚིགས་ཀྱི་ཁུག་པ་བར་མ་ནས་སྐར་ཚོགས་ཆེན་པོ་ཞིག་བརྙེད་ཡོད་ལ། དེའང་རིམ་བཞིན་རྒྱ་ཇེ་ཆེར་འགྲོ་བཞིན་པའི་རྣམ་པར་མངོན་ཡོད་འདུག རྗེས་སུ་བར་སྣང་རྒྱང་ཤེལ་གྱིས་པར་བླངས་ནས་བལྟས་དུས་དགུ་ཚིགས་ཀྱི་ཁུག་པ་ོབར་མ་ན་ཡོད་པའི་སྐར་ཚོགས་ཆེན་པོ་དེ་སྔར་གྱི་བསམ་ཚུལ་ལས་བརྒལ་ཏེ་སྐར་ཁྱིམ་གྱི་དཀྱིལ་ནས་ཕྱི་ལ་བསྐྱེད་ཀྱིན་པར་རྟོགས་ཡོད་འདུག
ད་ཆར་སྐར་ཁྱིམ་དེ་དག་ལ་དབུས་ཀྱི་ཁྱིམ་ཞིག་ཡོད་པའི་ཐུན་མོང་གི་ལྟ་ཚུལ་སླེབས་ཀྱིན་ཡོད་སྟབས། དགུ་ཚིགས་ལའང་དཔུང་བ་བཞི་མིན་པར་དཔུང་བ་གཙོ་བོ་གཉིས་ཀྱིས་གྲུབ་ཡོད་པར་འདོད་ཀྱི་ཡོད། བྷེན་ཇ་མིན་དང་ཁོའི་ཕྱག་རོགས་ཚོས་བར་སྣང་རྒྱང་ཤེལ་བརྒྱུད་ནམ་མཁའ་འཕྲེད་དུ་བཅད་ཅིང་སྐར་ཁྱིམ་གྱི་ངོས་དབུས་མ་དེའི་གོང་འོག་གཉིས་ཀ་ནས་ཚད་གཞི་རེ་རེ་བསྐྱུར་ཏེ་སྤྱིའི་བོང་ཚད་ ༡༣༠ དང་ཚོས་གཞི་ ༨༠༠༠༠༠ ཅན་གྱི་པར་བརྒྱབས་སྐབས། སྐར་མ་ས་ཡ་ ༡༡༠ པར་གྱི་ནང་ཐེབས་ཡོད་འདུག
གསར་དུ་དར་བའི་ཚན་རིག་གི་འཕྲུལ་ཆས་སྤྱད་དེ་སྐར་འཚུབ་གཞལ་སྐབས། ཉམས་ཞིབ་པ་དག་གིས་ནོར་མ་དང་ས་གྷི་ཊ་རི་སུ་དཔུང་བ་གཉིས་མེད་པར་འདོད་ལ། སུ་ཁུ་ཊུམ་སེན་ཊ་རུ་སུ་དཔུང་བ་ཕྱག་ཅིང་། སྐར་ཁྱིམ་གྱི་ཕྱི་ངོས་སྐོར་ནས་བཏུམས་ཡོད་པའི་ཕེར་སེ་དཔུང་བ་ནི་མཐོང་ཡུལ་དུ་གྱུར་ཡོད་མི་འདུག
བྷེན་ཇ་མིན་གྱིས་གསར་འགོད་འདུ་འཛོམས་ཤིག་གི་སྟེང་བཤད་དོན། དཔུང་བ་གཙོ་བོ་གཉིས་དེས་སྐར་ཁྱིམ་གྱི་ངོས་དབུས་མ་དེའི་ཐག་ཉེ་རིང་གི་མཐའ་སྣེ་གཉིས་ལེགས་པར་མཐུད་འདུག་ཟེར་ལ། དཔུང་བ་ཆུང་བ་གཉིས་ནི་སྐར་ཕྲན་གྱི་ཁུག་མ་དང་དབུགས་རླངས་ཀྱིས་བཀང་ཡོད་པ་དང་། དཔུང་བ་ཆེ་བ་གཉིས་ནི་དྲོད་ཆེ་བའི་སྐར་མ་གཞོན་པ་དག་དང་རྙིང་ཞིང་བསིལ་ཆེ་བའི་སྐར་མ་དམར་པོ་ཆེན་པོ་དག་གི་སྐར་འཚུབ་ཀྱིས་བཀང་ཡོད་པར་འདོད།
བདག་ཅག་གི་ཉི་མའི་ཁྱིམ་བརྒྱུད་ནི་ས་གྷི་ཊ་རི་སུ་དང་ཕེར་སེ་གཉིས་ཀྱི་བར་མཚམས་ཀྱི་ཡན་ལག་ཆུང་ངུ་ཞིག་གི་ཉེ་སར་གནས་ཤིང་། མིང་ལ་ཨོ་རོན་དཔུང་བ་ཟེར། ཡིན་ནའང་ཉི་མའི་ཁྱིམ་བརྒྱུད་འདི་མགོ་འཛུགས་ས་ནི་འདི་མིན་སྲིད། ཁོ་རང་གྲུབ་ནས་འདས་པའི་ལོ་ཐེར་འབུམ་ ༤ རིང་སྐར་ཁྱིམ་གྱི་མཐའ་བསྐོར་ནས་ཡུན་རིང་སོང་སྟབས། ཉི་མ་ཡང་སྔོན་མ་ཞིག་ལ་སྐར་ཁྱིམ་གྱི་དཔུང་བ་གཞན་པ་ཞིག་ན་ཡོད་སྲིད་པ་རེད་ཟེར།
ཤོག་ངོས་འདི་ཐེངས་ ༩༥༤ ལ་བཀླགས་འདུག)
འཇམ་དཔལ་ཚུལ་ཁྲིམས་ལགས་བཀའ་དྲིན་ཆེ་སོང་། ཡིན་ནའང་ད་དུང་ངེད་གཉིས་ཀྱི་བར་དུ་རྒྱང་ཐག་ཅུང་རིང་པོ་འདུག ཁྱེད་ཀྱིས་འོད་མིག་གིས་མཐོང་མི་ནུས་པའི་སྒྲུབ་བྱེད་དུ། འོད་མཐོང་ནུས་པའི་རྐྱེན་གཙོ་བོ་འོད་ཕོགས་སའི་གཞི་དེ་ལེན་ན་མཐོང་མི་ཐུབ་ཅེས་སྒྲུབ་བམ། དེ་ནི་དབུ་མའི་རིགས་པས་སྟོད་ཉིད་སྒྲུབ་ཚུལ་ལྟ་བུ་ཞིག་འདུག དེ་ཙམ་གྱིས་ཐ་སྙད་དུ་དངོས་པོ་དེ་མཐོ་མི་ནུས་པར་སྒྲུབ་དཀའ་བར་སེམས། དཔེར་ན་གཟུགས་ཀྱི་སྐྱེ་མཆེད་རྣམས་ལ་མིག་གིས་མཐོང་ནུས་པའི་རྒྱུ་རྐྱེན་རེ་རེ་བཞིན་ཡོད་པ་རྣམས་ལེན་པའི་ཤུལ་ན་གཟུགས་མཐོང་རྒྱུ་གང་ན་ཡོད། དེས་ན་གཟུགས་མིག་གིས་བཟུང་མི་ནུས་ཞེས་པ་དང་ཕྱོགས་ཉེ་བ་འདུག
ཡང་སྐུ་ཉིད་ཀྱིས་དགུ་ཚིགས་ཟེར་བ་དེ་དབྱིན་ཡིག་ལས་བསྒྱུར་བར་གསུངས་འདུག རྩོམ་པ་པོ་གཞན་རྣམས་ཀྱིས་གནའ་བོའི་བོད་ཀྱི་ཁ་རྒྱུན་དུ་ཡོད་པར་བཤད་པས་དེའི་སྐོར་ལ་ཁ་གསལ་བཟོ་རོགས། དགུ་ཚིགས་ཀྱི་སྒྲའི་དོན་ཞིག་འོག་ཏུ་ཞུས་ཡོད་པ་དེར་གཟིགས་རོགས་ཞུ།
ཁྱེད་ཀྱིས་གསུངས་པ་བཞིན་བར་སྣང་རླུང་རྡུལ་གྱིས་གང་བར་འཛམ་གླིང་འདིའི་རླུང་དཀྱིལ་གྱི་ནང་ཚུན་ལ་འགྲིག་ཀྱང་དེ་ཕན་ལ་མི་འགྲིག་པ་དེར་བདེན་ཆ་འདུག ཡིན་ནའང་འཛམ་གླིང་འདིའི་རླུང་དཀྱིལ་ཕན་ཆོད་ལ་རླུང་རྡུལ་རྩ་བ་མེད་པར་ཡང་སྒྲུབ་མི་ནུས། འཛམ་གླིང་དེའི་རླུང་དཀྱིལ་གྱི་ཕྱི་རོལ་ཏུ་རྒྱུ་སྐར་སོགས་འཁོར་གྱིན་ཡོད་པས་དེར་རླུང་རྡུལ་མེད་པར་བཤད་མི་ནུས། མདོར་ན་ངས་བར་སྣང་ཡོངས་རྫོགས་ལ་རླུང་རྡུལ་ཡོད་པ་ལྟར་བཤད་པ་དེ་རླུང་དང་རླུང་རྡུལ་སོ་སོར་མ་ཕྱེ་བའི་དབང་དུ་བཏང་ན་ནོར་བ་འདུག་ཅེས་ཁས་ལེན་ཆོག རྩོམ་པ་པོ་གང་ཞིག་ལ་གཞན་གྱིས་དགག་པ་ཅི་ཙམ་བྱས་ཀྱང་ནོར་འཁྲུལ་ངོས་ལེན་མི་བྱེད་པ་དེ་ནི་སྐྱོན་ཆེ་ཤོས་ཤིག་ཡིན།
འོན་ཀྱང་ད་དུང་བསམ་གཞིག་གི་གཞི་ཞིག་ལྷག་ཡོད་པ་དེ་ནི། རླུང་རྡུལ་ཕྲ་བ་རླུང་ཡིན་མིན་སྐོར་ལ་ནང་པའི་ནང་དུའང་ལྟ་གྲུབ་མི་མཐུན་པ་ཡོད་ཅིང་། ཚན་རིག་པའི་འགྲེལ་བཤད་ཀྱང་གཞན་ཞིག་ཡིན་པའི་ཚོར་སྣང་བྱུང། རླུང་རྡུལ་ཕྲ་བ་རླུང་ཡིན་ན་གླིང་བར་གྱི་སྟོང་དབྱིངས་སུ་རླུང་རྡུལ་ཡོད་ཆོག་པར་མངོན། མ་ཚད་དོགས་པ་གཞན་ཞིག་ནི་གླིང་བར་གྱི་སྟོང་དབྱིངས་སུ་སྣང་བ་དང་མུན་པ་ཡོད་ན་སྣང་མུན་གཉིས་ནི་གཟུགས་ཀྱི་སྐྱེ་མཆེད་དང་། འབྲས་གཟུགགས་རགས་པ་ཡིན་པས་དེ་དག་གྲུབ་བྱེད་འབྱུང་བཞིའི་རྡུལ་ཡོད་པར་ཁས་ལེན་དགོས་པ་ནང་པ་སྤྱིའི་ལྟ་གྲུབ་རེད། དེ་ལྟར་ཁས་ལེན་ན་ད་དུང་ངས་བཤད་པ་ལྟར་བར་སྣང་རླུང་རྡུལ་གྱིས་གང་ཡོད་ཅེས་པ་དེ་རང་སོར་གནས་ཡོད། ཡིན་ནའང་དེའི་སྐོར་ལ་ཉིད་ནས་དགོངས་འཆར་ལྷུག་པོར་གནང་རོགས་ཞུ།
དགུ་ཚིགས་ཞེས་པ་ནི་འདི་ལྟར་མིན་ནམ་སྙམ། དགུ་ཞེས་པ་མང་པོའི་དོན་དུ་བེད་སྤྱོད་བྱེད་པ་རེད། རྒྱུ་མཚན་ནི་ཨང་གྲངས་ནང་ནས་མཐོ་ཤོས་དགུ་རེད། བཅུ་འབྲི་དུས་གཅིག་དང་ཀླད་ཀོར་འབྲི་དགོས་པ་རེད། དེས་ན་བོད་པའི་ཁ་རྒྱུན་ལ་མི་བཤད་དགུ་བཤད། མི་བསམ་དགུ་བསམ་སོགས་དགུ་དེ་ནམ་རྒྱུན་ཤིན་ཏུ་མང་པོའི་དོན་བཀོལ་བཞིན་ཡོད། ཚིགས་ཞེས་ཞེས་པ་མཚམས་ངེས་ཅན་ཞིག་ལ་ཟེར་བ་དཔེར་ན། རུས་ཚིགས་ལྷུ་ཚིགས་ཟེར་བ་ལྟར་རེད། དེས་ན་འཇིག་རྟེན་འདིའི་མཚམས་ངེས་ཅན་ཞིག་ལ་ཟེར་རམ་སྙམ། ཐ་སྙད་འདི་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་རྣམ་གཞག་བྱེད་ཚུལ་དང་འབྲེལ་བ་ཡོད་པར་བཤད་ཐུབ། འོན་ཀྱང་འགྲེལ་བཤད་འདི་ནི་ཡིད་ཚོད་ཙམ་ལས་གདེངས་འཇོགས་མེད། དེ་ལྟར་འབྲིས་པ་དེ་སྔོན་མཐོང་མྱོང་མེད།
དབང་འདུས་སོགས་དྲ་གྲོགས་རྣམ་པ་སྐུ་ཁམས་བཟང་།
དགུ་ཚིགས་དབྱིན་སྐད་ལས་སྒྱུར་བ་ཡིན་པར་བཤད་མཁན་ང་མིན།
རླུང་དང་རླུང་རྡུལ་གྱི་སྐོར་ཀྱང་རྙོག་དྲ་ཆེ། སྔོན་མ་ཞིག་ལ་ངས་དུས་བབ་ཟིན་བྲིས་སུ་གླེང་སློང་ཆུང་ཆུང་བྱས་ཡོད། ངས་བཤད་པ་ནི་རག་པའི་དབང་པོ་ལ་ཤར་ཚད་དང་། དེ་ཡང་ཚན་རིག་པ་ཚོས་ཇི་ལྟར་བཤད་པ་ལ་ཉན་པ་ཙམ་ཡིན། དེ་ལས་ཆེ་བ་ཞིག་མི་ཤེས།
འོད་མིག་གིས་མཐོང་བ་དང་མ་མཐོང་བ་གཉིས་ཀ་ངས་སྒྲུབ་བྱེད་འགོད་ཀྱི་མེད། དེ་ངའི་དོགས་པ་ཡིན། མཐོང་ཟེར་ན་ང་ལ་དཀའ་ངལ་འདི་ཡོད་པ་དང་མ་མཐོང་ཟེར་ན་ང་ལ་དཀའ་ངལ་འདི་འདུག་ཅེས་བཤད་འདོད་པ་ཡིན། དེ་ནི་ཁྱེད་ཅག་ལ་དྲིས་པ་ཡིན། འོད་མཐོང་ནུས་པའི་རྐྱེན་གཙོ་བོ་འོད་ཕོགས་སའི་གཞི་དེ་བླངས་ན་འོད་མཐོང་རྒྱུ་མེད་པར་བཤད་པ་དང་། ཁྱེད་ཀྱིས་ “དཔེར་ན་གཟུགས་ཀྱི་སྐྱེ་མཆེད་རྣམས་ལ་མིག་གིས་མཐོང་ནུས་པའི་རྒྱུ་རྐྱེན་རེ་རེ་བཞིན་ཡོད་པ་རྣམས་ལེན་པའི་ཤུལ་ན་གཟུགས་མཐོང་རྒྱུ་གང་ན་ཡོད། དེས་ན་གཟུགས་མིག་གིས་བཟུང་མི་ནུས་ཞེས་པ་དང་ཕྱོགས་ཉེ་བ་འདུག”་གསུང་པ་གཉིས་ཅུང་མི་འདྲ་བ་ལྟར་མཐོང་སོང་། འདིའི་སྐོར་ལ་བསམ་གཞིགས་བྱེད་དགོས། གཙོ་བོང་ངས་རང་གི་བཤད་འདོད་དེ་ཁྱེད་ཅག་ལ་གསལ་བོ་ཞིག་བཟོ་ཐུབ་ཀྱི་མེད་པར་སྣང་། འོད་ཕོགས་སའི་གཞི་དེ་མཐོང་བས་འོད་མཐོང་བར་འཇོག་ཨེ་ཐུབ། དེ་ཐུབ་ན་འོད་དང་ས་ཕན་ཚུན་ལྟོས་གྲུབ འོད་དང་མེ་ལྟོས་གྲུབ། འོད་ད་མི་ལྟོས་གྲུབ། འོད་དང་གཡག་ལྟོས་གྲུབ། འོད་དང་མི་ལྟོས་གྲུབ། འོད་དང་རྡོ་ལྟོས་གྲུབ་སོགས་སུ་ཁས་ལེན་ཆོག་གམ། ཞ་མོའི་དབྱིབས་མཐོང་བས་ཞྭ་མོ་མཐོང་བར་འཇོག་པ་དེ་ཞྭ་མོ་དང་ཞྭ་མོའི་དབྱིབས་གཉིས་ཕན་ཚུན་འབྲལ་མེད་ལྟོས་གྲུབ་ཡིན་པས་ཡིན། མིའི་གདོང་པ་མཐོང་བས་མི་མཐོང་བར་འཇོག་ཅིང་མི་དང་མིའི་གདོང་པ་ལྟོས་གྲུབ་ཡིན་པས་ཡིན། ནམ་མཁའི་ཁ་དོག་མཐོང་བས་གནམ་མཐོང་བར་འཇོག་པ་དེ་བཞིན་ཡིན། དེ་ཚོ་དང་འདྲ་ཡི་འདུག་གམ། དེས་ན་ང་ཚོའི་མིའི་མིག་གིས་མི་མཐོང་ཐུབ་པར་ཟེར་ཆོག་གམ། ཆོག་ཟེར་ན་གང་ཟག་མིག་གིས་མཐོང་དགོས་པར་འགྱུར་རོ།
ད་ངས་དྲི་བ་གསར་བ་ཞིག་འགོད།
Asia, world, universe, galaxy, བཅས་ལ་བོད་ཚིག་གང་ལྟར་ཤན་སྦྱོར་བྱེད། ང་ཚོར་ཡོད་པ་ནི་ འཇིག་རྟེན། སྲིད་པ། འཛམ་གླིང་། རྣམས་ཡིན། ད་དུང་གཞན་ཡོད་དམ།
གུ་གཟི་་་དགུ་གཟི་་་དགུ་ཚིགས་་་སྒལ་ཚིགས་་་གནམ་གྱི་སྐེད་རགས་ཡིན། གནམ་སྐེད་རགས་མེད་ན་སྦོ་ལུག་ཡིན། ཟེར་ས་དེ་་་་་གོང་དུ་བཀོད་པའི་བསྙན་པར་གཉིས་ནང་གསལ་བ་དེ་ལྡ་བུ་ཞིག་ལ་བརྗོད་ཀྱི་མེད། མཐོ་གནམ་མཁའི་དབྱིངས་རུམ་ནས་གཡས་མཐའ་དང་གཡོན་མཐའ་བར་སྐྱ་ཤར་རེ་ཁྲ་ན་རེ་ཟུག་པ་ཞིག་ཡོད། དེ་ལ་སྐེད་རགས་དཔེ་རུ་བཟུང་སྟེ། ནམ་མཁའ་སྡོམ་བྱེད་ཡིན་པའི་གནའ་གཏམ་བྱུང།
༄།། འཇམ་དཔལ་ཚུལ་ཁྲིམས་ལགས་ཀྱི་ཡིག་རྩོམ་ ༣༡ པའི་དྲི་བར་ལན་ཅུང་ཙམ་ཞུ་བར་སྤྲོ། དགུ་ཚིགས་དབྱིན་སྐད་ལས་བསྒྱུར་བར་ཉིད་ཀྱིས་གསུངས་མི་འདུག་པས་དགོངས་དག་ཞུ་རྒྱུ་ཡིན། དེ་ནི་མཆན་ ༢༣ པའི་ནང་དུ་འདུག ཁོང་གི་མཚན་མདོ་ལྷ་ཁམས་པ་རེད་འདུག ཁོང་གིས་ལན་གནང་བའི་རེ་བ་ཡོད།
ཡང་ཉིད་ཀྱིས་རྩོམ་ཡིག་ཏུ། ༼འོད་ཕོགས་སའི་གཞི་དེ་མཐོང་བས་འོད་མཐོང་བར་འཇོག་ཨེ་ཐུབ། དེ་ཐུབ་ན་འོད་དང་ས་ཕན་ཚུན་ལྟོས་གྲུབ འོད་དང་མེ་ལྟོས་གྲུབ། འོད་དང་མི་ལྟོས་གྲུབ། འོད་དང་གཡག་ལྟོས་གྲུབ། འོད་དང་རྡོ་ལྟོས་གྲུབ་སོགས་སུ་ཁས་ལེན་ཆོག་གམ།༽ ཞེས་པ་ལ་ཞུ་རྒྱུ། འོད་འབབ་སའི་གཞི་དེ་མཐོང་བ་ཙམ་གྱིས་འོད་མཐོང་བར་འཇོག་མི་ནུས་ཀྱང་། འོད་འབབ་སའི་གཞི་དེ་ལ་བརྟེན་ནས་འོད་མཐོང་ནུས་ཞེས་བཤད་དགོས་པ་འདྲ། དེ་ལྟར་བསམ་ན་འོད་འབབ་སའི་གཞི་དང་འོད་གཉིས་ལྟོས་གྲུབ་ཏུ་འཇོག་པ་མིན། འོད་འབབ་སའི་གཞི་དང་འོད་མཐོང་བ་གཉིས་ལྟོས་གྲུབ་འཇོག་ཆོག བཤད་ཚུལ་འདི་ནི་གཟུང་འཛིན་གྲངས་མཉམ་པའི་ལུགས་ལྟར་ཡིན། དེས་ན་ཉིད་ཀྱིས། འོད་དང་ས་ཕན་ཚུན་ལྟོས་གྲུབ། འོད་དང་མེ་ལྟོས་གྲུབ། འོད་དང་མི་ལྟོས་གྲུབ། འོད་དང་གཡག་ལྟོས་གྲུབ། འོད་དང་རྡོ་ལྟོས་གྲུབ་སོགས་སུ་ཁས་ལེན་ཆོག་གམ། ཞེས་པ་ཕན་ཚུན་ལྟོས་གྲུབ་མིན་པ་རྣམས་ལ་མི་ཆོག་ཅིང་། དེ་ལྟར་འཇོག་དགོས་དོན་ཡང་མེད་སྙམ། འོན་ཀྱང་དཔྱད་ཚལ།
ཡང་ཉིད་ཀྱི་རྩོམ་ཡིག་ཏུ། ༼དེས་ན་ང་ཚོའི་མིའི་མིག་གིས་མི་མཐོང་ཐུབ་པར་ཟེར་ཆོག་གམ། ཆོག་ཟེར་ན་གང་ཟག་མིག་གིས་མཐོང་དགོས་པར་འགྱུར་རོ།༽ ཞེས་པ་ལ། སྤྱིར་ཡོངས་གྲགས་སུ་གང་ཟག་ལྡན་མིན་འདུ་བྱེད་དུ་ཁས་ལེན་པ་ལ་མི་མཐུན་པ་མེད་ཅིང་། དེའི་སྟེང་དུ་ལྡན་མིན་འདུ་བྱེད་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་མིན་པས་ཁྱབ་པ་དང། གཟུགས་ཀྱིས་སྐྱེ་མཆེད་ཡིན་ན་བེམ་པོ་ཡིན་པས་ཁྱབ་པར་ཁས་ལེན་ན། གང་ཟག་མིག་གིས་མཐོང་བར་བཤད་མི་ནུས་མོད། འོན་ཀྱང་གུས་པའི་བསམ་ཚུལ་དེ་ལྟར་མིན་པར། གཟུགས་ཀྱི་སྐྱེ་མཆེད་ཡིན་ན་བེམ་པོ་ཡིན་པས་ཁྱབ་པ་མེད་ཅིང་། ལྡན་མིན་འདུ་བྱེད་དང་གཟུགས་ཀྱི་སྐྱེ་མཆེད་གཉིས་ལ་གཞི་མཐུན་ཡོད་པར་འདོད་པའི་ལུགས་ལྟར་བྱས་ན་བདེ་བར་མངོན། དེ་ནི་གང་ཟག་མིའི་མིག་གིས་མཐོང་ནུས་པར་སྒྲུབ་ཆེད་གཅིག་པུ་མིན་པར་གཟུགས་ཀྱི་སྐྱེ་མཆེད་ཡིན་ལ་རྡུལ་གྲུབ་མིན་པ་དུ་མ་ཡོད་པ་ལགས་སོ།། དེ་ལྟར་མིན་ན་རང་གིས་ཕ་མ་མིག་གིས་མ་མཐོང་བར་འདོད་དགོས་པ་དང་། ཕྱུགས་རྫིས་དུད་འགྲོ་གཅིག་ཀྱང་མིག་གིས་མ་མཐོང་བ་སོགས་སུ་ཁས་ལེན་ན། དེ་ལྟར་སྒྲུབ་བྱེད་ཙམ་གྱི་རིགས་པ་དང་། གཞན་གྱིས་དགག་པ་ལ་འགོག་བྱེད་རིགས་པ་ཙམ་ཞིག་འགོད་རྒྱུ་རྙེད་མོད། འོན་ཀྱང་ཁས་ལེན་དེའི་རིགས་ནི་ཆེས་མི་མཛེས་པ་ཞིག་ཏུ་ངོས་འཛིན་ཞུ་གིན་ཡོད།
ནོར་འཁྲུལ་ལ་དགོངས་སེལ་ཡོད་པར་ཞུ།།
ཨ་ལེ། འདི་ན་དགུ་ཚིགས་དགུ་གཟི་ཡིན་ན་ཅིག་ཟེར་ནས། དོན་དམ་དུ་འབྲུག་མོའི་བག་ལམ་ཤོད་ཀྱི་འདུག་ག
ཁྱེད་ཚོས་དགུ་ཚུགས་ཡིན་ན་ཅིག་ཟེར་བ་དེ། ངའི་ཕ་ཡུལ་དུ་འབྲུག་མོའི་བག་ལམ་ཟེར་ནས་འབྲོག་པ་ཚོར་ཅིག་བཤད་རྒྱུ་ཡོད་པ་དེ་ཡིན་པ་འདྲ། དེ་ནི་སྔོན་མ་འགོག་བཟའ་དང་བུ་ཇོ་རུ་གཉིས་ཀྱིས་རྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་བག་མར་བསུ་དུས། སྡེ་རྒ་བ་རིན་ཆེན་ཚོ་དྲུག རྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ་རང་གི་གཉེན་ལ་གཉེན་འཁོར་གྱིས་བག་མར་བསྐྱལ་ཡོང་བའི་བཤུལ་ལམ་རིང་མོ་རེད།
དམངས་ཁྲོད་ཀྱི་ཐ་སྙད་ལོ་རྒྱུས་ཀྱི་རིན་ཐང་ཅན་རྣམས་ལ་ཁྱེད་ཚོར་ཤིག་ཅིག་གི་རྩིས་ཐང་ཡང་མེད་པ་དེ་ཅི་ཡིན་ན།
དྲ་གྲོགས་ལགས། ད་ང་རང་གཉིས་ཀྱིས་རྩ་བ་འབོར་གྲབས་བྱེད་ཀྱི་འདུག་མོད་ཁྱེད་ཀྱིས་”དེའི་སྟེང་དུ་ལྡན་མིན་འདུ་བྱེད་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་མིན་པས་ཁྱབ་པ་དང། གཟུགས་ཀྱིས་སྐྱེ་མཆེད་ཡིན་ན་བེམ་པོ་ཡིན་པས་ཁྱབ་པར་ཁས་ལེན་ན། གང་ཟག་མིག་གིས་མཐོང་བར་བཤད་མི་ནུས་མོད། འོན་ཀྱང་གུས་པའི་བསམ་ཚུལ་དེ་ལྟར་མིན་པར། གཟུགས་ཀྱི་སྐྱེ་མཆེད་ཡིན་ན་བེམ་པོ་ཡིན་པས་ཁྱབ་པ་མེད་ཅིང་། ལྡན་མིན་འདུ་བྱེད་དང་གཟུགས་ཀྱི་སྐྱེ་མཆེད་གཉིས་ལ་གཞི་མཐུན་ཡོད་པར་འདོད་པའི་ལུགས་ལྟར་བྱས་ན་བདེ་བར་མངོན།”་གསུང་པ་འདིའི་སྐོར་ལ་གསལ་བཤད་ཅིག་གནང་བར་ཞུ་འདོད་བྱུང་། ངས་བསམ་པར་”གཟུགས་ཀྱི་སྐྱེ་མཆེད་ཡིན་ན་བེམ་པོ་ཡིན་པས་ཁྱབ་པ་མེད་ཅིང་། ལྡན་མིན་འདུ་བྱེད་དང་གཟུགས་ཀྱི་སྐྱེ་མཆེད་གཉིས་ལ་གཞི་མཐུན་ཡོད་པར་འདོད་པའི་ལུགས་”དེ་གང་གི་ལུགས་ཡིན་དང་མ་ཁྱབ་པའི་མུ་དེ་དང་། གཞི་མཐུན་དེ་གང་ཡིན་ནམ། ལར་ནས་འདི་ཚོ་དང་ཚན་རིག་པའི་བར་ལྟ་ཚུལ་མཐུན་པར་ད་དུང་བཟོ་རྒྱུ་རེད། འབུམ་དྲུག་ངེད་གཉིས་ཀྱིས་བཤད་པ་ནི་འཇིག་རྟེན་མིའི་མངོན་སུམ་གྱིས་མཐོང་སྣང་སྟེ་ཚན་རིག་པས་གང་བཤད་པའི་སྐོར་ལ་གླེང་སློང་བྱེད་ཀྱི་ཡོད།
ཕ་མའི་གདོང་པ་མཐོང་བས་ཕ་མ་མཐོང་བར་འཇོག་པ་དང་། ཕ་མ་མིག་གིས་མི་མཐོང་བ་གཉིས་ཀྱི་ཞིབ་ཆ་ཤོད་དགོས་པར་སྙམ། གླིང་བུ་གཏོང་རྒྱུ་རྩམ་པ་འགམ་རྒྱུ་གཉིས་ཀ་ཡོང་གི་མ་རེད། གང་ཟག་གི་མཚན་ཉིད་ཁས་ལེན་ན་ཁས་ལེན་འདི་འདྲའི་གདོང་དུ་འབུད་ནུས་དགོས་པར་སྙམ།
ཨོ་ཧོ་ང་རང་གཉིས་ཀྱིས་ཡལ་གར་འཇུས་རྩ་བ་བོར་སོང་ཟིག “འོད་འབབ་སའི་གཞི་དེ་ལ་བརྟེན་ནས་འོད་མཐོང་ནུས་ཞེས་བཤད་དགོས་པ་འདྲ།”ན་འོད་མིག་གིས་མཐོང་མི་ཐུབ་གཏུབ་ཟེར་བ་འདིར་བབས་པ་མིན་ནམ། འོད་མཐོང་བར་འཇོག་པ་དང་མཐོང་བ་གཉིས་ལ་ཁྱད་པར་མི་དགོས་སམ།
སའི་གོ་ལའི་རླུང་ཁམས་ཀྱི་ཕྱི་ལོགས་སུ་ནམ་མཁའ་ནག་པོ་ཡིན་པ་དེས་བར་སྣང་ན་ཡོད་མེད་ཤེས་མ་ཐུབ་པར་གྲུབ་པ་ཡིན་པས་མིག་གིས་འོད་མཐོང་མི་ཐུབ་ཟེར་མི་དགོས་སམ། ཡང་ན་འོད་ཕོགས་སའི་དངོས་པོ་མཐོང་བ་ཙམ་གྱིས་འོད་མཐོང་བར་འཇོག་པ་ལས་འོད་རྗེན་པར་མཐོང་མི་ཐུབ་ཟེར་ན་འོད་ནི་ཁ་དོག་སྣ་བདུན་གྱིས་གྲུབ་པར་བཤད་པས་ཁ་དོག་མིག་ཤེས་ཀྱི་བཟུང་བྱ་མ་ཡིན་ནམ།
བསྡུས་གྲྭ་ལས། གཟུགས་དང་བེམ་པོ་དོན་གཅིག གཟུགས་ལ་དབྱེ་ན་ཕྱི་དང་ནང་གི་གཟུགས་གཉིས། ཕྱིའི་གཟུགས་ཀྱི་མཚན་ཉིད་ཡོད་དེ། སྐྱེས་བུའི་ཤེས་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་དེ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་ལྔ་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད། དྲིའི་་་། རོའི་་་་། རེག་བྱའི་སྐྱེ་མཆེད་དང་ལྔ་ཡོད་པའི་ཕྱིར། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཡོད་དེ། མིག་ཤེས་ཀྱི་གཟུང་བྱ་དེ་ཡིན་པའི་ཕྱིར། ཞེས་གསུངས། འདིའི་མན་ཆད་ངའི་བློ་ཐོག་ནས་མི་འགྲོ་གི་ཡ།
འཇམ་དཔལ་ཚུལ་ཁྲིམས་ལགས་ལ་འབུལ་རྒྱུ། ཡིག་རྩོམ་ ༣༦ ༣༧ གཉིས་གྱི་ཞུ་ལན།
ཉིད་ཀྱི་རྩོམ་ཡིག་ཏུ། ༼ དེ་གང་གི་ལུགས་ཡིན་དང་མ་ཁྱབ་པའི་མུ་དེ་དང་། གཞི་མཐུན་དེ་གང་ཡིན་ནམ། ལར་ནས་འདི་ཚོ་དང་ཚན་རིག་པའི་བར་ལྟ་ཚུལ་མཐུན་པར་ད་དུང་བཟོ་རྒྱུ་རེད། འབུམ་དྲུག་ངེད་གཉིས་ཀྱིས་བཤད་པ་ནི་འཇིག་རྟེན་མིའི་མངོན་སུམ་གྱིས་མཐོང་སྣང་སྟེ་ཚན་རིག་པས་གང་བཤད་པའི་སྐོར་ལ་གླེང་སློང་བྱེད་ཀྱི་ཡོད༽ ལུགས་དེ་ནི་ཆོས་མངོན་པའི་ལུགས་ལྟར་ཡིན་ལ། གཞི་མཐུན་དེ་ནི་གང་ཟག ཡུལ། ཚོགས་པ་སོགས་ཤིན་ཏུ་མང་། འདི་དག་ལྡན་མིན་འདུ་བྱེད་བཅུ་བཞིའི་ཁྲོད་དུ་མེད་ཀྱང་ཉེར་བཞིའི་ཁྲོད་དུ་ཡོད། མངོན་པ་མཛོད་ལས་དཀྱུས་གཅིག་ཏུ་ལྡན་མིན་འདུ་བྱེད་བཅུ་བཞི་ལས་གསུངས་མེད་ཀྱང་། སྤྱིར་ལྡན་མིན་འདུ་བྱེད་དེས་མི་ཚད་པ་མངོན་པ་མཛོད་རང་དུའང་ཡོད། མ་ཟད་མདོ་ལས་ལྡན་མིན་འདུ་བྱེད་བདུན་བརྒྱ་གསུངས་ཡོད་པ་ཉིད་ནས་གཟིགས་ཡོད་རྒྱུ་རེད། གཟུགས་ཀྱི་སྐྱེ་མཆེད་ཡིན་ལ་བེམ་པོ་མིན་པ་དེ་དབང་འབྱོར་བའི་གཟུགས་ལ་ཟེར། དེའི་སྐོར་མང་དུ་སྤྲོས་ན་མི་ལེགས་པར་ཉིད་ནས་གསུངས་པ་བཞིན་རྩ་བ་བོར་ནས་ཡལ་ག་འཚོལ་བའི་ཉེན་ཁ་འདུག་པས་དེ་ཙམ་བྱེད།
ཡང་ཉིད་ནས། ༼ཕ་མའི་གདོང་པ་མཐོང་བས་ཕ་མ་མཐོང་བར་འཇོག་པ་དང་། ཕ་མ་མིག་གིས་མི་མཐོང་བ་གཉིས་ཀྱི་ཞིབ་ཆ་ཤོད་དགོས་པར་སྙམ། གླིང་བུ་གཏོང་རྒྱུ་རྩམ་པ་འགམ་རྒྱུ་གཉིས་ཀ་ཡོང་གི་མ་རེད། གང་ཟག་གི་མཚན་ཉིད་ཁས་ལེན་ན་ཁས་ལེན་འདི་འདྲའི་གདོང་དུ་འབུད་ནུས་དགོས་པར་སྙམ།༽ ཞིབ་ཆེ་དེ་ལྟར་བཤད་ན་འཇིག་རྟེན་པའི་ཐ་སྙད་ཀྱི་ར་བ་ལས་བརྒལ་དགོས་པས་དེ་ཤིན་ཏུ་མི་ལེགས་པར་ཁོ་བོས་འདོད་པ་ལག་སོ། གང་ཟག་གི་མཚན་ཉིད་ཁས་ལེན་པ་ཙམ་གྱིས་དེ་མིག་གིས་མཐོང་མི་ནུས་པར་འདོད་དགོས་པའི་འགལ་འགེངས་གང་ཡང་མ་མཐོང་ཡང་དེ་ལྟར་འདོད་ལོས་ཆོག བསྡུས་གྲྭའི་རྣམ་གཞག་འདི་དག་གི་ནང་ནས་འདོད་ཚུལ་མང་པོ་ཞིག བློ་གསར་བུ་རྣམས་རིགས་ལམ་ལ་སྦྱང་བའི་གཞི་ཙམ་དུ་ཁྲིམས་བཞག་པ་ལས་མདོ་དང་བསྟན་བཅོས་ཆེན་པོ་གང་དུའང་གང་ཟག་མིག་གིས་མཐོང་མི་ནུས་གསུངས་པ་མེད་ལ། མ་ཟད་བསྡུས་གྲྭའི་རིགས་ལམ་ཁོ་ནས་དངོས་པོ་ཡོངས་སུ་རྫོགས་པའི་གསད་གསང་འབྱེད་མི་ནུས་པ་ཡོངས་གྲགས་ལྟར་རེད། གོམས་པར་གྱུར་ན་གླིང་བ་ཁ་ནས་འབུད་བཞིན་རྩམ་སྐྱ་སྣ་ནས་འགམ་པ་ཡོངས་སྲིད། ཨ་མཚར་གུ་རེ་ཞུས་པ་ཡིན། དཔེ་དེ་དང་གང་ཟག་མིག་གིས་མཐོང་ནུས་དང་མི་ནུས་ཀྱི་བར་དུ་གནམ་ས་ལྟ་བུའི་ཁྱད་པར་ཡོད་སྣང་འཆར།
ཡང་ཉིད་ཀྱི་རྩོམ་ཡིག་ཏུ། ༼ཨོ་ཧོ་ང་རང་གཉིས་ཀྱིས་ཡལ་གར་འཇུས་རྩ་བ་བོར་སོང་ཟིག “འོད་འབབ་སའི་གཞི་དེ་ལ་བརྟེན་ནས་འོད་མཐོང་ནུས་ཞེས་བཤད་དགོས་པ་འདྲ།”ན་འོད་མིག་གིས་མཐོང་མི་ཐུབ་གཏུབ་ཟེར་བ་འདིར་བབས་པ་མིན་ནམ། འོད་མཐོང་བར་འཇོག་པ་དང་མཐོང་བ་གཉིས་ལ་ཁྱད་པར་མི་དགོས་སམ།༽དང་པོ་མིག་གིས་མ་མཐོང་ཡང་འོད་འབབ་དུས་མཐོང་བས་ན་མཐོང་བར་འཇོག་དགོས་སྙམ། དཔེར་ན་མུན་ཁང་ནང་གི་བུམ་པ་དེ་འོད་དང་མ་བསྡོངས་བར་དུ་མི་མཐོང་ཡང་འོད་དང་བསྡོངས་ནས་མཐོང་བའི་རྒྱུ་མཚན་གྱིས་དེ་མིག་ཤེས་ཀྱི་བཟུང་བྱར་འཇོག་པ་བཞིན་ཡིན་པར་རློམས།
འོད་མཐོང་བར་འཇོག་པ་དང་འོད་མཐོང་ནུས་པ་འོད་མཐོང་བ་གསུམ་ལ་ཁྱད་པར་ཡོད་ཀྱང་། སྐབས་འདིར་འཇོག་པ་དང་ནུས་པ་ཞེས་པ་དེ་གཉིས་ཚིགས་གྲོགས་ཀྱི་ཚུལ་དུ་བཀོད་པ་ཡིན་པས་སྐྱོན་རང་མེད་སྙམ།
འོད་དང་སྣང་བ་གཉིས་ལ་ཁྱད་ཡོད་མེད་ལ་ཉིད་ནས་དགོངས་ཚུལ་ཞིག་འགོད་རོགས་ཞུ།།
དྲ་གྲོགས་དབང་འདུས་ལགས། ཁྱེད་ནི་གཞུང་ཆེན་མོའི་གྲུ་གཟིངས་དུ་འཇུག་བཞིན་པའི་སྐྱེས་བུ་མཁས་པ་ཞིག་ཡིན་པ་འདྲ། ངའི་ཁ་བརྡ་བཤད་རོགས་ལ་ཁྱེད་བྱུང་བ་སྐལ་བ་བཟང་བྱུང་། ངས་གང་བཤད་པ་ནི་འཆར་སྒོ་ཙམ་དང་སྔར་གྱི་གོ་ལོ་ཐོས་ཙམ་ལས་ད་སྐབས་ང་ལ་ཡིག་ཆ་ལ་ཁུངས་གཏུགས་ཕྱིར་དཔེ་ཀློག་བྱས་ནས་ཞུ་ལན་འབུལ་བ་སོགས་ཀྱི་གོ་སྐབས་མེད་པས་ཁྱེད་དང་དྲ་གྲོགས་ཡོངས་ལ་དགོངས་སེལ་ཞུ།
ངས་གོ་ཚོད་དམ་ད་ལྟའི་སེམས་སུ་འཆར་ཚུལ་ལྟར་ན་སྣང་བ་དང་འོད་གཉིས་སྤྱི་བྱེ་བྲག་ཙམ་ལས་ཁྱད་པར་མེད་པར་སྣང་།
རྣམ་པ་ཚོས་བགྲོ་གླེང་ལྷུག་པོར་གནང་གི་འདུག དགའ་བསུ་ཡོད། འོད་ཀྱི་ངོས་འཛིན་ཐད་ཚན་རིག་པ་ཚོར་རྩོད་རྙོག་མང་བོ་བྱུང་ཡོད་པ་རེད། ལ་ལས་འོད་དེ་རླབས་ཤིག་ཏུ་འདོད་པ་དང་། ལ་ལས་རྡུལ་ཕྲན་དུ་འདོད་པ་སོགས་བྱུང་འདུག དེ་སང་ཡོངས་གྲགས་དབྱིན་ཇིའི་སྐད་དུ་electromagnetic radiationཞེས་འབོད་པ་འོད་ཀྱི་རང་བཞིན་རྡུལ་ཕྲན་དང་རླབས་གཉིས་ཀ་ཡིན་པར་བཤད། འདིའི་སྐོར་ཁ་བརྡ་དྲྭ་བའི་གཡོན་ངོས་༼འཚོལ་བ།༽ཞེས་པའི་ཐོག་ན་ཡོད་པའི་ས་མིག་ནང། ནོས་ཁྲོན་དང་འཐེན་ཤུགས། ཞེས་པ་དང་། ཨ་ཡེན་སི་གྲན་ཞེས་པའི་མིང་བླུགས་རྗེས་འཚོལ་ཞེས་པ་ནོན་དང་འོད་ཀྱི་སྐོར་འགའ་རེ་དེ་ན་ཡོད་པར་བསམ།
བོད་པ་ལགས། ངས་སྣང་མིན་རྫས་རིགས་ཞེས་པའི་བསྒྱུར་གཞི་དེdark matter, dark energy,ཞེས་བརྗོད་པའི་མིང་དེ་དག་རེད། འདི་ང་ལ་ཡོད་པའི་ཚིག་མཛོད་ལས་རྙེད་མ་སོང་། ཅིག་བྱས་ན་བོད་དུ་བསྒྱུར་མེད་པ་འདྲ། ངས་འདིའི་སྐོར་དབྱིན་ཇིའི་ཚན་རིག་གི་ཚིག་མཛོད་ཁ་ཤས་དང་། གནམ་རིག་འགྲེལ་བཤད་གཉིས་ལྟོ་སྦྱར་ནས་དཔྱད་མཐར། ༼སྣང་མིན་རྫས་རིག༽ཞེས་བརྗོད་ན་དངོས་དོན་དང་འགྲེལ་བའི་སྣང་ཚུལ་ཞིག་སྐྱེས་སོང་།
དེ་བཞིན་milky way galexyཞེས་པའང་། འོད་ལམ་དགུ་ཚིགས་ཞེས་བསྒྱུར་ཡོད། རང་རེའི་ཚིག་མཛོད་འགའ་ནgalexyཞེས་པ་དགུ་ཚིགས་སུ་བྲིས་པར་རང་སོར་བཞག་པ་ཡིན། དགུ་ཚིགས་གནམ་གྱི་སྐ་རགས། ཞེས་པ་དང་། དགུ་ཚིགས་སྐྱ་མོ་ཞེས་པ། སྒལ་ཚིགས། དགུ་ཟི་སོགས་ལའང་བསམ་བློ་གཏོང་དགོས་པར་མངོན་ནོ།།
དྲྭ་གྲོགས་ཚོས་མུ་མཐུད་བགྲོ་གླེང་གནང་རོགས། ང་ལ་ཉིན་ཤས་རིང་དྲྭ་ཐོག་ཏུ་ཡོང་ཁོམ་མེད། བཀྲ་ཤིས་བདེ་ལེགས་བཅས།
འོད་ལམ་ཞེས་པ་འོ་ལམ་ལ་གོ་དགོས། ཡིག་ནོར་ཐེབས་འདུག
༼སྣང་མིན་རྫས་རིག༽ལས། མི་མངོན་པའི་རྫས་རིག ཅེས་བསྒྱུར་ན་མི་བདེའམ།
འཇམ་དཔལ་ཚུལ་ཁྲིམས་ལགས། རང་གཤིས་དྲང་པོའི་ངང་ཚུགས་མ་ཤོར་བར་རིགས་ལམ་མཐུན་པའི་ལན་འདེབས་ལ་ཐུགས་རྗེ་ཞུ། གུས་པ་གཞུང་ལུགས་ཆེན་མོར་འཇུག་ནུས་པའི་མཁས་པ་ཞིག་མིན་མོད། གཞུང་ལུགས་ཆེན་མོར་མོས་པ་མི་དམན་པ་ཙམ་ཡོད་པ་ལགས།
ངེད་གཉིས་རྩ་བའི་གླེང་གཞིའི་དེའི་སྐོར་བསྡུས་ཙམ་ཞུ་འདོད་བྱུང། ད་སྐབས་ང་བྲེལ་ཚུབ་ཅུང་ཙམ་ཡོད་པར་བརྟེན་མང་པོ་འབྲི་ཐབས་བྲལ། སྤྱིར་འོད་ཞེས་པ་ཚད་རིག་པ་རྣམས་ཀྱི་བཤད་ཚུལ་ལའང་རགས་པ་ཕྲ་བའི་དབྱེ་བ་ཡོད་ཅིང་། རགས་པ་རྣམས་ནི་རྡུལ་གྲུབ་ཀྱི་གོང་བུ་མིག་གིས་མཐོང་ནུས་པ་ཞིག་ཏུ་འདོད། ཡང་ཚན་རིག་པ་ཁ་ཤས་ཀྱིས་འོད་རགས་པ་འོད་མིན་པར་དེ་ནི་འོད་ཀྱི་ནུས་པ་རྡུལ་སོགས་བེམ་པོ་ལ་ཕོགས་པའི་རྡུལ་དང་བེམ་པོའི་དབྱིབས་དང་ཁ་དོག་གསལ་པོར་གྱུར་པ་ཙམ་ལ་འདོད། འོད་ཕྲ་བ་དེ་ནི་འོད་ཡིན་པ་མ་ཟད་མིག་གིས་མཐོང་མི་ནུས་ཞིག་ཏུ་སྨྲ་བ་ཡིན། ཁོང་ཚོའི་བརྟགས་གཞིའི་འོད་དེ་ནི་བར་སྣང་དང་དངོས་པོའི་སྟེང་གི་དཀར་ཆ་དེ་མིན། བར་སྣང་གི་དཀར་ཆ་དེ་ལ་ནང་པའི་གཞུང་དུ་”མངོན་པར་སྐབས་ཡོད་པའི་གཟུགས་”ཞེས་བརྡ་སྦྱར་ཡོད། དེས་ན་ཁོང་ཚོས་བརྟགས་གཞིའི་འོད་དེ་དང་ནང་ཆོས་དུ་བཤད་པའི་འོད་དང་སྣང་བ་སོགས་ལ་ཁྱད་ཆེན་པོ་ཡོད་འདྲ། ཁོང་ཚོས་བརྟགས་གཞིའི་འོད་དེ་ནི་དངོས་པོའི་ནུས་པ་ཞིག་ཏུ་འདོད་པ་རེད། ནུས་པ་དེ་མིག་གིས་མཐོང་ཐུབ་མིན་སྐོར་ནང་པའི་གཞུང་ལས་རྣམ་འགྲེལ་ལེའུ་གསུམ་པར་དངོས་པོ་དང་དངོས་པོའི་ནུས་པ་གཉིས་དོན་དུ་གཅིག་གམ་གཞན་ཡིན་མིན་སྐོར་ལ་དཔྱད་པ་གནང་ཡོད་པས་དེར་གཟིགས་ཐུབ་ན་གོ་རྒྱུ་ཆེན་པོ་ཡོད། འོན་ཀྱང་ངེས་པར་དུ་ཐུགས་ལ་ཉར་དགོས་རྒྱུ་ཞིག་ནི། བྱེ་བྲག་ཏུ་སྨྲ་བས་དངོས་པོ་དང་དེའི་ནུས་པ་གཉིས་རྫས་ཐ་དད་པར་འདོད་པ་དང་། མདོ་སྡེ་པས་དེ་ལྟར་མི་འདོད་པར་འཇོག་ཚུལ་གཞན་ཡིན་པ་དེ་རེད། དེ་ལྟར་བསམས་ན་ཚན་རིག་པ་ཚོས་འོད་ཀྱི་སྐོར་ལ་ལྟ་ཚུལ་དེ་བྱེ་མདོ་གང་རུང་གི་ལྟ་གྲུབ་ནང་དུ་ཕྱོགས་ཙམ་བསྒྲིག་ཐུབ། འོན་ཀྱང་དེང་དུས་ཐམས་ཅད་སེམས་ལས་བྱུང་བར་འདོད་པའི་ཚན་རིག་པ་གསར་པ་ཞིག་ཐོན་ཡོད་པ་དེ་ནི་སེམས་ཙམ་དང་ཉེ། སྤྱིར་ཚན་རིག་པས་བཤད་པ་དེ་ཚོ་ནང་པའི་གཞུང་དང་གཅིག་མཚུང་ཡིན་མིན་ཅི་རིགས་ཀྱང་། ནང་པའི་གཞུང་གི་བརྗོད་བྱ་གང་རུང་དང་ཕྱོགས་ཙམ་མཐུན་པོར་བལྟས་ན་ཕན་ཐོགས་ཡོད་ངེས་སྙམ།
གུས་པའི་བསམ་ཚུལ་ལ་མ་འོངས་པར་ཚན་རིག་པས་ལྟ་གྲུབ་རིམ་བཞིན་འགྱུར་ནས་དངོས་པོ་ཀུན་གྱི་རྩ་བ་སེམས་ལ་གཏུགས་ཤིང་། དེ་ཡང་མཐར་གཏུག་ན་གཉུག་སེམས། འོད་གསལ་པའི་སེམས། གཞི་རྒྱུད་རང་བཞིན་ལྷུན་གྲུབ་ཀྱི་བར་དུ་རིམ་བཞིན་བཤད་སྲོལ་བརྗེ་ནས་འགྲོ་རྒྱུ་རེད་བསམ་བཞིན་ཡོད།
གནས་སྐབས་དེ་ཙམ་བྱེད། དྲྭ་གྲོགས་རྣམ་པར་ཐུགས་རྗེ། བཀྲ་ཤིས་བདེ་ལགས། མུ་མཐུད་ནས་འདིའི་སྐོར་ལ་བགྲོ་གླེང་ཡོང་བའི་སྨོན་འདུན་ཞུ།
དྲ་གྲོགས་དབང་འདུས་ལགས།
ཐུགས་རྗེ་ཆེ། ང་ལ་བློ་བསྐྱེད་མང་པོ་བྱུང་། དབང་འདུས་ལགས། ད་མཐའ་མའི་བབ་ས་དེ་འོད་མིག་གིས་མཐོང་མི་ཐུབ་ཅེས་པར་བབ་པ་མིན་ནམ། གང་ལགས་ཤེ་ན་ཁྱེད་ཀྱིས་”ཡང་ཚན་རིག་པ་ཁ་ཤས་ཀྱིས་འོད་རགས་པ་འོད་མིན་པར་དེ་ནི་འོད་ཀྱི་ནུས་པ་རྡུལ་སོགས་བེམ་པོ་ལ་ཕོགས་པའི་རྡུལ་དང་བེམ་པོའི་དབྱིབས་དང་ཁ་དོག་གསལ་པོར་གྱུར་པ་ཙམ་ལ་འདོད། འོད་ཕྲ་བ་དེ་ནི་འོད་ཡིན་པ་མ་ཟད་མིག་གིས་མཐོང་མི་ནུས་ཞིག་ཏུ་སྨྲ་བ་ཡིན།”ཞེས་གསུང་བས་སོ།
འོ་ན་འོད་མིག་གིས་མི་མཐོང་ན་ཁ་དོག་དཀར་དམར་ཡང་མིག་གིས་མི་མཐོང་བར་ཐལ། ཁ་དོག་ནི་འོད་ཀྱི་བང་རིམ་ཙམ་དུ་བཤད་པས་སོ། དྲ་གྲོགས་ལགས་ཁྱེད་ལ་ཁོམ་པ་བྱུང་སྐབས་ཐལ་འགྱུར་འདིའི་སྐོར་ལ་གསུང་ལན་རེ་སྐྱབས་འཇུག་ཞུ།
གོང་དུ་ཞུས་པ་བཞིན་ང་ལ་ནི་དྲི་བ་མ་གཏོགས་ལན་མེད། ད་ལན་གྱི་དྲི་བ་དེ་ལ་ཡང་རང་སེམས་ན་སྔར་ཡོད་པའི་ལན་དེ་ལས་གསལ་བ་ཞིག་རག་བྱུང་། དྲ་གྲོགས་ཚོ་ཐུགས་རྗེ་ཆེ།
འཇམ་དཔལ་ཚུལ་ཁྲིམས་ལགས་ལ་ཞུ་རྒྱུ། ཡིག་རྩོམ་ ༤༦ པའི་ནང་དུ་ངས་བཤད་པ་དེ་ཚན་རིག་པ་དང་མཐུན་པར་བཤད་པ་ལས་ང་རང་གི་ཞེ་འདོད་དེ་མིན། ང་རང་གི་བསམ་པར་འོད་དང་སྣང་བ་གཉིས་ཀ་མིག་ཤེས་ཀྱི་བཟུང་བྱར་ཁས་ལེན་བཞིན་ཡོད། དེ་མིན་པའི་སྒྲུབ་བྱེད་རྣམ་དག་ཅིག་མ་རྙེད་བར་དུ་གངས་ཅན་ཕ་མེས་ཀྱི་གཅེས་ནོར་ལ་ཞེན་ལྟས་བཅིངས་པ་དེ་གློད་འདོད་མེད་པ་སྤྲང་འཁྱམ་ཁོ་བའི་རང་གཤིས་ཡིན། འོད་དང་སྣང་བ་གཉིས་མིག་ཤེས་ཀྱིས་བཟུང་ནུས་པ་དེ་མཚན་ཉིད་རིག་པའི་སྤྱི་སྐད་བོད་སྲིད་པ་རྒན་པོའི་ཐ་སྙད་དང་མཐུན་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། དེ་ནི་ངའི་བསམ་བློའི་གཞི་འཛིན་ས་ཡིན།
ཚན་རིག་པས་བཤད་པའི་འོད་ཕྲ་བ་དེ་བོད་སྐད་དུ་འོད་རྡུལ་ལམ་ཡང་ན་གློག་རྡུལ། ཡང་ན་རླབས་དང་ཕྲ་ནུས་གཡོ་ཤུགས་ལྟ་བུ་ཞིག་ཏུ་གོ་ན་བཟང་སྙམ་པ་འདུག ཡིན་ནའང་སྐད་གཉིས་སྨྲ་བ་འདྲ་ཡོད་ན་ཚན་རིག་པའི་འདོད་པའི་དངོས་པོའི་ནུས་པ་ཕྲ་བ་དེ་བོད་སྐད་དུ་འོད་ཅེས་བསྒྱུར་པ་ཡོད་མེད་དང་དེ་ལྟར་བསྒྱུར་ན་དོན་དང་མཐུན་མིན་སྐོར་ལ་གསལ་སྟོན་གནང་བའི་རེ་བ་ཡོད།
ཉིད་ནས་བཀོད་གནང་བའི་ཐལ་ངག་དེ་ལ་ཚན་རིག་པ་ལྟར་གྱི་ལན་ཞིག་ཞུ་ཁུལ་བྱེད་ན། ཁ་དོག་དཀར་དམར་ཆོས་ཅན། མིག་ཤེས་ཀྱིས་བཟུང་མི་ནུས་པར་ཐལ། ཞེས་པ་ལ། ཅི་ཕྱིར། དེ་དག་འོད་ཀྱི་བང་རིམ་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ། འགལ་ཁྱབ་ཀྱི་ལན་འདེབས་སྲིད་དམ་སྙམ། རྒྱུ་མཚན་ནི་འོད་ཀྱི་བང་རིམ་ནི་འོད་མིན་པར་ཁས་ལེན་པ་རེད་བསམ་བཞིན་ཡོད། འོད་ནི་ཁྱད་གཞི་དང་བང་རིམ་ནི་དེའི་ཁྱད་ཆོས་ལྟ་བུ་ཞིག་ཏུ་ངོས་འཛིན་པ་རེད་སྙམ། འདི་ནི་ལོངས་པའི་མུན་མདའ་འཕངས་པ་ཙམ་ལས་སྐུ་ཉིད་ལ་ཕན་ངེས་ཀྱི་ཆ་གང་ཡང་མེད་སྲིད། དགོངས་འགལ་མེད་པར་ཞུ་རྒྱུ་ཡིན།
གླེང་གཞི་འདི་དག་གི་འབྱུང་ས་རྩ་བ་ནི། ཁྱེད་ཀྱིས་རྩོམ་ཡིག་དང་པོའི་ནང་དུ་”འོད་ནི་ཕོགས་ས་ཞིག་ལ་མ་ཕོགས་པར་མིག་གིས་མཐོང་མི་ཐུབ་ཟེར་སྲོལ་ལ་བལྟས་ན་འོད་ནི་ང་ཚོའི་མིག་གིས་མཐོང་མི་ཐུབ་ཟེར་དགོས་པ་འདྲ” ཞེས་པ་འདི་བཀོད་ལུགས། འོད་ནི་ཕོགས་ས་ཞིག་ལ་མ་ཕོགས་པར་མིག་གིས་མཐོང་མི་ཐུབ་ཟེར་སྲོལ་ལ་བལྟས་ན་འོད་ནི་ང་ཚོའི་མིག་གིས་མཐོང་ཐུབ་ཟེར་དགོས་པ་འདྲ། འདི་ལྟར་བྱས་ན་ལེགས་འདྲ་ཞེས་པ་དེ་ངའི་བསམ་ཚུལ་དང་པོ་བཏོན་པ་དེ་རེད།
སྐུ་ཉིད་ཀྱི་དགོངས་པར་ཕོགས་ས་ཞིག་ཏུ་ཕོགས་དུས་མཐོང་ཐུབ་པའི་འོད་དེ་རགས་པའམ་ཕྲ་བ་གང་ལ་ངོས་འཛིན་གནང་གིན་ཡོད། གུས་པའི་བསམ་ཚུལ་ལ་དེ་ནི་རགས་པ་ཙམ་ལ་བཤད་པ་ལས་འོད་ཕྲ་བ་དེ་ནི་ཕོགས་ས་ཞིག་ཏུ་ཕོགས་པའི་དབང་དུ་བཏང་ཡང་མཐོང་མི་ཐུབ་པར་ཚན་རིག་པས་ཁས་ལེན་པར་འདོད།
སྤྱིར་ཚན་རིག་པ་ཅིག་ལ་སྐད་ཆ་དྲིས་ན་ང་ཚོའི་མཚན་ཉིད་རིག་པའི་ལན་འདེབས་ཚུལ་ནང་བཞིན་མཐའ་གཅིག་པའི་ལན་གནང་བ་ཅུང་དཀོན། དཔེར་ན་འོད་མིག་གིས་མཐོང་ནུས་སམ་ཞེས་དྲིས་ན་ཕོགས་ས་ཞིག་ཏུ་ཕོགས་ན་མཐོང་ནུས་ཕོགས་ས་མེད་ན་མཐོང་མི་ནུས་ཞེས་བཤད་སྲིད། དེ་ནས་ཕོགས་ས་ཞིག་ཏུ་ཕོགས་ཚེ་མཐོང་བས་ནས་མཐོང་བར་འཇོག་གམ། ཕོགས་ས་ཞིག་ཏུ་མ་ཕོགས་ན་མི་མཐོང་བས་མི་མཐོང་བར་འཇོག་ཅེས་དྲན་པ་དེ་ང་ཚོའི་རིགས་པའི་གོམས་སྲོལ་རེད། ༼འདི་དག་གི་སྐབས་མིའི་མིག་ཅེས་མ་སྦྱར་བ་ཟོར་ཡང་ཆེད་ཡིན།༽ གོམས་སྲོལ་དེ་ནི་བསམ་བློ་ཞིབ་ཏུ་བཏང་ན་མཐོང་བའི་མིང་བཏག་གམ་མ་མཐོང་བར་མིང་བཏག་ཅེས་པ་ཙམ་ལས་དངོས་པོའི་སྟེང་གི་ཁྱད་ཆོས་གསར་པ་མཚོན་ཐུབ་པའི་དཔྱད་སྟངས་ཤིག་མིན་པར་ངེས། མཚམས་མཚམས་སུ་དཔྱད་ཚུལ་དེའི་རིགས་དོན་མེད་པ་ལྟར་བུར་འགྱུར་སྲིད།
ནོར་འཁྲུལ་ལ་དགོངས་སེལ་ཞུ།
འོད་དེ་དབྱིབས་དང་ཁ་མདོག་གང་རུང་མ་ཡིན་ན། མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པས་ཁྱབ་ཅེས་ཁ་ཚོན་གཅོད་ཐུབ་པ་མིན་ནམ། ད་དུང་དཔྱོད་ཅིག རིགས་ཀྱི་བུ་དག་གིས།
དབང་འདུས་ལགས། ཁྱེད་ཀྱིས་གསུང་ལན་རྣམས་བློ་ལ་འཐད་པོ་འདུག་པར་དགའ་བྱུང་།
འདིར་ངས་དྲ་ཐོག་ན་ཡོད་པའི་འོད་ཀྱི་འགྲེལ་བཤད་དེ་དྲང་ནས་བོད་སྒྱུར་བྱེད་ཁུལ་ཡིན། སུ་ཞིག་གིས་འདིའི་ཐད་དུ་ནོར་འཁྲུལ་ལ་བཅོས་གནང་བའི་རེ་བ་ཆེ།
Physics.
Electromagnetic radiation that has a wavelength in the range from about 4,000 (violet) to about 7,700 (red) angstroms and may be perceived by the normal unaided human eye.
Electromagnetic radiation of any wavelength.
དེ་བོད་སྐད་དུཿ དངོས་ཁམས་རིག་པའི་ནངཿ རླབས་ཀྱི་རིང་ཚད་cm ས་ཡའི་ཆ་༤༠༠༠་(མུ་མན་)་ནས་cm ས་ཡའི་ཆ་༧༧༠༠་(དམར་པོ)་ཙམ་ཡོད་ཅིང་། མིའི་མིག་རྗེས་པས་གཞལ་ཐུབ་པའི་གློག་རྡུལ་རྣོ་ཤུགས་ཀྱི་བཀྱེས་པ། གློག་རྡུལ་རྣོ་ཤུགས་ཀྱི་སྤྲོས་པ་རིང་ཐུང་གང་རུང་།
འདིར་ཚིག་གསར་བ་ནིཿ
Electromagnetic=གློག་རྡུལ་རྣོ་ཤུགས་ཀྱི།
radiation=བཀྱེས་པ། (འོད་བཀྱེས་པ། འོད་འགྱེད་པ། དགྱེ་བ་ལ་བསམ་པ་ཡིན།)
angstroms= cm་ས་ཡའི་ཆ།
perceived=གཞལ་བ།
wavelength=རླབས་ཀྱི་རིང་ཚད།
བཅས་ཡིན།
ཁོ་བོས་མཆན་༤༧་ལ་བྲིས་པའི་འོད་ཀྱི་བང་རིམ་ཟེར་བ་ནི་འདིར་བཤད་པའི་ཁ་གྲངས་དེ་ལ་བཤད་ཁུལ་ཡིན། ཚན་རིག་པས་ཁ་དོག་སྣ་ཁ་བདུན་དེ་འོད་བགེན་(བཀུག་པ)་ནས་འབྱུང་གི་ཡོད་པར་བཤད་ཀྱི་འདུག་སྙམ། འདིར་འོད་ཀྱི་བང་རིམ་མམ་རླབས་ཀྱི་རིང་ཚད་ཐུང་ཤོས་ལས་མུ་མན་གྲུབ་པ་དང་། རིང་ཤོས་ལས་དམར་པོ་གྲུབ་པར་བཤད་ཀྱི་ཡོད། ད་དུང་འདི་ལས་ཐུང་བ་རིང་བ་རྣམས་ཀྱང་མཚོན་མདོག་ཅིག་ཡིན་ཀྱང་མིས་མིག་གིས་མི་མཐོང་ཞིང་མིའི་མིག་གིས་མཐོང་ཐུབ་པའི་འོད་ནི་མུ་མན་ལས་དམར་བོའི་བར་དུ་ཡིན་པར་བཤད་ཀྱི་འདུག་སྙམ། མཐའ་དོན་འོད་ཀྱི་བང་རིམ་མཐོང་བས་འོད་མཐོང་བར་འཇོག་དགོས་པ་མིན་འདྲོ།
འོད་ཕོགས་ལ་ཕོགས་པས་མིག་གིས་མཐོང་བ་དེ་ནི་དངོས་པོ་དེ་ཡིན་པ་ལས་ཡིན་ནམ། དྲ་གྲོགས་གཞན་རྣམ་པ་ཚོ། འདིར་རིག་པའི་ཞལ་འདེབས་གནང་བར་ཞུ།
མུ་མན་ནས་དམར་པོའི་བར་ ཞེས་པར་བཅོས་རོགས།
དྲ་གྲོགས་ཀརྡོ་རབ་འབྱམས་པ་ལགས། འོད་དེ་ཁ་དོག་ཡིན་མིན་ལ་རྩོད་བཞིན་པའི་སྒང་རེད། ཁ་དོག་ཡིན་པའི་བཟོ་འདྲ་ཞིག་ཡོད་དེ། ཁ་དོག་སྣ་བདུན་ནི་འོད་ཀྱི་ཁ་ཕྱོགས་སྒྱུར་ཚུལ་ཙམ་དུ་བཤད་པས་སོ། འོན་ཀྱང་ཁ་དོག་མིན་པའི་བཟོ་འདྲ་ཞིག་ཡོད་དེ། འོད་དེ་མིག་གིས་མཐོང་མི་ནུས་པར་འདྲ་ཞིག་ཡོད་པས་སོ།
དྲ་གྲོགས་རྣམ་པ།
ངས་འོད་ཀྱི་ཚིག་དོན་དབྱིན་ཡིག་ན་ཡོད་པ་དེ་བོད་སྒྱུར་བྱས་ཡོད། ད་ཞུ་དག་བྱེད་པ་ཁྱེད་ཅག་གི་ལས་འགན་རེད། ད་དུང་མ་ཕེབས་པ་གང་དུ་སོང་།
འབུམ་དྲུག་ལགས། ཁྱེད་ཀྱིས་མི་འཁོན་ཁ་སྦྲེལ་རང་ཉིད་གར་སོང་ཆ་མེད་དུ་འགྲོ་སྲོལ་ཞིག་ཡོད་ནེ། ད་ཤོག དབང་འདུས་ངེད་གཉིས་རེས་རྒྱལ་རེས་ཕམ་རེད། རྒྱལ་ཕམ་ཐག་གིས་མི་ཆོད་ཀི་ཡ།
ཁྱེད་རྣམ་པས་འོད་དེ་མིག་གིས་མཐོང་ཐུབ་མི་ཐུབ་གསལ་བོར་མ་ཆགས་གོང་། འོད་རང་གི་ངོ་བོ་ལ་བལྟ་དགོས་པ་རེད། འོད་ཅེས་པ་ཅི་ཞིག་རེད། དེ་གང་ནས་བྱུང་བ་རེད། དེའི་བྱེད་ལས་ཅི་ཡིན་སོགས་ཐུགས་ལ་རོབ་ཙམ་ངེས་ན། འོད་མིག་གིས་མཐོང་ཐུབ་མི་ཐུབ་ལ་ཕན་ཐོགས་ཡོད་པར་འདོད། ངས་བསམས་པར་འོད་ཅེས་པ་འདི་ལ་སྤྱིའི་ཆ་ནས་ཕྱི་སྣོད་འཇིག་རྟེན་གྱི་ཆར་གྱུར་པའི་འོད་ཅིག་དང་། ནང་བཅུད་སེམས་ཅན་ཀྱི་ཆར་གྱུར་པའི་འོད་ཅིག་སྟེ། སྡེ་ཚན་གཉིས་སུ་དབྱེ་ན་ཡག་པོ་མེད་འགྲོ་བསམ་གིན་འདུག དེ་ལས་ཕྱི་དོན་གྱི་འོད་ཅེས་པ་རི་ར་བ་ཁང་ཁྱིམ་སོགས། མིག་ཤེས་ལ་སྣང་བའི་རྐྱེན་བྱེད་པའི་འོད་དེ་ཉི་འོད། ཟླ་འོད། སྐར་འོད། གློག་འོད། མེ་འོད་ལྟ་བུ་ཡིན། ཚན་རིག་པས་འགྲེལ་བརྗོད་བྱས་པ་ལྟར་ན། ཕྱི་དོན་གྱི་འོད་ནི་གཙོ་ཆེར་ཉི་མ་དང་། སྐར་མ་ལས་བྱུང་བ་ཞིག་ཡིན་པར་འདོད་ཅིང་། འོད་དེའང་ཉི་སྐར་དེ་དག་གི་རྩོམ་གཞིའི་རྡུལ་རྙིང་nucleusཞེས་པར་སྐོར་བ་རྒྱག་མཁན་གྱི་རྡུལ་ཕྲན་particleནང་ཕན་ཚུན་བརྡབས་པ་ལས་བྱུང་བ་ཞིག་རེད། དེའང་ཁ་གསལ་བཤད་ན། རྡུལ་སྙིང་རེ་རེའི་མཐའ་འཁོར་ན་རྡུལ་ཕྲན་དག་གཡོན་འཁོར་གྱི་ཚུལ་དུ་འཁོར་བཞིན་ཡོད་ལ། རྡུལ་སྙིང་དང་དེའི་མཐའ་རྡུལ་གཉིས་མཉམ་པོ་འབྱར་བའི་སྐབས་འོད་དེ་ཕལ་ཆེར་བསྐྲུན་ཐུབ་ཀི་མེད་པ་འདྲ། འོན་ཏེ་སྐོར་བ་རྒྱག་མཁན་གྱི་རྡུལ་ཕྲན་ནང་ཕན་ཚུན་རྡབ་པ་ན། མེ་སྟག་མཆེད་པ་ལྟར། མོ་གློག་གི་རྒྱུན་electroneཕྱི་ལ་ནུས་ཚད་མཐོན་པོའི་ཐོག་ནས་མཆོངས་ལྡང་རེ་རེ་བྱེད་ཅིང་། དེ་ཉིད་ཕྱིར་རང་གནས་སུ་འབབ་སྐབས། འོད་ཀྱི་ནུས་པ་photoneརེ་རེ་སྐྲུན་བཞིན་ཡོད་པ་དེ་ནི་འོད་ཀྱི་འབྱུང་རྩ་གལ་ཆེན་ཞིག་ཡིན་པར་སྣང་། དེ་ལྟ་བུའི་རྡུལ་འདུས་ཀྱི་བསགས་ཕུང་ཆེ་ཆུང་དག དེའི་དཀྱིལ་སྙིང་ན་གནས་པའི་སྙིང་རྡུལ་དང་། དེ་ལ་སྐོར་མཁན་གྱི་རྡུལ་ཕྲན་རྣམས་ཕན་ཚུན་བརྡབས་སྟོབས་ལས། ཚ་ཤུགས་ཆེན་པོ་རྒྱས་པས་དུག་རླངས་སྐྲུན་པ་མེ་རུ་འབར་ནས། འོད་སྣང་བྱུང་བ་ཞིག་སྟེ། མདོར་ན། རྡུལ་སྙིང་གི་མཐའ་ནས་རྡུལ་ཕྲན་དག་གིས་འཐབ་འཁྲུགས་བྱས། དེའི་ཟིལ་ལས་མེ་སྟག་མཆེད་པ་ལྟར་མོ་གློག་གི་རྒྱུན་དག ་ཕྱི་ནས་ཕྱི་རུ་ཡང་ཡང་ཤུགས་ཆེན་པོས་རྒྱང་མཆོངས་བྱེད་པ། ཕྱིར་རང་གནས་སུ་འབབ་སྐབས། འོད་ཀྱི་ནུས་པ་རེ་རེ་ཕྱི་ལ་བཏང་བས། དུག་རླངས་རྣམས་འབར་། ཡང་ཡང་འབར། རང་ཏུ་འབར། ཤུགས་ཆེར་འབར་ནས། འོད་ཀྱི་ཟེར་ཐག་མང་བོས་འཇིག་རྟེན་ལ་སྣང་བ་དཀར་བོ་ཞིག་སྐྲུན་པར་བྱེད་དོ།། ཁྱེད་རྣམ་གཉིས་ཀྱིས་བགྲོ་གླེང་ཡག་པོ་གནང་གིན་འདུག མུ་མཐུད་གནང་རོགས། ངས་ཁོམ་པོ་ནམ་ཡོད་ལ་མཆན་འདིའི་མཇུག་ནས་མུ་མཐུད་འགོད་རྒྱུ་ཡིན།
འཇམ་ཚུལ་ལགས་ངས་བྱས་ན། འོད་དེ་གཟུགས་ཅན་ཡིན་ཡང་། མིག་ཤེས་ཀྱི་གཟུང་བྱ་ལྟ་བུའི་རགས་པ་མིན་ཞེས་ཟེར་དགོས་པ་འདྲ་འདུག ད་དུང་ཐག་གཅོད་དཀའ།
སྤྱིར་དྲྭ་གྲོགས་ཡོང་དང་ལྷག་པར་འཇམ་དཔལ་ཚུལ་ཁྲིམས་དང་། རྔ་བ་རྒྱལ་ཁབ་པ་གཉིས་ཀྱིས་རྒྱབ་ལྗོང་ཅན་གྱི་བགྲོ་གླེང་གནས་བཞིན་པར་གུས་པས་སྙིང་ཐུགས་རྗེ་ཆེ་ཞུ།
ངའི་བསམ་ཚུལ་ལན་མང་ཞུས་ཟིན། ཚན་རིག་འདོད་པའི་དངོས་རླབས་སམ་དངོས་ནུས་ཕྲ་བ་དེ་བོད་སྐད་ནང་འོད་ཅེས་འབོད་དགོས་སམ་ཞེས་པ་དེ་རེད། དངོས་ནུས་ཕྲ་བ་དེ་ལ་དབྱིན་སྐད་ནང་འོད་ཅེས་འདོད་དམ། ཚན་རིག་པས་འདོད་པའི་དངོས་ནུས་ཕྲ་བ་དེར་བོད་སྐད་ནང་གི་འོད་ཀྱི་གོ་དོན་མེད་ན་དེ་འོད་དུ་བསྒྱུར་ན་ནོར་པ་མ་རེད་དམ།
ང་དྲི་བ་ཞིག་ཡོད་པ་ནི། ནང་པའི་གཞུང་ལྟར་ན་ང་ཚོ་མི་ཕལ་བའི་མིག་གིས་ཟིན་ཐུབ་པའི་རྡུལ་ཕྲན་ཞིག་ལ་རྡུལ་ཆ་མེད་ ༥༧༦༤༨༠༡ དགོས་ངེས་འདུག་སྙམ། དེ་ལྟར་དཔྱད་ན་ཚན་རིག་པས་བཤད་པའི་རྡུལ་ཕྲ་བ་དེ་དང་ནང་པའི་གཞུང་དུ་བཤད་པའི་རྡུལ་ཕྲ་བ་གཉིས་ཚད་གཞི་འདྲ་བར་འདུག་གམ།
ཚན་རིག་པས་ལྟར་ན་འོད་ཕྲ་བ་དེ་རྡུལ་དུ་ཁས་ལེན་ནམ། སྤྱིར་ཁོང་ཚོའི་ལུགས་ལ་རྡུལ་ཞེས་པའི་གོ་དོན་གང་རེད།
བོད་རིག་གཞུང་ལྟར་ན་དངོས་པོའི་ནུས་པ་རྡུལ་དུ་ཁས་ལེན་ནམ།
ད་དུང་མང་ཙམ་ཞུ་བར་འདོད་ཀྱང་མང་དྲགས་ན་ལན་གསལ་པོར་ཆགས་པར་འགོག་རྐྱེན་གྱིས་དོགས་ནས་གནས་སྐབས་དེ་ཙམ་ལགས་སོ།།
འདི་ན་བགྲོ་གླེང་ཡག་པོ་ཞིག་གནང་འདུག
འོད་ཀྱི་སྐོར་ནས་སྐད་ཆ་འགའ་བཤད་རྒྱུ་ཡིན།
༡༽འོད་ནི་གློག་ཁབ་ལེན་ཁྱབ་འགྱེད་ཀྱི་ཆ་ཤས་ཆུང་ངུ་ཞིག་ཡིན་ཞིང། མཐོང་རྒྱུ་ཡོད་པའི་ཆ་ཤས་སུ་འབོད།
༢༽ཚན་རིག་ཡར་རྒྱས་དང་བསྟུན་ནས་འོད་ཀྱི་འགྲེལ་བཤད་ཡང་ཡར་རྒྱས་སུ་ཕྱིན་པ་རེད། ཐོག་མར་འོད་ནི་རྡུལ་དུ་འདོད་པ་དང། རྗེས་སུ་འོད་ནི་རླབས་སུ་ངོས་ཟིན། ད་ལྟའི་ཆར་འོད་ལ་རྡུལ་དང་རླབས་གཉིས་ཀྱི་རང་བཞིན་ཡོད་པས་ཁྱད་ཆོས་གཉིས་ལྡན་གྱི་འོད་ཅེས་འབོད་བཞིན་འདུག
བོན་གྱི་རྗོགས་ཆེན་དཔེ་སྙིང་ཁག་ནང། སྒྲ་འོད་ཟེར་གསུམ་འདི་ཧ་ཆང་གལ་ཆེན་དུ་རྩིས་ནས་ སྒྲ་རྣམས་ཐམས་ཅད་རང་སྒྲ་ཤེས་པར་ཤོག། འོད་རྣམས་ཐམས་ཅད་རང་འོད་ཤེས་པར་ཤོག། ཟེར་རྣམས་ཐམས་ཅད་རང་ཟེར་ཤེས་པར་ཤོག།། ཞེས་གསུངས་འདུག་པས་་་འོད་གཅིག་པུ་མ་ཡིན་པར་་་ཟེར་གྱི་སྐོར་ལའང་ལབ་གླེང་དགོས་པར་སེམས།
དྲ་གྲོགས་རྣམས་ལ་ཐུགས་ཕན་སོས་མིན་ཇི་ལྟར་ཡང་ཁོ་བོས་ཁ་བརྡ་འདི་མཇུག་སྐྱོང་ཆེད་མཆན་༥༦་པ་ལ་ལན་ཞིག་འདེབས། དངོས་པོའི་ནུས་པ་ཕྲ་མོ་ཞེས་རྗོད་ན་སྤྱི་ཁྱབ་པ་ཞིག་ལས་གོ་གི་མི་འདུག་པས་ནུས་པ་གང་འདྲ་དགོངས་པ་ཡིན་གསལ་བོར་གསུང་ན་ཕན་འདུག་སྙམ། འོད་ཀྱི་ངོ་བོ་ནི་རྔ་བ་རྒྱལ་ཁམས་ལགས་ཀྱིས་གསུང་པ་བཞིན་ཡིན་འདུག ཚན་རིག་པས་བཤད་པའི་རྡུལ་ཕྲན་གྱི་བོང་ཚད་ནི་བློ་ཡུལ་ལ་ཤོང་དཀའ་ཙམ་དུ་འདུག ཁོ་ཚོས་བཤད་ན་ང་ཚོའི་སྐྲ་ཉག་ཅིག་བཏུབ་པའི་བཅད་ཁར་རྡུལ་ཕྲན་ས་ཡ་གཅིག་ལྷག་ཙམ་ཤོངས་བར་བཤད། ད་དུང་རྡུལ་རྙིང་དང་རྡུལ་ཕྲན་གྱི་ཆེ་ཆུང་ནི་དམར་པོའི་རི་དང་རྐང་ལྦོལ་ཞིག་གི་ཁྱད་ཚད་ཡོད་པར་བཤད། དེས་ན་རྡུལ་ཆ་མེད་ཀྱི་གྲངས་དེ་དང་མཐུན་མིན་དཔྱད་པར་འཚལ། འདིར་ཞུས་པ་བཞིན་དངོས་པོའི་ནུས་པ་རྡུལ་དུ་ཁས་ལེན་མི་འོས་པར་སྙམ། ནུས་པ་ནི་ལྡན་མིན་འདུ་བྱེད་ཡིན་པ་དང་རྡུལ་ནི་བེམ་པོ་ཡིན་པས་སོ། གཞན་ཡང་ནུས་ལ་རྩོམ་གཞིའི་རྡུལ་མེད་པས་སོ།
དྲ་གྲོགས་འབྲོང་བུ་ལགས་ཀྱིས་གསུང་བ་དེ་ཁོ་བོའི་ཐོག་མའི་དྲི་བ་དང་ཐད་ཀར་འབྲེལ་བས་ཞུ་རྒྱུ། ཚན་རིག་པས་འོད་ནི་རླབས་ཀྱི་རིང་ཚད་ལྡན་པའི་གློག་ཁབ་ལེན་གྱི་ཁྱབ་འགྱེད་ཅིག་ཡིན་ཞིང། རམ་འདེགས་མེད་པའི་མིག་གིས་མཐོང་ཐུབ་པ་ཞེས་བཤད་འདུག དེས་ན་འོད་མིག་གིས་མཐོང་ཟེར་བ་འདྲ་ཞིག་ཏུ་སྣང་ན་ཡང་། སའི་གོ་ལའི་རླུང་ཁམས་ཀྱི་ཕྱི་རོལ་ན་ཕྱོགས་བཅུའི་བར་སྣང་ཐམས་ཅད་འོད་ཀྱིས་ཁེངས་ནས་ཡོད་ཀྱང་གནམ་རྡོ་དང་། མིས་བཟོས་འཁོར་སྐར་། སའི་གོ་ལ། ཟླ་བ་སོགས་དངོས་པོ་ཞིག་གི་སྒང་ལ་མ་ཕོགས་པར་ཡོད་མེད་མི་ཤེས་པར་ནག་དུབ་བེར་ཡོད་པ་དེས་འོད་མིག་གིས་མཐོང་མི་ཐུབ་པར་གྲུབ་པ་མིན་ནམ། ང་འགག་འདི་ནས་ཐར་མ་སོང་བས་དྲ་གྲོགས་རྣམས་ཀྱིས་ཡར་འདྲེན་པར་ཞུ།
དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས།
འོད་གཞན་དངོས་པའི་ཐོག་ཏུ་ཕོགས་རྗེས་མིག་གིས་མཐོང་ཐུབ་ཅེས་པ་འདིར་རྒྱུ་མཚན་ཡོད་ཀི འོན་ཀྱང་ཁྱེད་ཀྱིས་༼ཕྱོགས་བཅུའི་བར་སྣང་ཐམས་ཅད་འོད་ཀྱིས་ཁེངས་ནས་ཡོད་ཀྱང།༽ ཞེས་བརྗོད་ན་མི་འགྲིག་གི གོང་གི་རྩོམ་ཡིག་ནང་གི་པར་གཉིས་པ་དེས་འཇིག་རྟེན་ཁམས་ཀྱི་བརྒྱ་ཆའི་བདུན་ཅུ་དོན་ལྔ་ནག་ཤུགས་དང་། བརྒྱ་ཆའི་ཉེར་གཅིག་ནག་རྫས། བརྒྱ་ཆའི་བཞི་སྤྱིར་བཏང་གི་དངོས་རྫས་ཏེ་མིག་གི་མཐོང་རྒྱུ་ཡོད་པའི་དངོས་རྫས་ཡིན་པ་རེད། དེ་བས་འཇིག་རྟེན་སྟེང་གི་བྱ་དངོས་ཀྱི་བརྒྱ་ཆའི་བཞི་མ་གཏོགས་ང་ཚོའི་མཐོང་ཆོས་སུ་ཡོད་པ་མ་རེད།
མིག་གིས་ཟླ་སྐར་སོགས་མཐོང་མི་མཐོང་བའི་གནད་འདིར་ཉིན་མཚན་གཉིས་ཀྱི་སྐབས་ཀྱི་གནས་སྟངས་དང་འབྲེལ་ནས་འགྲེལ་བཤད་རྒྱག་བཞིན་འདུག འདི་ནི་འཇིག་རྟེན་རྒྱ་སྐྱེད་ཀྱི་རང་བཞིན་དང་ནུས་ཤུགས་སྤྱི་སྙོམས་ཀྱི་གནས་ལུགས་ལ་རག་ལས་པ་ཞིག་རེད།
ཉིན་མོའི་སྐབས་སུ་འོད་ཀྱི་ནུས་ཤུགས་དེ་འཇིག་རྟེན་རྒྱ་སྐྱེད་ལ་མཁོ་བའི་ནུས་ཤུགས་ལས་ཆེ་རྐྱེན་འོད་མིག་ལམ་དུ་མངོན་པ་རེད། འོན་ཀྱང་མཚན་མོའི་དུས་སུ་འཇིག་རྟེན་ཁམས་ཀྱི་ནུས་ཤུགས་ཡོད་ཚད་འཇིག་རྟེན་རྒྱ་སྐྱེད་ལ་བདེ་སྤྱོད་བཏང་ཕྱིར་མཚན་མོའི་ནམ་མཁའ་ནག་པོར་མངོན་པར་བཤད།
དྲ་གྲོགས་འབྲུང་བ་ཟླ་བ་ཚེ་རིང་ལགས།་
ངས་གོ་ཚོད་ལྟར་ན་དེ་འདྲ་ཞིག་ཡེ་ནས་མིན། གོང་གི་རི་མོ་དང་པོར་dark energy ཞེས་པའི་དོན་ཀྱང་གོ་མེད། དེ་གནད་དོན་གཞན་ཞིག་རེད། ས་གོ་ལའི་ཕྱི་ལོགས་སུ་འོད་ཀྱིས་གང་ནས་ཡོད་དགོས་ཏེ། ཉི་མ་སོགས་སྐར་མ་རྣམས་ཀྱིས་འོད་ཆད་པ་མེད་པར་ཕྱོགས་བཅུ་འགྱེད་བཞིན་ཡོད་པས་སོ། དེ་མིན་ན་འོད་མཆོང་ནས་ཡོང་བ་ཡིན་ནམ། མིན། བཞུད་ནས་ཡོང་བ་ཡིན། དེ་ཡང་བར་མ་ཆད་པར་བཞུད་ནས་ཡོང་བ་ཡིན། ཉི་མའི་འོད་ང་ཚོའི་འཛམ་གླིང་ལ་འབྱོར་བར་སྐར་མ་བརྒྱད་དང་ཕྱེད་དགོས་པར་བཤད། དེས་ན་ད་ལྟ་ང་ཚོའི་དངོས་པོ་མཐོང་བྱེད་ཀྱི་འོད་འདི་སྐར་མ་བརྒྱད་ཀྱི་སྔོན་གྱི་འོད་རེད། དེ་གཞི་ནས་འདིར་འབྱོར་བ་རེད། དེ་བཞིན་ད་ང་ཚོས་མཐོང་བའི་སྐར་མ་གཞན་གྱི་འོད་རྣམས་ལོ་མང་པོའི་སྔོན་གྱི་འོད་རེད། ད་ལྟ་གཞི་ནས་འདིར་འབྱོར་བ་རེད། དེའི་ཕྱིར་བར་སྣང་ན་འོད་ཁྱབ་ནས་མེད་པ་མི་སྲིད་པར་སྙམ།
ཉིན་མཚན་ཟེར་ན་དེ་འདྲ་ཞིག་མ་རེད། མདོར་ན་ས་གནས་གཅིག་ལ་གཞི་མ་བཞག་ན་ཉིན་མཚན་ཟེར་བ་ཞིག་མེད་པ་རེད། གོ་ལ་འཁྲིལ་གྲིབ་མ་དང་ཉི་མ་ལས་མཚན་འོང་གི་ཡོད། དེས་ན་ད་ལྟ་ཉིན་མོའི་འོད་རེད། ད་ལྟ་མཚན་མོའི་འོད་རེད། ཟེར་བ་ཞིག་ཀྱང་མེད། དེའི་ཕྱིར་རྒྱ་བསྐྱེད་པའི་སྐོར་གསུང་བ་དེ་ངས་ཤེས་མ་སོང་།
དགོངས་དགས།
དྲ་གྲོགས་འབྲོང་བུ་ཟླ་བ་ཚེ་རིང་ལ་བཅོས་རོགས།
གོང་གི་རི་མོ་དང་པོར་ཟེར་བ་གཉིས་པར་བཅོས་རོགས།
སྐར་མ་བརྒྱད་དང་ཕྱེད་འགོར་བར་བཤད་ ཅེས་པར་བཅོས་རོགས།
གོ་ལ་འཁྲིལ་གྲིབ་མ་དང་ཉི་མ་ལས་མཚན་འོང་གི་ཡོད། ཅེས་པ་གོ་ལ་འཁྲིལ་ནས་གྲིབ་མ་དང་འོད་ལས་ཉིན་མཚན་འོང་གི་ཡོད། ཅེས་པར་བཅོས་རོགས།
དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས།
སའི་གོ་སའི་ཕྱི་རོལ་གྱི་བར་སྣང་ཐམས་ཅད་འོད་ཀྱིས་ཁྱབ་ཡོད་ན་ང་ཚོའི་མིག་ལམ་གྱི་མཚན་མོའི་ནམ་མཁའ་ནག་པོར་མཐོང་དགོས་བའི་རྒྱུ་རྐྱེན་ཅི་ཞིག་རེད་དམ།
འོད་བཞུད་ནས་ཡོང་དགོས་པ་ཡིན། འོན་ཀྱང་འདི་ཡང་ནུས་ཤུགས་ཀྱི་གྲས་སུ་རྟོགས་དགོས་པས་ཐག་ཇེ་རིང་ཇེ་རིང་དུ་སོང་ན་ནུས་ཤུགས་ཇེ་ཆུང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་རེད།
དྲ་གྲོགས་འབྲོང་བུ་ལགས།
དྲི་བ་འདི་ངའི་ཐོག་མའི་དྲི་བ་དང་ཐད་ཀར་འབྲེལ་ནས་ཡོད། བར་སྣང་ནག་པོ་ཡིན་པ་དེས་ངའི་སེམས་ལ་འོད་མིའི་མིག་གིས་མཐོང་མི་ཐུབ་པར་བཤད་དགོས་པ་མིན་ནམ་སྙམ་པའི་དོགས་པ་བྱུང་བ་རེད། དེ་ད་དུང་སེལ་མེད། བར་སྣང་འོད་ཀྱིས་གང་མེད་ན་ང་ཚོའི་ཐོག་ལ་བབ་པའི་འོད་འདི་ཚོ་ཉི་འོད་མ་ཡིན་པར་ཐལ་བར་འགྱུར། གང་ལྟར་འོད་ཕ་ནས་འཕྲོས་ནས་འདི་བར་དུ་སླེབས་པ་རེད། དེ་རླུང་ཁམས་ཀྱི་ཕྱི་རོལ་གྱི་བར་སྣང་བརྒྱུད་ནས་འོང་དགོས་པ་ལས་མཆོང་ནས་འོང་བ་ཡིན་ཟེར་མི་ཤེས།
འཇམ་དཔལ་ཚུལ་ཁྲིམས་ལགས་ལ་ཞུ་རྒྱུ། ཞུ་བྱ་གཙོ་བོ་རྩོམ་ཡིག་ ༥༩ པ་ཡིན། ཁྱེད་ཀྱིས་གསུངས་པ་དེར་གོ་རྒྱུ་ཆེན་པོ་འདུག གུས་པའི་གོ་སྟོབས་དང་འཚམས་པ་ཞིག་ཞུ་ན། དངོས་ནུས་ཕྲ་བ་དེར་སླེབས་དུས་རྡུལ་ལས་བརྒལ་མེད་པས་ད་དུང་རྡུལ་ཡིན་པར་འདོད། གལ་སྲིད་ནུས་པ་ལྡན་མིན་འདུ་བྱེད་ཡིན་པའི་དབང་དུའང་བཏང་ནའང་ལྡན་འདུ་བྱེད་དེ་གདག་གཞི་ལས་ཐ་དད་དུ་མེད་པར་རྣམ་འགྲེལ་དུ་གསལ་པོར་བཤད། གནད་འདིར་བྱེ་མདོ་གཉིས་ཀྱིས་བཤད་ཚུལ་ཐ་དད་ཡོད་པར་སྔར་ནས་ཞུས་ཟིན་ལགས། སྤྱིར་དངོས་པོའི་ནུས་པ་ཞེས་བརྗོད་ན་ནུས་པ་སྤྱིའི་མིང་ཡིན་ལ། དངོས་ནུས་ཕྲ་བ་ཞེས་བརྗོད་ན་བྱེ་བྲག་ཏུ་དངོས་པོའི་གཡོ་ཤུགས་ཕྲ་མོ་དེའི་མིང་དུ་རུང་ངམ་སྙམ། དཔེར་ན་རྡུལ་ཕྲན་ཞེས་བརྗོད་ན་ལྕགས་རྡུལ་དང་ཆུ་རྡུལ་སོགས་གང་ལའང་གོ་རུང་མོད། རྡུལ་ཕྲ་རབ་ཞེས་བརྗོད་ན་ཆ་མེད་ལ་གོ་དགོས་པར་གསུངས་པ་བཞིན་ཡིན་པར་རློམས། དངོས་ནུས་ཕྲ་བ་དེའང་དངོས་པོ་དེ་དང་འབྲལ་མེད་དུ་གནས་པ་ཞིག་དང་། རྡུལ་ཕན་ཚུན་དང་འཕྲད་སྟོབས་ལས་གསར་དུ་བྱུང་བ་གཉིས་ཡོད་དགོས་པ་མངོན།
ནུས་པ་ལྡན་མིན་བྱེད་ཡིན་དང་མིན་སོགས་ཀྱི་དྲི་བ་ལ། གལ་སྲིད་དངོས་ནུས་ཕྲ་བ་ལྡན་མིན་འདུ་བྱེད་ཡིན་པའི་དབང་དུ་བཏང་ནའང་ལྡན་མིན་འདུ་བྱེད་ཅེས་པ་གདག་གཞི་ལས་ཐ་དད་པར་མེད་པར་འདོད་པ་མདོ་སྡེ་པ་ལྟར་བྱས་ན་ལེགས་པར་མངོན།
ངས་བསམ་ཚུལ་ལ་བེམ་ཤེས་ལ་བཏགས་པའི་ལྡན་མིན་འདུ་བྱེད་རྣམས་གཞི་བེམ་ཤེས་གང་རུང་གི་ཁོངས་སུ་འདུ་དགོས་པར་འདོད་པ་དོན་དང་མཐུན་སྙམ། དེ་ལྟར་འདོ་མཁན་ཡང་ཡོད་དེ། དངོས་པོ་ལ་ནི་བེམ་པོ་དང་། །ཤེས་པ་གཉིས་སུ་ཁ་ཚོན་ཆོད། །ཟེར་བ་ཞིག་ཀུན་མཁྱེན་ས་སྐྱེ་བའི་གསུང་དུ་ཡོད་སྣང་འཆར། མ་ཟད་ངས་ལན་མང་ཞུས་ཟིན་པ་ཡིན་རྣམ་འགྲེལ་དུ་རྒྱུས་འབྲས་བུ་བསྐྱེད་པའི་ནུས་པ་དེ་རྒྱུ་རང་ཉིད་ཡིན་པར་གསུངས་ཡོད། དེའི་སྐོར་རྣམ་འགྲེལ་གྱི་རྒྱ་འགྲེལ་ཁག་དང་བོད་འགྲེལ་ལས་བསྡུས་གྲྭའི་རིགས་ལམ་དང་ཆེར་མ་བསྟུན་པ་རྣམས་སུ་གཟིགས་དགོས། བསྡུས་གྲྭའི་རིགས་ལམ་བསྟུན་ཆེས་པ་དག་ཏུ་སྐབས་དོན་ཕྱོགས་ཙམ་བློ་ལ་ཆར་བདེ་ཡང་ཁྲིམས་ཀྱི་དྲྭ་བར་ཚུད་པའི་སྐྱོན་ཉུང་ཙམ་འགོས་ཡོད།
ཉིད་ཀྱི་སྐྲ་རྩེ་དང་སྦྱར་བའི་དཔེ་དེ་ང་ལ་གསལ་པོ་ཆགས་མ་སོང་། ངས་སྔར། ང་ཚོས་མིག་གིས་མཐོང་ནུས་པའི་རྡུལ་ཆུང་ཤོས་ཤིག་ལ་ཆ་མེད་ ༥༧༦༤༨༠༡ དགོས་འདུག་ཅེས་བཀོད་པ་ཡིན། ཉིད་ནས་མིག་གི་མཐོང་ནུས་པའི་རྡུལ་ཕྲ་བ་དེ་དང་སྐྲ་རྩེ་གཉིས་ཆེ་ཆུང་མཉམ་པར་ལྟ་བུར་བྱས་ནས་འགྲེལ་བཤད་གནང་བ་ཡིན་ནམ། གང་ལྟར་ངས་དྲི་བ་ནི། ཚན་རིག་པས་བཤད་པའི་རྡུ་ཕྲ་རབ་དེ་དང་ནང་པའི་བཤད་པའི་རྡུ་ཕྲ་རབ་གཉིས་ཆེ་ཆུང་ཡོད་མེད་ཇི་ལྟར་ཡིན་ཞེས་པ་དེ་ཡིན་ལ། དེ་གསལ་པོར་ཡོངས་ཆེད་ནང་པའི་ལྟ་གྲུབ་ཏུ་བཤད་པའི་རྡུལ་གྱི་གྲངས་གཅིག་དཔེར་བཀོད་པ་ཡིན།
མི་གསལ་པ་དང་ནོར་འཁྲུལ་སོགས་ཡོད་ངེས་པས་ཉིད་ནས་ཞིབ་གཟིགས་ཀྱིས་དོན་ཚུལ་བཞིན་མཁྱེན་ཐུབ་པའི་རེ་བ་ཡོད།
ཟླ་བ་ཚེ་རིང་གིས་མཚན་རིང་སྦྲུང་གི་མི་འཆོལ་ཅེས་པའིརྩོམ་ཡིག་གི་ཡང་སྙིང་ནི། དབུ་མའི་ལམ་ལ་མི་འདོད་པའི་རྒོལ་གཏམ་ཞིག་དང་རང་བཙན་ལ་འུད་བསྟོད་ཞིག་ཡིན་པ་མངོན་ཏེ། ཐད་ཀར་ཡིད་བཞིན་ནོར་བུའི་མཚན་དངོས་སུ་མ་བཟུང་ཡང་། བསྐོར་ནས་ཟམ་གདོང་བླ་མའི་མ་འགྱོན་རབས་སོགས་སྐྱོན་བརྗོད་འབའ་ཞིག་བྱས་འདུག དངོས་གནས་བཤད་ན་ཁྱོད་ལ་ཤེས་འཇོན་དང་སེམས་ཤུགས་ཡོད་ན་བཀག་རྒྱ་གང་ཡང་མི་འདུག་པས། བོད་སྤྱི་བའི་དོན་ལ་བྱས་རྒྱས་རེ་འཇོག་ཐུབ་ན་ཨ་མའི་བུ་ཡིན། མ་གཞི་རང་གི་འགན་གང་ཡང་མི་ལེན་པར་གདོང་རྩེ་ནང་ལོག་རྐྱང་རྐྱང་ལ་བསྐོར་ནས་རྒྱགས་གཏམ་འབའ་ཞིག་གི་དུས་འདའ་ན་བཟང་བོའི་སྤྱོད་པ་ལས་ཕྱི་རོལ་དུ་གྱུར་བའོ།། ད་དུང་དེར་མ་ཚད་ཁྱོད་ཀྱིས་སྐྱབས་གསུམ་ལས་གཞན་པའི་སྐྱབས་བཞི་བ་ཞིག་འཚོལ་བར་བརྟག་ན། ཁྱོད་ཀྱི་རྒྱུ་ལ་སྐྱབས་འགྲོ་ཡོད་མེད་ཡང་གསལ་ལོ།། ཨ་ལེ་ཀུ་རེ་ཡིན། དེ་ཁྱོད་རང་གི་འདོད་པ་རེད།
དྲ་གྲོགས་དབང་འདུས་ལགས། འདིར་ངས་ཀྱང་རང་གི་གོ་ཚོད་ཀྱི་ལན་ཞིག་འབུལ། དངོས་ནུས་ཕྲ་མོ་དེ་ད་དུང་རྡུལ་ལས་བརྒལ་མེད་ཅེས་པར་བསམ་ན་ཁྱེད་ཀྱི་འདོད་པའི་ནུས་པ་ནི་རྡུལ་ཡིན་པར་འདོད་དམ། དེ་འདོད་ན་ནུས་པ་ནི་ནམ་ཡང་རྡུལ་མིན་ཏེ། ཚན་རིག་པས་བཤད་ན་ནུས་པ་ལ་གཟུགས་མེད། ཁ་དོག་མེད། ལྗིད་མེད། ས་ཆ་མི་འཛིན་པ་ཡིན། གལ་སྲིད་ནུས་པ་རྡུལ་ཡིན་ན་ནུས་པ་ལ་ཐོག་རེག་ཡོད་དགོས། གང་ལགས་ཤེ་ན་རྡུལ་བསགས་ན་ཕུང་པོ་འགྲུབ་པས་སོ།
ཁྱེད་ཀྱིས་གསུང་བའི་གཡོ་ཤུགས་ཕྲ་མོ་ཟེར་བ་དེ་ནི་ནུས་པ་ཞེས་པ་དེ་ཡིན་དགོས་པར་བསམ། སྤྱིར་འདིར་ནུས་པ་དང་ཤུགས་ལོགས་སུ་འཇོག་དགོས་པར་སྣང་། དབྱིན་སྐད་དུ་energy and force གཉིས་ཡོད་པ་ལ་དང་པོ་ལ་ནུས་པ་དང་གཉིས་ལ་ཤུགས་ཅེས་སྦྱར་ན་འོས་པར་སྙམ། དེའི་དབང་དུ་བྱས་ན་འདི་ལྟར་འགྲེལ་ཡོད་དེ། ནུས་པ་ནི་ཤུགས་ཀྱི་གདོང་ཐད་དུ་འགུལ་ཐུབ་པའི་རང་བཞིན་དེ་ཡིན་ཞེས་བཤད་པ་སོགས་མང་པོ་འདུག
སྐྲ་རྩེ་ལ་སྦྱར་བའི་དཔེ་དེ་ལ་ངས་དཔེ་གཞན་ཞིག་འཇོག ད་ལྟ་རང་ཅག་གིས་བགྲོ་གླེང་བཞིན་པའི་ཁ་བརྡ་དྲ་ཚིག་གི་ཡིག་གཟུགས་འདིའི་ཚེག་ཅིག་གི་ནང་ནང་དུ་རྡུལ་ཕྲན་ས་ཡ་གཅིག་ལྷག་ཙམ་ཤོངས་པ་རེད་ཅེས་ལབ་པ་ཡིན། དེ་ནི་སྐྲ་ཉག་ཅིག་ལྡུམ་གྱིས་བཏུབ་ནས་དེ་སྣག་ཚའི་ནང་དུ་བཤན་ནས་ཚེག་ཅིག་བྲིས་ན་ཆེ་ཆུང་དེ་ཙམ་ཡོང་བ་ཡིན། དེ་རིང་བལྟ་སྐབས་རྡུལ་ཕྲན་གཅིག་གི་ཚངས་ཐིག་ལ་cm་དུང་ཕྱུར་ཆ་གཅིག་ཡིན་པར་བཤད་འདུག cm་ཞེས་པའི་རིང་ཚད་ནི་ཁ་རྡ་དྲ་ངོས་འདིའི་མཆན་ཞོགས་ཞེས་བྲིས་པའི་ཐིག་བར་དེའི་རིང་ཐུང་ཙམ་ཡིན་པ་ཁྱེད་ཀྱིས་མཁྱེན་གྱི་ཡོད་ཤག རྡུལ་ཕྲན་ཞེས་པ་ནི་atom་ལ་བཤད་པ་ཡིན། ད་དུང་རྡུལ་ཕྲན་ལ་དེ་ལས་ཁྲི་འགྱུར་གྱིས་ཆུང་བའི་རྡུལ་སྙིང་ཡོད། དྲ་གྲོགས་ལགས། ད་ལྟ་དེ་ཙམ་ལས་ཡོང་གི་མི་འདུག
དྲྭ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས་ཞུ་རྒྱུ། སྐུ་ཉིད་ཀྱིས་ངའི་བསམ་ཚོད་ལ་ཚོད་དཔག་བྱས་པ་ནོར་མི་འདུག ངས་འདོད་པ་དེ་རང་ཡིན། ནུས་པ་ཕྲ་བ་རྡུལ་ཡིན་པར་འདོད་ཅིང་རྡུལ་དེ་དང་དེའི་ནུས་པ་ངོ་བོ་དབྱེར་མེད་དུ་འདོད་པ་ཡིན་ལགས། འོན་ཀྱང་ནུས་པ་ཕྲ་བ་ཐོགས་བཅས་འདོད་དགོས་པའི་རྒྱུ་མཚན་མེད་སྙམ། ནང་པའི་གཞུང་དུའང་དེ་ལ་རིགས་གཉིས་ཡོད། མངོན་པ་འོག་མའི་རྡུལ་ཕྲན་ཐོགས་བཅས་སུ་འདོད་ཀྱང་། མངོན་པ་གོང་མའི་ལུགས་དེ་ལྟར་མིན་པར་རྡུལ་ཕྲ་རབ་ཐོགས་མེད་དང་། དེ་གཟུགས་སུ་འཇོག་པའང་དཔྱད་པའི་སྒོ་ནས་འཇོག་པ་ལས་རེག་པའི་སྒོ་ནས་གཟུགས་སུ་འཇོག་ཏུ་མེད་པར་བཤད་ཡོད།
དེ་ལྟར་འདོད་པ་ལ་ཉིད་ནས། ༼ཚན་རིག་པས་བཤད་ན་ནུས་པ་ལ་གཟུགས་མེད། ཁ་དོག་མེད། ལྗིད་མེད། ས་ཆ་མི་འཛིན་པ་ཡིན།༽ དེ་ལྟར་འདོད་པ་ཁོ་བོས་མ་མཐོང་ཡང་ཉིད་ཀྱིས་གཟིགས་ཚེ་དེ་རང་རེད། ཚན་པས་ཁ་དོག་མེད། ལྗིད་མེད། ས་ཆ་མི་འཛིན་སོགས། ཚད་གཞི་གང་འདྲ་ཞིག་གི་སྟེང་ནས་བཤད་ཀྱིན་ཡོད་པ་དང་པོ་རྟོགས་དགོས་ཀྱིན་འདུག སྒྲ་མང་ཆེ་བ་བརྗོད་འདོད་ཀྱི་རྗེས་འབྲངས་ཡིན་པར་བརྟེན་ཐོག་མར་བརྡ་སྦྱར་བ་པོའི་དགོངས་གཞི་ངོས་འཛིན་རྒྱུ་གནད་ཆེན་པོར་མཐོང་། ལྗིད་ཕྲ་བ་ཇི་ལྟར་གཞལ། དཔེར་ན་བཅའ་ལག་གཉིས་ཡང་ལྗི་འཇལ་ཚེ་དེ་གཉིས་ཡང་ལྗི་གཅིག་པ་ཡིན་པར་རྒྱ་མ་དང་སྲང་སོགས་ཀྱིས་ལམ་ནས་འཇལ་བ་དེ་ནི་འཇལ་ཚུལ་རགས་པ་ཙམ་ཡིན། བཅའ་ལག་དེ་གཉིས་ལས་གང་རུང་གི་སྟེང་དུ་རྡུ་ཕྲ་རབ་ས་ཡ་གཅིག་ཐེབས་ལྷག་ཡོད་ཀྱང་འཇལ་བྱེད་དེས་དཔོག་མི་ནུས་པའམ་གང་ལྟར་ངོ་ཚོས་རྟོགས་མི་ཐུབ། དེ་ལས་འཇལ་བྱེད་གཞན་ཞིག་ཡོད་པ་རེད་དམ།
གློ་བུར་དུ་དྲན་ཚོར་ཞིག་ཞུ་ན། མདོར་ན་དངོས་ཆོས་རགས་པ་ཀུན་གྱི་མཐར་ཐུག་ས་ཆ་མེད་ལས་མེད་ཅིང་དེའི་སྟེང་དུ་ནུས་པ་རྡུལ་སོགས་གང་ཡང་ཐ་དད་པར་བཞག་ཏུ་མེད་སྙམ།
རྒྱུ་མཚན་ནི་རིགས་མི་འདྲ་བའི་ཁྱད་པར་ཅི་ཙམ་མཐོང་བ་དེ་དག་རགས་པའི་ཆ་ནས་འཇོག་ཅིང་། རགས་པ་རྣམ་ཇི་ཙམ་ཆུང་རུ་སོང་བ་དེ་ཙམ་དུ་ཁྱད་པར་རྣམས་ཀྱང་ཆུང་དུ་འགྲོ་བ་དང་། རགས་པ་མཐར་ཐུག་པའི་ཆ་མེད་ལ་སླེབས་དུས་ཁྱད་པར་རྣམས་ཀྱང་ཆ་མེད་པའི་བདག་ཉིད་གཅིག་ཏུ་གནས་པར་་འདོད་པ་རིགས་པའི་ལམ་གཅིག་མིན་ནམ་སྙམ། འདི་ནི་གློ་བུར་བའི་དྲན་ཚོད་ཙམ་མོ།།
ད་ལྟའི་དྲྭ་ཚིགས་སུ་བཀོད་བཞིན་པའི་ཡིག་ཚེག་གཅིག་གི་ནང་དུ་རྡུལ་ཕྲ་རབ་ས་ཡ་གཅིག་ལྷག་ལས་ཤོང་བ་མིན་ན། དེ་ནི་ནང་ཆོས་སུ་བཤད་པའི་རྡུལ་ཕྲ་རབ་ལས་ཆེས་ཆེ་བ་རེད་འདུག ནང་ཆོས་སུ་ནི་ང་ཚོས་མིག་གིས་མཐོང་ཐུབ་པའི་རྡུལ་ཆོས་ཤོས་དེ་རང་གལ་མཐོང་མི་ནུས་ཤིང་། ཉི་ཟེར་བསྡེབས་ན་གཞི་ནས་མཐོང་ཐུབ་པ་དེ་རེད། དེ་འདྲའི་ཉི་ཟེར་གྱི་རྡུལ་ཆུང་ངུ་དེའི་ནང་དུ་ཕྲ་རབ་ས་ཡ་ལྔ་དང་དྲུག་གི་བར་གྱི་གྲངས་གོང་དུ་བཀོད་ཟིན། དེ་ལྟར་ན་ཚན་རིགས་པས་བཤད་པའི་རྡུལ་ཕྲན་ནི། ནང་ཆོས་ནས་བཤད་པའི་རྡུལ་ཆུང་ཤོས་ལས་ཆེ་བ་ཡིན་པའི་སྣང་བ་ཤར། ༼འདིར་འབུམ་བཅུ་ལ་ས་ཡའི་དབང་དུ་བཏང་ཡོད་གསང་སྔགས་ཀྱི་གཞུང་རྣམས་སུ་བརྩི་ཚུལ་གཞན་ཡོད།༽
རྡུལ་རྙིང་དེའི་སྐོར་ད་དུང་གསལ་པོ་ཆགས་མ་སོང་ལགས།
ཚན་རིག་པས་འདོད་པའི་རྡུལ་རྙིང་དེ་རྡུལ་ཆུང་ཤོས་སུ་མི་འདོད་པ་རེད་དམ། ངེད་གཉིས་ཀྱིས་བགྲོ་གླེང་བྱེད་བཞིན་པ་དེ་ནི་རྡུལ་ཕྲ་རབ་དང་རྡུལ་ཆུང་ཤོས་ཀྱི་སྐོར་ཡིན་མོད། སྐབས་འདིར་ཉིད་ཀྱི་རྡུལ་ཕྲན་དང་རྡུལ་རྙིང་ཞེས་གཉིས་སུ་ཕྱེ་ནས་བཤད་པ་དེ་དཔེ་གསལ་པོར་ཡོང་བའི་ཆེད་ཡིན་ནམ། ཡང་ན་ཚན་རིག་པས་རྡུལ་རྙིང་རྡུལ་ཕྲན་དུ་མི་འདོད་པས་ཡིན།
དྲ་གྲོགས་ལགས།
མཆན་༦༨་པར་འབྲེལ་བའི་ཚིག་འགའ་ཞིག རྡུལ་ཡིན་ན་ཐོགས་བཅས་ཡིན་དགོས་པའི་ངེས་པ་མེར་པ་སྲིད་ཀྱང་རྡུལ་བསགས་ན་ཐོགས་བཅས་སུ་འགྱུར་དགོས་པ་དང་། ནུས་པ་རྡུལ་ཡིན་ན་ནུས་པ་བསགས་ན་ཐོགས་བཅས་སུ་འགྱུར་དགོས་པ་ནི་རིགས་པས་འགྲུབ། བུམ་པ་དང་བུམ་པའི་རྡུལ་ངོ་བོ་གཅིག་ཏུ་གསུང་ཆོག་ཀྱང་བུམ་པ་དང་བུམ་པའི་ནུས་པ་ངོ་བོ་གཅིག་མིན། ནང་པའི་གཞུང་གི་གསུང་ཚུལ་གསུང་བར་བློ་བསྐྱེད་བྱུང་། ཐུགས་རྗེ་ཆེ།
ཞོར་ལ་ཞུ་རྒྱུར་། ངའི་དྲི་བ་དང་པོ་འོད་མིའི་མིག་གིས་མཐོང་ན་རླུང་ཁམས་ཀྱི་ཕྱི་ལོགས་སུ་ཕྱོགས་བཅུའི་ནམ་མཁའ་ནག་རོག་གེར་ཡོད་པའི་རྒྱུ་མཚན་ལ་ཁྱེད་ཀྱི་དགོངས་ཚུལ་ད་དུང་ཐོས་མ་བྱུང་།
ནུས་པའི་ས་ཆ་མི་འཛིན་པ་སོགས་ནི་དབྱིན་ཡིག་ཏུ་ནུས་པའི་འགྲེལ་བཤད་བཞག་པ་བཀླགས་ནས་ཞུས་པ་ཡིན། ཁོ་བ་ཚོའི་འདོད་པ་དངོས་རེད་འདུག དུས་ཚོད་བྱུང་ན་དེ་ཚན་བཤུས་བྱས་ནས་བོད་བསྒྱུར་ཞུ་ཆོག
ཁྱེད་ཀྱི་ཚོར་སྣང་དེའི་སྐོར་ལ་རིགས་པས་གནོད་པ་འདུག་སྙམ། ཆ་མེད་ཟེར་བ་དེ་གཟུགས་ཀྱི་ཆ་ནས་ཆུང་དུ་སོང་ནས་ཆ་མེད་ཅེས་པའི་སྐད་ཆ་ཞིག་བཤད་པ་ཡིན་པ་ལས་བདག་གཞན་ཆ་མེད་ཀྱི་སྐོར་བཤད་ཀྱི་མེད་པ་ཁྱེད་ཀྱིས་ལོས་མཁྱེན། དེས་ན་ཇི་ཙམ་ཆུང་དུ་བཏང་རུང་དངོས་པོ་དང་དེའི་ནུས་པ་འདྲེས་དགོས་དོན་མེད།
ལགས་རེད། ཚན་རིག་པས་རྡུལ་ཕྲན་དང་རྡུལ་སྙིང་རྦད་དེ་ལོགས་སུ་རེད། རྡུལ་སྙིང་ནི་རྡུལ་གྱི་དཀྱིལ་སྙིང་ལ་ཟེར་བ་རེད། རྡུལ་ཕྲན་གྱི་ནང་དུ་ད་དུང་རྡུལ་ཕྲ་རབ་འགའ་རེ་ཡོད། རྡུལ་ཕྲ་རབ་དེ་ཚོ་དང་། རྡུལ་སྙིང་། དེ་ཚོའི་བར་གྱི་སྟོང་ཆ། བཅས་ལ་རྡུལ་ཕྲན་གཅིག་ཏུ་ངོས་འཛིན་བྱེད་པ་རེད། རྡུལ་ཕྲ་རབ་དེ་ཚོ་ད་དུང་དུམ་བུ་གཉིས་རེར་གཏོང་ཐུབ་ཀྱི་ཡོད་འདུག མིང་ལ་quake་ཅེས་འབོད།
དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས།
བཀྲ་ཤིས་བདེ་ལེགས།
ངས་མཚན་མོའི་ནམ་མཁའ་ནག་པོ་ཡིན་པའི་རྒྱུ་མཚན་དེ་འཇིག་རྟེན་རྒྱ་སྐྱེད་ཀྱི་རང་བཞིན་ལ་རག་ལས་པར་བཤད་ཡོད།
ཕྱོགས་བཅུའི་ནམ་མཁའ་འོད་ཀྱིས་ཁེངས་དགོས་པ་ཡིན་མོད། མཚན་མོའི་ནམ་མཁའ་ནག་པོ་ཡིན་པའི་རྒྱུ་རྐྱེན་ནི་སྐར་མ་གཞན་རྣམས་ང་ཚོ་དང་ཐག་རིང་དུ་འགྲོ་དུས་གློག་རླབས་ཀྱི་རིང་ཚད་རིང་དུ་འགྲོ་བ་དང། འཇིག་རྟེན་གྱི་ལོ་ཚོད་ལ་ཚད་ཡོད་པ་གཞི་ལ་བཞག་འདུག གཤམ་གྱི་སྦྲེལ་ཐག་ཐོག་གི་དྲི་ལན་རིང་བ་དེར་གཟིགས་དང། ང་ཚོས་ཡིད་ཆེས་དང་དོན་དངོས་ཀྱི་གནས་ཚུལ་ལ་འགྲེལ་བཤད་ཡག་པོ་ཞིག་གནང་འདུག གནས་སྐབས་དེ་ཙམ་ཡིན།
ང་ཚོའི་ཡིད་ཆེས་ཞེས་པར་བཅོས་རོགས།
སྦྲེལ་ཐག་འདི་ན་ཡོད།
http://answers.google.com/answers/threadview/id/406675.html
ངོ་མ་ཡ་མཚན་རེད། འཇིག་རྟེན་གྱི་ཁམས་ཞེས་པ་འདི་མཐར་གཏུགས་ན། རྡུལ་ཕྲ་བ་རབ་ཀྱི་མཐར་ཐུག་ལ་ཐུག་འགྲོ། རྡུལ་ཕྲ་རབ་ཅེས་པའང་། སྐབས རེར་རྡུལ་གྱི་རང་བཞིན་དུ་ཡོད་པ་འདྲ་བོ། སྐབས་རེར་རླབས་ཀྱི་ངོ་བོ་ཞིག་ཏུ་གནས་པ་འདྲ་བོ། སྐབས་རེར་བར་སྣང་ལ་ཁྱབ་པསི་གཟུགས་མེད་གཡོ་བའི་རང་བཞིན་དང་ལྡན་པ་འདྲ་བོ། སྐབས་རེར་སེམས་སམ་རྣམ་པར་ཤེས་པའི་རང་བཞིན་ཞིག་ཡིན་པའི་བཟོ་འདྲ་བོ། དེའང་ཕར་དེད་ན་བར་སྣང་དུ་ལག་ཉོབ་བྱེད་པ་ལྟར། ཐུག་འགྲོ་ས་ཞིག་ཕལ་ཆེར་ཡོད་ཀི་ཡོད་ས་མ་རེད། ངས་ནི་འདུས་བྱས་ཀྱི་ཆོས་འདི་དག ་བར་སྣང་དུ་གཡེང་བཞིན་པའི་རྡུལ་ཕྲན་གྱི་ཕུང་བོ་འབབ་ཞིག་ཡིན་པར་སེམས་གཏིང་ནས་ཡིད་ཆེས་འདྲ་ཞིག་ཡོད་སྟབས། རང་གི་མདུན་ཅོག་དང་། བཏུང་ཕོར་སོགས་ལ་ཡང་ཡང་གྱེར་གྱིས་བལྟས་ནས། མཐའ་ཡས་པའི་རྡུལ་ཕྲན་གྱི་ངོ་མཚར་བའི་འཕོ་འགྱུར་དང་། འགུལ་སྐྱོད་རེ་ཨེ་མཐོང་ལྟ་བཞིན་ཡོད་མོད། རགས་པའི་སྣང་ཚུལ་མཁྲེགས་ལྷང་ལྷང་འདི་ལས་ཅང་མཐོང་ཐུབ་ཀི་མི་འདུག དེ་བཞིན་ལྷན་རྒྱས་རྣམ་པས་བགྲོ་བཞིན་པའི་འོད་དང་། ཁ་དོག་ཟེར་བའང་དེ་འདྲ་རེད། དེ་དག་གི་རགས་པའི་ཆ་དེ་མཐོང་ཐུབ་ཀི་འདུག ཕྲ་བའི་ཆ་རྣམས་ནི། སྣང་བའི་སྒོམ་གྱི་ཡོན་ཏན་ཡོད་མཁན་ཚོས་མཐོང་ཐུབ་ཀི་ཡོད་ཤས་ཆེ། དེ་མིན་བརྟག་ཆས་ཤུགས་ཆེན་པོ་དེ་འདྲ་ཡོད་ན་རྦ་རླབས་ཀྱི་ཁུགས་པ་རེ་དང་། འོད་རྡུལ་གྱི་འགུལ་སྐྱོད་རེ་མཐོང་ཐུབ་ཀི་ཡོད་ས་རེད། དེས་མ་ཚིམས་པར་ད་དུང་ཡང་ཡང་བརྟགས་ན། ནམ་ཞིག་ཅིའང་མེད་པའམ། ཡང་ན། འཇིག་རྟེན་གྱི་བཀོད་པ་པོ་རེའང་རྙེད་ཡོང་ཤས་ཆེ། རྩེད་མཚར་ཡིན། རྡུལ་ཕྲན་དང་། འོད་སྣང་། ཁ་དོག་སོགས་དངོས་ཁམས་རིག་པའི་ནང་རྒྱ་ཆེ་གཏིང་ཟབ་ཀྱི་བརྗོད་བྱ་རེ་རེ་རེད། གྲོགས་པོ་ཚོ་ཤེས་རབ་ཆེ་གི་ད་དུང་མི་མཐུད་བགྲོ་གླེང་གནང་རོགས་ཞུ་བ་ལགས།
དྲ་གྲོགས་འབྲོང་བུ་ལགས། ངའི་གོ་ཚོད་ཀྱི་ནམ་མཁའ་ནག་པོ་ཡིན་པའི་རྒྱུ་མཚན་ནི་འདི་འདྲ་ཞིག་ཡིན། དེ་ཡང་འོད་ནི་ཚོན་སྣ་ལྔས་གྲུབ་པ་ཡིན་པ་དང་། འོད་སྣ་ཁ་བདུན་པོ་གཅིག་ཏུ་འདྲེས་ན་དཀར་བོར་འགྱུར་བ་དང་། སོ་སོར་གྱུར་ན་ནག་པོར་གྱུར་བ་ཡིན་པའི་སྐད་ཆ་ཞིག་གོ་མྱོང་། དེ་ཡང་གོང་གི་འོད་ཀྱི་བང་རིམ་གྱི་གྲངས་ལ་འབྲེལ་བ་ཡོད་འདུག་སྙམ་ཡོད། གང་ལྟར་ཚོན་སྣ་བདུན་པོ་གཅིག་ཏུ་འདྲེས་ན་དཀར་བོར་འགྱུར་བའི་དཔེར་མཚོན་ཀྱང་འཇོག་གི་འདུག དེའི་ཤུགས་ལས་དང་་དཀར་པོ་ནག་པོ་ལྡོག་ཟླ་ཡིན་རིགས་འགྲོས་ཀྱིས་ངས་སྐད་ཆ་དེ་བཤད་པ་ཡིན།
འབྲོང་བུ་ལགས། ཁྱེད་ཀྱིས་དྲ་འབྲེལ་དེ་གནང་བར་ཐུགས་རྗེ་ཆེ། དུས་ཚོད་ནམ་བྱུང་ལ་ཀློག་གི་ཡིན། གནས་ཚུལ་གསལ་བ་དང་བློ་བསྐྱེད་གསར་བ་གང་ཡོད་ཞུ་གི་ཡིན།
དྲ་གྲོགས་འབྲོང་བུ་ཟླ་ཚེ་རིང་ལགས།་
ངས་ཁྱེད་ཀྱིས་གནང་བའི་དྲ་འབྲེལ་དེར་སོང་ནས་བཀླགས་པ་ཡིན། འོན་ཀྱང་ནོར་འཁྲུལ་ཆེར་མི་འདུག་མོད་ཁུངས་ཐུབ་མིན་ལ་བློས་འགེལ་ཆོག་པ་ཞིག་མི་འདུག མི་སྒེར་ཞིག་གིས་བྲིས་པ་རེད་འདུག དེང་སང་དྲ་ཐོག་ཡོད་ཚད་ཁུངས་ལུང་ཡོད་པས་ཁྱབ་པ་མི་འདུག
དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས།
ཁུངས་དག་མིན་གྱི་བསམ་ཚུལ་གསུངས་བར་དགའ་ཡོད།
འདི་ན་ཁུངས་དག་པའི་སྦྲེལ་ཐག་ཅིག་ཡོད། ཀློག་ན་འགྲིག་གི་འདུག་ལ་ཉན་ན་ཡང་འགྲིག་གི་འདུག འགྲེལ་བཤད་རྒྱག་སྟངས་གཅིག་པ་རེད་འདུག
http://spaceplace.nasa.gov/en/kids/phonedrmarc/2002_december.shtml
དྲ་གྲོགས་ལགས།
སྙིང་ཐག་པ་ནས་ཐུགས་རྗེ་ཆེ། འདི་ནི་ངོ་མ་ཁུངས་ལྡན་ལ་ཕན་ཐོགས་ཅན་ཞིག་རེད་འདུག ད་ངས་ཞིབ་པར་ཉན་གྱི་ཡིན། འདི་ནི་འོད་ཀྱི་ཚན་རིག་གི་འདོད་ཚུལ་ཤེས་པར་ཕན་པ་མ་ཟད་དབྱིན་ཡིག་སྦྱོང་བར་ཡང་ཕན་ཐོགས་ས་འདུག
དྲ་གྲོགས་འབྲོང་བུ་ལགས།
ཁྱེད་ཀྱིས་གནང་བའི་འབྲེལ་ལམ་དེ་ཧ་ཅང་ཡག་པོ་འདུག ངས་ལན་འགའ་ཞིག་ཀློག་ཉན་བྱས་པ་ཡིན། ན་སའི་རྒད་པོ་དེས་བཤད་སྟངས་ནི་གསལ་བོ་གོ་བྱུང་ཡང་ང་ནི་དབང་པོ་རྟུལ་བས་ངའི་དྲི་བ་དང་པོ་དེ་ད་དུང་གསལ་བོ་བྱུང་མ་སོང་བས་ཁྱེད་ཀྱི་གསལ་བཤད་ལ་སྒུག་ནས་ཡོད། ངའི་དྲི་བ་ནི་འོད་མིའི་མིག་གིས་མཐོང་ཐུབ་བམ། ཞེས་པ་འདི་རེད། ཁོས་མཚན་མོ་སའི་གོ་ལའི་ནམ་མཁའ་ནག་པོ་ཡིན་པའི་རྒྱུ་མཚན་དེ་ཕྱི་ལོགས་ཀྱི་སྐར་མ་གཞན་གྱི་འོད་འདིར་ཤུགས་ཆེན་པོ་འབྱོར་མི་ཐུབ་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་སོང་། སའི་གོ་ལའི་མཚན་མོ་ཉི་འོད་མེད་སྟབས་བཤད་སྟངས་འདི་དག་དོན་ལ་གནས་པར་བཞག་ཀྱང་སའི་གོ་ལའི་ཕྱི་ལོགས་ཀྱི་ནམ་མཁར་ཉིན་མཚན་གྱི་དབྱེ་བ་མེད་པར་རྟེན་དེའི་ནམ་མཁའ་ནག་པོ་ཡིན་པའི་རྒྱུ་མཚན་དེ་གང་རེད། དེ་ལ་སྐར་མའི་འོད་གསལ་བོ་མ་སླེབས་པས་ནམ་མཁའ་ནག་པོ་ཡིན་པའི་རིགས་འགྲོས་འདི་མི་འགྲོ་བར་སྙམ། གང་ལགས་ཤེ་ན་དེ་ན་ཉི་འོད་དེ་དུས་གཏན་དུ་འཕྲོས་ནས་བསྡད་ཡོད་པས་སོ། དེ་ན་སྐར་མའི་འོད་གསལ་བོ་མ་ཕོགས་ན་མ་ཕོགས་པ་མཉམ་ཞིང་། ཉི་འོད་ཕོགས་ན་ཕོགས་མཉམ་ཡིན། ངའི་གོ་བ་ནི་ཉི་འོད་སའི་གོ་ལའི་མཁའ་དབུགས་སུ་སླེབས་སྐབས་ང་ཚོས་སྐྱ་སང་ངེར་བ་ཞིག་མཐོང་བ་ནི་དེ་ན་ཡོད་པའི་རྡུལ་དངོས་དག་གི་ཐོག་ལ་ཕོགས་བས་ཡིན་པ་དང་། རླུང་ཁམས་ཀྱི་ཕྱི་ལོགས་སུ་ཉི་འོད་ཡོད་པ་དེ་ཕོགས་ས་མེད་པས་ནག་དུབ་བེར་ལུས་པ་ཡིན་པར་བསམ་ཡོད། དེས་ན་ང་ཚོས་མིག་གིས་ཉི་འོད་མཐོང་མི་ཐུབ་པར་བཤད་དགོས་ཨེ་ཡིན་ཞེས་པའི་དྲི་བ་འདི་བཀོད་པ་ཡིན།
དྲ་གྲོགས་ཚོ། ད་བབ་ས་གང་དུ་བབ་སོང་། ང་ཚོའི་མིག་གིས་ཉི་འོད་མཐོང་བར་། ཡང་ན་མི་མཐོང་བར་། དྲ་གྲོགས་འབྲོང་བ་དང་དབང་འདུས། གཞན་སུ་བྱུངགིས་ངའི་དྲི་བ་འདི་དག་ལ་གསུང་ལན་གསལ་བོ་ཞིག་གནང་བར་ཞུ།
གཞན་ཡང་ Although the idea of a finite universe explains why Earth’s sky is dark at night, other causes work to make it even darker. ཞེས་པའི་འདིའི་དོན་དག་གོ་གི་མི་འདུག འདིས་སྲིད་པ་ཚད་ཡོད་ཡིན་པ་དེས་སའི་གོ་ལའི་མཚན་མོའི་ནམ་མཁའ་ནག་པོ་ཡིན་པར་སྒྲུབ་ཐུབ་པའི་བཤད་སྲོལ་ཞིག་བཤད་ཀྱི་ཡོད་པ་འདྲ་ཞིག་འདུག དེ་ཇི་ལྟར་ཡིན་ནམ། དྲ་གྲོགས་ཚོས་མུ་མཐུད་ནས་ང་ཚོས་སློབ་སྦྱོང་བྱེད་ཡ།
དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས།
བཀྲ་ཤིས་བདེ་ལེགས།
རེད་ཡ། ཉིད་ཀྱི་དོགས་འདྲི་དེ་ད་དུང་ཡང་ལྷག་འདུག དེའི་ལན་མ་བཏབ་གོང་ལ་གོང་འཁོད་གྱི་དབྱིན་ཡིག་གི་དུམ་མཚམས་འདིའི་ནང་དོན་དེ་བཤད།
འཇིག་རྟེན་གྱི་ལོ་ཚོད་ལ་ཚད་ཡོད་པ་དེས་མཚན་མོའི་ནམ་མཁའ་ནག་པོ་ཡིན་པར་སྒྲུབ་ལ། རྒྱུ་རྐྱེན་གཞན་དག་གིས་མཚན་མོའི་ནམ་མཁའ་དེ་ལས་ཀྱང་ནག་པོ་ཡིན་པར་སྒྲུབ། ཅེས་པའི་དོན་རེད།
འཇིག་རྟེན་གྱི་ལོ་ཚོད་ལ་ཚད་ཡོད་པ་འདིས་ལོ་ཚོད་དེ་ལས་བརྒལ་བའི་ས་ན་ཡོད་པའི་སྐར་མའི་འོད་ང་ཚོའི་ལོངས་སྤྱོད་དུ་འགྱུར་མི་ཐུབ་པ་སྟོན་གྱི་ཡོད་པ་རེད།
ད་དོགས་སེལ་དེའི་སྐོར་ནས་གླེང།
འོད་མཐོང་རྒྱུ་ཡོད་དེ། འོད་དེ་མིག་ཏུ་ཐད་འཕྲོ་དང་ཡང་ན་ལྡོག་འཕྲོ་བྱས་པ་ལ་བརྟེན་ནས་མཐོང་གི་ཡོད།
འགྲེལ་བཤད་ཞིབ་ཚགས་ཤིག་གཤམ་གྱི་སྦྲེལ་ཐག་ན་འདུག
http://imagine.gsfc.nasa.gov/docs/ask_astro/answers/970529c.html
གནས་སྐབས་དེ་ཙམ་ཡིན། རྗེས་སུ་མཇལ་ཡོང།
དྲ་གྲོགས་འབྲོང་བ་ལགས། བཀའ་དྲིན་ཆེ།
ངས་ལན་གཅིག་མིག་ཤར་བྱས་པ་ཡིན། ཞིབ་པར་དྲ་འབྲེལ་གཞན་ལ་སོང་ནས་ཀློག་གི་ཡིན། As to the reason space is dark, you’re right! It’s because there is a vacuum in space, and no particles to reflect the Sun’s light from space and into our eyes. ཞེས་བཤད་སྟངས་འདིར་བལྟས་ན་འོད་ཕོགས་ས་ཞིག་ལ་མ་ཕོགས་པར་ང་ཚོའི་མིག་གིས་མཐོང་མི་ཐུབ་ཅེས་པར་བབ་པ་ཡིན་ནམ། ཡང་ན་གང་འདྲ་ཡིན། ཁྱེད་ཀྱི་དགོངས་ཚུལ་གསུང་རོགས།
དྲ་དབང་འདུས་ལགས། ང་ཚོའི་གྲོས་གླེང་འདིར་གྲུབ་འབྲས་ཐོན་བཞིན་འདུག་སྙམ། ཁྱེད་ཀྱི་འདིའི་སྐོར་དགོངས་ཚུལ་གང་ཡིན།
འབུམ་དྲུག་ལགས། ཁྱོད་གང་ང་བུད་སོང་ང་། ཁྱོས་ཟུར་ནས་བལྟད་མོ་མཁན་ངར་བ་ཟིག་རེད་དའ་།
དྲ་གྲོགས་ལགས། སྐུ་ཁམས་བཟང་།
ད་དུང་ཁྱེད་ལ་ཞུ་རྒྱུར། སྲིད་པ་(universe)་ལ་ལོ་དང་རྒྱ་གཉིས་ཐད་ནས་ཚད་ཡོད་པར་བཤད་འདུག ངས་ཞུ་རྒྱུ་ནི་ཚད་དེ་ཡོད་པས་སའི་གོ་ལའི་མཚན་མོ་ནག་པོར་སྒྲུབ་པ་དེ་ལ་རིགས་འགྲོས་ཅི་འདུག་ཞུ་བ་ཡིན། ཚད་ཡོད་རུང་ཡོད། མེད་རུང་མེད། དེ་དག་གི་འོད་སའི་གོ་ལར་ནམ་ཡང་སླེབས་ཀྱི་མེད་ན་དེ་ཡིས་སའི་གོ་ལའི་མཚན་མོའི་ནམ་མཁའི་མདོག་ལ་འགྱུར་བ་གཏོང་བའི་ཆ་རྐྱེན་ཅི་སྤྲོད། ཡང་གཅིག་བཤད་ན་ལོ་ཚོད་དང་རྒྱ་དེ་ལས་བརྒལ་བའི་སྐར་མའི་འོད་སའི་གོ་ལར་སླེབས་ཀྱི་མེད་པ་དེ་སའི་གོ་ལའི་མཚན་གྱི་ནམ་མཁའ་ནག་པོར་འགྱུར་བའི་རྒྱུ་རྐྱེན་དུ་ཅང་འགྲོ་འམ། དེ་ནི་ཨ་རིའི་ཡུལ་ན་མི་རིགས་ནག་པོ་ཡོད་པ་དེ་རྒྱ་གར་ཡུལ་ན་མི་རིགས་ནག་པོ་ཡོད་པའི་སྒྲུབ་བྱེད་དུ་བཞག་པ་དང་འདྲ་བ་ཞིག་མི་འདུག་གམ། ཡང་ན་ཨ་རིིའི་ཡུལ་གྱི་མིའི་འབོད་སྐད་རྡ་སར་མི་གོ་བ་དེ་ལྡི་ལི་ས་ཡི་མིའི་འབོད་སྐད་རྡ་སར་མི་གོ་བའི་སྒྲུབ་བྱེད་དུ་བཀོད་པ་དང་འདྲ་བ་ཞིག་མི་འདུག་གམ།
འོད་གཞན་དངོས་པོའི་ཐོག་ཏུ་ཕོག་ནས་མཐོང་ཞེས་པ་དེ་གཅིག་རེད། དེའི་ཐད་ནས་ཀྱི་བསམ་ཚུལ་ནོར་མི་འདུག འོན་ཀྱང། ཉི་འོད་ཁྱེད་ཀྱི་མིག་ནང་དུ་ཐད་ཀར་དུ་ཕོག་པ་དེར་ཇི་ལྟར་འགྲེལ་ལམ།
འདིའི་ཐད་ནས་མཐོང་ཚུལ་ལ་ཡང། འོད་ཐད་འཕྲོ་དང་ལྡོག་འཕྲོ་གཉིས་ལ་བརྟེན་ནས་བྱུང་ཡོད་ཀི
གཞན་དེར་ད་ལྟ་བསམ་ཚུལ་མེད། རིམ་གྱིས་བགྲོ་གླེང་བྱེད། ཁྱེད་ཀྱིས་འཇིག་རྟེན་གྱི་རྒྱ་སྐྱེད་རང་བཞིན་དང། འཇིག་རྟེན་གྱི་མུ་དང་ལོ། ད་དུང། བུ་ག་ནག་པོ་དང། སྤྱིའི་རྟེན་འབྲེལ་གྱི་ལྟོས་གྲུབ་སོགས་ལ་ཅུང་ཙམ་མིག་བཤེར་རེ་གནང་དང། མཁྱེན་རྒྱ་རེ་བསྐྱེད་ཐུབ་ན་ཐང། གནས་སྐབས་རིང་བདེ་མོ་བྱོས།
དྲ་གྲོགས་ལགས།
ད་ངས་འདི་ལྟར་བསམ་སྟེ། འོད་ལ་མཐོང་ཐུབ་པ་དང་མི་ཐུབ་པ་གཉིས་ཡོད། མཐོང་ཐུབ་པ་ནི་ཚོན་སྣ་བདུན་པོ་དེ་ཡིན། དངོས་པོའི་ཐོག་ཏུ་ཕོགས་པས་འོད་མཐོང་བར་འཇོག་མི་ཐུབ། སའི་གོ་ལའི་རླུང་ཁམས་ཀྱི་ཕྱི་རོལ་གྱི་ཉི་འོད་དེ་མིག་གིས་མཐོང་མིག་གིས་མཐོང་མི་ཐུབ་པ་གང་ཡིན་ད་དུང་ཚོད་ཐིག་མ་སོང་། གཅིག་བྱས་ན་ཉི་མས་ཐུང་རླབས་འོད་infra light་མང་པོ་གཏོང་གི་ཡོད་ཚུལ་བཤད་འདུག་པས་ཕྱིའི་སྟོང་ཁམས་སུ་ཡོད་པའི་ཉི་འོད་དེ་ཐུང་རླབས་ཅན་གྱི་འོད་ཡིན་པ་ཨེ་ཡིན། མ་གཞི་ཡིན་མདོག་མི་ཆེ། གང་ལགས་ཤེ་ན་འོད་ཐུང་རླབས་ཅན་དང་རིང་རླབས་ཅན་འོད་ཡིན་པ་གཅིག་པ་ལས་རྒྱང་ཐག་དང་གནས་ཡུལ་ལ་བསྟུན་ནས་འགྱུར་འགྲོ་རྒྱུ་ཞིག་ཡིན་ཚོད་མི་འདུག
Why can’t we see sunlight in the vacuum outside our atmosphere unless it hit on an object? That is my basic question.
དེ་བོད་སྐད་དུ་བཤད་ནཿ ང་ཚོས་སའི་གོ་ལའི་རླུང་ཁམས་ཕྱི་ལོགས་ཀྱི་སྟོང་ཁམས་ཀྱི་ནང་དུ་ཉི་འོད་དེ་དངོས་པོ་ཞིག་གི་ཐོག་ཏུ་མ་ཕོགས་པར་མི་མཐོང་བའི་རྒྱུ་མཚན་གང་ཡིན། དེ་ངའི་རྩ་བའི་དྲི་བ་ཡིན།
ང་ཚོ་ནང་པའི་ལྟ་གྲུབ་ལྟར་ན། འོད་དང་མུན་པ་གཉིས་གཟུགས་ཅན་ཡིན་མཉམ་མིན་མཉམ་ལ་དང་པོ་དཔྱད་དགོས་འདུག མིའི་མིག་ལ་འོད་ཟེར་གཟུགས་ཅན་ཡིན་ན། མུན་པ་དེ་འུག་པ་ལྟ་བུ་ལ་ཡང་གཟུགས་ཡིན་དང་མིན། ཡིན་ན་མུན་པ་ཡང་གཟུགས་ཅན་དུ་ཐལ། མིན་ན་འོད་ཀྱང་གཟུགས་ཅན་དུ་ཞི་ལྟར་གྲུབ།
དྲ་གྲོགས་ཀ་རྡོ་ལགས། ནང་པའི་གཞུང་ན་གང་བཤད་ཡོད་མེད་དྲ་གྲོགས་དབང་འདུས་ལགས་ལ་དྲིས་ན་མཁྱེན་ཚོད་འདུག ཚན་རིག་པས་འོད་ལ་རྡུལ་གྱི་རིགས་མཚུངས་ཤིག་ཡོད་པ་ལས་རྡུལ་དངོས་སུ་མི་འདོད། ངས་ནི་ཚན་རིག་པས་བཤད་ཚུལ་དག་ལ་ཡིད་ཆེས་མང་བ་བྱེད་ཀྱི་ཡོད། གང་ལགས་ཤེ་ནི་འདི་ནི་ཕྱི་དངོས་པོའི་གནད་དོན་ཞིག་ཡིན་པས་སོ།
འོད་ལ་རྡུལ་ཡོད་ན་མུན་པ་ལ་ཡང་རྡུལ་ཡོད་མི་ཆོག་པ་ཅི་ཡིན་ནམ། ང་ཚོས་ཉིན་མོ་དཀར་ཐིང་ངེ་དང་མཚན་མོ་ཡང་ནག་མཐིང་ངེ་ཡིན་པ་མྱོང་བས་མི་གྲུབ་བམ། མུན་པའི་རྡུལ། འོད་གྱི་རྡུལ། ཡ་ངས་ཅང་མི་ཤེས།
ཀ་རྡོ་ལགས།
དེ་མི་འདྲ། འོད་ནི་དངོས་པོ་ཞིག་ཡིན་པ་དང་། མུན་པ་ནི་གང་དེ་མེད་པ་ཙམ་ལ་འཇོག་པ་ཡིན། འོད་ནི་འཕྲོས་ནས་ཡོང་བ་ཞིག་རེད། མུན་པ་ནི་དེ་མེད་པའི་ཆ་དེ་རེད། དེ་གཉིས་མི་འདྲ་ས་དེ་རེད། ལར་ནས་འོད་ལ་རྡུལ་ཡོད་ཟེར་བ་མིན། འོད་ལ་རྡུལ་འདྲ་བ་ཞིག་ཡོད་ཅེས་བཤད་པ་གོ་མྱོང་།
དྲ་གྲོགས་འཇམ་དཔལ་ཚུལ་ཁྲིམས་ལགས།
ད་འུ་གཉིས་ཀྱིས་གོ་བརྡ་འཕྲོད་ཀྱི་མི་འདུག བཤད་བཤད་པའི་རྔ་མ་ཡང་བཤད་བསྐྱར་བཤད་རེད།
འོད་དངོས་པོ་ཞིག་ལས་འོད་ལྡོག་འཕྲོ་བྱས་པ་ལ་བརྟེན་ནས་མཐོང་བ་དེ་གཅིག་རེད།
གཞན་ཞིག་ནི་ཉི་འོད་ཁྱེད་ཀྱི་མིག་ནང་དུ་ཐད་ཀར་དུ་ཕོགས་པ་བརྟེན་ནས་ཁྱེད་ཀྱིས་མིག་གིས་ཉི་མ་དང་ཉི་ཟེར་མཐོང་གི་ཡོད་རེད། འདི་ཇི་ལྟར་འགྲེལ་ལམ། དང་པོ་འདི་ལ་ལན་གཅིག་འཁྱེར་ཤོག འདི་དངོས་པོ་ཞིག་གི་སྒང་ལ་ཕོགས་པ་བྱུང་བ་མ་རེད།
དྲ་གྲོགས་འབྲོང་བུ་ཟླ་བ་ཚེ་རིང་ལགས། སྐུ་ཁམས་བཟང་།
གོ་བརྡ་མི་འཕྲོད་པ་ཅང་མི་འདུག་སྙམ། ལན་དང་པོ་ནི་ཟླ་འོད་ལྟ་བུ་རེད། ངོ་མ་བཤད་ན་ང་ཚོས་མཐོང་བའི་དངོས་པོ་ཡོད་ཚད་དེ་ལྟར་ཡིན་པར་བསམ་ཡོད། གང་ལགས་ཤེ་ན་དངོས་པོ་དེ་དག་གི་ཐོག་ཏུ་འོད་མ་ཕོགས་པར་དངོས་པོ་དེ་དག་མིག་གིས་མཐོང་མི་ཐུབ་ཅིང་། འོད་ཕོགས་པ་དང་དེ་དག་མཐོང་བ་ནི་དོན་ངོ་མར་དེ་དག་ལས་ལྡོག་འཕྲོས་བྱས་པའི་འོད་དེ་ང་ཚོའི་མིག་ལ་ཕོགས་པ་ཡིན། དཔེར་ན་པར་ཆས་ཀྱིས་དཔར་འདེབས་སྟངས་བཞིན་རེད་སྙམ་ཡོད།
ལན་གཉིས་པ་ལ། བདེན་གི ང་ཚོས་ཉི་འོད་ལ་ཐད་ཀར་བལྟས་ན་ཉི་ཟེར་ང་ཚོས་མིག་ལ་ཕོགས་པས་མིག་གིས་མཐོང་ཐུབ་ཀི དེ་ནི་ཉི་མ་དང་ང་ཚོའི་མིག་དྲང་ཐད་ཁེལ་སྐབས་ཀྱི་གནད་དོན་ཞིག་རེད། འོན་ཀྱང་ཉི་མ་དང་གྲུ་ཚད་༤༠་ནས་༡༤༠་བར་བཞག་ན་སྟེ། ཉི་ཟེར་ཐད་ཀར་ཕོགས་མི་ཐུབ་པའི་ཕྱོགས་སུ་བལྟས་ན་ནག་དུབ་བེར་ཡོད་པ་དེ་གང་ཡིན་ནམ་སྙམ། དེ་ན་ཉི་འོད་མེད་པ་ནི་ཡེ་ནས་མིན།
དྲ་གྲོགས་རྣམ་པ།
དེ་རིང་ནས་བཟུང་བདུན་ཕྲག་གཅིག་གམ་འགའ་ཞིག་གི་རིང་ལ་གུས་པ་དྲ་ཐོག་ཏུ་ཡོང་མི་ཐུབ་པས་ཁྱེད་ཅག་གིས་གྲོས་གླེང་འདི་མུ་མཐུད་པར་ཞུ། རྗེས་མ་མཇལ་ཡོང་།
འཇམ་ཚུལ་ལགས།
འོད་ལ་རྡུལ་འདྲ་བ་ཞིག་ཡོད་སྟངས་ཤོད་དཀའ་བར་མཐོང་སྟེ། དཔེར་ན། ཉི་འོད་ཟླ་དཀར་ཕོག ཟླ་འོད་མེ་ལོང་ལ་ཕོག དེ་མིག་ལ་ཕོག འོད་གཉིས་པ་གསུམ་པ་དེ་ཚོའི་འོད་རྡུལ་འདྲ་བ་ཞིག་ག་འདྲ་ཟེ་འཇོག་ཐུག་ཐུབ་བམ།
དུས་རབས་བཅུ་དགུ་བའི་ནང་། ཚན་རིག་པ་ཕལ་ཆེར་ཞིག་གིས་མཁའ་དབྱིངས་སྟོང་བ་དེ་དངོས་གནས་སྟོང་བ་ཞིག་མ་ཡིན་པར། “luminiferous ether”བར་སྣང་འོད་འགྱེད་ཅེས་པའི་དངོས་པོ་ཞིག་གིས་ཀུན་ཏུ་གཏམས་ཡོད་པར་བཤད་ཡོད། ཚན་རིག་པ་དེ་དག་ལྟར་ན་འོད་རླབས་དེ་བཞིན་སྟོང་དབྱིངས་སུ་དངོས་པོ་དེ་བརྒྱུད་ནས་རྒྱུ་འགྲུལ་བྱེད་བཞིན་ཡོད་པར་གདེངས་འཇོག་བྱས་ཡོད། རིགས་པ་དེ་ལྟར་ན། དངོས་པོ་དེ་ཐོགས་རེག་མེད་པ། མི་མངོན་པ། རང་སྐྱ་ཐུབ་པ་ཞིག་ཡིན་པར་ཡིད་ཆེས་བྱས་འདུག དུས་ཕྱིས་ཨ་ཡིན་སི་ཏྲན་གྱི་དམིགས་བསལ་ལྟོས་བཏགས་ཀྱི་ལྟ་བས་ལྟ་སྟངས་དེ་ཉིད་སུན་ཕྱུངས་འདུག ད་འདི་རེད། ང་ཚོས་མཚན་མོར་བར་སྣང་སྟོང་བའི་དབྱིངས་སུ་ལྟ་སྐབས། འོད་ལྡན་གྱི་སྐར་ཚོགས་མཐའ་ཡས་པ་ཞིག་མཐོང་རྒྱུ་ཡོད་ཅིང་། དེ་དག་ཕལ་ཆེར་ཞིག་འོད་ལོ་ཁྲི་སྟོང་མང་བོའི་ཕ་རོལ་ཞིག་ནས་ཤར་ཡོང་བའི་འོད་སྣང་རེད། དེ་ང་ཚོས་མིག་གིས་མཐོང་ཐུབ་པ་དེ་གནད་འགག་ཅིག་རེད། དེ་ནས་ཕལ་ཆེར་ཚན་རིག་ལྟར་ན་སྤྱིར་བཏང་གི་འོད་དེ་ཁ་དོག་དཀར་བོ་དང་། ཁ་དོག་གཞན་རྣམས་དེའི་ངོ་བོར་གཏིང་གསལ་གྱི་ཚུལ་དུ་ཡོད་པ། འོད་སྣང་ཕོགས་ཡུལ་གྱི་དངོས་པོ་བརྒྱུད། ཁ་དོག་སོ་སོར་འཆར་ཡོང་གི་ཡོད་ཚུལ་ཞིག་བཤད་ཀྱིན་འདུག་ག། དེའང་གནད་འགག་ཅིག་རེད། རགས་པའི་ཉི་འོད་དང་། ཟླ་འོད། མེ་འོད། གློག་འོད་ལྟ་བུ་ང་ཚོ་དཀྱུས་མའི་མིག་གིས་མཐོང་ཐུབ་པ་དང་། འོད་སྣང་དེ་དག་གི་རྡུལ་གྱི་ཆ་དང་། རླབས་ཀྱི་ཆ། ནུས་པའི་ཆ་སོགས་ཕྲ་བ་རྣམས། ང་ཚོས་མིག་གིས་མཐོང་མི་ཐུབ། དེ་ནི་དཔེར་ན། མདུན་ཅོག་རགས་པ་འདི་མིག་གིས་མཐོང་ཐུབ་རུང་། དེའི་ཕྲ་བའི་ཆ་རྡུལ་ཕྲན་དང་། རྡུལ་སྙིང་། རྡུལ་ཤེད། སྐད་ཅིག་རེ་རེའི་འཕོ་འགྱུར་སོགས་། མིག་རྐྱང་གིས་མཐོང་མི་ཐུབ་པ་འདིའང་གནད་འགག་ཅིག་རེད་དྲན་ཡོད།
ཁྱེད་ཀྱི་དགུ་ཚིགས་ཀྱི་སྐོར་ལ་རྟོག་དཔྱོད་ནི་བདག་གི་བློ་ཡུལ་ལས་འདས། འོན་ཀྱང་ང་ཆུང་ངུའི་སྐབས་སུ་གནམ་གྱི་སྒལ་ཚིགས་ཞེས་ཐོས་ཤིང་། མིའི་གཟུགས་པོའི་རྒྱབ་ཀྱི་སྒང་ལ་སྒལ་ཚིགས་ཡོད་པ་ལྟར་ནམ་མཁའ་ལ་ཡང་སྒལ་ཚིགས་ཡོད་ཅེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་བཏགས་པར་སེམས། ང་ཆུང་དུས་ཀྱི་སྣང་བར་ཕྱི་དྲོ་དགོངས་མོར་སྒལ་ཚིགས་དེ་བྱང་ནས་ལྷོར་རྒྱུག་ཅིང་གནམ་ལངས་ལ་༷ཤར་ནས་ནུབ་ཏུ་རྒྱུག་པ་ཞིག་ཏུ་མཐོང་། དེ་ཉིད་ཇི་ལྟར་འབྱུང་བ་དང་། གནམ་གྱི་དགུ་ཚིགས་དང་སྒལ་ཚིགས་ཞེས་པ་གང་འཚམས་པ་ཡིན་ཞེས་དྲི་བ་དང་། གལ་ཏེ་དགུ་ཚིགས་དེ་འཚམས་པ་ཡིན་ན། དེ་ལ་གསལ་བཤད་ཅིག་སྐྱོན་གྲོགས་ཞུའོ། །
འོད་འདི་ཡང་། ནང་དོན་མཚན་ཉིད་རིག་པའི་སྒྲ་ལྟར་སྐལ་མཉམ་གྱི་རྒྱུ་མེད་ཟེར་དགོས་པ་འདྲ། འདི་ནི་འོད་ཀྱི་ཀྱི་དཔྱད་སྟངས་བྱ་ཚུལ་གཞན་ཅིག་ཡིན།
ངས་སྣང་མིན་རྫས་རིགས་ཞེས་པའི་བསྒྱུར་གཞི་དེdark matter, dark energy,ཞེས་བརྗོད་པའི་མིང་དེ་དག་རེད། འདི་ང་ལ་ཡོད་པའི་ཚིག་མཛོད་ལས་རྙེད་མ་སོང་། ཅིག་བྱས་ན་བོད་དུ་བསྒྱུར་མེད་པ་འདྲ། ངས་འདིའི་སྐོར་དབྱིན་ཇིའི་ཚན་རིག་གི་ཚིག་མཛོད་ཁ་ཤས་དང་། གནམ་རིག་འགྲེལ་བཤད་གཉིས་ལྟོ་སྦྱར་ནས་དཔྱད་མཐར། ༼སྣང་མིན་རྫས་རིག༽ཞེས་བརྗོད་ན་དངོས་དོན་དང་འགྲེལ་བའི་སྣང་ཚུལ་ཞིག་སྐྱེས་སོང་།
དེ་བཞིན་milky way galexyཞེས་པའང་། འོ་ལམ་དགུ་ཚིགས་ཞེས་བསྒྱུར་ཡོད། རང་རེའི་ཚིག་མཛོད་འགའ་ནgalexyཞེས་པ་དགུ་ཚིགས་སུ་བྲིས་པར་རང་སོར་བཞག་པ་ཡིན། དགུ་ཚིགས་གནམ་གྱི་སྐ་རགས། ཞེས་པ་དང་། དགུ་ཚིགས་སྐྱ་མོ་ཞེས་པ། སྒལ་ཚིགས། དགུ་ཟི་སོགས་ལའང་བསམ་བློ་གཏོང་དགོས་པར་མངོན་ནོ།།
ངས་གྲོགས་པོ་ཚོར་གླེན་རྟགས་ཤིག་བསྟན། གཟིགས་དང་། dark matter, dark energy, འདི་ནས་རིམ་བཞིན་བེམ་ནག་དང་ནུས་ནག་ཅེས་སྒྱུར། milky way galexy འདི་འོ་འདྲའི་སྐར་གཟུགས། ཞེས་བསྒྱུར་རོ།།
བླུན་པོའི་ལམ་ནས་མཁས་པའི་གོ་འཕང་བརྙེས།།
བརྩོན་པའི་ལམ་ནས་འདི་ཕྱིའི་དོན་ཆེན་སྒྲུབ།།
རིགས་པའི་ལམ་དངོས་པོའི་དེ་ཉིད་འབྱེད།།
རྟེན་འབྱུང་ལམ་ནས་སྟོད་ཉིད་ལྟ་བ་རྙེད།།
ཅེས་པའང་རང་སྐྱོན་འགེབས་པའི་ཆེད་དུ་བྲིས་པའོ།།
དབང་འདུས་ལགས། ངས་dark matter, dark energy,ཞེས་པ་ཚན་རིག་ནང་། འཇིག་རྟེན་གྱི་ཁམས་སྐྱེད་བྱེད་ཀྱི་གཙོ་བོའི་རྫས་དང་ནུས་པ་ཞིག་ལ་འཇོག་གི་ཡོད་ཀྱང་། དེ་དག་རང་ངོས་ན་སྐར་འོད་ལྟ་བུའི་འོད་སྣང་འཕྲོ་ལྡོག་གི་རྣམ་འགྱུར་དེ་འདྲ་མེད་པས། བརྟག་ཆས་ཤུགས་ཆེན་ཇི་འདྲ་ཞིག་གིས་བརྟགས་རུང་། དེ་དག་ངོ་བོ་འདི་འདྲ་ཞིག་རེད་ཅེས་གསལ་བོ་ཞིག་ད་ཕན་མཐོང་ཐུབ་མེད་པར་བརྟེན། རྗས་ནག་དང་ནུས་ནག་ཅེས་ཐད་བསྒྱུར་ལས། རྗས་དང་ནུས་པ་དེ་འདྲ་ཡོད་པ་ཐག་ཆོད་ཀྱང་། ང་ཚོ་ལ་སྣང་མི་ཐུབ་པའི་ཆ་ནས་སྣང་མིན་རྫས་རིགས་དང་སྣང་མིན་ནུས་པ་ཞེས་བསྒྱུར་ན་ཨེ་བདེ་བལྟས་པ་ཡིན། དེ་ལ་མཐའ་གཅིག་གི་ཐག་ཆོད་མེད། དེ་བཞིན་འོ་ལམ་དགུ་ཚིགས་ཞེས་པའང་གནའ་བོའི་རྒུ་རིག་གི་ལྷ་སྒྲུང་དེ་དང་། དགུ་ཚིགས་ཞེས་རང་རེའི་ཚིག་མཛོད་འགའ་ན་དེ་ལྟར་ཡོད་པ་རང་སོར་བཞག་པ་ཞིག་ཡིན། སྤྱིར་ཚན་རིག་སྐོར་གྱི་ཐ་སྙད་མང་བོ་ང་ཚོའི་བོད་སྐད་ནང་མེད་སྟབས། དེ་དག་ཚུལ་བསྒྱུར་རྒྱུ་ཅུང་དཀའ་མོར་འདའ། ངས་འདི་སྐོར་གྱི་ཐ་སྙད་མང་བོ་ཞིག་ལ་འགྲེལ་བཤད་རེ་བཟོས་ནས། ཇི་ལྟར་བསྒྱུར་དགོས་མིན་ཐད་མཁྱེན་ལྡན་རྣམ་པར་དོགས་འདྲའི་ཚུལ་དུ་དྲྭ་ངོས་སུ་འགོད་རྩིས་ཡོད། དགོངས་འཆར་ལྷུག་སྩོལ་གནང་རྒྱུ་མ་བརྗེད་རོགས་ཞུ་བ་ཡིན།
dark matter = སྣང་མིན་རྫས་རིགས། མི་མངོན་པའི་རྫས། བེམ་ནག
dark energy = སྣང་མིན་ནུས། མི་མངོན་པའི་ནུས་པ། ནུས་ནག
milky way galexy = འོ་ལམ་དགུ་ཚིགས།
galexy = དགུ་ཚིགས།
galexy = དགུ་ཚིགས།
milky way galexy = འོ་ལམ་དགུ་ཚིགས།
dark matter = མི་མངོན་པའི་རྫས།
dark energy = མི་མངོན་པའི་ནུས་པ།
དགུ་ཚིགས་ཟེར་བའི་རྒྱུ་མཚན་ནི་ས་ལ་ཉིན་དང་སྲིབ་ཀྱིས་ཕྱེ་བ་དང་དེ་བཞིན་ཕ་རི་དང་ཚུར་རི་ལས་སོགས་རོལ་ཆུ་ཡིས་ཕྱེས་པ་བཞིན། ་གནམ་ལའང་གནམ་གྱི་དགུ་ཚིགས་སྐྱ་བོས་་ཕྱེས་པས་ དེས་ན། དགུ་ཚིགས་ཞེས་པ་ནི་ངོས་ནས་སྔར་མཆན་ཞིག་བཀོད་མོད་ད་ལྟ་རྙེད་མ་སོང། དགུ་ཞེས་པ་ནི་གྲངས་ངེས་ཅན་གྱི་དགུ་ཞིག་མིན་པར་མང་པའི་སྒྲ་སྟེ།་ དཔེར་ན། མི་བྱེད་དགུ་བྱེད། མི་སྨྲ་དགུ་སྨྲ། མི་ཡོང་དགུ་ཡོང།་ དེ་བཞིན་སྐྱེ་དགུ། ་འདོད་དགུ་ལས་སོགས་མང་པའི་སྒྲ་ཡིན་ཅིང་དེ་བཞིན་འདིར་དགུ་ཚིགས་ཞེས་པ་དེ་འང་བར་སྣང་དུ་སྐར་ཕྲན་གྱི་བྱེ་བ་ས་ཡའི་ཕུང་པོ་ཕྱོགས་གཅིག་ཏུ་སྤུངས་པར་དགུ་ཞེས་དང། ཚིགས་ཞེས་པ་ནི་གོང་དུ་ངས་བཤད་པ་ལྟར་མཚམས་འབྱེད་བྱེད་དེ། བོན་གྱི་དཔེ་གཞུང་ལས། གནམ་ལ་གནས་པ་རྣམས་ཀྱི་མངའ་ཐང་སོ་སོར་བསྟོད། དགུ་ཚིགས་སྐྱ་བོས་གནམ་རལ་དྲང་མཚམས་ཕྱེ། སྨད་དུ་ས་བཏིང་ན། ཤར་ས་ཤར་དུ་བདལ། ལྷོ་ས་ལྷོ་རུ་བདལ། ནུབ་ས་ནུབ་ཏུ་བདལ། བྱང་ས་བྱང་དུ་བདལ། ཉིན་སྲིབ་ནི་རོལ་ཆུ་དང་ལམ་གྱིས་ཕྱེས། ཞེས་པས་བསྟན་ཡོད།
འོན་ཀྱང་ཡུལ་ལུང་འགའ་ཞིག་ཏུ་དགུ་ཐིག་ཅེས་འབོད་པས་དེ་ལའང་རྒྱུ་མཚན་གཅིག་མཚུངས་སུ་མཆིས། དགུ་ཐིག་ཅེས་པ་ནི་གནམ་ལ་ཐིག་གདབ་པ་ལྟ་བུར་ཡོད་པས་ན་དེ་ལྟར་བརྗོད་ཆོག་གམ་སྙམས།
ལ་སྟོད་བུའི་དགོངས་འཆར་དག་ངས་སེམས་ན་བཟུང་ཡོད། ཡག་པོ་འདུག ཁྱེད་ཅག་གིས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ་བྱུང་ཞུ་བ་ལགས།
ངས་དགུ་ཚིགས་ཞེས་པའི་དགུ་དེ་སྒལ་དང་སྒུར་ཞེས་པའི་སྒྲ་ཟུར་ཆགས་པར་འདོད། ཐོག་མར་སྐར་ཚོགས་བྱེ་བ་ཕྲག་བརྒྱའི་སྒལ་ཚིགས་ལྟ་བུ་ཞིག་ཏུ་སྣང་བས་སྒལ་ཚིགས་ཞེས་བོས། མི་སྒུར་བོ་ཞིག་གི་སྒལ་ཚིགས་དང་འདྲ་བའི་ཆ་ནས་སྒུར་ཚིགས་ཞེས་ཀྱང་བོས། དེ་ནས་རིམ་བཞིན་སྒུར་ཚིགས་དེ་་དགུ་ཚིགས་ཞེས་པར་འགྱུར་བ་ལོས་ཡིན་བསམས།
དགུ་གཟི་མ་ཡིན་དགུ་ཚིགས་ཡིན།
དགུ་གཟི་ཞེས་པ་ནི་ལ་ས྄ྟོད་པ་སོགས་ཀ྄ྱིས་ས྄ྐད་དུ་རི་ས྄ྤ྄ྱང་ས྄ྔོན་མོ་ངུ་བའི་ཚེ་ས྄ྐབས་རེར་དགུ་གཟི་འམ་དགུ་ཟི་ཞེས་པ་ཞིག་ར྄ྒ྄ྱབ་ས྄ྲོལ་ཡོད། དེ་ནི་རི་ས྄ྤ྄ྱང་ས྄ྔོན་མོའི་བུ་གའི་ས྄ྒོ་དགུ་ནས་ས྄ྐད་ས྄ྣ་ཚོགས་འདོན་པའི་ཆ་ནས་དགུ་ཟིའམ་དགུ་གཟི་ཞེས་བར྄ྗོད་ས྄ྲོལ་ཡོད་འདུག
ས྄ྒལ་ཚིགས་མ་ཡིན་དགུ་ཚིགས་ཡིན།
ང་ཚོས་མཚན་དཀ྄ྱིལ་ནམ་མཁའ་གཡའ་དྭངས་པར་ས་གཞི་ནས་ཡར་ལ྄ྟས་པའི་ཚེ་ན་བ྄ྱང་ངོས་ནས་ལ྄ྷོ་ངོས་སུ་ས྄ྐ྄ྱ་ཤ་རེར་ཐགས་གནམ་དཀར་པོ་འཐེན་པ་ལ྄ྟ་བུ་ཞིག་མཐོང་བ་ལས་ས྄ྒུར་པོའི་དབ྄ྱིབས་ཅན་ཞིག་མཐོང་གི་མེད།
དེ་ཡང་ནམ་ས྄ྨད་ཀ྄ྱི་དུས་སུ་གནས་གཞིར་འག྄ྱུར་ལ྄ྡོག་འབ྄ྱུང་བ་མ་ཟད་ཁ་དོག་ཀ྄ྱང་མི་འད྄ྲ་བ་ཞིག་ཤར་ཡོང་གི་ཡོད།
བསྐྱར་བཅོས།
གློག་ཀླད་ཟ་རོ་འདི་ཡིས་ཡིག་གེ་རྣམས་འཁྲུགས་ཏེ་བཏང་འདུག
༡༠༤༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣ གི་ཆུ་ཚོད་ ༤ སྐར་མ་ ༢༡
དགུ་གཟི་མ་ཡིན་དགུ་ཚིགས་ཡིན།
དགུ་གཟི་ཞེས་པ་ནི་ལ་སྟོད་པ་སོགས་ཀྱིས་སྐད་དུ་རི་སྤྱང་སྔོན་མོ་ངུ་བའི་ཚེ་སྐབས་རེར་དགུ་གཟི་འམ་དགུ་ཟི་ཞེས་པ་ཞིག་རྒྱབ་སྲོལ་ཡོད། དེ་ནི་རི་སྤྱང་སྔོན་མོའི་བུ་གའི་སྒོ་དགུ་ནས་སྐད་སྣ་ཚོགས་འདོན་པའི་ཆ་ནས་དགུ་ཟིའམ་དགུ་གཟི་ཞེས་བརྗོད་སྲོལ་ཡོད་འདུག
སྒལ་ཚིགས་མ་ཡིན་དགུ་ཚིགས་ཡིན།
ང་ཚོས་མཚན་དཀྱིལ་ནམ་མཁའ་གཡའ་དྭངས་པར་ས་གཞི་ནས་ཡར་ལྟས་པའི་ཚེ་ན་བྱང་ངོས་ནས་ལྷོ་ངོས་སུ་ཁལ྄་དོག་སྐྱ་ཤ་རེར་ཐགས་གནམ་དཀར་པོ་འཐེན་པ་ལྟ་བུ་ཞིག་མཐོང་བ་ལས་སྒུར་པོའི་དབྱིབས་ཅན་ཞིག་མཐོང་གི་མེད།
དེ་ཡང་ནམ་སྨད་ཀྱི་དུས་སུ་གནས་གཞིར་འགྱུར་ལྡོག་འབྱུང་བ་མ་ཟད་ཁ་དོག་ཀྱང་མི་འདྲ་བ་ཞིག་ཤར་ཡོང་གི་ཡོད།
འོ་མ་དགུ་ཚིགས་ཀྱི་ཚབ་ཏུ་དགུ་ཚིགས་སྐྱ་མོ་ཞེས་བརྗོད་རུང་ངམ་དཔྱོད། འོ་དང་སྐྱ་མོ་གཉིས་ཀས་ཁ་ཏོག་གཅིག་མཚོན་ཆོག་པ་གང་ཞིག་ལ། དགུ་ཚིགས་སྐྱ་མོ་ཞེས་བོད་སྐད་ནང་ཡོད་ཡོད་པ་རེད། དགུ་ནི་མང་པོའམ་ཚང་མའི་དོན་ཡིན་པས། དགུ་ཚིགས་སྐྱ་མོ་ནི་རྒྱུ་སྐར་ཡོངས་རྫོགས་ཚང་བར་འདས་པའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་པ་དང། ཚུགས་ཞེས་པ་འབྲེལ་མཚམས་ལ་གོ་བས། དགུ་ཚིགས་འདི་བཞིན་སྐར་ཚོགས་མང་པོ་ཕྱི་ནང་བར་གསུམ་ཀུན་ཏུ་འཁྱིལ་ཞིང་འབྲེལ་ནས་ཆགས་པའི་དོན་མིན་འགྲོ།
ནོར་བཅོས།
འོ་ལམ་དགུ་ཚིགས་་་་་་་་་་་་་་་
དགུ་ཚིགས།
གུང་ཚིགས་ཡིན་པ་འདྲ།
རྒྱུ་མཚན་ནི།་་་་་་དགུང་སྔོན་པོ་དང།. ཡང་ནམ་མཁའ་སྔོན་པོ་ཟེར་བ་དོན་གཅིག ཚིགས་དང་མཚམས་དོན་གཅིག་པས།
བཅད་མཚམས་སམ་བར་མཚམས་དོན་གཅིག།
གོ་བདེ་བོར་བཤད་ན།. ནམ་མཁའི་མཚམས་ཐིག་ཟེར།. གདོད་མའིབོད་མིའི་མཐོང་ཚུལ་ཙམ་ལ་རྟེན་ནས་བརྗོད་པའི་སྒྲ་རྗེས་གྲུབ་ཞིག་རེད། ང་རང་ཚོ་ལ་འཕྲུལ་྄ཆ་ནི་མེད།. ཡིན་ན་ཡང་རྗེ་བཙུན་མི་གཡག་རའི་ནང་ལ་བཞུགས་ནས་གཡག་རུ་ཆེར་མ་སོང་། རྗེ་བཙུན་ཆུང་དུ་མ་སོང་བའི་རྣམ་ཐར་ལ་དཔྱད་ན།. རྗེ་བཙུན་གྱི་དངོས་པོ་རྣམས་ཀྱི་འདུག་ལུགས་རེད་ངས་ནི་རྫུ་འཕྲུལ་གང་ཡང་མ་བྱས་སོ་གསུངས་འདུག་་་་་་་་་དོན་དེ་ལ་གསང་བའི་གནད་ཆོས་རྣམ་ཀྱི་འདུག་ལུགས་ཡིན་ན་ལས་ཉོན་གྱི་འཁྲུལ་སྣང་ལ་འདི་ཡིན་དང་འདི་མིན་འོ་རྒྱལ་ཆེ་ལ་ངལ་བའི་རྒྱུ་རུ་མཐོང་།
ང་ཚོའི་དགུ་ཚིགས་ཁོ་ནའི་ཐོག་དུས་ཚོད་འཕྲོ་བརླག་བཏང་ན་རྙིང་པོ་མི་འདུག་བསམ། མིང་གང་བཏག་ལ་ཁྱད་པར་ཆེན་པོ་མི་འདུག
དྲ་གྲོགས་རྣམ་པ། སྐུ་ཁམས་བཟང་།
ད་ང་དྲ་ཐོག་ན་སླེབས་ཡོད། ཁྱེད་ཅག་གིས་བགྲོ་གླེང་མཇུག་སྐྱོང་གནང་བར་བཀའ་དྲིན་ཆེ།
དེ་རིང་ངས་དྲ་ཐོག་འདིར་བགྲོ་གླེང་ལ་ཞུགས་པའི་གྲུབ་འབྲས་དེ་བཤད་ནས་ངའི་དྲི་བ་དེ་འགོད་རྒྱུ་ཡིན།
ངས་དྲི་བ་ནི་འོད་མིའི་མིག་གིས་མཐོང་ཐུབ་བམ་ཞེས་པ་འདི་རེད། ད་སྐབས་འོད་མིག་གིས་མཐོང་བར་བཤད་རྒྱུ་ཡིན་པ་འདྲ་བའི་གསལ་ཆ་ཞིག་བྱུང་སོང་། འདི་ནི་གུས་པ་བགྲོ་གླེང་འདིར་ཞུགས་པའི་གྲུབ་འབྲས་དེ་ཡིན།
འོན་ཀྱང་ང་ནི་དབང་རྟུལ་ཞིག་ཡིན་པས་ངའི་སེམས་ཀྱི་གནོད་བྱེད་གཅིག་ད་དུང་ཁེགས་མ་སོང་། དེ་ནིཿ གལ་སྲིད་ཉི་འོད་མིག་གིས་མཐོང་ཐུབ་ཀྱི་ཡོད་ན་རླུང་ཁམས་ཀྱི་ཕྱི་ལོགས་ཀྱི་བར་དུ་ཡོད་པའི་ཉི་འོད་དེ་ང་ཚོར་ནག་པོར་སྣང་བའི་རྒྱུ་མཚན་གང་ཡིན།
དྲ་གྲོགས་རྣམས་མུ་མཐུད་ནས་བགྲོ་གླེང་ལ་ཞུགས་པར་ཞུ།
དྲ་གྲོགས་ཚོ།
ད་ཨ་གསར་ཡོལ་བ་འདྲ། ངས་ཁྱེད་ཅག་ལ་གནས་ཚུལ་གསར་བ་ཞིག་འབུལ། འདི་ལོའི་ཟླ་༡་ཚེས་༢་ཉིན་ཁེ་ན་ཌའི་བུ་མོ་Kathryn Aurora Gray་ཟེར་བ་རང་ལོ་བཅུ་ཅན་ཞིག་གིས་གསར་དུ་གྲུབ་པའི་སྐར་ཚོམ་ཞིག་གསར་རྙེད་བྱུང་འདུག ཁོ་མོ་འཛམ་གླིང་ནང་སྐར་ཚོམ་དེ་འདྲ་རྙེད་མཁན་ལོ་ཆུང་ཤོས་ཡིན་འདུག
དེ་རིང་ཡང་གནས་ཚུལ་གསར་བ་ཞིག་འདུག Cambridge གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་པ་ཚོས་ཚན་རིག་པས་ད་བར་དུ་མ་རྙེད་པའི་’Missing Link’་ཞེས་པ་དེ་རྙེད་སོན་བྱུང་རབས་ཟེར་། འདི་ནི་ལོ་ཁྲག་ཁྲིག་༣་༧་གྱི་གོང་དུ་བྱུང་བའི་སྦང་ཆེན་(Big Bang)དང་ཆེས་ཐོག་མའི་སྐར་མ་གྲུབ་པ་གཉིས་ཀྱི་བར་ལ་མུན་ནག་གི་དུས་རབས་(Dark Ages)་སུ་འབོད་པའི་དུས་ཚོད་ཅིག་ཡོད་འདུག དུས་ཚོད་དེའི་སྐོར་ལ་ཚན་རིག་པས་ད་བར་དུ་གནས་ཚུལ་གང་ཡང་ཤེས་ཀྱི་མེད་པ་ལ་ད་ལན་གནས་ཚུལ་ཞིག་རྙེད་སོང་ཟེར་། དེ་ཡང་ནག་ཁུང་ཆེན་པོ་ཞིག་ནས་བྱུང་བའི་འོད་ཅིག་རྙེད་ཡོད་པས་དེ་བརྒྱུད་ནས་དུས་སྐབས་དེའི་སྐོར་ལ་གནས་ཚུལ་གསལ་བ་མང་པོ་ཤེས་ཐུབ་པར་འགྱུར་ཞེས་ཟེར།
ཚན་རིག་པ་རྒྱང་འཕེན་ལྟ་གྲུབ་འདི་ལ་གྲུབ་མཐའ་མེད་པ་འདྲ། ཚོད་དཔག་ལས་ཧམཔ་་ཆེ་དྲག་ན་རིགས་པ་འདི་ནས་འཆལ་ཚར་བ་རེད། སེམས་དང་ཀླད་པའི་སྐོར་དང་། འཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ལ་སྦྱང་བརྩོན་དགོས་འདུག
ང་ཚོའི་དགུ་ཚིགས་རག་བཤད་ཙམ་མ་གཏོགས་མི་ཤེས་ཀྱང་། དེང་དུས་ཀྱི་ཚན་རིག་པས་Moonཏེ་ཟླ་དཀར་ནང་ལ་རྒྱལ་ཁབ་ཆེན་པོ་དེ་ཚོས། ང་རྒྱལ་གཏི་མུག་ཀུན་ནས་བླངས་ནས་འགྲན་བསྡུར་གྱིས་ཐེངས་མང་ཕྱིན་ཡང་། ད་དུང་མ་ཚིམས་པར་བསྡད་ཡོད་རེད།
Marsསྟེ་གཟའ་ཆེན་མིག་དམར་ལ་ད་དུང་འགྲོ་འཆར་འདོད་རྔམས་བྱེད་བཞིན་པ་འདི་ནི། ཚན་རིག་པས་མིང་གྲགས་བཟོ་འདོད་ཀྱིས་ཆོ་མེད་གཅིག་ལས་མེད་པ། ཚན་རིག་པ་ཁོང་རང་ཚོས་ཀྱང་ཤེས་པ་དཔེར་ན། གལ་སྲིད་མྰར་ས་ལ་ཕྱིན་ན། ལམ་བར་ཟླ་གྲངས་མང་པོ་འགོར་བ་དང་། གལ་སྲིད་ཕར་ཕྱིན་ནས་ཚུར་འཁོར་བ་ཡིན་ན་ཡང་། འགྲོ་མཁན་ཚང་མ་ཟླ་གྲངས་མང་པོ་སའི་གོ་ལའི་འཐེན་ཤུགས་མེད་པའི་རྐྱེན་གྱིས་རྐང་པ་ས་ལ་འཛུགས་མི་ཐུབ་པ་རུས་པར་སྐྱོན་ཤོར་ནས། རྐང་ཆག་ལག་ཆག་གྱུར་བགྱིན་ཡོད་པ་ཚོད་དཔག་བྱས་ཚར་བ་རེད།
དེས་མདོར་བསྡུས་ནས་འདིར་བརྗོད་འདོད་པ་ནི། ནམ་མཁའ་སྟོང་པར་འགྲུལ་བཞུད་འགྲོ་སོང་འདིས་འཛམ་བུ་གླིང་འདིར་མུ་གེ ནད་གཅོང་དང་། འཁོར་ཡུག་སྲུང་སྐྱོབ་སོགས་ལ་འགྲོ་སོང་མང་བ་ལྷག་པའི་རེ་བ་དང་ལག་ལེན་ལྟར་ཐུབ་པ་བོད་རིགས་ཤེས་ཡོན་པས། མ་བསྐུལ་དྭངས་བླངས་ཀྱིས་ལས་འགུལ་ལ་གང་མང་རེར་བཞུགས་ཐུབ་ན་དགེ་མཚན་ཆེ་བར་མཐོང་།
དྲྭ་གྲོགས་ཚོ་ནང་ཆོས་ལྟར་ན་འཛམ་གླིང་འདི་ཆགས་ཚུལ་དང་། ཆགས་ནས་ལོ་ཅི་ཙམ་སོང་ཡོད་མེད་དང་། ད་དུང་ག་ཚོད་གནས་ཐུབ་མིན་སྐོར་ལ་གསལ་ཐག་ཆོད་ཅིག་གསུངས་རོགས་ཞུ།
མངོན་པའི་གཞུང་ནང་ལ། འཇིག་རྟེན་འདི་མེ་དང་ཆུ་དང་རླུང་གིས་འཇིག་ཚུལ་ཅིག་གསུངས་པའི་ཐད་དུ། མེས་འཇིག་དུས་བསམ་གཏན་དང་པོ་མན་ཆད་དུ་འཇིག་པའི་རྒྱུ་མཚན་ལ་རྟོག་དཔྱོད་མེད་ དང་འདྲ་བའི་རང་གི་ཏིང་ངེ་འཛིན་གྱི་སྐྱོན་དེ་ཡོད་ཀྱང་། འབྱུང་བ་མེ་དེ་ཡང་། དེ་ཡི་བར་དུ་ཁྱབ་ཐུབ་པ་ཅིག་གསུངས་འདུག
ཀ་རྡོ་རབ་བྱམས་པ་ལགས། ཚན་རིག་འདི་ཕྱོགས་མང་བོ་ཞིག་ནས་རྒྱང་འཕེན་པ་དང་ཤིན་ཏུ་འདྲ་བོ་འདུག ཡིན་ནའང་ཚན་རིག་པས་རང་གི་མ་མཐོང་བའམ། མ་ཤེས་པའི་རིགས་ལ་མཐའ་གཅིག་འཛིན་གྱི་དགག་སྒྲ་མི་སྦྱོར་བར། དཔྱད་གཞིའི་གནས་སུ་འཇོག་ཡོང་གི་འདུག་ག དབང་འདུས་ལགས། ནང་བའི་འཇིག་རྟེན་ཆགས་འཇིག་གི་སྐོར་དང་། ནུབ་ཕྱོགས་པའི་སྲོལ་རྒྱུན་ལྟར་གྱི་འཇིག་རྟེན་ལྟ་ཚུལ། ཚན་རིག་གི་འཇིག་རྟེན་ཆགས་འཇིག་གི་སྐོར་སོགས། ང་ཚོས་གཤིབ་བསྡུར་ངེས་པར་དུ་བྱ་དགོས་པ་ཞིག་རེད། ངས་ལྟ་ཚུལ་དེ་དག་གོང་བསྒྲིགས་ནས་དཔྱད་པ་འདྲ་ཞིག་གཏོང་གི་ཡོད། གནས་ཚུལ་ངོ་མཚར་བ་མང་བོ་འདུག རིམ་པས་དྲྭ་ཐོག་ཏུ་འགོད་ཐུབ་པའི་རེ་བ་ཡོད།
ཡ་ཡ། རྔ་པའི་གཤིབ་བརྡུར་སྒུག་ནས་བསྡད་ཡོད་དོ།
གཤིབ་བསྡུར།
རྔ་བ་རྒྱལ་ཁམས་དཔྱད་བསྡུར་རྩོམ་བྲིས་དེ་འབྱོར་བ་དང་། ང་ཚོ་ཡང་སྐྱར་དགུ་ཚིགས་ཀྱི་ཀློང་དུ་ཐིམ་ངེས་ཡིན། ངོས་གནས་དེའི་སྐོར་ལ་ཤེས་འདོད་ཆེན་པོ་ཡོད། དེ་དུས་བོད་ཀྱི་ཤེས་ཡོན་པ་མང་པོས་ཚན་རིག་པའི་བཤད་སྟངས་འགྲེལ་བཤད་གནང་བཞིན་འདུག འོན་ཀྱང་ནང་ཆོས་བཤད་པ་རྣམས་མཐའ་གཅིག་ཏུ་རྫུན་མ་དང་གོ་རྒྱུ་བསྡུར་རྒྱུ་མེད་མཁན་ཞིག་ལ་བརྩི་བཞིན་འདུག མདོར་ན་ནང་ཆོས་དང་ཚན་རིག་གཉིས་ཀས་རྗེས་དཔག་གི་སྒོ་ནས་བཤད་བཞིན་ཡོད་པས་ལུགས་དེ་གཉིས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་སོགས་ཡོང་ངེས་ཡིན། གལ་སྲིད་རྣམ་པ་ཚོས་དེའི་སྐོར་གླེང་སློང་ཉུང་ལ་གོ་བདེ་བ་རེ་བཀོད་ན་གུས་པས་ཀྱང་ནང་ཆོས་དང་མཐུན་བཤད་སྲོལ་ཁ་ཤེས་ལ་ཕན་ཐོགས་བསྐྲུན་ཐུབ་པའི་རེ་བ་ཡོད། གྲོགས་པོ་ཚོ་མྱུར་དུ་མཇལ་ཡོང་།
བཀྲ་ཤིས་བདེ་ལེགས།
དྲ་གྲོགས་ལགས། ནང་ཆོས་ཀྱི་འཇིག་རྟེན་ཆགས་ཚུལ་གསུང་ཚུལ་ཞིག་གང་དུ་ཡོད། མཛོད་སོགས་ན་གང་ཡོད་པ་རྣམས་སྐབས་དེ་དུས་ཀྱི་ཡོངས་གྲགས་ཀྱི་ཧིན་དུ་སོགས་ཀྱི་གཞུང་ན་བཤད་སྲོལ་གང་ཡོད་པ་བརྒྱུད་བཤད་བྱས་པ་ཙམ་མ་ཡིིན་ནམ། དྲ་གྲོགས་ཚོ། ངས་ནང་ཆོས་ལ་བཀུར་འདེབས་བྱེད་པའི་གླེང་མ་འདེབས་རོགས། འདི་༧གོང་ས་མཆོག་གི་དགོངས་པ་དང་མཐུན་པ་ཡིན། ནང་ཆོས་ཀྱི་འདི་དག་གལ་གནད་དུ་བརྩིས་མེད་པས་ནང་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་སྲིད་པ་ཆགས་ཚུལ་ཞིག་མེད་པར་བདག་འདོད་དོ། མདོར་ན་ནང་ཆོས་ནི་འདི་རིགས་ཀྱི་རྣམ་བཞག་གཏན་ལ་འབེབས་ཆེད་དུ་གོ་ཏམ་ལགས་ཀྱིས་གསུངས་པ་མིན་ནོ།
སྔགས་བླ་མེད་ནང་ལ་རླུང་མེ་ཆུ་ས་བྱུང་རིམ་དང་། ཡང་མངོན་པའི་གཞུང་ནང་བསམ་གཟུགས་ཁམས་ཀྱི་འཇིག་རྟེན་ཚན་རིག་པས་མེ་ཐུགས་འཕུར་མདའ་སླེབས་མི་ཐུབ་ས་འགའ་རེ་ཡོད་པས། ནང་ཆོས་ནང་ལ་དངོས་པོའི་གནས་ཚོད་དང་མི་མཐུན་པ་ཐོན་ཡོང་སྙམ་་ནས་འཇིགས་མི་དགོས་སྙམ།
མེ་ཤུགས།
༧དཔྱོད་ལྡན་གྱི་རྩོམ་པ་པོ་འཇམ་དཔལ་ཚུལ་ཁྲིམས་ལགས་ཁྱེད་རང་གིས་བཀོད་གནང་བའི་རྒྱུ་མཚན་དེ་ཡ་མཚན་པོ་རེད།། ཁ་མ་གཏོང་༧སྐྱབས་མགོན་མཆོག་གི་དགོངས་པ་རེད་ཅེས་གསུངས་པ་དེ་ཆོས་ལུགས་ཀྱི་གོས་པའི་གོམས་སྲོལ་ཞིག་ལས། དོན་དངོས་པོའི་གནས་ལུགས་འཚོལ་བའི་གཏམ་ཞིག་མིན་པ་འདྲ། དེ་ལྟར་བཤད་ན་སྐྱོན་ཡོན་ཡོ་བསྲིངས་ཡོང་རྒྱུར་འགོག་རྐྱེན་ཆེན་པོ་ཐེབ་སྲིད། གང་ལྟར་ངས་དྲངས་པོར་ཞུ་ན་འདོད། ཁ་གཏོང་ནའང་ཁྱེད་རང་ཚོས་མཁྱེན། ཡིན་ནའང་དགོངས་པ་མ་འཁྲུགས་ཞུ་རྒྱུ་ཡིན།
ནང་པས་མཁས་པ་དེ་ཚོས་རགས་པ་འཇིག་རྟེན་གྱི་རྣམ་གཞག་དེ་ཚོ་ནོར་བ་ཡིན་ན། ཕྲ་བ་བདེན་བཞིའི་རྣམ་གཞག་དང་། ཚེ་སྔ་ཕྱི་ལས་རྒྱུ་འབྲས་དེ་ཚོ་ནོར་ཡོད་པ་བཤད་ཅི་དགོས། འདི་དག་ཧིན་འདུ་བའི་རྗེས་སུ་འབྲངས་པ་ཙམ་མིན་པར་འཇིག་རྟེན་ཆགས་གནས་འཇིག་སྟོང་གི་རྣམ་གཞག་དེ་མདོའི་ནང་དུ་ཡོད་པ་མ་ཟད། རྗེས་ཀྱི་མཁས་པ་དབྱིག་གཉེན་གྱི་མཛོད། ཟླ་གྲགས་ཀྱི་ཕུང་ལྔའི་རབ་བྱེད་སོགས་དང་། ད་དུང་སྔགས་དང་རྒྱུད་གཞུང་༼དུས་འཁོར་ལྟ་བུ༽རྣམས་སུ་དེ་ལས་ཀྱང་མང་། དེ་ཐམས་ཅད་ནོར་ཞེས་བཤད་ན་སྙིང་ཁམས་ཆེ་བ་མ་ལགས་སམ། ནང་པའི་གཞུང་དུ་ཕྱི་རོལ་པའི་འདོད་པ་ནོར་འཁྲུལ་གྱི་རིགས་རྣམས་རེ་རེ་བཞིན་དུ་འགོག་བཞིན་པ་ལ། འཇིག་རྟེན་ཆགས་གནས་འཇིག་སྟོང་རྣམ་གཞག་འདི་སོར་བཞག་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ལས་གཞན་ཞིག་བཤད་མ་ཤེས་པ་རེད་དམ་ཡང་ན་དེའི་སྐོར་ལ་ནོར་འཁྲུལ་ཞིག་འཁོད་དགོས་པའི་རྒྱུ་མཚན་ཞིག་ཡོད་པ་ཡིན། མ་ཟད་ཧིན་འདུའི་གཞུང་དུ་འཇིག་རྟེན་གྱི་རྣམ་གཞག་བཤད་པ་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་ན་ནང་པའི་བཤད་པ་དང་ཆེས་མི་མཐུན། དེས་ན་ནང་པས་ཧིན་འདུ་བའི་གཞུང་ལ་དཔེ་ལེན་སའི་མ་དཔེ་དེ་ནུབ་ཟིན་པའམ་ཡང་ན་ང་རང་གིས་མ་མཐོང་བ་གང་ཡིན་མ་ངེས་པའི་གནས་སོ།།
འོན་ཀྱང་གདུལ་བྱ་དྲངས་པའི་དགོས་པ་ཡོད་པ་ནི་དེ་དེ་བཞིན་ནོ། ཚན་རིག་པའི་རྗེས་སུ་འབྲངས་སྔ་མ་གནང་། ཚན་རིག་པའི་རྣམ་གཞག་དང་བསམ་ཚུལ་རྣམས་ལོ་རེ་བཞིན་འགྱུར་ནས་འགྲོ་བ་ཡིན།
སྔོན་གྱིས་མཁས་གྲུབ་དེ་ཚོར་ཟག་བཅས་ཟག་མེད་ཀྱི་མངོན་ཤེས་གང་རུང་ལ་བརྟེན་ནས་གཏན་ལ་ཕབ་པ་ཡིན་ལས་ཆེ། དེ་ལྟར་ཡིན་ན་ཕལ་ཆེར་ནོར་འཁྲུལ་ཡོང་རྒྱུའང་ཁག་པོ་རེད། གལ་སྲིད་སོ་སོས་འཛམ་གླིང་ཆགས་གནས་འཇིག་སྟོང་གི་རྣམ་གཞག་ནང་ཆོས་ནས་བཤད་པ་དེར་རྒྱུ་མཚན་ཡང་དག་ཅིག་མ་རྙེད་ཀྱང་། ལྡོག་ཕྱོགས་ཀྱི་རྒྱུ་མཚན་གཏན་འཇགས་ཤིག་མ་བརྙེད་བར་དུ་བརྟགས་ཤིང་དཔྱད་པའི་གཞི་རུ་བཞག་ན་ལེགས་པར་སེམས།
འོན་ཀྱང་ངས་ཚན་རིག་པས་བཤད་པ་དང་ནང་ཆོས་ནས་བཤད་པ་གཉིས་ལ་འགལ་བ་ཆེན་པོ་ཞིག་ཡོད་པར་མི་སེམས་ཤིང་། གཅིག་ཁས་ལེན་ན་གཅིག་དོར་དགོས་པའི་རྒྱུ་མཚན་རྣམ་དག་ཅིག་མ་བརྙེད། དེར་བརྟེན་འདིའི་སྐོར་ལ་བགྲོ་གླེང་གནང་བར་བསྐུལ་པ་ཡིན། རྔ་བ་རྒྱལ་ཁམས་པའི་དཔྱད་བསྡུར་གྱི་ཡིག་རྩོམ་ཞིག་འཁོད་ལ་ཉེ་བས་དེ་བསྒུགས་ནས་ཡོད།
རིགས་རྩེད་གྲོགས་པོ་ཚོ་མུ་མཐུད་ནས་མཇལ་ཡོང་། འོན་ཀྱང་གུས་རང་ལ་ལས་བྲེལ་ཆེ་བས་མཚམས་མཚམས་སུ་ལན་འབུལ་ལོང་མེད་པ་ཆགས་སྲིད་ལགས།
མཐོང་བ་མངོན་གྱུར་འཇིག་རྟེན་རྣམ་གཞག་ལ།།
ནོར་བའི་བློ་ཅན་སྔོན་བྱོན་མཁས་གྲུབ་ཚོས།།
ཤིན་ཏུ་དཔོག་དཀའ་ཕྲ་ཞིང་ཟབ་པའི་དོན།།
ཚུལ་བཞིན་བསྟན་པར་འདོད་པའང་འཕྱང་མོ་ཉུག།
ཅོལ་ཆུང་ལང་ཤོར་བྱིས་པའི་སྤྱོད་པ་བཞིན།།
གང་ཞིག་མོས་པ་དེ་ཡི་རྗེས་འགྲོ་ཞིང་།།
མི་འདོད་དངོས་པོ་རིང་དུ་དོར་བ་དེ།།
འཛམ་གླིང་སྤྱི་མཐུན་སྐྱེས་བུའི་སྤྱོད་པ་ལགས།།
འོན་ཀྱང་དཔྱད་པའི་ཁུར་ཆེན་ལེན་འདོད་ན།།
གྲགས་དང་གཏམ་གྱི་རྗེས་སུ་མི་འབྲངས་བར།།
རྣམ་དཔྱོད་རིག་པའི་འཁྲུལ་ཐབས་ལ་བརྟེན་ནས།།
བདེན་དོན་གཏན་ལ་འབེབ་པ་མཁས་པའི་སྲོལ།།
དེ་བཞིན་དུ་ཀ་རྡོ་རབ་འབྱམས་པ་མཆོག་ལའང་དཔྱད་གཞི་ལེགས་པོ་གནང་རྒྱུ་ཡོད་པ་འདྲ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ང་ཚོས་བརྗོད་གཞིའི་འདིའི་སྐོར་གླེང་ཚེ་ཕན་ཚུན་གཅིག་གིས་གཅིག་ལ་དཔྱོད་ཤེས་དང་རྒྱུ་མཚན་འཚོལ་ཤེས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། མ་ཟད་གནས་ཚུལ་གང་ཞིག་ཡིན་རུང་ཞེད་སྣང་ཕྱོགས་ཞེན་གྱི་དྲྭ་བར་བཙན་གྱིས་མི་འཇུག་རྒྱུ་གལ་ཆེ། དེ་ལྟར་མ་བྱུང་ཕྱིན་ཆོད་གྲུབ་མཐའ་ཙམ་ལས་བདེན་དོན་ནམ་བསམ་ཚུལ་དངོས་གནས་དེ་དམར་རྐྱང་འདོན་མི་ཐུབ།
ནང་ཆོས་ནི། ནང་སེམས་འདུལ་བའི་ཆེད་དུ། གསུང་གང་རང་རུང་བ་དེ་ཡི་ཆེད་དུ་བྱ་བའི་གདུལ་བྱའི་དོན་དུ་གསུངས་པས་ན། གསུང་ཚད་ཐམས་ཅད་དངོས་པོའི་གནས་ཚོད་དང་མཐུན་པས་ངེས་པ་མེད། དེས་ན་དྲང་དོན་ངེད་དོན་གྱི་རྣམ་གཞག་ཅིག་ཡོད་པ་རེད།
ཕྱི་ཡི་འཇིག་རྟེན་བཀོད་འདི་ཕྱི་རེད། འདིས་ཉོན་མོངས་སྐྱེ་མི་རྐྱེན་དང་། བྱམས་པ་སྙིང་རྗེ་འཕེལ་མི་འཕེལ་གཞི་མིན་ཙང་ཐམས་ཅད་གསུངས་དགོས་དོན་མེད། འོན་ཀྱང་བསྐལ་པ་ལ་སྒྲོན་བསྐལ་མུན་བསྐལ་གསུངས་ཡོད་པ་དེས་ཀྱང་ཤེས་ཐུབ་པ་དང་། བསྐལ་ཆེན་གྲངས་མེད་ཟེར་བའི་ནང་གི་བསྐལ་པ་གཅིག་མི་ལོ་ག་ཚོད་རྩིས་དགོས་སམ་སོགས་ཀྱིས་ཚན་རིག་དང་དཔྱད་གཤིབ་བྱེད་དཀའ་བར་མཐོང་། ཡ་འདི་རིང་འདི་ཙམ་ཡིན།
་་་སྐྱེ་མི་སྐྱེའི་་་་་
ཀ་རྡོ་རབ་འབྱམས་པ་ལགས་འཇིག་རྟེན་འདི་ཆགས་གནས་འཇིག་སྟོང་གི་ལོ་གྲངས་རྟོགས་པ་བསྐལ་ཆེན་གྲངས་མེད་ཀྱི་ལོ་གྲངས་རྟོགས་མི་དགོས་ཤིང་། འཇིག་རྟེན་འདི་ཆགས་གནས་འཇིག་སྟོང་གི་ཡུན་ལ་བསྐལ་ཆེན་གཅིག་ལས་མེད་པས། བསྐལ་ཆེན་དེ་ལ་བར་བསྐལ་བརྒྱད་ཅུ། བར་བསྐལ་རེ་ལ་ཡ་ཐོག་རིང་མོ་དང་། མ་ཐོག་རིང་མོ། བར་གྱི་ཁུག་པ་བཅོ་བརྒྱད་སོགས་བརྩི་ཚུལ་མང་པོ་ཞིག་མཛོད་སོགས་ན་གསལ་མོད། དེ་འདྲའི་བརྩི་ཚུལ་དེས་ཚུལ་བཞིན་བརྩི་མི་མི་ཐུབ་པ་ལགས་སམ།
དེ་བཞིན་དུ་ཉིད་ཀྱི་གསུངས་ཚུལ་དེས་སངས་རྒྱས་ཀྱིས་དྲང་དོན་དུ་གསུང་ཞེས་པ་དང་། སངས་རྒྱས་ཀྱིས་རྫུན་བཤད་ཅེས་དོན་གཅིག་ལ་སྦྱར་བ་ལྟ་བུའི་ཚོར་སྣང་སྤྲད་བྱུང་། དྲང་དོན་ཞེས་པ་དངོས་པོའི་གཤིས་མཐར་ཐུག་པ་མིན་པར་གནས་སྐབས་གདུལ་བྱ་ལ་ལམ་ལ་དྲངས་བའི་ཆེད་དུ་གསུངས་པ་ཡོངས་རྫོགས་དྲང་དོན་ཡིན་པར་རྒྱ་བོད་ཀྱི་མཁས་པ་བརྒྱ་བརྒྱད་ཅུ་ཙམ་གྱིས་ཞལ་འཆམས་པ་ཡིན། འོན་ཀྱང་དྲང་དོན་གྱི་སྒྲའི་དངོས་ཟིན་གྱི་བརྗོད་བྱ་ལ་ཚད་མས་གནོད་པ་ཡོད་དགོས་པར་འདོད་པ་ཁ་ཅིག་ཡོད་མོད། ཉིད་ཀྱང་དེ་ལྟར་གནང་བཞིན་པ་ལགས་སམ།
ད་ནི་ང་གཉིས་ཙམ་ལས་རྩོམ་འདི་རྒྱུན་སྐྱོང་མཁན་མེད་པར་གྱུར་པ་འདྲ་བས་རེ་ཞིག་སྐུ་གཟུགས་བདེ་བར་བཞུགས་རོགས།
དབང་འདུས་ལགས།
བསྐལ་ཆེན་དེ་ལ་བར་བསྐལ་ བརྒྱད་ཅུ། བར་བསྐལ་རེ་ལ་ཡ་ཐོག་རིང་མོ་དང་། མ་ཐོག་རིང་མོ། བར་གྱི་ཁུག་པ་བཅོ་བརྒྱད་སོགས་བརྩི་ཚུལ་མང་པོ་ཞིག་མཛོད་སོགས་ན་གསལ་མོད།
གསུངས་པ་བདེན་ན་ཡང་། ང་ལ་སྣོད་ཀྱི་ཚེ་ཚད་དང་ཕར་ཞོག བཅུད་ཀྱི་སེམས་ཅན་སྤྱི་དང་། དཔེར་ན། མིའི་ཚེ་ཚད་ལ་ཚེ་ལོ་དཔག་མེད་དང་། བརྒྱད་ཁྲི་དང་། ཉི་ཁྲི་སོགས་བློ་ལ་འཆར་དཀའ་སེ་འདུག
རྒན་བློ་གྲོས་བློ་བཟང་བསོད་ནམས་ལགས་དང་། ངེད་གཉིས་ཀྱིས། ཉིན་གཅིག་དེབ་སྔོན་ནས་བཤད་པ་གཞིར་བཞག་ནས། ཤྰཀྱའི་སྔོན་གྱི་རྒྱལ་རབས་སྟོང་ཕྲག་མང་པོ་དེ་ཚོའི་དཀྱིལ་ནས། སངས་རྒྱས་གསུམ་པ་འོད་སྲུངས་སྐབས་ཀྱི་རྒྱལ་པོ་ཀྲི་ཀྲིའི་སྐབས་ནས། རྒྱལ་པོ་ཟས་གཙང་མའི་བར། རྒྱལ་པོ་རེར་ལ་མི་ལོ་༤༠རེར་བཞུགས་པའི་ཆ་མཉམ་རགས་རྩིས་ཅིག་བྱས་དུས། ལྷའི་བུ་དམ་བུ་དམ་པ་རྟོགས་དཀར་པོ་དེའི་ཚེ་ཚད་དེ། མཛོད་ལས་གསུངས་པ་ལྟར་དགའ་ལྡན་པའི་ལྷའི་ཚེ་ཚད་དང་མཚམས་པ་ཞིག་བྱུང་སོང་ཡང་། སངས་རྒྱས་འོད་སྲུངས་དང་རྒྱལ་པོ་ཀྲི་ཀྲི་ཡི་ཚེ་ཚད་དེ། ཉི་ཁྲི་ལྷག་ཡིན་ན། ང་ཚོས་སྒྲུབ་འབྲས་འདི་ཡང་ཐོར་འགྲོ་བགྱིད་འདུག ཁྱེད་རང་ཚོས་ཡང་བསྐྱརཅིག་རྩིས་རོགས་ཞུ་རྒྱུ་བཅས།
བརྗོད་གཞི་རྙིང་བ་འདིའི་ཐོག་ལ་བསམ་ཚུལ་གསར་ཞིག་འདྲི་འདོད་བྱུང་། དེ་ནི་ང་ཚོ་ནང་བ་ཚོས་མ་ནི་འཁོར་ལོ་གཡས་ལ་སྐོར་བ་དང་། དགོན་པ་ལྷ་ཁང་དང་མཆོད་རྟེན། ཡང་ན་བསང་ཁྲི་སོགས་ལ་གཡས་སྐོར་དུ་འགྲོ་དགོས་པའི་ལུགས་སྲོལ་འདི། གཅིག་བྱས་ན་ཉི་ཁྱིམ་གྱི་འཁོར་འགྲོས་དང་རྟེན་འབྲེལ་སྒྲིག་པ་ཞིག་ཡིན་ནམ། དཔེར་ན་གཟའ་སྐར་བརྒྱད་རྣམས་ཉི་མའི་མཐའ་ལ་གཡས་སྐོར་དུ་རང་འཁོར་བརྒྱག་བཞིན་འགྲོ་བ་སེམས་ཅན་འཚོ་གནས་བྱེད་སའི་ཉི་ཁྱིམ་ཆགས་ཤིང་གནས་ཡོད་འདུག དེའི་ཕྱིར་ང་ཚོ་ནང་བ་སངས་རྒྱས་པས་གཡས་སྐོར་ནི་འགུལ་བསྐྱོད་ཀྱི་ནང་ནས་འགུལ་བསྐྱོད་གྲུབ་འབྲས་བཟང་པོ་སྦྱིན་མཁན་ཞིག་ཡིན་པའི་ཡིད་ཆེས་བྱེད་བཞིན་པ་འདི། ཉི་ཁྱིམ་ཆགས་སྟངས་དང་གཟའ་སྐར་གྱི་འཁོར་བགྲོས་སོགས་རང་བྱུང་ཁམས་ཀྱི་གནས་ལུགས་དང་རྟེན་འབྲེལ་བསྒྲིགས་པ་ཞིག་ཡིན་སྲིད་དམ། དེ་འདྲ་ཡིན་ན་ནང་བ་ཚོས་སྔ་མོ་ནས་ཉི་ཁྱིམ་གྱི་ཆགས་ལུགས་དང་གཟའ་སྐར་གྱི་རྒྱུ་ལུགས་སོགས་རྟོགས་ཡོད་པ་མ་ཟད། རང་བྱུང་ཁམས་ཀྱི་གནས་ལུགས་དེ་དང་མཐུན་པར་ཕྱག་སྐོར་སོགས་ཀྱང་གཡས་སུ་འགྲོ་དགོས་པའི་ཆོ་ག་སྣ་ཚོགས་ཀྱང་སྤེལ་ཡོད་བཅས་ལབ་བརྒྱབ་ན་ག་འདྲ་ཡིན་ན། མ་གཞི་ཉི་ཟླ་གཟའ་སྐར་གྱི་སྐོར་སྐར་རྩིས་ནང་ཡོད་པ་རེད་དེ། འདིར་ཤེས་འདོད་པ་ནང་བ་ཚོས་གཡས་སྐོར་བྱས་ན་དགེ་བ་ཡོད་པ་དང་། རྟེན་འབྲེལ་བཟང་པོ་ཞིག་ཏུ་བརྩི་དོན་འདི་ཡིན་ནམ་བསམ་ནས་དྲིས་པ་ཡིན།