ཀོ་ལི་སྒལ་གཞུང་པ་ཚེ་དབང་བསོད་ནམས།
དཀའ་ཉེན་ཆེ་བའི་དགུན་དུས་བལ་གོས་ཚོང་།།
ཁེ་གྱོང་ཇི་ཆགས་རེ་བའི་ནང་དུ་སྒུགས།།
དགའ་སྒོམ་ཆོག་ཤེས་མ་ཐུབ་འདོད་རྔམས་འོག །
ངང་པ་ཆུ་འདམ་ལྷུང་འདྲའི་འདི་ལོའི་ཚོང་།།
ཅ་དངོས་བལ་གོས་མ་གནས་ཆེ་བ་དང་།།
ཆར་ཆུ་དཀོན་པས་དུས་ཐོག་འཁྱག་མ་ཐུབ།།
རྗེས་ཟླར་གནམ་གཤིས་འཁྱག་པའི་རེ་སྒུག་ངང་།།
ཉ་མོ་བྱེ་སྟེང་སྟོན་འདྲའི་བལ་ཚོང་རྣམས།།
བརྟན་པོ་མེད་པའི་བོད་མིའི་ཚོང་ལས་འདི།།
མཐའ་མ་ཁེ་གྱོང་ནག་ཁུང་ནང་དུ་བསྙལ།།
ད་ལོའི་བལ་ཚོང་ས་ཁུལ་ཡོངས་ཁྱབ་ལ།།
ན་ནིང་ལས་ཀྱང་ཧ་ཅང་ཚོང་རྒྱུགས་ཞན།།
པཎ་འཇབ་ལུ་ཐི་ཨ་ནའི་ལ་ལ་ཚོ།།
ཕ་གཞིས་མ་དངུལ་གང་ཡོད་བོད་མིར་བསྐུར།།
བུ་ལོན་སྒྲུབ་འཇལ་དུས་ཐོག་ཚོང་ལ་རག །
མ་རྩ་དངུལ་ཁང་ལ་ལའི་མཐུན་སྦྱོར་འོག །
བརྩེ་གདུང་ཡིད་ཆེས་བཟང་པོ་བློས་འགེལ་བརྒྱུད།།
ཚོང་ལས་བལ་གོས་བོད་མིའི་འཚོ་རྟེན་ལ།།
མཛའ་བརྩེ་ཡིད་ཆེས་གཅིག་ཕན་གཅིག་གྲོགས་སུ།།
ཝར་འུར་མེད་པར་ནང་ཁུལ་ཚོང་ཤག་བཟང་།།
ཞབས་འདྲེན་མི་ཞུ་བོད་མིའི་ངོ་ཚའི་འགན།།
བཟང་ལན་འཇལ་བའི་བོད་མིའི་བློ་རྩ་བརྟན།།
འོར་འདྲེན་དལ་གླ་ཁྲལ་དང་ས་གླ་སོགས།།
ཡོང་འབབ་ལས་ཀྱང་ཆེ་བའི་འགྲོ་སོང་འོག །
རེ་བའི་ངང་དུ་བལ་ཚོང་འཚོ་བ་བསྐྱལ།།
ལ་ལའི་དངུལ་ཁང་བོད་མིའི་ཚོང་རྩ་རེད།།
ཤ་མར་ཟས་དང་དགོས་མཁོ་དེ་ནས་སྒྲུབ།།
ས་ཕྱོགས་གང་སར་འདི་ལོར་བལ་ཚོང་ཞན།།
ཧང་སོང་ཆེ་བའི་གནམ་ཤིས་འགྱུར་ལྡོག་འོག །
ཨ་ཁ་ཚ་དྲོད་འཕར་ནས་གྲང་ནུས་ཉམས།།
པཎ་འཇབ་བལ་ཚོང་ཚོང་ལས་ཞན། །
ཕ་གཞིས་བཞག་ནས་བལ་ཚོང་ཕྱིན། །
བུ་ལོན་འཇལ་བར་གནམ་གཤིས་ངན། །
མ་རྩ་ལོངས་དཀའི་བལ་ཚོང་ཞན། །
ཧཧཧ་དོལ་ཤུལ་རྒྱ་མཚོའི་ཚ་བོ་མིན་ན་ཡང་ཚ་ཡིན་པ་འདྲ།
དེ་རིང་སྤྱི་འཐུས་ཚོགས་གཙོ་ལ་ཟུར་ཟ་དང་བློ་སེང་ལ་བསྟོད་ར་བཏང་མིན་འདུག།
དེ་མིན་མི་དེ་གཡོ་ཅན་ཞིག་འདུག།
འདི་ལོ་ད་བར་གནམ་གཤིས་ཚ་དྲོད་ཀྱིས་ཚོང་ཡག་པོ་མེད་པའི་དཀའ་ངལ་དེ་འཛམ་གླིང་ཤར་ནུབ་ཀྱི་ས་ཁུལ་མང་པོའི་ནང་སྤྱི་མཚུངས་རེད་དོ།
ཡུལ་གྱར་བོད་མིའི་བདེ་སྡུག་ཐད་ལ་བལྟས་ན་སྲིད་སྐྱོང་དང་སྤྱི་གཙོ་གཉིས་ཀར་བསྟོད་ར་མི་འདུག་གདའ།
Sweater བལ་གོས་ཞེས་འགྱུར་ཚིག་གསརསྤྱོད་ལས་སྲོལ་རྒྱུན་ཐ་སྙེད་་་་་བལ་སླེས་་་་་བེད་སྤྱོད་བཏང་ན་མོ་ལེགས་སམ
Sweater བལ་གོས་ཞེས་འགྱུར་ཚིག་གསར་བ་ཞིག་བེད་སྤྱོད་གཏོང་བ་ལས་སྲོལ་རྒྱུན་ཐ་སྙད་་་་་བལ་སླེས་་་་་བེད་སྤྱོད་བཏང་ན་མི་ལེགས་སམ།