འོས་སྦྱོར་བ། བཙན་སྲས།
༡༩༤༥ ལོར་ལྷ་སར་ཕྱིར་ཕེབས་ཏེ་རྒྱལ་རབས་རྩོམ་པར་བྱེད་པའི་ལས་འདི་ལ་བར་ཆད་ཆེན་པོ་ཞིག་ཡོད་ཅེས་གསུངས།
འཕགས་པའི་ཡུལ་ནས་བྱང་ཕྱོགས་བོད་ཡུལ་དུ།།
འཕགས་པ་ཁྱེད་ནི་བྱོན་པའི་ལམ་བར་དུ།།
འཕགས་པའི་ངོ་མཚར་ག་ཞའི་ཡུལ་ལྗོངས་ཀྱི།།
འཕགས་པ་རིན་པོ་ཆེ་ཡི་དྲུང་དུ་ཕེབས།།
འཕགས་པ་དེ་ནི་བརྗིད་ཆགས་སྙན་གྲགས་ཆེ།།
འཕགས་པའི་རིགས་ལ་རྟག་ཏུ་བརྩེར་དགོངས་པ།།
འཕགས་པ་སྤྱན་རས་གཟིགས་ཀྱི་སྒྱུ་མའི་འཁྲུལ།།
འཕགས་པའི་ངོ་མཚར་བརྗོད་པའི་ཡུལ་ལས་འདས།།
དགེ་འདུན་ཆོས་འཕེལ་ཞག་གཅིག་དེ་ཡི་དྲུང།།
དགེ་ལ་རྩེ་གཅིག་ཏིང་འཛིན་ཡུར་བའི་མུར།།
དགེ་བའི་ལོ་རྒྱུས་རྒྱལ་རབས་འདི་བརྩམས་ན།།
དགེ་མཚན་ཇི་བྱུང་དྲི་བ་ཞུས་པའི་ཚེ།།
ག་ཞ་འཕགས་པ་དེ་ཡི་ཞལ་སྒོ་ནས།།
ག་དུས་ཡིན་ཀྱང་བསྔགས་འོས་འདི་རྩོམས་ཤིག།
ག་ཞའི་དགེ་མཚན་བསམ་གྱིས་མི་ཁྱབ་ཅིང།།
ག་པར་ཅི་ཡོང་བར་ཆད་གཅིག་ཡོད་ཅེས།།
ཐུགས་རྗེ་ཆེན་པོ་པདྨའི་སྤྱན་ཟུང་ལས།།
བདུད་རྩི་ཆབ་རྒྱུན་ཉིལ་ལེར་འབབ་པ་དང།།
མཁས་དབང་ཉིད་ཀྱང་སྤྱན་ཆབ་དབང་མེད་ཤོར།།
སྐུ་ཚད་ཁྲུ་གང་གང་སྐུ་རྡོ་རྗེའི་ཁམས།།
ཀ་མ་རུ་པ་ལས་གྲུབ་སྤྱན་རས་གཟིགས།།
ཧ་རི་ཧ་རི་ལ་བཞོན་ལ་ན་མོ།།
དགེ་འདུན་ཆོས་འཕེལ་དང་མཉམ་དུ་དེབ་དཀར་བཀླགས་པ། ༼ དྲིན་གྱི་བུ་ལོན་༽ཞེས་པ་ལས་དྲངས།།
གར་འཕགས་པ་དེ་ལ་ཏྲི་ལོ་ཀཱི་ནཱ་ཐ་སྟེ། འཇིག་རྟེན་གསུམ་གྱི་མགོན་པོ་ཞེས་གསོལ་ཞིང་རྒྱ་གར་པ་མང་པོ་མཇལ་དུ་འོང་། བདག་བྱིས་པའི་དུས་སུ་དེའི་མཚན་དང་འབྱུང་ཁུངས་རགས་ཙམ་ཐོས། ལ་དྭགས་ན་ཡང་། ཏིང་མོ་སྒང་གིས་སྤྱན་རས་གཟིགས་དང་། སྟག་སྣའི་སྤྱན་རས་གཟིགས་རྡོ་ཀཱ་མ་རུ་ལས་བཞེགས་ཤིང་དེ་དག་སྤུན་བདུན་ཡོད་པར་གྲགས་ཀྱང་། གཞན་བཞི་པོ་དེ་གར་བཞུགས་རྒྱུས་མ་སོང་། གོངདུ་ཞུས་པའི་སྤྱན་རས་གཟིགས་གསུམ་པོ་དེ་བདག་གིས་མཇལ་མྱོང་། གར་ཞ་འཕགས་པ་སྤྱན་རས་གཟིགས་དེ་སྤྱི་ལོ༡༩༩༢ལ་དགེ་སློང་གྲོ་མིག་བསྟན་དར་དང་། བདག་གཉིས་ཀྱིས་མཇལ་ཏོ།
རྒན་ལ་ཏོག་པ་ལགས།
ཁྱེད་ཅག་ལ་ཏོག་པའི་སྐད། (འཇུ་ལེ་)ཟེར་བ་དེ། མཇལ་ལེགས་ཟེར་བ་རང་མིན་པའི་སྒྲུབ་བཤད་ཡོད་དམ། ཅིག་གསུང་རོགས་ཞུ།
གནམ་ལེགས།
རྣམ་པར་རྟོག་པ་དང་། ལྟར་སྣང་ལ་མཐའ་མེད་པས། དེ་དག་ལ་སྒྲུབ་བྱེད་ག་ལ་དགོས།
འཇུལ་་ལེ་ཞེས་པ་དེ་། བོད་ཀྱི་ཐ་སྙད་འབྱོན་པ་ལེགས་ཞེས་པ་སྒྲ་ཟུར་ཆག་པ་ལས་
འཇུལ་ལེ་་ཞེས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཞེད་དོ་།
དགེ་འཇམ་དཔལ་ལགས། ལགས་རེད། འཇུ་ནི་ཞང་ཞུང་སྐད་དུ་གནམ་ལ་གོ་དགོས་ཏེ། རྨུ་ཐག་གམ། འཇུ་ཐག་ཅེས་པ། འཇུ་ཐག་འཇུས་ནས། ཞེས་པས་གནམ་ཐག་ལ་འཇུས་ནས་རྒྱལ་པ་ནམ་མཁར་ལྷ་ཡུལ་དུ་ཕེབས་ལྟ་བུ་ལ་མཚོན་ན། འཇུ་ལེགས་ནི། གནམ་ལེགས་ཞེས་པ་ལ་གོ་དགོས།
དེ་ཡང་རོབ་ཚོད་ཞིག་བྱས་ན། བོད་ཀྱི་ཡུལ་ལུང་འགའ་ལ་མནའ་བསྐྱལ་དུས། དཀོན་མཆོག་དཔང་བཙུགས་ཟེར་བའི་ཚབ་ལ། གནམ་སྔོན་པོ། ཟེར་བ་ལྟར། གནམ་ཡང་ནམ་མཁའ་སྟོང་སང་ཙམ་ལ་མི་གོ་བར་དཀོན་མཆོག་གི་ལྷ་ཡུལ་ཞིག་ལ་མོས་ནས། གནམ་གྱི་བཀའ་དྲིན་ལ་བརྟེན་ནས་བཀྲ་ཤིས་པ་བདེ་པ་ལེགས་ཤོག་ཟེར་བ་འདྲ་འདུག་སྙམ་མོ།།