རི་ཤོར།
རྟ་རྒན་ཞོན་ནས་རི་མྱུལ་བྱས་ནི་ད།།
ཁྱི་རྒན་ཆ་བོས་ང་རང་ཤེས་སོང་ངེས།།
རྔ་མ་གཡུགས་སེ་གཡུགས་སེ་བསྡད་འཇོག་གི །
ལྕགས་རྡོ་མགོ་ལ་མ་བསྐོར་དགེ་བ་ཟིག །
གཡག་རྒན་ཞོན་ནས་ཕོ་མྱུལ་སོང་ནི་ད།།
རོགས་ལོ་ཆ་བོས་ཡིན་ནོ་ཤེས་སོང་ཟིག །
གདན་དང་མལ་ཆས་ཁྱེར་ནས་ཐོན་འཇོག་གི །
ཕ་རྒན་བདའ་ནི་མེད་ལ་དགེ་བ་ཟིག །
རྩོམ་ཡིག་འཁྱར་མ་འཁྱོར་བོ་བྲིས་ནི་གི །
དྲ་བའི་སྒོ་ཁ་འགྲིམས་ནས་སོང་ནི་གི །
རི་ཤོར་བཟས་ན་ཀུན་གྱིས་ཤེས་སོང་ངེས།།
རྩོམ་ཡིག་ནང་ལ་འཇུག་དུས་དགེ་བ་ཟིག །
དབྱིན་སྐད་ཐ་རེ་ཐོར་རེ་བཤད་ནི་གི །
ས་ལེ་འཁྲབ་རྒྱུའི་གོ་སྐབས་ལོན་ནི་གི །
སྐྲ་ལོ་རིང་པོ་དབྱིན་མོས་རིག་སོང་ན།།
ཚུར་ལ་ངང་གིས་འཁོར་དུས་སྐྱིད་པོ་ཟིག །
དྲ་བའི་དྲ་འབུ་ཡིན་པའི་བཀའ་དྲིན་གི །
ངོ་དེབ་ལ་སོགས་དྲ་མང་མྱུལ་ནི་གི །
དྲ་གྲོགས་སྟོང་ཕྲག་མང་པོས་བསྐོར་དུས་ན།།
འདྲ་མིན་ལབ་གླེང་བྱེད་དུས་སྐྱིད་པོ་ཟིག །
སྦྱིན་བདག་ཨ་རིར་ཡོད་པའི་བཀའ་དྲིན་གྱིས།།
སྡུག་མོལ་སེམས་ནས་བཏོན་པའི་འབྲས་བུ་གི །
སྒོར་རྡོག་འགའ་རེ་ལག་ལ་ཐོན་འཇོག་གི །
ཇ་ཁང་ཆང་ཁང་འགྲིམས་དུས་སྐྱིད་པོ་ཟིག །
༢༠༡༣་ ༩་ ༢༧ ཉིན་བྲིས།
(རི)་མྱུལ་འདི་རུ་མྱུལ་ཡིན་ན་ཐང་། ཤེས་སོང་(ངེས)་འདི་ཤེས་སོང་ངས་ཡིན་རྒྱུ་རེད། རྩོད་པ་རྒྱག་པར་འདོད་ན་ལན་བཞག། དེ་མིན་ན་ཁྱོད་ཡར་རྒྱས་ལ་སོང་། ཡང་མིན་ན་ང་ཡར་རྒྱས་ལ་ཐོང་།
རི་ཤོར་འདིའི་རྩོམ་ཡིག་ལ་བལྟས་ན་རི་ཤོར་ངོ་མ་དེ་རེད་མི་འདུག
ཁྱེད་རི་ཤོར་རྫུམ་ཞིག་རེད་ལགས།