རྔ་བ་ཀུན་བཟང་།
དགུན་གཞུང་དེར།
ཅི་འདྲའི་སྡུག་རྩུབ་ཆེ་ཨང་།
མངར་བསྐྱུར་གྱི་ཚོར་པ་མེད་པའི་དགུན་གཞུང་།
སེམས་ཚོར་གྱི་དགའ་སྐྱོ་མེད་པའི་གྲང་རླུང་གིས།
ངས་ཁ་སང་ལྟ་བུའི་དྲོད་ཁོལ་སྒོམ་བཞིན།
སང་ཉིན་ལྟ་བུའི་དབྱར་ཁ་དྲན་ཞོར།
དགུན་གསུམ་གྱི་གྲང་རླུང་གི་ཁ་གཏད་དུ་འགྲེང་ཞོར།
སེམས་ཚོར་གྱི་སྨྱུ་གུ་ལྷོད་ཀྱིས་བསྐོར།
ཡ་ང་མེད་པས་དགུན་གཞུང་།
ཅི་འདྲའི་སྡུག་རྩུབ་ཆེ་ཨང་།
སྡུག་རྩུབ་དེས་ ང་གཅར་བྱུང་ལ།
སྡུག་རྩུབ་དེས་ཁྱོད་ཀྱང་གཅར་ཡོད་པ་འདྲ།
གང་ལྟར།
ཟླ་འོད་རྟ་སྔ་ལས་འཕྲ་བའི་དེ་རིང་།
ཉི་ཟེར་ཡལ་བའི་ཁོར་ཡུག་དེ་སྔར་ལས་གྲང་བས།
ངས་རང་ཉིད་ལ་དབང་བའི་ཁོར་ཡུག་ཆུང་ཆུང་དེ་ནས།
དྲོད་ཁོལ་མ་ཡལ་བའི་ཁྱིམ་གཞི་དྲོན་མོ་དྲན་བཞིན་ཡོད།
༢༠༡༤ ༡ ༨ ཉིན་བྲིས།
རྣམ་ཀུན་ཨ་མདོ་བས་་་་པ་ཡི་ཚབ་དུ་བ་ཞེས་འབྲི་སྲོལ་ཞིག་ཡོད་འདུག་་་་དེས་ན་རྒན་ལ་དགས་པས་ཀྱང་རྣམ་ཀུན་དེ་རིགས་ལ་ཚོགས་གཏམ་གཏོང་བཞིན་ཡོད་་་་འོན་ཀྱང་དེ་རིང་་་་རྔ་བའི་བུ་མོས་་་་ཚོར་བ་ལ་་་་ཚོར་པ་་ཞེས་བྲིས་འདུག
ཁྱིམ་གཞི་་་་་་་ཁྱིམ་གཞིས་་་ཞེས་འབྲི་དགོས་པ་མིན་ནམ་་་
དགོངས་དག་བུ་མོས་སྙན་ངག་སྙན་མོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ་ཞུ་འདོད་བྱུང།