དགུན་གྱི་མེ་ཏོག ། Posted on 2012-12-13 By ཁ་བརྡ་ 18 Comments on དགུན་གྱི་མེ་ཏོག ། སྐྱོ་བྲག་དགའ་དབང་། རང་རེ་གངས་ཅན་མཐོ་སྒང་པ་ཚོའི་བློ་ངོར་མེ་ཏོག་པདྨ་དགུན་ཡང་སྐྱེ་བ་ངོ་མཚར་དུ་གྱུར་མོད། ཁོར་ཡུག་ཚ་བའི་ལུང་པ་རྣམས་སུ་དུས་བཞིར་མེ་ཏོག་འདྲ་མིན་སྐྱེ་བཞིན་ཡོད་ཕྱིར་དགུན་གྱི་མེ་ཏོག་མཐོང་ཡང་ངོ་མཚར་དུ་བརྩི་རིན་ཡོད་པ་ཞིག་མིན། ཉེ་དུས་སྒ་སྐྱེ་དགུ་མདོར་མེ་ཏོག་སྔོན་པོ་ཞིག་ལ་སྐྱ་སེར་ཁྱད་མེད་ཀྱི་མི་མང་འཚང་ཁས་མཇལ་ཕྱག་བྱེད་ཀྱིན་པ་ནི་མཐོང་ཐོས་རྒྱ་ཆུང་བའི་གྲོང་གསེབ་པ་རྣམས་ཀྱི་ནང་མཚང་ཕྱིར་མངོན་པ་སྟེ། དྲན་འཕྲུལ་ཆེ་བའི་མི་ཞིག་གིས་མི་མང་འུར་སློང་ཆེད་བཟོས་པ་ཡིན་སྲིད་ལ། གལ་ཏེ་སྐྱེས་ངེས་པ་ཡིན་ནའང་ངན་ལྟས་ཡིན་སྲིད་པ་སྟེ། དེང་གི་ཁོར་ཡུག་བརྟགས་དཔྱད་པ་རྣམས་ཀྱིས་ཚ་དྲོད་ཆེ་རུ་སོང་བས་དབྱར་དགུན་སྟོན་དཔྱིད་འཁྲུགས་ཏེ་འཛམ་གླིང་ཉམ་ང་བར་འགྱུར་བར་བཤད་པ་དང་མཐུན་ཅིང་། མདོ་སྡེ་མིག་བཅུ་གཉིས་པ་ལས། དུས་མ་ཡིན་པར་བཟའ་ཤིང་ལས་མེ་ཏོག་དང་འབྲས་བུ་སྐྱེ་ན་རྒྱལ་པོ་དང་། ཡུལ་མིར་བཅས་པས་ཡུལ་བོར་བར་འགྱུར། ཞེས་ཀྱང་གསུངས་སོ། ། གསར་འགྱུར།
དེ་ལྟར་ད་དུང་ཀླད་པ་རྙིང་པར་བག་འཁུམས་ནས་གང་ཡིན་འདི་ཡིན་གྱིས་བརྟག་དཔྱད་ཙམ་ཡང་མེད་པར་རྣམ་རྟོགས་གི་འདྲེ་རུ་འབོད་པ་ནི་མི་འོས་པ་ཞིག་སྟེ་་་་་་ཡང་གཅིག་བཤད་ན་དེ་ནི་ལྟས་བཟང་ཞིག་ཡིན་ནའང་ཅེས་མ་ཆོག་་་་་་་ མདོ་སྡེ་ཟ་མ་ཏོག་ན་དེ་ལྟར་གསུང་ཡོད་ནའང་དུས་སྐབས་དེ་ལ་དམིགས་པ་ལས་་་་་མ་འོངས་པར་ཞེས་གསུངས་ཡོད་རྒྱུ་མ་རེད་འདོད་ མ་ཟད་ཡོད་ཚད་ཆོས་ལུགས་གྱི་དེབ་རྒན་ལ་མགོ་གཏུགས་དེ་བསམ་བློ་བཅུམས་བསྡད་ན་་་་་ང་ཚོ་དུས་ནམ་ཞིག་རྣམ་རྟོགས་ཀྱི་འཆིངས་རྒྱ་ལས་གྲོལ་ཐུབ་བམ་་་་་་ འདི་ནི་དུས་རབས་ཉེར་གཅིག་པ་རེད་གཉིད་ལས་སད་ན་རེད་་

དེང་དུས་གནམ་གཤིས་འགྱུར་བ་དང་འབྲེལ་བ་ཡོད་སྲིད། འོན་ཀྱང་། དེ་ཡང་མཐའ་གཅིག་ཏུ་བདེན་པ་ཡིན་པ་སུས་ཤེས་ཐུབ། ཞིབ་འཇུག་དང་ཚོད་ལྟ་བྱས་མེད། ཚ་བ་དང་འབྲེལ་བ་ཡོད་པ་ནི་ཤིན་དུ་འབྲེལ་བ་ཆེ། ཚ་འདྲོད་མེད་ན་མེ་ཏོག་སྐྱེ་མ་ཐུབ་པས་སོ། བོད་པ་རྣམས་རྒྱུན་དུ་རྟགས་དང་མཚན་མ་ཟེར་བ་འདི་གལ་ཆེར་བརྩི་སྲོལ་འདུག་པས། དེ་ཡང་རྟགས་བཟང་པོ་ཞིག་མིན་ནམ་སྙམ་པའི་རེ་བ་བྱེད་སྲིད། ལྷག་པར་དུ། ད་ལྟ་རྒྱ་ནག་གིས་བོད་ཀྱི་ས་ཆུ་རི་ཀླུང་ཚང་མ་འཕྲོག་བཞིན་པའི་སྒང་ལ། རྒྱ་ཡི་སྡུག་གཅོད་ལ་ཡ་ལན་སྤྲོད་རོགས་བྱེད་མཁན་མེད་སྟབས། ད་གནམ་དང་ཕ་རོལ་པོ་འཇིག་བརྟེན་ལས་འདས་པའི་སྟོབས་ཤུགས་ཤིག་གི་ཁོང་ཚོར་རོགས་པ་བྱེད་མཁན་ཞིག་ཡོང་ན་སྙམ་པའི་རེ་བ་ནི་ཤིན་དུ་གསལ་པོ་རེད། འུ་ཐུག་སྐབས། ཅི་ཡང་བྱེད་སྲིད་པའི་དཔེ་ཁོ་ན་ལས་མ་འདས། སྙིང་རྗེ། ངའི་མི་རིགས་འདི་ཐབས་སྡུག་འདི་འདྲ་ཞིག་གི་གནས་སྟངས་ལ་ལྷུང་བ་བསམ་པའི་ཡུལ་ལ་མེད། ད་རྡུལ་ཕྲན་ཚོན་ཆ་ཞིག་མ་ཐོབ་ན་འགྲིག་མ་སོང་།
འདི་ཡ་མཚན་ཅན་ཞིག་ཡིན་པ་ལས། ལྟས་བཟང་ངན་གང་གི་ཁོངས་སུ་ཡང་མི་གཏོགས་སྙམ་ལགས་པས་བློ་བདེ་པོར་བྱས་ནས་སྡོད་ཅིགུ
མེ་ཏོག་འདིའི་རིགས་བོད་ཡུལ་ན་སྐྱེས་ཀྱིན་ཡོད་དང་མེད། ཡོད་ན་གནམ་གཤིས་དྲོད་ཚད་ཅི་ཙམ་ཞིག་གི་ནང་མེ་ཏོག་འདི་སྐྱེས་ཐུབ་མིན། མེ་ཏོག་འདིའི་ཉེ་འཁོར་ན་གཞན་དང་མི་འདྲ་བའི་ཆ་རྐྱེན་འཛོམས་པོ་ཡོད་མེད་སོགས་ལ་ཞིབ་འཇུག་བྱས་ནས་ཡ་མཚར་ཡིན་མིན་ཐག་ཆོད་ཅིག་བྱས་ན་མི་བཟང་ངམ།
བོད་ཀྱི་གནམ་གཤིས་དང་དམིགས་གསལ་དགུན་དུས་ཀྱི་སྐྱེ་རྒུ་ས་ཁུལ་དུ་རྩ་སྔོན་ཡལ་འདབ་ཅན་གྱི་མེ་ཏོག་ཅིག་གློ་བུར་བཞད་པ་ཡུལ་མིའི་སེམས་ངོར་མཚར་སྣང་ཅན་གྱི་མཐོང་ཚུལ་ངོམས་ལ་དད་མོས་ཀྱི་རྐྱེན་པས་འབྱུང་འགྱུར་གྱི་བྱ་བཞག་མྱུར་འགྲུབ་ཡོང་བའི་དམིགས་རེའང་བཅིང་གི་ཡོད། དོན་ངོ་མར་གནམ་གཤིས་འགྱུར་ལྡོག་གི་ཁ་དབུགས་ཁྲོད་དུ་སྐྱེ་དངོས་གང་ཞིག་ཡོད་པ་ནས་མེད་པ་དང་། མེད་པ་ནས་ཡོད་པའི་སྣང་ཚུལ་རྒྱུན་དུ་འབྱུང་གི་རེད།
མེ་ཏོག་དེ་འཁྲུངས་པ་ཙམ་མ་ཡིན་པ་མེ་ཏོག་ནང་དུ་རྒྱལ་བའི་ཞལ་གཟུགས་མཇལ་ཐུབ་གསུང་འདུག་པས་བོད་མི་གཅིག་གཉིས་རྨོངས་ཀྱང་བོད་མི་མཇལ་ཁ་འགྲོ་མཁན་ཚང་མ་རྨོངས་པ་ཨ་ཡིན་ནམ་ མཐོ་སྒང་ལ་གནས་པའི་རིགས་རྒྱུད་ཚང་མ་རྨོངས་པའི་ནང་དུ་བསྒྲིགས་ནས་རྨོངས་པས་མ་སྒྲིགས་པ་ཁྱོད་གཅིག་བུ་རེད་དྲན་པ་ལ་ཡ་མཚན་ཞིག་མཐོང་ངོ་ ངས་བལྟ་ན་འདི་ལྟའི་རིགས་ཡ་མཚན་ཞིག་རེད་སྙམ་ དགུན་དུས་རྩྭ་སྔོ་རྐང་གཅིག་མཐོང་རྒྱུ་མེད་པའི་སྐབས་སུ་མེ་ཏོག་ཤར་བ་རྟག་བཟང་ཞིག་མིན་ནམ་སྙམ་ ལོ་གཅིག་གི་སྔོན་དུ་བོད་ཁམས་དར་རྒྱས་དགོན་དུ་མེ་ཏོག་ཞིག་གི་ནང་ནས་རྒྱལ་བའི་སྐུ་གཟུགས་གསལ་བོ་མཇལ་ཐུབ་པས་གུས་ཞིང་འུས་པ་ཞིག་རེད་དྲན་གྱི་འདུག་ དཔེ་དེ་ལྟར་བུ་རེད་ མི་དམངས་རྒྱ་ཕྲག་མང་པོ་ནས་མཇལ་ཐུབ་པས་ཁ་བདེ་བོ་དུས་རབས་རྨོངས་པ་ལས་སེལ་བའི་མི་འགའ་རེ་ནས་མཇལ་མ་ཐུབ་པ་ཡ་མཚན་ནོ་ དོན་མེད་སྐྱོན་སྟོན་ན་རྒྱུ་མཚན་དང་དགོས་པ་མེད་པ་མཐོང་བས་སོ་སོར་གཉིད་ལ་གནས་ན་ཡག་རེད་།
དད་པ་ཅན་ལ་(ཅིག)་སྒོ་གཉིས་ཡོད་ཟེར་བ་དེ་བདེན་ཡིན་པ་འདྲ། བློ་གཅིག་སེམས་གཅིག་ཅན་གྱི་ངའི་མི་རིགས། གོ་ན་ཡིད་དགའ་ནི་ཟིག་རེད། དགུན་དུས་རྩ་སྔོན་མེ་ཏོག་གི་བཞད་མགོ་བརྩམས་ན་དེ་ནི་ལྟས་བཟང་ཞིག་རེད། ནོར་ལུག་ཤ་ཤེད་རྒྱས་བའི་ལྟས་རེད། འབངས་མི་དཔལ་ལ་རོལ་བའི་ལྟས་རེད། བོད་ཁམས་བདེ་ལ་འཁོད་པའི་ལྟས་རེད། དབྱར་སྐྱིད་ཧ་མ་ཤར་བའི་ལྟས་རེད། ལྟས་བཟང་བོ་འདི་འདྲ་ལ། ཁ་ངན་ལྟས་ངན་བཤད་མཁན་ཚོ། སྤྱང་དྲག་ན་ཡང་དཀའ་ངལ་འདུག་གི་ཨ།
དགུན་དུས་སུ་ས་མཐོའི་མཐོ་སྒང་ལ་གློ་བུར་དུ་མེ་ཏོག་སྔོན་པོ་དེ་འདྲ་བ་ཞིག་བཞད་པ་ནི་རྟགས་དང་མཚན་མ་མི་འདྲ་བ་མང་པོ་ཡོད་སྲིད་པས་མཚན་དོན་རྣམས་འདིར་རེ་ཞིག་འགོད་ན། མེ་ཏོག་དེ་སྐྱེ་མི་སྲིད་པ་མཐོ་སྒང་དགུན་དུས་སུ་སྐྱེས་པ་ནི་གནའ་སྔ་མོ་ནས་རྒྱ་དམར་བོད་ནང་གྲང་ངར་མ་བཟོད་ནས་བྱུང་མ་མྱོང་བ་ད་རེས་བོད་ནང་ཁྲེལ་མེད་ལུང་མེད་ཀྱིས་གཞི་གནས་བྱས་པ་དེ་མཚན། མེ་ཏོག་གི་ཁ་དོག་སྔོན་པོ་ཡིན་པ་དེས་རྒྱ་མིའི་གྱོན་པ་སྔོན་པོ་ཡིན་པ་དེ་མཚན་ཞིང་མེ་ཏོག་དེ་ཡུན་རིང་འཚོ་གནས་མི་ཐུབ་པ་ཡལ་འགྲོ་བ་དེས་སླད་ཕྱིན་རྒྱ་དམར་བོད་ནང་ཡུན་རིང་གནས་མི་ཐུབ་པ་ལོག་འགྲོ་དགོས་པ་ཞིག་མཚན། ས་ཆ་སྒ་སྐྱེ་དགུར་སྐྱེས་པ་ནི་སྐྱེ་དགུ་ནི་ཆོལ་གསུམ་བོད་ཀྱི་ས་ཆའི་དཀྱིལ་མ་ལྟེ་བ་དེ་ཡིན་པས་རིང་པོར་མི་ཐོག་པ་རྒྱ་དམར་བོད་ཀྱི་ས་ཆ་དཀྱིལ་ནས་མཐར་བསྐྲོད་འགྲོ་བ་དེ་མཚན་པ་བཅས་ཡིན་ནོ།
ཝ་ཡེ་གྲོགས་པོ་ཚོ། གནས་ཚུལ་ཞིག་ཐོས་པ་ཙམ་གྱིས་རང་གིས་ཅི་འདོད་ཀྱིས་ལུགས་སུ་མཁྲེགས་འཛིན་གྱིས་གང་འདོད་འགྲེལ་བརྗོད་བྱེད་སྡོད་ན་དེ་ཡང་མ་བརྟག་མ་དཔྱད་པའི་ཐོལ་བྱུང་གི་གཏམ་ཞིག་ཏུ་ཟད་པས། མེ་ཏོག་དངོས་སུ་མཐོང་མཁན་ཚོ་ནི་བོད་དུ་ཡོད་པ་ཤ་སྟག་ཡིན་ལ། མེ་ཏོག་གི་གྲིབ་ནག་ཙམ་ཡང་མཐོང་མེད་མཁན། མཁས་མདོག་གྲུང་མདོག་པ་ཁ་ཅིག་གིས། གནས་ཚུལ་ལྟས་བཟང་ངན་དང་སོགས་ཉག་ཉོག་མང་པོ་ཞིག་བཤད་སྡོད་ན། ད་གཟོད་སོ་སོ་རང་ཉིད་བླུན་པོའི་བཟོ་ལྟ་སྟོན་མཁན་གྱི་གྲལ་དུ་ཆོག་པ་མིན་ནམ།
སོ་སོས་མ་བརྟག་མ་དཔྱད་པར་འདི་ཡིན་དེ་མིན་སོགས་ཁ་ཚོན་བཅད་དེ་འདྲ་མིན་དུ་འགྲེལ་ཆོག་པར་དང་། བོད་སྡོད་ཚོས་བཤད་པ་དེ་དག་ནི་རྨོངས་དད་དང་བླུན་རྟགས། རྗེས་ལུས་ལྟ་བུར་བརྩི་ནས་གང་བྱུང་བཤད་པ་དེ་ནི་མཛུམ་མོ་རང་ལ་ཀེར་ནས་བསམ་གཞིག་ནན་པོ་བྱས་ན། དགོད་བྲོ་བོ་ཞིག་མ་རེད་དམ། ་རང་གིས་གང་བསམ་སྔོན་ཐོན་ཡིན་ཤག་དང་།། གཞན་གྱིས་གང་བཤད་རྗེས་ལུས་ཡིན་ཤག་གིས།། དོན་དངོས་གནས་ལུགས་ཚུལ་བཞིན་མ་ཤེས་པར།། ་་་་་་་་་འདི་ཡིན་དེ་མིན་གང་བྱུང་མང་བཤད་བགྱིས་ནས།། རང་གི་འདོད་དོན་བདེན་པར་ཡིན་པ་ལུགས་སུ།། ཁ་ཚོད་བཅད་ནས་འདྲ་མིན་འགྲེལ་བ་དག། བླུན་པོ་ལས་གཞན་སུ་ཡིས་བདེན་པར་བརྩི།།
ད་དགུན་ཨ་རམ་སྒང་ལ་མེ་ཏོག་སྔོན་མོ་སྐྱེས་ཡོད་ན། ད་དགུན་ལ་འབྲུག་སྒྲ་སྒྲོགས་རྒྱུར་གདོན་མི་ཟ། དེ་ནི་བསྲུང་བཟློག་བསད་གསུམ་སྐབས་ཀྱི་ཐན་བཟློག་གི་ཆོ་ག་ནས་བཤད་པའི་ལྟས་ངན་ཞིག་རེད།
འདི་ཡིན་དེ་མིན་གང་བྱུང་བཤད་བགྱིས་ནས།། ཞེས་བཅོས་རོགས། དེའི་འོག་ཏུ། རང་གི་འདོད་དོན་བདེན་པ་ཡིན་ལུགས་སུ། ཞེས་བཅོས་རོགས།
ཨེ་མ་ཧོ། ཕྱི་ལ་ཐུག་དུས་ཕྱི་ལ་བཤད། །ནང་ལ་ཐུག་དུས་ནང་ལ་བཤད། གང་ཡང་མེད་དུས་སྟོང་བཤད་བྱེད། །མེ་ཏོག་པདྨ་དགུན་ཡང་སྐྱེ། ཆུ་མིག་བྱང་ཆུབ་ལྟས་ངན་བསྒྱུར། །མདོ་སྡེའི་མིག་ནི་བཅུ་གཉིས་ཆགས། ཤུགས་བརྟན་རྕོད་ཡ་གུ་རུ་བྱེད། །མཐོ་སྒང་མེ་ཏོག་ལྟས་ངན་མཐོང་།། རོང་གི་མི་ལ་ཚད་པའི་གཡའ། །ངོ་མཚར་མེད་ལ་ལྟས་ངན་མཐོང་། ཕྱི་ནང་གསང་བའི་བར་ཆད་བཟློག །བཟློག་གོ་མེ་ཏོག་སྔོན་པོས་བཟློག བསྒྱུར་རོ་ལྟས་ངན་རྒྱ་ལ་བསྒྱུར། ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂཿ
བོད་མཐོ་སྒང་གི་གནམ་གཤིས་ཀྱི་ཚ་ཚད་འཕར་བཞིན་པའི་རྟགས་རེད། ཡག་རྟགས་ཤིག་མ་རེད། མཐོ་སྒང་གི་འཁྱགས་རོམ་ཚང་མ་ཞི་ནས། མ་འོངས་པ་ན་ང་ཚོ་འཐུང་ཆུ་མི་རག་པའི་དཀའ་ངལ་འབྱུང་བའི་སྔ་ལྟས་ཤིག་རེད།
མེ་ཏོག་པདྨ་དགུན་ཡང་སྐྱེས། ། ཞེས་པས་རྟགས་རྟེན་བཟང་གསུངས་ན། ། མེ་ཏོག་སྔོན་པོའང་སྐྱེས་པ་འདི། ། ལྟས་ངན་མ་ཡིན་ལྟས་བཟང་རེད། །
དེ་ལྟར་ད་དུང་ཀླད་པ་རྙིང་པར་བག་འཁུམས་ནས་གང་ཡིན་འདི་ཡིན་གྱིས་བརྟག་དཔྱད་ཙམ་ཡང་མེད་པར་རྣམ་རྟོགས་གི་འདྲེ་རུ་འབོད་པ་ནི་མི་འོས་པ་ཞིག་སྟེ་་་་་་ཡང་གཅིག་བཤད་ན་དེ་ནི་ལྟས་བཟང་ཞིག་ཡིན་ནའང་ཅེས་མ་ཆོག་་་་་་་
མདོ་སྡེ་ཟ་མ་ཏོག་ན་དེ་ལྟར་གསུང་ཡོད་ནའང་དུས་སྐབས་དེ་ལ་དམིགས་པ་ལས་་་་་མ་འོངས་པར་ཞེས་གསུངས་ཡོད་རྒྱུ་མ་རེད་འདོད་
མ་ཟད་ཡོད་ཚད་ཆོས་ལུགས་གྱི་དེབ་རྒན་ལ་མགོ་གཏུགས་དེ་བསམ་བློ་བཅུམས་བསྡད་ན་་་་་ང་ཚོ་དུས་ནམ་ཞིག་རྣམ་རྟོགས་ཀྱི་འཆིངས་རྒྱ་ལས་གྲོལ་ཐུབ་བམ་་་་་་
འདི་ནི་དུས་རབས་ཉེར་གཅིག་པ་རེད་གཉིད་ལས་སད་ན་རེད་་

དེང་དུས་གནམ་གཤིས་འགྱུར་བ་དང་འབྲེལ་བ་ཡོད་སྲིད། འོན་ཀྱང་། དེ་ཡང་མཐའ་གཅིག་ཏུ་བདེན་པ་ཡིན་པ་སུས་ཤེས་ཐུབ། ཞིབ་འཇུག་དང་ཚོད་ལྟ་བྱས་མེད། ཚ་བ་དང་འབྲེལ་བ་ཡོད་པ་ནི་ཤིན་དུ་འབྲེལ་བ་ཆེ། ཚ་འདྲོད་མེད་ན་མེ་ཏོག་སྐྱེ་མ་ཐུབ་པས་སོ།
བོད་པ་རྣམས་རྒྱུན་དུ་རྟགས་དང་མཚན་མ་ཟེར་བ་འདི་གལ་ཆེར་བརྩི་སྲོལ་འདུག་པས། དེ་ཡང་རྟགས་བཟང་པོ་ཞིག་མིན་ནམ་སྙམ་པའི་རེ་བ་བྱེད་སྲིད། ལྷག་པར་དུ། ད་ལྟ་རྒྱ་ནག་གིས་བོད་ཀྱི་ས་ཆུ་རི་ཀླུང་ཚང་མ་འཕྲོག་བཞིན་པའི་སྒང་ལ། རྒྱ་ཡི་སྡུག་གཅོད་ལ་ཡ་ལན་སྤྲོད་རོགས་བྱེད་མཁན་མེད་སྟབས། ད་གནམ་དང་ཕ་རོལ་པོ་འཇིག་བརྟེན་ལས་འདས་པའི་སྟོབས་ཤུགས་ཤིག་གི་ཁོང་ཚོར་རོགས་པ་བྱེད་མཁན་ཞིག་ཡོང་ན་སྙམ་པའི་རེ་བ་ནི་ཤིན་དུ་གསལ་པོ་རེད། འུ་ཐུག་སྐབས། ཅི་ཡང་བྱེད་སྲིད་པའི་དཔེ་ཁོ་ན་ལས་མ་འདས།
སྙིང་རྗེ། ངའི་མི་རིགས་འདི་ཐབས་སྡུག་འདི་འདྲ་ཞིག་གི་གནས་སྟངས་ལ་ལྷུང་བ་བསམ་པའི་ཡུལ་ལ་མེད། ད་རྡུལ་ཕྲན་ཚོན་ཆ་ཞིག་མ་ཐོབ་ན་འགྲིག་མ་སོང་།
འདི་ཡ་མཚན་ཅན་ཞིག་ཡིན་པ་ལས། ལྟས་བཟང་ངན་གང་གི་ཁོངས་སུ་ཡང་མི་གཏོགས་སྙམ་ལགས་པས་བློ་བདེ་པོར་བྱས་ནས་སྡོད་ཅིགུ
མེ་ཏོག་འདིའི་རིགས་བོད་ཡུལ་ན་སྐྱེས་ཀྱིན་ཡོད་དང་མེད། ཡོད་ན་གནམ་གཤིས་དྲོད་ཚད་ཅི་ཙམ་ཞིག་གི་ནང་མེ་ཏོག་འདི་སྐྱེས་ཐུབ་མིན། མེ་ཏོག་འདིའི་ཉེ་འཁོར་ན་གཞན་དང་མི་འདྲ་བའི་ཆ་རྐྱེན་འཛོམས་པོ་ཡོད་མེད་སོགས་ལ་ཞིབ་འཇུག་བྱས་ནས་ཡ་མཚར་ཡིན་མིན་ཐག་ཆོད་ཅིག་བྱས་ན་མི་བཟང་ངམ།
བོད་ཀྱི་གནམ་གཤིས་དང་དམིགས་གསལ་དགུན་དུས་ཀྱི་སྐྱེ་རྒུ་ས་ཁུལ་དུ་རྩ་སྔོན་ཡལ་འདབ་ཅན་གྱི་མེ་ཏོག་ཅིག་གློ་བུར་བཞད་པ་ཡུལ་མིའི་སེམས་ངོར་མཚར་སྣང་ཅན་གྱི་མཐོང་ཚུལ་ངོམས་ལ་དད་མོས་ཀྱི་རྐྱེན་པས་འབྱུང་འགྱུར་གྱི་བྱ་བཞག་མྱུར་འགྲུབ་ཡོང་བའི་དམིགས་རེའང་བཅིང་གི་ཡོད། དོན་ངོ་མར་གནམ་གཤིས་འགྱུར་ལྡོག་གི་ཁ་དབུགས་ཁྲོད་དུ་སྐྱེ་དངོས་གང་ཞིག་ཡོད་པ་ནས་མེད་པ་དང་། མེད་པ་ནས་ཡོད་པའི་སྣང་ཚུལ་རྒྱུན་དུ་འབྱུང་གི་རེད།
མེ་ཏོག་དེ་འཁྲུངས་པ་ཙམ་མ་ཡིན་པ་མེ་ཏོག་ནང་དུ་རྒྱལ་བའི་ཞལ་གཟུགས་མཇལ་ཐུབ་གསུང་འདུག་པས་བོད་མི་གཅིག་གཉིས་རྨོངས་ཀྱང་བོད་མི་མཇལ་ཁ་འགྲོ་མཁན་ཚང་མ་རྨོངས་པ་ཨ་ཡིན་ནམ་ མཐོ་སྒང་ལ་གནས་པའི་རིགས་རྒྱུད་ཚང་མ་རྨོངས་པའི་ནང་དུ་བསྒྲིགས་ནས་རྨོངས་པས་མ་སྒྲིགས་པ་ཁྱོད་གཅིག་བུ་རེད་དྲན་པ་ལ་ཡ་མཚན་ཞིག་མཐོང་ངོ་ ངས་བལྟ་ན་འདི་ལྟའི་རིགས་ཡ་མཚན་ཞིག་རེད་སྙམ་ དགུན་དུས་རྩྭ་སྔོ་རྐང་གཅིག་མཐོང་རྒྱུ་མེད་པའི་སྐབས་སུ་མེ་ཏོག་ཤར་བ་རྟག་བཟང་ཞིག་མིན་ནམ་སྙམ་ ལོ་གཅིག་གི་སྔོན་དུ་བོད་ཁམས་དར་རྒྱས་དགོན་དུ་མེ་ཏོག་ཞིག་གི་ནང་ནས་རྒྱལ་བའི་སྐུ་གཟུགས་གསལ་བོ་མཇལ་ཐུབ་པས་གུས་ཞིང་འུས་པ་ཞིག་རེད་དྲན་གྱི་འདུག་ དཔེ་དེ་ལྟར་བུ་རེད་ མི་དམངས་རྒྱ་ཕྲག་མང་པོ་ནས་མཇལ་ཐུབ་པས་ཁ་བདེ་བོ་དུས་རབས་རྨོངས་པ་ལས་སེལ་བའི་མི་འགའ་རེ་ནས་མཇལ་མ་ཐུབ་པ་ཡ་མཚན་ནོ་ དོན་མེད་སྐྱོན་སྟོན་ན་རྒྱུ་མཚན་དང་དགོས་པ་མེད་པ་མཐོང་བས་སོ་སོར་གཉིད་ལ་གནས་ན་ཡག་རེད་།
མེ་ཏོག་ནང་དུ་ཧོས་ཅན་ཐོ་འདུག་ཟེར་་་བོད་པ་ཚོ་འཚང་ཁ་བརྒྱབས་ནས་མཇལ་གི་འདུག་་་
དད་པ་ཅན་ལ་(ཅིག)་སྒོ་གཉིས་ཡོད་ཟེར་བ་དེ་བདེན་ཡིན་པ་འདྲ། བློ་གཅིག་སེམས་གཅིག་ཅན་གྱི་ངའི་མི་རིགས། གོ་ན་ཡིད་དགའ་ནི་ཟིག་རེད། དགུན་དུས་རྩ་སྔོན་མེ་ཏོག་གི་བཞད་མགོ་བརྩམས་ན་དེ་ནི་ལྟས་བཟང་ཞིག་རེད། ནོར་ལུག་ཤ་ཤེད་རྒྱས་བའི་ལྟས་རེད། འབངས་མི་དཔལ་ལ་རོལ་བའི་ལྟས་རེད། བོད་ཁམས་བདེ་ལ་འཁོད་པའི་ལྟས་རེད། དབྱར་སྐྱིད་ཧ་མ་ཤར་བའི་ལྟས་རེད། ལྟས་བཟང་བོ་འདི་འདྲ་ལ། ཁ་ངན་ལྟས་ངན་བཤད་མཁན་ཚོ། སྤྱང་དྲག་ན་ཡང་དཀའ་ངལ་འདུག་གི་ཨ།
དགུན་དུས་སུ་ས་མཐོའི་མཐོ་སྒང་ལ་གློ་བུར་དུ་མེ་ཏོག་སྔོན་པོ་དེ་འདྲ་བ་ཞིག་བཞད་པ་ནི་རྟགས་དང་མཚན་མ་མི་འདྲ་བ་མང་པོ་ཡོད་སྲིད་པས་མཚན་དོན་རྣམས་འདིར་རེ་ཞིག་འགོད་ན། མེ་ཏོག་དེ་སྐྱེ་མི་སྲིད་པ་མཐོ་སྒང་དགུན་དུས་སུ་སྐྱེས་པ་ནི་གནའ་སྔ་མོ་ནས་རྒྱ་དམར་བོད་ནང་གྲང་ངར་མ་བཟོད་ནས་བྱུང་མ་མྱོང་བ་ད་རེས་བོད་ནང་ཁྲེལ་མེད་ལུང་མེད་ཀྱིས་གཞི་གནས་བྱས་པ་དེ་མཚན། མེ་ཏོག་གི་ཁ་དོག་སྔོན་པོ་ཡིན་པ་དེས་རྒྱ་མིའི་གྱོན་པ་སྔོན་པོ་ཡིན་པ་དེ་མཚན་ཞིང་མེ་ཏོག་དེ་ཡུན་རིང་འཚོ་གནས་མི་ཐུབ་པ་ཡལ་འགྲོ་བ་དེས་སླད་ཕྱིན་རྒྱ་དམར་བོད་ནང་ཡུན་རིང་གནས་མི་ཐུབ་པ་ལོག་འགྲོ་དགོས་པ་ཞིག་མཚན། ས་ཆ་སྒ་སྐྱེ་དགུར་སྐྱེས་པ་ནི་སྐྱེ་དགུ་ནི་ཆོལ་གསུམ་བོད་ཀྱི་ས་ཆའི་དཀྱིལ་མ་ལྟེ་བ་དེ་ཡིན་པས་རིང་པོར་མི་ཐོག་པ་རྒྱ་དམར་བོད་ཀྱི་ས་ཆ་དཀྱིལ་ནས་མཐར་བསྐྲོད་འགྲོ་བ་དེ་མཚན་པ་བཅས་ཡིན་ནོ།
ལོག་སྨྲ་ཚར་གཅོད་ཀྱིས་མུན་ནག་འདོམ་འཇལ་བྱེད་ཀི་འདུག་ག ཧ་ཧ་ཧ་་་་་་་་།
ཝ་ཡེ་གྲོགས་པོ་ཚོ། གནས་ཚུལ་ཞིག་ཐོས་པ་ཙམ་གྱིས་རང་གིས་ཅི་འདོད་ཀྱིས་ལུགས་སུ་མཁྲེགས་འཛིན་གྱིས་གང་འདོད་འགྲེལ་བརྗོད་བྱེད་སྡོད་ན་དེ་ཡང་མ་བརྟག་མ་དཔྱད་པའི་ཐོལ་བྱུང་གི་གཏམ་ཞིག་ཏུ་ཟད་པས། མེ་ཏོག་དངོས་སུ་མཐོང་མཁན་ཚོ་ནི་བོད་དུ་ཡོད་པ་ཤ་སྟག་ཡིན་ལ། མེ་ཏོག་གི་གྲིབ་ནག་ཙམ་ཡང་མཐོང་མེད་མཁན། མཁས་མདོག་གྲུང་མདོག་པ་ཁ་ཅིག་གིས། གནས་ཚུལ་ལྟས་བཟང་ངན་དང་སོགས་ཉག་ཉོག་མང་པོ་ཞིག་བཤད་སྡོད་ན། ད་གཟོད་སོ་སོ་རང་ཉིད་བླུན་པོའི་བཟོ་ལྟ་སྟོན་མཁན་གྱི་གྲལ་དུ་ཆོག་པ་མིན་ནམ།
སོ་སོས་མ་བརྟག་མ་དཔྱད་པར་འདི་ཡིན་དེ་མིན་སོགས་ཁ་ཚོན་བཅད་དེ་འདྲ་མིན་དུ་འགྲེལ་ཆོག་པར་དང་།
བོད་སྡོད་ཚོས་བཤད་པ་དེ་དག་ནི་རྨོངས་དད་དང་བླུན་རྟགས། རྗེས་ལུས་ལྟ་བུར་བརྩི་ནས་གང་བྱུང་བཤད་པ་དེ་ནི་མཛུམ་མོ་རང་ལ་ཀེར་ནས་བསམ་གཞིག་ནན་པོ་བྱས་ན། དགོད་བྲོ་བོ་ཞིག་མ་རེད་དམ།
་རང་གིས་གང་བསམ་སྔོན་ཐོན་ཡིན་ཤག་དང་།།
གཞན་གྱིས་གང་བཤད་རྗེས་ལུས་ཡིན་ཤག་གིས།།
དོན་དངོས་གནས་ལུགས་ཚུལ་བཞིན་མ་ཤེས་པར།།
་་་་་་་་་འདི་ཡིན་དེ་མིན་གང་བྱུང་མང་བཤད་བགྱིས་ནས།།
རང་གི་འདོད་དོན་བདེན་པར་ཡིན་པ་ལུགས་སུ།།
ཁ་ཚོད་བཅད་ནས་འདྲ་མིན་འགྲེལ་བ་དག།
བླུན་པོ་ལས་གཞན་སུ་ཡིས་བདེན་པར་བརྩི།།
ད་དགུན་ཨ་རམ་སྒང་ལ་མེ་ཏོག་སྔོན་མོ་སྐྱེས་ཡོད་ན། ད་དགུན་ལ་འབྲུག་སྒྲ་སྒྲོགས་རྒྱུར་གདོན་མི་ཟ། དེ་ནི་བསྲུང་བཟློག་བསད་གསུམ་སྐབས་ཀྱི་ཐན་བཟློག་གི་ཆོ་ག་ནས་བཤད་པའི་ལྟས་ངན་ཞིག་རེད།
འདི་ཡིན་དེ་མིན་གང་བྱུང་བཤད་བགྱིས་ནས།། ཞེས་བཅོས་རོགས།
དེའི་འོག་ཏུ། རང་གི་འདོད་དོན་བདེན་པ་ཡིན་ལུགས་སུ། ཞེས་བཅོས་རོགས།
ཨེ་མ་ཧོ།
ཕྱི་ལ་ཐུག་དུས་ཕྱི་ལ་བཤད། །ནང་ལ་ཐུག་དུས་ནང་ལ་བཤད།
གང་ཡང་མེད་དུས་སྟོང་བཤད་བྱེད། །མེ་ཏོག་པདྨ་དགུན་ཡང་སྐྱེ།
ཆུ་མིག་བྱང་ཆུབ་ལྟས་ངན་བསྒྱུར། །མདོ་སྡེའི་མིག་ནི་བཅུ་གཉིས་ཆགས།
ཤུགས་བརྟན་རྕོད་ཡ་གུ་རུ་བྱེད། །མཐོ་སྒང་མེ་ཏོག་ལྟས་ངན་མཐོང་།།
རོང་གི་མི་ལ་ཚད་པའི་གཡའ། །ངོ་མཚར་མེད་ལ་ལྟས་ངན་མཐོང་།
ཕྱི་ནང་གསང་བའི་བར་ཆད་བཟློག །བཟློག་གོ་མེ་ཏོག་སྔོན་པོས་བཟློག
བསྒྱུར་རོ་ལྟས་ངན་རྒྱ་ལ་བསྒྱུར།
ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྂཿ
བོད་མཐོ་སྒང་གི་གནམ་གཤིས་ཀྱི་ཚ་ཚད་འཕར་བཞིན་པའི་རྟགས་རེད། ཡག་རྟགས་ཤིག་མ་རེད། མཐོ་སྒང་གི་འཁྱགས་རོམ་ཚང་མ་ཞི་ནས། མ་འོངས་པ་ན་ང་ཚོ་འཐུང་ཆུ་མི་རག་པའི་དཀའ་ངལ་འབྱུང་བའི་སྔ་ལྟས་ཤིག་རེད།
མེ་ཏོག་པདྨ་དགུན་ཡང་སྐྱེས། །
ཞེས་པས་རྟགས་རྟེན་བཟང་གསུངས་ན། །
མེ་ཏོག་སྔོན་པོའང་སྐྱེས་པ་འདི། །
ལྟས་ངན་མ་ཡིན་ལྟས་བཟང་རེད། །