བསེ་སྐྱེས་ལད་པོ
མི་ལོ་ཞིག་འདི་ལྟར་ཡལ་སོང
ཁྱོད་རང་དྲན་བཞིན་ཁ་བ་མ་རྙེད
ནམ་ཟླ་དགུན་ལ་སླེབས
དྲོད་མ་ཡལ་པའི་བདག་སེམས་ཕྲ་མོ
དུས་འགྱུར་གྱི་ཧྲག་བར་དེ་ནས
འཁྱགས་ཤི་ཐེབས་མགོ་བརྩམས
དྲང་བདེན་དང་གནས་ལུགས་ཞིག་གི་ཁུག་སོ་དེ་རུ
ང་གྲང་འདར་རྒྱག་དགོས་བྱུང
ས་ཆེན་གྱི་རྩེ་ན་འགྱིངས་བའི་པོ་ཏ་ལ་དྲན་བཞིན
འདབས་དྲུག་གི་ཁ་བ་དཀར་པོ་འཚོལ་ནས
ང་གྲང་འདར་རྒྱག་དགོས་བྱུང
ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཞིག་གི་སྣེ་མོ་རུ
འཚོ་བ་འདི་ཟང་ཟིང་ཆེ་བས་ཡིན་ནམ
ཡང་ན་ཁྱོད་དང་རྒྱང་ཐག་རིང་བའི་རྐྱེན་ཡིན
གང་ལྟར ཁྱོད་ཀྱི་ཡ་ཆུང་གི་སྤང་ལྗོངས་ན
འཇག་སྐྱའི་ཤུགས་གླུ་གྱེར་ཞིང
འུག་པའི་ཐན་སྐད་སྒྲོག་བཞིན་པའི་ནམ་དུས་ལ
ངའི་ཁོར་ཡུག་ཡོད་ཚད་འཁྱགས་ལ་སྦྱར
ཁྱོད་ཀྱི་བྲང་གཞུང་ན་ལྡིང་པའི་དགུན་ལྷགས་དེའི་རྐྱེན་པས
བགྲང་བྱ་ག་ཚོད་འདས་སོང་བ་ངས་ཀྱང་བཤད་པར་དཀའ་ན་ཡང
ད་ལྟ་ངའི་རུས་རྐང་ལ་ན་ཟུག་ཡང་ཡང་སྤྲད
གྲང་འདར་མང་པོ་བརྒྱབས་ཡོད་པའི་མི་བུ་ཞིག་ཡིན་ན་ཡང་།
གོ་མ་སོང་། གོ་རྒྱུ་ཞིག་ཡོད་པར་ཤོག།