རྡོ་སྦིས་བློ་བཟང་ཡོན་ཏན་གྱིས་།་
—————
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསར་འགྱུར་མེ་ལོང་སྟེང་བཀོད་པའི་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཟེར་བའི་རྩོམ་ཐུང་འདི་ནི་བོད་ཀྱི་གཞོན་སྐྱེས་གཡམ་ལ་རྒྱུགས་པ་དག་གི་ཁྲོད་དུ་སྙན་གྲགས་ཆེ་ཞིང་།་དགེ་ཆོས་དང་ཚན་རིག་གི་སྐོར་གླེང་སྐབས་ཁོ་ཚོས་གཟི་བརྗིད་ཆེན་པོས་རྩོམ་འདི་དྲངས་ཏེ།་དགེ་ཆོས་ནི་སྔོན་གྱི་མཁས་བ་རྣམས་དང་མི་འདྲ་བར་མིག་རྒྱ་རིང་པོ་དང་།་ཚན་རིག་ལ་མཁས་བ་ཡིན་པ་སོགས་སྒྲུབ་བཞིན་འདུག་ཅིང་།་ཕྱི་རྒྱལ་གྱི་མཁས་བ་འགའ་ཤས་ཀྱིས་ཀྱང་རི་བོང་ཅལ་གྱི་རྗེས་སུ་འབྲངས་ཏེ།་དགེ་ཆོས་མ་བྱུང་བའི་སྔོན་དུ་བོད་མི་རྣམས་ཀྱིས་སའི་གོ་ལ་ལེབ་ལེབ་ཡིན་པར་འདོད་ཅེས་བོད་མི་རྣམས་ལ་འཕྱ་སྨོད་གཏོང་བྱེད་ཤིག་ཏུ་གྱུར་ཡོད་པ་རེད།་དེ་བཞིན་ཉེ་ལམ་ཕྲན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་དྲ་རྒྱ་ཁ་བརྡ་ཟེར་བ་ཞིག་གི་སྟེང་དུ་དགེ་ཆོས་དང་འབྲེལ་བའི་འཆན་འགའ་ཤས་བཏབ་པ་ལ་བོད་ཕྱི་ནང་གཉིས་སུ་གྲགས་འགུལ་མི་ཉུང་བ་ཤིག་བཟོས་ཡོད་པར་མངོན་ཞིང་།་་་སྤྱིར་དང་སྒེར་གྱིས་ལམ་ནས་ཕྲན་ལ་ཡི་གེ་མང་པོ་དང་།་་ངོ་་ཤེས་འགས་ཤས་ཀྱིས་ཁ་པར་སོགས་་བཏང་ཏེ་།་བསྟོད་བསྔགས་དང་།་ཟུར་ཟ་།་།་མཐོང་ཆུང་སོགས་ཀྱི་སྐད་ཆ་མང་པོ་ཤིག་བཤད་སོང་།་སྤྱིར་བཏང་་ཨུ་ཚུགས་དང་ཕྲག་དོག་གིས་བཀང་བའི་མཁས་བར་བྱ་འདོད་པ་དེ་དག་ལ་།་ཇི་ལྟར་ངན་སྐྱུགས་ཁྲོན་པ་སུ་ཡིས་སློགས་ཞེས་གསུངས་ཡོད་པ་བཞིན་ལན་འདེབས་པ་དང་་རྗེས་སུ་མཇུག་པར་ཅི་ཡང་མི་སྤྲོ་མོད་།་ཡང་མང་ཤོས་ཤིག་གིས་ངེད་ཀྱིས་བཤད་པའི་གཏམ་དེ་རྣམས་བདེན་པ་ཨེ་ཡིན་སྙམ་པ་དང་།་ལྷག་པར་ཏུ་དགེ་ཆོས་ཀྱིས་བྲིས་བའི་ས་གོ་ལ་རིལ་མོའམ་ཟླུམ་པོ་ཟེར་བའི་རྩོམ་ཐུང་དེ་བསྐུར་ཡོང་ནས་འདི་ཚན་རིག་གི་གཞུང་མ་ཡིན་ནམ་ཞེས་དྲི་བ་བཏོན་པ་དང་།་ཁ་ཅིག་གི་དགེ་ཆོས་ནི་བོད་དུ་སའི་གོ་ལ་རིལ་རིལ་ཞེས་བཤད་མཁན་དང་པོ་རེད་ཟེར་བ་དང་།་་ཁ་ཅིག་གིས་དགེ་ཆོས་ཀྱི་སྔོན་དུ་བོད་དུ་སའི་གོ་ལ་རིལ་རིལ་ཟེར་ཡིན་མཁན་མེད་ཟེར་བ་དང་།་་ཁ་ཅིག་གིས་ཁྱེད་དངོས་གནས་དགེ་ཆོས་ལ་མི་དགའ་བ་ཞིག་རེད་ཅེས་དང་།་་ཡང་ཁ་ཅིག་གིས་ང་ཚོ་བོད་པ་རྣམས་ཀྱིས་ཀྱང་སྔོན་གྱི་ཡོ་རོབ་གླིང་གི་་ཡེ་ཤུའི་ཆོས་ཀྱི་བདག་པོ་ལྟར་དགེ་ཆོས་ཀྱི་ས་གོ་ལ་རིལ་རིལ་ཡིན་ཞེས་བཤད་པ་ལ་གསོན་བསྲེགས་མ་བཏང་ཡང་དོན་མེད་དུ་ཁྲིམས་ཆད་ཕོག་ཏེ་་ལོ་གསུམ་གྱི་བཙོན་ཏུ་སྡོད་དགོས་བྱུང་བ་རེད་སོགས་གཏམ་འདྲ་མིན་་བཤད་བཞིན་འདུག་པ་ཐོས་སོ་།་ཡང་དེ་བས་མི་བསམ་ཤེས་ཅན་འགའ་ཤས་ཀྱིས་ཕྲན་ལ་དགེ་ཆོས་ཀྱི་སའི་གོ་ལ་རིལ་རིལ་ཡིན་ཟེར་བའི་རྩོམ་འདི་ལ་དགོངས་ཚུལ་ཤིག་གསུངས་དང་ཞེས་བཤད་བྱུང་བས་།ཕྲན་གྱིས་མི་དེ་དག་གི་རེ་བ་སྐོང་བ་དང་རྣམ་དཔྱོད་ཅན་དག་ལ་ཕན་པ་རེ་་ཐོགས་ན་སྙམ་པའི་ཀུན་སློང་ཤིག་གིས་དགེ་ཆོས་ཀྱིས་བྲིས་བའི་རྩོམ་ཐུང་དེ་ལ་དཔྱད་གཏམ་འདི་བརྗོད་པར་བྱའོ་།་ དེ་ཡང་ཐོག་མར་དགེ་ཆོས་ཀྱིས་༼སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ།རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད།ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང༌།འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད།དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ།གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས།འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗིད་མ་བཟོད་བར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང༌།་ཞེས་གསུང་འདུག་མོད་།་་འདི་ཡང་་དགེ་ཆོས་ཀྱི་ཚན་རིག་ལས་འཕྲོས་བའི་བསྟན་བཅོས་་གཞན་དག་དང་འདྲ་བར་་ཧམ་བཤད་དང།་་་་་མ་ཤེས་་ཤེས་ཁུལ་བྱས་བའི་འཆལ་གཏམ་་ཤིག་ལ་ཚིག་རྒྱན་ཡག་པོ་འགས་རྒྱན་ཏེ་་བོད་མི་གཅམ་བུ་རྣམས་ལ་བསླུ་བྲིད་གཏོང་བྱེད་དུ་བྲིས་བ་་ཤིག་ལས་།་ཚན་རིག་གི་གཞི་རྩ་ཡོད་པ་དང་།་ལོ་རྒྱུས་ལ་དྲང་བཤད་བྱས་པའི་རྩོམ་ཤིག་མ་ཡིན་།་ཅི་ཕྱིར་ཞེ་ན་།་སྔོན་ནས་བཟུང་ཏེ་་ཕྱི་གླིང་ཡོ་རོབ་རྣམས་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པའི་འདོད་པའི་ལྟ་བ་དར་ཡོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་་ཤིན་ཏུ་་ཉུང་ཉུང་ཡིན་ཞིང་།་ཡེ་ཤུ་གཙོ་བྱས་བའི་ཡོ་རོབ་ཀྱི་ཆོས་ལུགས་རྙིང་པ་ཕལ་ཆེར་གྱིས་སའི་གོ་ལ་ནི་རིལ་རིལ་་ཡིན་ཞེས་འདོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་ཉུང་ལ་།་།་དེ་བས་རིག་པ་ཅན་འགའ་ཞིག་གིས་སའི་གོ་ལ་རིལ་རིལ་ཡིན་ཞེས་སྨྲས་ཚེ་།་དེ་ལ་མི་འདོད་མཁན་ཕལ་་ཆེར་མེད་ལ་།་།་ད་བར་ཏུ་ཡོ་རོབ་གླིང་དུ་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ནས་གསོན་པོར་མེ་ལ་བསྲེགས་པ་ཤིག་ཡོ་རོབ་ཀྱི་་ལོ་རྒྱུས་གང་གི་ནང་དུ་ཡང་མེད། དེ་ཡང་ཡོ་རོབ་གླིང་ཏུ་སའི་གོ་ལ་རིལ་རིལ་ཡིན་ཟེར་བ་བའི་ལྟ་གྲུབ་འདི་བདག་ཅག་གི་སྟོན་པ་མ་སྐྱེས་བའི་ལོ་བརྒྱ་ཙམ་གྱི་སྔོན་ནས་དར་ཡོད་།་་སྟོན་པ་མ་འཁྲུངས་བའི་ལོ་བརྒྱ་ཙམ་ཤིག་གི་ནང་དུ་ཐོག་མར་ཕ་ས་གོ་ར་སPythagoras(སྤྱི་ལོ་སྔོན་གྱི570-c. 495 ) ཟེར་བའི་རྟོག་གེ་སྨྲ་བ་ཞིག་གིས་།་འཇིག་རྟེན་ནི་ཐོག་མཇུག་སོགས་ཅི་ཡང་མེད་པས་བདེ་བ་དང་སྙོམས་པར་བྱ་བའི་གཞི་ཡིན་ཞིང་།་བདེ་བ་དང་སྙོམས་པའི་ཁྱབ་པའི་དབྱིབས་ནི་རིལ་རིལ་ཡིན་པས་སའི་གོ་ལ་དང་གཞན་གྱི་གོ་ལ་རྣམས་ཀྱི་དབྱིབས་ནི་་རིལ་རིལ་ཡིན་ཞེས་སའི་གོ་ལ་རིལ་རིལ་ཡིན་པའི་་གྲུབ་མཐའི་ལུགས་བཏོན་།་དེའི་རྗེས་གྷི་རིག་གི་སློབ་དཔོན་ཆེན་པོ་ཕོ་ལ་ཐོ་ Plato(སྤྱི་ལོ་སྔོན་གྱི་428/427 348/347 )ཟེར་བའི་མཁས་བ་དེ་དེང་དུས་ཀྱི་ཡི་ཏ་ལིའི་ལྷོ་ཕྱོགས་སུ་ཕེབས་ཏེ།་ཕ་ས་གོ་རའི་རྩིས་ཀྱི་རྣམ་བཞག་སློབ་གཉེར་བྱས་པ་དང་།་ཁོས་ཀྱང་སའི་གོ་ལ་རིལ་རིལ་ཡིན་པ་ལས་ལེབ་ལེབ་ཡིན་པའི་ལྟ་བ་བཏོན་མེད།་།་དེའི་རྗེས་ཨིས་ཏོལ་ Aristotle (སྤྱི་ལོ་སྔོན་གྱི384 BCE – 322 ) ཟེར་བ་དེས་ཡང་་སའི་གོ་ལ་རིལ་རིལ་ཡིན་་པའི་སྒྱུབ་བྱེད་མང་པོ་་བཏང་།་ཁོང་གིས་སའི་གོ་ལ་རིལ་རིལ་ཡིན་པའི་སྒྲུབ་བྱེད་རྣལ་མ་ཅིག་་ནི་།་དཔེར་་ན་གྲུ་་་ཤིག་རྒྱ་མཚོ་འགྲམ་ནས་ཕར་མཚོ་ནང་དུ་བཏང་ན་རིམ་གྱི་གྲུ་མཚོ་ནང་དུ་ཕར་་སོང་བ་ན་མཐར་གྲུའི་རྩེ་མོ་ཙམ་ལས་མཐོང་བར་མི་འགྱུར་ཅིང་།་དེ་ནི་སའི་གོ་ལ་རིལ་རིལ་ཡིན་པའི་སྒྲུབ་བྱེད་ཡིན་ཞེས་།་དགེ་ཆོས་ཀྱིས་ཀྱང་སློབ་དཔོན་འདིའི་སྐོར་མགོ་མ་ཚོས་བ་ཤིག་བཤད་ཡོད་པ་ཕྲན་གྱིས་འཛམ་གླིང་རྒྱས་ཀྱི་དོགས་སློང་ནང་དུ་བཀོད་ཡོད།་་དེའི་རྗེས་་གྷི་རིག་གིམཁས་བ་ཆེནཔོ་།་ ཨ་རོ་ཐ་སོ་ནིས Erotesthens (སྤྱི་ལོ་སྔོན་གྱི 276 – 194 )ཟེར་བའིརྟོག་གེ་སྨྲ་བ་དེ་སའི་གོ་ལ་འདི་རིལ་རིལ་ཡིན་པའི་སྒྲུབ་བྱེད་དང་།་སའི་གོ་ལའི་ཕྱིའི་སྐོར་ཚད་ཀྱི་རྣམ་བཞག་གསལ་བོ་ཨང་གྲངས་དང་བཅས་བཀོད་ཐུབ་པ་བྱུང་ཡོད་།་།་སྐྱེས་ཆེན་དམ་པ་འདི་བདག་ཅག་གི་སྟོན་པ་འཁྲུངས་བའི་ལོ་ཉིས་བརྒྱ་ཙམ་གྱི་རྗེས་སུ་གྷི་རིག་ནས་སྐུ་འཁྲུངས་་།་ཁོ་ནི་སྐད་གྲགས་ཅན་གྱི་ཨཻ་རྗིབ་ཀྱི་ཨེ་ལེག་ཟན་དར་་དཔེ་མཛོད་ཁང་གི་དཔེ་གཉེར་བ་་གཙོ་བོ་དེ་གྱུར་ཡོད།་ དཔེ་མཛོད་ཆེན་མོ་འདི་ནི་དམག་དཔོན་ཆེན་མོ་ཨེ་ལེག་ཟན་དར་རྒྱ་གར་ནས་རང་གི་རྒྱལ་ས་མ་སར་རྡོ་ནེ་ལ་འགྲོ་དུས་།་ད་ཟིག་ཏུ་འདས་་ཤིང་།་ཁོང་གི་བློན་པོ་རྣམས་རྒྱལ་སྲས་གཉིས་ཀྱི་ནང་ནས་སུ་་ཞིག་རྒྱལ་སྲིད་དུ་བསྐོ་བ་ཁ་མ་མཆམས་པར་མཐར་དམག་དཔོན་་ཤིག་གིས་ཨེ་རྗིབ་ཀྱི་གྲོང་ཁྱེར་ཅིག་ལ་་ཨེ་ལག་ཟན་དར་ཞེས་བཏགས་ནས་རང་གི་རྒྱལ་ཁབ་དུ་བྱས།་་དེ་ལ་དཔེ་མཛོད་ཁང་ཆེན་པོ་འཛམ་གླིང་དུ་དཀོན་པ་ཤིག་རྒྱབ་ནས་མིང་ལ་ཨེ་ལེག་ཟན་དར་་དཔེ་མཛོད་ཁང་ཞེས་བཏགས་།་དུས་སྐབས་དེ་རྒྱ་གར་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་དང་མཉམ་པས་ཡུལ་དེར་ཆོས་ཀྱི་ཕོ་ཉ་མངགས་ཚུལ་དང་རྒྱལ་བོ་དེའི་མིང་དང་བཅས་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐབས་སུ་བཞེངས་བའི་རྡོ་རིང་ལ་བྲིས་ཡོད་པ་དགེ་ཆོས་ཀྱིས་ཀྱང་གཏམ་རྒྱུད་གསེར་ཐང་དུ་བཀོད་་ཡོད་པ་དེ་བཞིན་རེད།་་་ཕྱི་ལོ་སྔོན་གྱི༢༤༠་ཙམ་ལ་ཁོས་ཨེ་རྗིབ་ཀྱི་ས་ཚིགས་གཉིས་ལ་བརྟེན་ནས་སའི་གོ་ལའི་རིལ་རིལ་ཡིན་པའི་ཚད་གཞལ་བ་རེད་།་་ལོ་༢༥༥་ཙམ་ལ་ཁོས་སའི་གོ་ལ་རིལ་རིལ་ཡིན་ཚུལ་གྱི་གོ་ལའི་ཁ་བྱང་ཤིག་ཀྱང་་ཐོག་མར་བཞེངས་བ་དང་།་་དེ་མིན་ཁོང་ནི་འཛམ་གླིང་གི་ས་ཁྲ་ཐོག་མར་བཟོ་མཁན་དུ་ཡང་གྲགས།་ཨ་རོ་ཐ་སོ་ནིས་་གྷི་རིག་གི་མཁས་བ་ཆེན་པོ་ཨར་གི་མི་ཏའིArchimedes of Syracuse (སྤྱི་ལོ་སྔོན་གྱི 287 BC – c. 212 BC་དང་གྲོགས་པོ་ཡིན་པ་བཤད་ཅིང་།་་བཙན་པོ་ཚང་་གིས་སྟོན་པ་འདིའི་མིང་ཨར་གི་མི་ཏ་ཞེས་རྣམ་ཐར་ཉུང་ཙམ་བཀོད་ཏེ་ནུབ་ཀྱི་མཁས་བ་ཐམས་ཅད་ཀྱི་མཁས་བ་་ཞེས་བསྟོད་བསྔགས་་བྱས་ཡོད་པ་ཡང་དོན་ལ་གནས་བ་ཤིག་ཡིན་། དེའི་རྗེས་རིམ་བཞིན་་ཡོ་རོབ་པའི་རྒྱལ་ཁམས་ཡོངས་རྫོགས་ཡེ་ཤུའི་ཆོས་་སུ་བསྒྱུར་ནས་ཡེ་ཤུའི་ཆོས་བ་རྣམས་ཀྱིས་རོམ་གྱི་ཆོས་བརྒྱུད་ཟེར་བ་དེ་འཛུགས།་་ཡེ་ཤུ་ཆོས་ལུགས་པས་རྣམས་ཀྱིས་ཀྱང Ptolemaeus་Claudiusཕུ་ཐུ་ལེབ་མིན་ཁུ་ལུ་རྡི་ཟེར་བའི་བརྩམས་པའི་རྩིས་ཀྱི་བསྟན་བཅོས་ཀྱི་གཞུང་ལུགས་ཆེན་མོ་ཨ་མི་ལ་རྒྱ་སི་ཐུ་Almagest (ཕྱི་ལོ་147 ནམ 148) ཟེར་་ལ་གཞིར་བཙུགས་ཏེ་།་ལོ་ཐོ་དང་།་ཉི་འཛིན་ཟླ་འཛིན་།་བཟའ་སྐར་འཕྲོད་སྤྱོར་སོགས་བརྩིས་བ་དང་་་།་་་རྩིས་ཀྱི་བསྟན་བཅོས་འདི་ནང་དུ།་སའི་གོ་ལ་ནི་སྐར་ཁྱིམ་ཐམས་ཅད་ཀྱི་དཀྱིལ་དུ་ཡོད་པ་དང་་ཉི་ཟླ་སྐར་གསུམ་ཐམས་ཅད་སའི་གོ་ལ་སྐོར་ཅིང་འཁོར་བར་འདོད་པའི་གྲུབ་མཐའ་ཡིན་པས།་་འདིའི་ནང་དུའང་་ཕྱིའི་གོ་ལ་རྣམས་ནི་ཟླུམ་པོའམ་རིལ་རིལ་ཡིན་པ་ལས་ལེབ་ལེབ་ཡིན་པའི་འདོད་ཚུལ་མེད་།་གྲུབ་མཐའ་འདི་ལ་ཕྱིས་་སུ་ནུབ་གྱི་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་རུ་འབོད་པའི་ནང་གི་ཐོག་མར་་ཕོ་ལ་ཤའི་ཡེ་ཤུ་ཆོས་ཀྱི་གྲྭ་བ་ནི་ཁུ་ལེ་སུ་ཁོ་་ཕུ་ནི་ཁུ་Nicolaus Copernicus ( 1473 – 1543)ཟེར་བ་དེས་དོགས་གཞིར་བཟུང་ཏེ་།་ཉི་མ་ནི་སྐར་མ་ཐམས་ཅད་ཀྱི་དབུས་སམ་་།་སའི་གོ་ལ་སོགས་སྐར་མ་ཐམས་ཅད་ཉི་མ་ལ་སྐོར་་བ་རྒྱག་བཞིན་པའི་གྲུབ་མཐའ་བཏོན་་།་དེ་ནས་རིམ་གྱི་ཚན་རིག་དར་བའི་མགོ་བརྩམས་ཤིང་་།་དེ་དུས་བོད་དུ་རྒྱལ་བ་དགེ་འདུན་རྒྱ་མཚོའི་དུས་རེད་།་་་་ཁོ་་ཕུ་ནི་ཁུ་ཡི་རྗེས་སུ་ཇོ་ཧེ་ནི་སུ་ཁ་ཕི་ལེ་Johannes Kepler ( 1571 – 1630དང་།་ཀ་ལི་ལེ་ཨོ་་Galileo Galilei ( 1564– 1642)དང་སྐུ་ཞབས་ཨ་ཟེར་གི་ཉིག་ཏོན་Sir Isaac Newton ( 1642 – 20 March 1727])་་རྣམས་ནས་རིམ་གྱིས་ཉི་མ་ནི་སྐར་ཁྱིམ་་ཡོངས་ཀྱི་དཀྱིལ་དུ་ཡོད་པའི་ལྟ་བ་འདི་དར་་ཤིང་རྒྱས་བར་བྱས་ཏེ།་ཚན་རིག་གི་ལྟ་བའི་གཞུང་མགོ་ཚུགས་།་་་དེ་ཡང་ཐོག་མར་ཁོ་ཕུ་ནི་ཁུ་ཡིས་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་ལྟེ་བ་ཡིན་པའི་གྲུབ་མཐའ་བཏོན་སྐབས་།་ཁོས་སའི་གོ་ལ་ཉི་མར་སྐོར་བ་རྒྱག་བཞིན་པ་དང་།་སའི་གོ་ལར་སྤྱི་འཁོར་དང་།་རང་འཁོར་གཉིས་ཡོད་པའི་ལྟ་བ་ཤིག་བཏོན་པ་ལས་སའི་གོ་ལ་རང་ནི་རིལ་རིལ་ཡིན་པའི་ལྟ་བ་གསར་ཏུ་བཏོན་མེད་།་དེ་བཞིན་རིམ་གྱིས་ཁ་ཕི་ལེས་སའི་གོ་ལ་་ཉི་མར་ཕྱི་འཁོར་ཇི་ལྟར་བྱ་ཚུལ་གྱི་སྐོར་ཨང་རྩིས་ལམ་ནས་བཏོན་སྐབས་་དང།་་ཀ་ལི་ལེ་ཨོ་ཡིས་ལྟ་བ་དེ་དག་ལ་རྒྱབ་སྐྱོར་བྱས་བའི་གཞུང་ལུགས་བརྩམས་པ་དང་།་་ཉིག་ཏོན་གྱིས་འཐེན་ཤུགས་ཀྱི་ལྟ་བ་བཏོན་པ་དེ་དག་ཀྱང་་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་དབུས་སུ་ཡིན་པས་སྒྲུབ་བྱེད་་གཏོང་བ་ཡིན་པ་ཡེ་ཤུ་ཆོས་ཚོགས་ཀྱི་ཕུ་ཐུ་ལེབ་མིན་གྱི་སའི་གོ་ལ་དབུས་སུ་ཡོད་པའི་ལྟ་བ་དང་འགལ་བ་བྱུང་ཡོད་མོད།་།་རྩོད་རྙོག་དེ་དག་ནི་སའི་གོ་ལ་ལམ་།་ཡང་ན་་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་ལྟེ་བ་ཡིན་པའི་རྩོད་པ་ཤིག་ལས་།་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོད་པ་མིན་།་་ཀ་ལི་ལེ་ཨོ་ལ་ཡེ་ཤུ་ཆོས་ཀྱི་ཁྲིམས་ཆད་ཕོག་པ་དང་གཞན་ཚན་རིག་པ་འགའ་ཤས་་མེ་ལ་བསྲེགས་གཏོང་དགོས་བ་ཡང་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོད་པ་མ་ཡིན་པར་།་སའི་གོ་ལ་དང་།་ཉི་མ་གཉིས་ཀྱི་གང་ཤིག་སྐར་ཁྱིམ་ཡོངས་ཀྱི་དཀྱིལ་དུ་ཡོད་མེད་ཀྱི་རྩོད་པ་དེ་ཡིན་།་་འདི་ལྟར་ཤེས་ན་་དགེ་ཆོས་ཀྱིས་སྔོན་་ཕྱི་་གླིང་ཡོ་རོབ་ཀྱི་འཇིག་རྟེན་འདི་ལེབ་ལེབ་ཡིན་ཟེར་བ་་ཤ་སྟག་དང་།་རིལ་མོ་ཡིན་ཞེས་སྨྲ་མཁན་གཅིག་ཀྱང་མེད་ཟེར་བ་་།་རིལ་རིལ་ཡིན་ཞེས་སྨྲས་ཚེ་གསོན་པོ་མེ་ལ་བསྲེགས་པ་སོགས་སྨྲས་བ་།་དགེ་ཆོས་་རང་གིས་ཡོ་རོབ་ཀྱི་ཚན་རིག་གི་ལོ་རྒྱུས་མ་ཤེས་པར་།་བོད་མི་རྣམས་ལ་མགོ་སྐོར་བའི་སྐད་ཆ་ཡིན་པ་ལས་།་ཚན་རིག་དང་ལོ་རྒྱུས་ཀྱི་ཁུངས་ལུང་ཅི་ཡང་མེད་། ཡང་དགེ་ཆོས་ཀྱིས་”འོན་ཀྱང་རང་རེ་བོད་དུ་ནི་ད་དུང་ཡང་མིན་པའི་ཕྱོགས་ལ་ཨུ་ཚུགས་བྱེད།ཁ་ཤས་ཕྱི་གླིང་པ་གྲུ་བཏང་ནས་རྒྱ་མཚོའི་ནང་དུ་མགོ་འཁོར་པ་ཡིན་སོགས་བྱིས་པ་སེམས་མེད་ཀྱི་གཏམ་སྨྲ།བློ་ལྔན་དགའ་རེས་ཁོང་དུ་ཆུད་ཀྱང་གཞན་གྱིས་ཁ་ཟེར་བ་ལ་འཇིག་ནས་ཁ་ནས་བཤད་མི་ནུས་པར་སྡོད་པ་ཡང་མཐོང༌།ཡོ་རོབ་ཀྱི་མཁས་པ་རྒྱུ་མཚན་མངོན་སུམ་མ་མཐོང་པར་གང་ལ་ཡང་ཡིད་མི་ཆེས་པའི་མགོ་ཁྲེགས་མཐར་ཐུག་དེ་དག་གིས་ཀྱང་མིན་པའི་ཕྱོགས་ལ་སྡོད་མ་ནུས་པར་ཁས་བླངས་ཚར་ན།རང་རེའི་ཨུ་ཚུགས་འདིས་མཁའ་མི་འཁྱོལ་བ་སྨྲ་མ་དགོས།སངས་རྒྱས་ཀྱིས་ལེབ་ལེབ་དུ་གསུངས་པའི་ཕྱིར་བྱ་བ་འདིས་ནི་གཞན་སྡེ་ལུང་ཁས་མི་ལེན་པ་ལ་གནོད་པ་ཁབ་རྩེ་རྩམ་ཡང་མི་འཁྱོལ་བར་མ་ཟད།རང་སྡེ་ལུང་ཁས་ལེན་པ་ལ་ཡང༌།སངས་རྒྱས་ཀྱི་མདོ་ཕལ་ཆེར་སེམས་ཅན་གྱི་བསམ་པ་དང་མཐུན་པར་གསུངས་པས།འདི་ཡང་དྲང་དོན་དང་ངེས་དོན་གང་ཡིན་མི་ཤེས།སྟོང་ཉིད་དང་ཐར་པའི་ལམ་རིམ་ལྟ་བུའི་དོན་ཆེན་པོ་དག་ཀྱང་སེམས་ཅན་གྱི་བསམ་པ་བཞིན་དྲང་དོན་གྱི་སྒོ་སྣ་ཚོགས་སུ་གསུངས་ན་ཡང་སྣོད་བཅུད་ཀྱི་རྣམ་བཞག་འདི་འདྲ་ལ་སྨྲས་ཅི་དགོས།སངས་རྒྱས་ཞལ་བཞུགས་དུས་དགེ་སློབ་རྣམས་ཀྱི་ཟས་ཟ་སྟངས་ཡུལ་དུས་དང་མི་མཐུན་པ་ཁྱིམ་པ་རྣམས་ཀྱི་སེམས་ལ་མི་འགྲོ་བ་ཕྲན་བུ་རེ་བྱུང་བ་ལ་ཡང༌།དེ་འདྲ་མི་རུང་ཞེས་ཁྲིམས་བཅའ་བར་མཛད་ན།དེ་དུས་འཇིག་རྟེན་ཐམས་ཅད་ལས་ལེབ་ལེབ་ཡིན་ཞེས་རླུང་ལྟར་གྲགས་པས།སངས་རྒྱས་ཀྱིས་རིལ་རིལ་ཞེས་གསུང་ཀྱང་སུའི་རྣ་བར་འགྲོ།ནན་གྱིས་གསུང་ཀྱང་ངོན་ཅི་ཡང་མོད་རྫུ་འཕྲུལ་ཀྱིས་དངོས་སུ་བསྟན་ན་ཡང༌།དེང་སང་སྐྱེས་བོ་ཚོས་ཡང་ཁྲག་ཁྲིག་གིས་མངོན་གསུམ་དུ་གྱུར་བའི་སྐབས་སུ་ཡང༌།ད་དུང་རང་རེས་ཁོང་ཚོ་མགོ་འཁོར་བ་ཡིན་ཞེས་སྨྲ་བ་ལྟར།གོ་ཏ་མའི་མིག་འཕྲུལ་ཡིན་བྱ་བ་ལས་ཡིད་ཆེས་བ་མི་འོང་ངེས།དེ་ན་རང་རེ་ཀུན་གྱིས་ཡི་གེ་ལས་མཐོང་པའི་འཇིག་རྟེན་དེ་ལས་མིག་གིས་མཐོང་པའི་འཇིག་རྟེན་འདི་ལ་ཡིད་ཆེས་ན་ལེགས་སོ།།” ཞེས་་ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་གནས་ཡིག་དཔྱིད་ཀྱི་ཉི་མ་འཕུད་བྱེད་ལ་དགག་པ་གཏོང་ཁུལ་གྱི་འདི་ལྟར་བཤད་འདུག་མོད།་དོན་གྱིས་དགེ་ཆོས་ཁོ་རང་གིས་བོད་དུ་སའི་གོ་ལ་་རིལ་རིལ་ཡིན་པར་འདོད་པའི་ལྟ་བ་འདི་སྔོན་ནས་དར་ཡོད་པ་དེའི་སྐོར་གྱི་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མ་མཐོང་།་་་རང་ལ་་སྤོབས་པ་ཆེ་མདོག་དང་།་བོད་ལ་་ཤ་ཚ་ཁུལ་གྱིས་་གྲོས་འདེབས་ཁུལ་དང་།་མ་བརྟག་ཅོལ་ཆུང་གི་གཏམ་དག་ལས་།་་ལོ་རྒྱུས་ཀྱི་ཁུངས་ལུང་ཡོད་པ་དང་ཚན་རིག་གི་སྟེང་ནས་ར་སྤྲོད་ཐུབ་པ་ཤིག་རྩ་བ་ཉིད་ནས་མིན་།་གལ་སྲིད་ཁོ་རང་གི་རྒྱ་རྩིས་ལ་་སློབ་གཉེར་ཅུང་ཙམ་བྱས་ཡོད་པ་དང་་།་བོད་དང་ཡོ་རོབ་གཉིས་ཀྱི་འབྲེལ་བའི་་སྐོར་ལ་ཞིབ་དཔྱད་ཉུང་ཙམ་རེ་བྱས་ཡོད་ན།་སྐད་ཆ་འདི་འདྲ་ཤིག་བཤད་མི་ཕོད་།་།་ཅི་ཕྱིར་ཞེ་ན་།་མདོ་སྨད་ཁུལ་དུ་དར་བའི་རྒྱ་རྩིས་འདིའི་ནང་དུ་སའི་གོ་ལ་རིལ་རིལ་ཡིན་པ་གཞིར་བཞག་གི་སྟེང་ནས་།་དེའི་ཏུའུ་ཚད་དང་།་སེར་ལམ་།་དམར་ལམ་།་དེ་བཞིན་དཀྱིལ་ཞག་བརྩི་ཚུལ་བཅས་གསལ་བོ་་གསུང་ཡོད་པ་མ་ཟད།་་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བའི་སྐབས་སུ་བླ་བྲང་གི་ཀྱེ་རྡོར་གྲ་ཚང་གི་མདུན་དུ་་རྒྱ་རྩིས་ཀྱི་རི་མོ་ལམ་ནས་བྲིས་བའི་སའི་གོ་ལའི་ཁ་བྱང་ཆེན་པོ་ཞིག་བཞེངས་ཡོད་པ་དེ་རྗེས་སུ་མེ་རུ་འཚིགས་ནས་མ་ལུས་མོད་།་དགེ་ཆོས་བླ་བྲང་དུ་ཡོད་དུས་།་གོ་ལའི་རི་མོ་རྣམ་བཞག་དེ་དེ་རུ་ཡོད་པར་བཤད།་་ཡ་མཚར་བ་ཞིག་ལ་དགེ་ཆོས་ཀྱི་འདིའི་སྐོར་ལ་སྒྲོས་གླེང་ཙམ་ཡང་བྱས་མི་འདུག།་མདོ་སྨད་ཁུལ་དུ་དར་པའི་རྒྱ་རྩིས་འདི་ནི་རྒྱལ་དབང་བཞི་བ་དང་ལྔ་བའི་སྐབས་སུ་ཡོ་རོབ་གྱིས་ཡེ་ཤུའི་ཆོས་སྤེལ་བ་འགའ་ཤས་མིང་རྒྱལ་རབས་ཀྱི་རྒྱལ་བོ་ཐ་མ་ཁྲུང་ཀྲུན་ཟེར་བའི་སྐབས་སུ་རྒྱ་ནག་ཏུ་སླེབས་ཏེ་།་རྒྱ་ནག་གི་མཁས་དབང་གྲགས་ཅན་ཞིས་ཀོང་ཆིས་ཀྱིས་རོགས་རམ་འོག་ཁྲུན་ཀྲོང་རྩིས་གསར་ཞེས་བའི་གཞུང་མང་པོ་བྲིས་ནས་གོང་མར་ཕུལ་ཡང་།་།་རྒྱལ་རབས་མཇུག་རྫོགས་ཏེ།་་ལག་བསྟར་བྱ་མ་ཐུབ་པ་་རེད་།་དེའི་རྗེས་མན་ཛུའི་རྒྱལ་རབས་སྐབས་སུ་བཙན་པོ་ཚང་གི་ཀིརྨ་ནི་འམ་ཛར་མྨ་ཎི་ཡ་ཟེར་བ་དེང་དུས་ཡོངས་གྲགས་སུ་འཇར་མན་ཟེར་བའི་ཡུལ་ནས་ཡོང་བའི་མཁས་བ་འཇར་མན་གྱི་མིང་ལ་ཇོན་ཨ་དམ་ཤིལ་ལམ་རྒྱ་ནག་གི་སྐད་དུ་་མིང་དུ་ཐང་རོ་དབང་་(Johann Adam Schall von Bell 汤若望) (1591-1666)ཟེར་བ་དེས་དེའི་གོང་གི་རྩིས་དཔེ་དེ་དག་ཡང་བསྐྱར་བསྡུས་ཏེ།་མིང་ལ་ནུབ་ཀྱི་རྩིས་གསར་ཅེས་བཏགས་ནས་་༡༦༤༥་ལོར་མན་ཇིའི་གོང་མར་ཕུལ་བ་དང་།་ལྔ་བ་ཆེན་པོ་རྒྱ་ནག་ཏུ་ཕེབས་དུས་།་མི་འདིའི་་མིང་དངོས་སུ་དྲངས་ཏེ།་རྩིས་བ་་ཞེས་གསུང་འདུག༼དེ་ཉིན་ཁ་འཚུབ་ཆེ་བ་ཞིག་བྱུང་རྒྱ་གར་གྱི་མུ་སྟེགས་པའི་རྩིས་བ་ཐང་ཤི་དབང་གིས་ཇི་ལྟར་འོང་བར་ལུང་བསྟན་པ་ལྟར་བྱུང་ཞེས་དབང་ཡ་མཚན་དུ་བཟུང་ཏེ་བསྔགས་བརྗོད་བྱེད་སྐབས་ཞེས་་ཐང་ཤི་དབང་ཟེར་ཡིག་ནོར་ཡིན་ཏེ་།་དོན་གྱི་ཐང་རོ་དབང་ཟེར་བཞིན་ཡོད།༽་་ཕྱིས་སུ་རྒྱ་ནག་རྩིས་རྣམས་ཡོ་རོབ་ཀྱི་རྩིས་སྟེང་ནས་སྤེལ་མགོ་བརྩམས་།་་ཡིད་སྐྱོ་བ་ཞིག་དེང་དུས་རྒྱ་རྩིས་ཀྱི་སྐོར་ལ་ཞིབ་དཔྱད་བྱ་བཞིན་པ་ཉུང་ཤིང་།་ཡོད་པ་རྣམས་ཀྱིས་ཀྱང་།་རྒྱ་རྩིས་ཀྱི་ཁུངས་ནི་ནུབ་ཕྱོགས་ནས་དར་བ་དང་།་ཁྱད་པར་ཐ་ཁོ་པུ་ར་ཧེ་ཡི་(Tycho Brahe 1546 – 1601),ལྟ་གྲུབ་དང་།་རི་མོ་ཡིན་པ་ཧ་མ་གོ་བར་།་ཅི་མི་སྙམ་པར་རྒྱ་ནག་རང་དུ་ཡོད་པའི་རྩིས་ཤིག་ཡིན་ཞག་གིས་བཤད་་བཞིན་པ་འདི་བཞིན་རེད་།་་ཕྱི་ལོར་༡༧༡༥་གོང་མ་བདེ་སྐྱིད་རྒྱལ་བོས་་བོད་ཀྱི་མཁས་བ་ཆེན་པོ་རབ་འབྱམས་ངག་དབང་ཚུལ་ཁྲིམས་བཟང་བོ་སོགས་ལ་བཀའ་བབས་ཏེ་།་ནུབ་གྱི་རྩིས་གསར་དེ་བོད་ཡིག་ཏུ་བསྒྱུར་།་་དེ་ནི་ཏ་ལྟ་ཡང་མཐོང་རྒྱུ་ཡོད་པའི་རྒྱ་རྩིས་ཆེན་པོ་ཞེས་འབོད་པའི་སྐད་གྲགས་ཅན་གྱི་གླེགས་བམ་དེ་རེད་།་༼ཕྱི་ལོ་༢༠༠༨་ལོར་བོད་ཀྱི་རྩིས་བ་རྣམ་དཔྱོད་ཅན།་་དགེ་བསྙེན་ཚུལ་ལྡན་ཤིག་གིས་ཕྲན་ལ་རྒྱ་རྩིས་ཆེན་མོའི་གླེགས་བམ་ཤིག་བསྩལ་བྱུང་བ་དེ་ལ་ནམ་ཡང་དགའ་བ་སྒོམ་གྱིན་ཡོད༽་རྒྱ་རྩིས་ཆེན་མོའི་འདིའི་ནང་དུ་ནུབ་ཀྱི་རྩིས་དང་།་ཚན་རིག་གི་ལྟ་གྲུབ་མང་པོ་ཤིག་ཡོད་པ་དང་།་་བོད་ཡིག་ཏུ་་ཡོ་རོབ་ཀྱི་བསྟན་བཅོས་བསྒྱུར་བ་ཐོག་མ་དེ་ཡིན་པར་བསམ་པས།་འདིའི་སྐོར་ད་དུང་མི་འཐུད་ཞིབ་མཇུག་བྱ་མུས་དང་།་འདིའི་སྐོར་གྱི་ཆེད་རྩོམ་ཤིག་ཀྱང་བྲིས་ཏེ།་མགྱོགས་པོ་བཏོན་རྩིས་ཡོད་།་ དེའི་རྗེས་མ་ཡང་བཟོད་པའམ་་སེར་ཆེན་ཞབས་དྲུང་གང་རུང་ཤིག་གིས་རྒྱ་རྩིས་ཀྱི་སྙིང་བོ་ཐམས་ཅད་བསྡུས་ནས།་དཔེ་མིང་ལ་་རྒྱ་རྩིས་ལས་།་རྒྱལ་ཁབ་ཆེན་པོ་པེའི་ཅིང་གནས་པའི་ཡུལ་གྲུ་གཙོ་བོར་བྱས་ཏེ་ཉི་ཟླ་གཟའ་འཛིན་བརྟགས་ཚུལ་་ཟེར་བ་ཤིག་བརྩམས་ནས་།་སོག་ཡུལ་དང་།་མདོ་སྨད་ཡུལ་དུ་དར་བར་བྱས་པ་དང་།་དེའི་རྩིས་མགོ་༡༧༤༤་ལོ་ལ་བྱས་།་བསྟན་བཅོས་དེས་ཀྱང་སའི་གོ་ནི་རིལ་རིལ་ཡིན་པའི་སྟེང་ནས་ཉི་འཛིན་དང་ཟླ་འཛིན་སྒྲུབ་བཞིན་ཡོད་པ་ལས་།་སའི་གོ་ལ་ལེབ་ལེབ་ཡིན་པའི་སྐད་ཆ་གཅིག་ཀྱང་མེད་།་དེའི་གོ་དོན་ཐད་ལ་ཨ་ཀྱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་(1708-1767)སའི་གོ་ལ་རིལ་རིལ་ཡིན་པའི་གསལ་བོ་གསུང་ཡོད་་།་ཁོང་གིས་”འཇིག་རྟེན་ཆགས་པའི་ས་འདི་ཟླུམ་པོ་ལ་ཉི་ཟླ་བཟའ་སྐར་ཕལ་ཆེ་བ་ཤིག་སྟེང་འོག་ཏུ་འཁོར་ཞིང་།་འགྲོ་བས་བགྲོད་ཚུལ་གྱི་དབང་གིས་ཉི་མ་ཟླ་བས་སྒྲིབ་པ་དང།ཟླ་བ་ས་གཞི་ཉི་མ་རྣམས་ཐད་ཀར་དྲང་བོ་བབས་ན་ས་གཞི་གྲིབ་མ་ཕོག་པའི་དབང་གིས་ཟླ་འཛིན་བྱུང་”ཞེས་གསལ་བོ་གསུང་ཡོད་།་གསུང་འདི་ནི་དགེ་ཆོས་ཀྱིས་སའི་གོ་ལ་རིལ་རིལ་ཡིན་པར་བཤད་པའི་རྩོམ་ཐུང་དེ་མ་བརྩམས་པའི་ལོ་ཉིས་བརྒྱ་ཙམ་གྱི་གོང་རེད།་་རྗེས་སུ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཨ་ཀྱ་བློ་བསྟན་གྱི་ལྟ་བ་འདི་ལན་གཅིག་མ་ཡིན་པར་ཡང་དང་བསྐྱར་ཏེ་དྲངས་ཏེ་བོད་ཀྱི་གཅམ་བུ་རྣམས་ལ་གསུང་ཡོད་མོད་།་ཁོ་ཚོས་དགེ་ཆོས་ཀྱི་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོམ་ཐུང་དང་དོན་རྒྱལ་སད་ཀྱི་བཅོམ་པའི་མེ་ཏོག་སོགས་ལ་མགོ་འཁོར་ཏེ་།་ལུང་དང་རིགས་པའི་ཁྱབ་པའི་གསུང་མན་ངག་ཅན་་འདི་དག་ལ་སྒྲོས་གླེང་ཙམ་ཡང་བྱུང་མེད་པ་འདི་ནི་ཡིད་སྐྱོ་བའི་གནས་ཚུལ་དེ་བྱུང་བ་རེད་།་་དེབཞིན་ཉེ་དུས་ཀྱི་བླ་བྲང་གི་དུས་མཁོར་བ་སྨད་སོག་བཛྲ་་གྱིས་།་༼གསུང་རྩོམ་པོད་གསུམ་པ་།་༩༦་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།་༽་འཇིག་རྟེན་ས་གཞི་ཟླུམ་པོ་འདིའི་།་སྟེང་ཐད་ཉི་ཟླ་གཟའ་སྐར་རྣམས།་བརྩེགས་ཚུལ་འཁོར་བའི་འགྲོས་དབང་གིས་།་ཟླ་བས་ཉི་མ་སྒྲིབ་པར་འདོད།་ཟླ་བ་ས་གཞི་ཉི་མ་རྣམས་།་ཐད་དྲངས་བབས་ཚེ་ས་གཞི་ཡིས་།་གྲིབ་མ་དཀྱིལ་འཁོར་ལ་ཕོག་པར་།་ཟླ་འཛིན་སྣང་བ་བྱུང་བར་གླེང་།་”་ཞེས་གསལ་བོ་གསུང་ཡོད་པ་ལྟར་།་རྒྱ་རྩིས་ཀྱི་ལུགས་ལ་སའི་གོ་ལ་ནི་ཟླུམ་པོའམ་རིལ་རིལ་ཡིན་པ་ལས་།་ལེབ་ལེབ་ཡིན་པའི་སྐད་ཆ་གཅིག་ཀྱང་མེད་པ་་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་རྒྱ་རྩིས་ཀྱི་གོ་དོན་དང་།་དེ་མིན་གཞན་གྱི་རྒྱ་རྩིས་ཀྱི་བསྟན་བཅོས་མང་པོ་བརྩམས་ཡོད་པ་དེ་དག་གི་ནང་དུ་གསལ་བོ་གསུང་ཡོད་པ་རེད་། དེའི་མི་ཚད་ད་དུང་སྔོན་གྱི་དུས་ནས་བོད་ཀྱི་མཁས་བ་མང་པོས་སའི་གོ་ལ་ནི་རིལ་རིལ་ཡིན་པར་རྟོགས་ཡོད་པ་མ་ཟད་།་འདོད་ཚུལ་འདི་དུས་འཁོར་དང་།་མཛོད་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་དང་ཡང་མི་མཐུན་པ་ཡང་ཧ་གོ་ཡོད་།་དཔེར་ན་བཙན་པོ་ནོ་མོན་ཧན་གྱིས་དེའི་སྐོར་པན་ཆེན་བདུན་པ་དཔལ་ལྡན་བསྟན་པའི་་ཉི་མ་མཆོག་ལ་དོགས་གཞིའི་ཡི་གེ་བསྐུར་དུས་།་པན་ཆེན་་དཔལ་ལྡན་བསྟན་པའི་ཉི་མས་།་ “ཕེ་རེཾ་ཀི་པ་(ཡོ་རོབ་པ)ལ་སོགས་པ་རྣམས་ཀྱིས་རང་རང་གིས་ལུགས་སྲོལ་རྩོད་མེད་དུ་བཟུང་སྟེ་གོ་ལའི་རྣམ་བཞག་བཀོད་པ་ལ་ཁོ་པ་རང་ལུགས་སོར་བཞག་གི་ལོ་ཟླ་ཞག་འཕྱུག་མེད་འཛིན་ཐུབ་པ་འདུག་པས་འདི་ཡང་གོལ་སར་མ་བཟུང་པར་སྒྲོ་འདོགས་གཅོད་པའི་གནས་སུ་ཁྱེར་དགོས་བ་ལགས་”ཞེས་གསལ་བོ་གསུང་ཡོད་པ་འདི་རེད་།་་དགེ་ཆོས་ཀྱིས་རྒྱ་རྩིས་དང་།་བཙན་པོ་ནོ་མོན་ཧན་།་དཔལ་ལྡན་བསྟན་པའི་ཉི་མ་སོགས་ཀྱི་ཐད་ལ་སྒྲོས་གླེང་དང་རྟོག་དཔྱོད་ཙམ་ཡང་མེད་པར་།་རང་གིས་གཞན་གྱི་མ་གོ་བ་་ཤིག་གོ་ཁུལ་དང་།་ཤ་ཚ་མདོག་གི་སྐད་ཆ་འདི་འདྲ་བཤད་པ་དང་།་ཐ་མ་དཔར་ཏུ་བཀོད་ནས་ཕྱོགས་མཐར་བཀྲམས་པ་འདི་དག་གིས་དགེ་ཆོས་ནི་བོད་ཀྱི་ལོ་རྒྱུས་ལ་འདྲིས་ཆ་ཆུང་་པའི་མཚོན་རྟགས་དང།་དགེ་ཆོས་ལ་དོན་མེད་ཀྱི་འུད་བསྟོད་བྱས་བ་དག་ཡང་དོན་གྱིས་སྤྲེའི་གར་འཁྲབ་འགའ་ཡིན་པ་ཞོར་གྱི་་ཤེས་པར་བྱའོ་།་ སྐབས་འདིར་ང་ཚོས་ངེས་པར་ཏུ་ཉེ་དུས་ཀྱི་མཁས་བ་ཆེན་པོ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ།་ཨ་ཁུ་བསམ་གྲུབ་ཚང་།་ཨ་ཁུ་བཛྲ་ཚང་།་རྒྱ་མི་བ་བསོད་ནམས་རྒྱ་མཚོ་སོགས་ལ་བཀའ་དྲིན་ཆེ་ཞུ་དགོས་ཡོད།་ཅི་ཕྱིར་ཞེ་ན་།་ཁོ་ཚོ་ལ་བརྟེན་ནས་དུས་ཀྱི་མཐར་ཡང་་རྩིས་རྒྱུན་འདི་རྒྱུན་མ་ཆད་པར་མི་མཐུད་དུ་གནས་ཐུབ་པར་བྱུང་བ་རེད་།་་སྔོན་གྱི་བོད་ཀྱི་མཁས་བ་དག་གི་ལྟ་བ་འདི་འདྲ་བ་།་རྩིས་ཐབས་འདི་ལྟ་བུ་བོད་དུ་དྲངས་་བ་ལ་་དོན་མེད་ཀྱི་དགེ་ཆོས་ཀྱི་་རྗེས་སུ་རྒྱུགས་མཁན་དག་གིས་བློ་ངོར་མི་འབབ་ལ་།་དོན་རྒྱལ་གྱི་རྗེས་སུ་འབྲངས་བ་དག་གིས་རྩིས་གཞུང་འདི་ལྟ་བ་རྙིང་བ་རེད་ཅེས་དཔྱད་པ་སོགས་ཅི་ཡང་མེད་པར་གད་སྙིགས་ནང་དུའང་གཡུགས་སྲིད་མོད་།་བློ་གཟུ་བོ་རྣམས་ལ་བསྟན་བཅོས་འདི་དག་གིས་་བོད་ཀྱི་སྔོན་གྱི་མཁས་བ་དག་ནི་ཕྱི་ནང་རིགས་པའི་ལྟ་བ་ཀུན་ལ་འདྲིས་ཆེ་།་བློ་གཟུ་བོ་ཡིན་པ་།་གང་ལ་བདེན་པ་དང་།་རིགས་པ་ལྡན་ན་ཕྱི་ནང་གི་ཕྱོགས་ཞེན་མེད་པར་ཚུལ་བཞིན་དུ་དྲངས་བ་དེ་མཚོན་བཞིན་ཡོད།་ མཐར་དགེ་ཆོས་ནས་བཟུང་ཏེ་།་བོད་དུ་ལྟ་བ་ཡ་མཚར་བ་ཤིག་དར་བའི་མགོ་ཚུགས་པ་རེད་།་་་ལྟ་བའི་དེའི་གནད་ནི་རྡོག་རྡོག་པོ་བཤད་ན་འདི་རེད།་དུས་ལ་གསར་རྙིང་གཉིས་སུ་དབྱེ།་རིགས་པའི་གཞུང་ལུགས་ལ་ཡང་སྲོལ་རྒྱུན་དང་།་དེང་རབས་ཅན་ཞེས་གཉིས་སུ་ཕྱེས།་་སྔོན་གྱི་དུས་རབས་ནི་།་ཀླ་ཀློ་དང་།་མུན་ནག་།་བདུག་རྩུབ་ཡིན་པ་སོགས་དང་།་དེང་གི་དུས་ནི་ཚན་རིག་ཡོད་པ།་དམངས་གཙོ་ཡིན་པ་།་གསར་གཏོད་ཡོད་པ་སོགས་བཤད་བཞིན་ཡོད་པ་དེ་རེད་།་སྤྱིར་བཏང་་དེང་རབས་ཅན་ཟེར་བ་འདི་གླེང་དུས་འདི་མི་རྣམས་ཀྱི་སྣང་ངོར་་ཅི་མི་སྙམ་པར་སྔོན་སྲོལ་གཏོར་ནས་གསར་བ་ཤིག་བཤད་དགོས་བ་དང་།་བྱས་དགོས་བར་འཆར་བཞིན་ཡོད་མོད་།་་ལྟ་བ་འདི་ལ་་དེང་དུས་ནུབ་ཕྱོགས་ཀྱི་མཁས་བའི་མང་པོས་་དགག་བཞག་བྱས་ཏེ་་ད་ལྟ་དེང་རབས་ཅན་རྗེས་མ་ཞེས་བའི་གྲུབ་མཐའ་་དར་བཞིན་ཡོད་པ་དང་་།་་མཁས་བ་ཁ་ཅིག་གིས་དུས་གསར་རྙིང་དང་།་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར་འདི་ནུབ་ཀྱི་ལོ་རྒྱུས་དང་སྤྱར་ན་ཆོག་པ་ལས་ས་ཕྱོགས་གང་དུ་སྤྱོར་མི་ཆོག་པའི་ལྟ་བ་ཡང་འཛིན་བཞིན་ཡོད་མོད་།་བོད་ཀྱི་གཅམ་བུ་དག་གིས་་དགེ་ཆོས་དང་དོན་རྒྱལ་སོགས་དཔུང་དུ་བཞག་ནས་གསར་བ་དང་རྙིང་བ་།་སྲོལ་རྒྱུན་དང་་དེང་རབས་ཀྱི་ཁྱད་པར་་ཕྱེས་ཅི་ཐུབ་ཀྱིས་སྔོན་གྱི་མཁས་བ་རྣམས་ལ་འཕྱ་སྨོད་དང་།་བརྙས་བཅོས་།་དོན་མེད་ཀྱི་དགག་པ་གཏོང་བཞིན་པ་དེ་ནི་དམར་པོ་ལྟ་བ་རང་དུ་ངེས་།་་ད་ནི་གསར་རྙིང་གི་རྩོད་པ་མཚམས་ཞོག།་སྲོལ་རྒྱུན་དང་དེང་རབས་ཞེས་ཡིན་མདོག་མདོག་གི་སྐད་ཆ་ཆེན་པོ་ཡང་མ་བཤད་།་་གང་ལ་རིགས་པ་དང་།་བདེན་པ་ཡོད་ན་གཙུག་ཏུ་བཀུར་ཏེ་།་སྔོན་གྱི་དུས་ལྟར་མི་སྡེ་ཡ་རབས་ཡག་པོ་ཤིག་འཛུགས་སྐྲུན་བྱེད་པར་བྱ་་ཞེས་ཞུ་འདོད་པ་དེ་ཡིན།་བཀྲ་ཤིས་བདེ་ལེགས་།་
འདི་ན་ཡང་ཚེ་རིང་རྒྱུ་བོ་ཞིག་གིས་ང་དགའ་སའི་རྩོམ་ཡིག་ཡ་མེད་ཅིག་བྲིས་འདུག གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་བ་འདིའི་ཚོའི་སྐོར་ནས་ཅི་ཙམ་བཀླགས་ན་དེ་ཙམ་གྱིས་བཀླག་འདོད་སྐྱེས་ཡོང་གི རྡོ་སྦིས་བློ་བཟང་ཡོན་ཏན་ཁྱོད་བཟང་ཐལ། ཐུགས་རྗེ་ཆེ་ཞུས་པ་ཡིན། རྩོམ་ཡིག་ད་ལྟ་རང་དྲ་ཐོག་ནས་ཀློག་ཁོམ་མི་འདུག ཁྱེར་ཏེ་ནང་ལ་སོང་ནས་ཨམ་ཇ་རླིག་རིལ་དྲོ་བ་ཞིག་བསྐོལ་ཏེ་འཐུར་ཞོར་ལ་ལྷོད་ལྷོད་བྱས་ནས་བལྟ་རྒྱུ་ཡིན།
གཅན་བཟོད་རྒྱམ་ཟེར་བ་འདི་གཅན་ཚ་ར་མ་བོང་ལི་མང་ས་དེ་ནས་ཡིན་པ་འདྲ། ད་ཨ་གོ་ཞ་ཙོག་གི་ཡ།
གོ་ལ་ཟླུམ་པོའམ། འཇིག་རྟེན་རིལ་རིལ་ཡིན་པ་ནི་ཁ་སང་དེ་རིང་གི་དུས་འདིར་སུ་ལ་ཡང་དོགས་པ་ཟ་དགོས་དོན་མེད་ན་ཡང་ཕྱི་ལོ་ ༡༦༠༠ ཡར་སྔོན་དུ་འཛམ་གླིང་གི་ཤར་ནུབ་ཡོངས་ཀྱི་མི་རྣམས་ཀྱི་བསམ་བློར་རང་རེའི་འཇིག་རྟེན་གྱི་ཁམས་འདི་ཧ་ཅང་གི་ཞང་ཆེན་པོ་ཞིག་དང་མཐའ་སྣེ་རྙེད་དཀའ་བར་འདོད་པའི་བསམ་ཚུལ་དེ་གཅིག་མཚུངས་སུ་ཡོད་པ་འདྲ།
དེར་བརྟེན། མི་རྣམས་ཀྱི་བསམ་བློར་རང་ཤུགས་ཀྱིས་རིལ་རིལ་དང་ལེབ་ལེབ་གཉིས་ལས་སྔོན་མ་དེར་ཡིད་ཆེས་མང་ཙམ་བྱེད་བཞིན་ཡོད། ཡིན་ན་ཡང་བལྟ་ཚུལ་དེ་མི་ཚོའི་བསམ་བློར་འཆར་སྣང་ཙམ་ལས་བརྟག་དོན་བརྙེད་པ་དེ་འདྲ་གང་མ་རེད།
ཕྱི་ལོ་དུས་རབས་བཅུ་བདུན་པའི་ནང་གཞི་ནས་ཚན་རིག་པ་སྒ་ལི་ལེའོ་(Glileo) ཁོང་གིས་འཇིག་རྟེན་ཁམས་དང་། ཉི་ཟླ་གཟའ་སྐར་སོགས་བགྲོད་ཚུལ་གྱི་ལེའི་གསར་བ་ཞིག་རྒྱང་ཤེལ་ལ་བརྟེན་ནས་གསར་རྩོམ་བྱས་པས་ཨ་རི་སི་ཊོ་ཏྲོལ་(Aristotle) གྱི་ལྟ་གྲུབ་རྗེས་འཇུག་མཁན་ཡེ་ཤུའི་ཆོས་ལུགས་པ་ཚོས་སྒ་ལི་ལེའོ་འཛིན་བཟུང་བཙོན་འཇུག་བྱས་པ་དངོས་བདེན་རེད།
དགེ་ཆོས་མཆོག་གིས་གསུང་བ་བཞིན་སྒ་ལི་ལེའོ་སོགས་སྐབས་དེའི་ཚན་རིག་པ་ཁག་ཅིག་བཙོན་འཇུག་བྱེད་དོན་ནི་འཇིག་རྟེན་རིལ་རིལ་བསྒྲུབ་པ་ཁོ་ནའི་ཆེད་མིན་ན་ཡང་། བློ་བཟང་གིས་བཤད་པ་ལྟར་འཇིག་རྟེན་དང་ཉི་ཟླ་འཁོར་བསྐྱོད་སོགས་ཀྱི་མཚོན་པའི་སྔོན་གྱི་ཨ་རི་སི་ཊོ་ཏྲོལ་གྱི་ལྟ་གྲུབ་དང་ཡོངས་སུ་འགལ་བར་བརྟེན་ཚན་རིག་པའི་ཐོག་མ་རུང་གདུག་རྩུབ་ཀྱི་ལས་བཤམས་ཡོད་པ་ནི་ཁོངས་ལྡན་རེད།
དགེ་ཆོས་མཆོག་གིས་ཀྱང་དོན་དེ་གཞི་བཟུང་ནས་དཔྱད་གཏམ་སྤེལ་བ་ཕལ་ཆེར་ཡིན་ལས་ཆེ་སྙམ།
དེང་དུས་ཡར་ཐོན་དུ་གྲག་པའི་ནུབ་ཕྱོགས་རྒྱལ་ཁབ་སྤྱི་དང་ཁྱད་པར་དུ་ཡུ་རོབ་ཀྱི་རིག་གཞུང་གི་འབྱུང་ཁུངས་ནི་གྷི་རིག་ཐུག་ཡོད་པ་དང་། གྷི་རིག་གི་ལྟ་གྲུབ་སྨྲ་བ་སྙན་གྲགས་ཅན་ནི་ ཨ་རི་སི་ཊོ་ཏྲོལ་དང་།
ཕེ་ལེ་ཊོ། སོ་ཁི་རེ་སི་གསུམ་ཡིན། ཡེ་ཤུ་ཆོས་ལུགས་ཀྱི་ལྟ་གྲུབ་རྣམ་བཞག་ཕལ་ཆེ་བ་ཡང་དེ་དང་གཅིག་མཚུངས་ཡིན་པར་བཤད།
འཇིག་རྟེན་གྲུབ་ཚུལ་གྱི་རྣམ་བཞག་དང་འགྲོ་བ་མིའི་བྱུང་རིམ་བཤད་སྐབས་ཡེ་ཤུའི་ཆོས་ལུགས་ནང་ཧ་ཅང་གི་དགོད་བྲོ་བོ་རེ་ཡོད་པ་ལྟར། རང་རེའི་གཞུང་ལུགས་འགའ་ན་ཡང་དངོས་ཡོད་མཐོང་ཆོས་སུ་མི་སྣང་བའི་འགལ་མ་ལྟག་སྤྲོད་མི་ཉུང་བ་རེའི་ཤོད་རྒྱུན་ལུགས་སྲོལ་ལ་དར་ཡོད་པ་དེ་རེད།
ཡིན་ན་ཡང་། ཕྱི་ལོ་དུས་རབས་བཅུ་དགུ་ནང་འཁྲུངས་པའི་འཛམ་གླིང་ན་སྙན་གྲགས་ཤིན་ཏུ་ཆེ་བའི་ཚན་རིག་པ་ཆལ་སི་སྒྲེ་ཝིན་(Charles Darwin) གི་རྩོམ་འཇིག་རྟེན་དང་འཇིག་རྟེན་ཐོག་གི་སྐྱེ་དངོས་འཕེལ་རིམ་རྣམ་བཞག་ནི་ཀུན་གྱིས་ཚད་མར་བཟུང་གི་ཡོད་པ་ལྟར་རང་རེའི་བོད་ཀྱི་ངག་རྒྱུན་ལོ་རྒྱུས་མི་ཉུང་བ་ཞིག་དང་། ཁྱད་པར་དུ་ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་སྐོར་གི་བྱུང་བ་དེ་དག་སྒྲེ་ཝིན་གྱི་ལུགས་དང་ཧ་ཅང་བར་ཐག་ཉེ་བཤད་ཚུལ་མཚུངས་བ་ནི་ཤིན་ཏུ་ནས་ངོ་མཚར་ཆེ།
བོད་ཀྱི་ཆོས་གཞུང་དག་ཏུ་གོ་ལ་ཟླུམ་པོ་ཙམ་མ་རེད། སྟོང་གསུམ་གྱི་སྟོང་ཆེན་པོ་སོགས་མང་པོ་འདུག ཡིན་ན་ཡང་དགེ་ཆོས་ཀྱིས་དེ་ལྟར་བསྟན་པ་ནི་ལོང་བ་ལ་ལམ་བུ་ཞིག་ཅིས་ཀྱང་ཆགས་ཡོད། ད་དགེ་ཆོས་ལ་དོན་འདི་དག་ལ་བསྙད་ནས་ཚིག་ལན་བཏབ་པ་ནི། ཧ་ཅང་ཡི་མུག་པ་ཞིག་རེད། ད་དུང་དགེ་ཆོས་མཁས་པ་མ་རེད་མདོག་མདོག་བྱེད་པ་ནི་ ཧ་ལས་དགོས་པ་ཞིག་རེད། ཡ་མཚན།
མདོ་རྒྱལྷ་ཁམས་པ་ལེ་ལེ། ཉོག་སྐྱུགས་མ་འཇོགས། དགེ་ཆོས་ལ་སྐྱག་ཐུམ་མ་རྒྱག སྒ་ལི་ལེའོ་(Glileo)་བཙོན་འཇུག་དང་འཇིགས་རྟེན་རིལ་རིལ་ལ་འབྲེལ་བ་མེད་ཀི འཇིགས་རྟེན་རིལ་རིལ་ལ་ཡི་ཤུ་བ་ཚོར་རྩོད་པ་མི་འདུག སི་སྒྲེ་ཝིན་(Charles Darwinསྐབས་འདི་དང་འབྲེལ་མེད་རེད། རྩོམ་འདིའི་ནང་མདོར་བསྡུས་ན་དགེ་ཆོས་ཀྱིས་བོད་གཙོས་ཤར་ནུབ་གཉིས་ཀས་འཇུགས་རྟེན་ལེབ་ལེབ་ཡིན་པ་ཞིག་མ་བཤད་ནའང་བཤད་འདུག་ཅེས་ཧམ་བཤད་བྱས་བ་དང་། འདས་བའི་ལོ་རྒྱུས་ནང་ཤར་ནུབ་གཉིས་ཀས་འཇིགས་རྟེན་རིལ་རིལ་ཡིན་པ་བཤད་ཡོད་ནའང་དགེ་ཆོས་ཀྱིས་འཇིགས་རྟེན་རིལ་རིལ་ཡིན་པ་འདོད་ཀི་མི་འདུག་ཅེས་ཀློའུ་རྟགས་བསྟན་འདུག་ཀ བོད་ཀྱི་རྩིས་རིག་པ་ཚང་མས་ཁ་གཅིག་གྲགས་ཀྱིས་་གོ་ལ་ཞེས་བ་ནི་ཟླུམ་པོའི་དོན་ནོ་ཞེས་བ་འདི་ཚང་མའི་ཡིད་ལ་ངེས་དགོས་པ་ཞིག་རེད། སྐྱོན་མེད་ནའང་ཧམ་པ་བཤད་ནས་སྐྱོན་རྒྱག་པ་ནི་དམར་ཕྱོགས་པའི་གོམ་སྲོལ་ལྟ་བུ་རེད། དེའི་ཕྱིར་དགེ་ཆོས་ཀྱི་བཤད་ལྟངས་འདིའི་ཡང་ཁོའི་ཤ་ཁྲག་གི་ནང་དམར་པོའི་ནད་འབུ་ཡོད་པ་ཤེས་ཐུབ་ཀི
ནུབ་ཕྱོགས་པས་འཇིག་རྟེན་ལེབ་མོར་འདོད་པའི་གནས་ཚུལ་རགས་ཙམ་ཞིག་འདི་ནའང་འདུག
http://en.wikipedia.org/wiki/Flat_Earth
དུས་ཚོད་ཀྱིས་ལྕོགས་ན་ཁ་ཇེ་གསལ་དུ་བཏང་ཆོག
ཡ་འདི་ནའང་གཅིག་འདུག
http://en.wikipedia.org/wiki/Flat_Earth_Society
ལྟད་མོ་ལྟོས།
དགེ་འདུན་རབ་གསལ་ལགས་།་ཐོག་མར་བཀྲ་ཤིས་བདེ་ལེགས་དང་ཞུ་རྒྱུ་ནི་།་ལོང་བ་ཞིག་གིས་ལོང་བ་འགའ་ཁྲིད་ནས་་དོན་མེད་ཀྱི་གཡང་གཟར་གྱི་བྲག་ནང་དུ་བརྒྱུགས་ན་རང་དང་བཅས་བྲག་ཏུ་ལྷུང་འགྲོ་བ་ལས་གཞན་ཅི་།་་རྣམ་དཔྱོད་ཅན་ཁྱོད་ཀྱིས་བདག་གི་རྩོམ་གྱི་ནང་དོན་ཆ་ཚང་མ་གོ་བར་སྙམ་ཏེ་།་གལ་སྲིད་ཁྱོད་རང་གིས་བློ་གཟུ་བོས་དཔྱད་པ་བཏང་ཡོད་ན་།་ཕྲན་གྱིས་དགེ་ཆོས་ལ་སྐྱོན་དེ་དག་འབབ་ངེས་ཡིན་།་
གཅིག་།་དགེ་ཆོས་ཀྱིས་།་༼སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ།རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད༽་་སྨྲ་མཁན་ཅིག་ཀྱང་མེད་ཟེར་བ་ནི་ལོང་བཤད་རེད་།་
གཉིས་།་ཁྱེད་ཀྱིས་wikipedia་ལུང་དྲངས་ཏེ་ཀློག་པ་པོ་རྣམས་ལ་ཕྱི་རྒྱལ་དུ་་སའི་གོ་ལ་ལེབ་ལེབ་དུ་འདོད་མཁན་ཡོད་ཅེས་སྒྲུབ་འདོད་པ་དང་།་དེ་བས་དགེ་ཆོས་ཀྱི་བཤད་པ་ཁུངས་ལུང་ཡོད་པ་ཤིག་ཡིན་པ
་སྒྲུབ་བསམ་མོད་།་་ཕྲན་གྱིས་དགེ་ཆོས་ལྟར་ཁ་གཅིག་གྲགས་་ཀྱིས་ནུབ་དུ་ལྟ་བ་དེ་འདྲ་འཛིན་མཁན་གཅིག་ཀྱང་བྱུང་མེད་ཅེས་བཤད་མེད་པ་མ་ཟད་།་མི་ཉུང་ཤས་ཤིག་གིས་གྲུབ་མཐའ་དེ་འདྲར་བ༷ཟུང་ཡོད་པ་ལ་དམིགས་ནས་།་ཕྲན་གྱིས་གོང་དུ་རྩོམ་ནང་དུའང་།་”སྔོན་ནས་བཟུང་ཏེ་་ཕྱི་གླིང་ཡོ་རོབ་རྣམས་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པའི་འདོད་པའི་ལྟ་བ་དར་ཡོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་་ཤིན་ཏུ་་ཉུང་ཉུང་ཡིན་ཞིང་།་ཡེ་ཤུ་གཙོ་བྱས་བའི་ཡོ་རོབ་ཀྱི་ཆོས་ལུགས་རྙིང་པ་ཕལ་ཆེར་གྱིས་སའི་གོ་ལ་ནི་རིལ་རིལ་་ཡིན་ཞེས་འདོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་ཉུང་ལ་”་
ཞེས་བཀོད་ཡོད་།་ལེབ་ལེབ་ཡིན་པར་འདོད་པའི་གྲུབ་མཐའ་འཛིན་མཁན་ཉུང་ཉུང་ཡིན་པ་།་ཁྱེད་རང་གིས་དྲངས་བའི་་wikipedia་ནང་དུ་གསལ་བོ་བཀོད་འདུག་།་”་From Late Antiquity, and from the beginnings of Christian theology, knowledge of the sphericity of the Earth had become widespread”་
སྔོན་གྱི་རོམ་གྱི་ཆོས་བརྒྱུད་འཛིན་པ་མང་ཆེ་ཤོས་ཡང་་སའི་གོ་ལ་རིལ་རིལ་འདོད་མཁན་ཡིན་།་དེ་བས་གོང་དུ་བཀོད་དགེ་ཆོས་ཀྱི་ནུབ་ཀྱི་ལོ་རྒྱུས་སྐོར་གྱི་་སྐད་ཆ་མ་དག་པ་ཤིག་ཡིན་།་
རྡོ་སྦིས་བློ་བཟང་ཡོན་ཏན་གྱིས་ཁོ་རང་ལ་ཐུན་མིན་གྱི་རིག་གསར་དང་དཔྱད་བརྗོད་ཟབ་མོ་ཡོད་མདོག་གིས་ནམ་ཡང་དགེ་ཆོས་མཆོག་ལ་ཕ་གསོད་ཀྱི་ལག་དམར་ལྟར་སྐྱོན་བརྗོད་དང་དགག་པ་འདྲ་རྒྱག་ཁུལ་བྱེད་ཀྱིན་འདུག དེ་ཡང་གང་ཞིག་གི་གསང་མྱུལ་བ་ཞིག་ལྟར་རང་གི་གསང་མིང་ལ་བོད་པ་དང་། ཨ་རིའི་བོད་པ། ཨར་བོད། བློ་བཟང་། ཐོས་པ་དགའ་སོགས་བཏགས་འདུག་ཅིང་། ཡང་མཚམས་རེར་ལྷ་མོ་དོན་གྲུབ་དང་། ལྭ་བ་དཀར་པོ། ཁ་བ་དཀར་པོ་བཅས་ཀྱང་འདོགས་ཀྱི་མེད་དམ་སྙམ། ཡིན་ན་ཡང་། ཡ་མཚན་པ་ཞིག་ལ། བོད་ལ་ཧ་ཅང་བྱས་རྗེས་ཆེ་བའི་མཁས་དབང་དགེ་ཆོས་དང་། དུང་དཀར་བློ་འཕྲིན། དོན་གྲུབ་རྒྱལ་བཅས་ལ་བོད་པའི་མིང་ཐོག་ནས་སྐྱོན་བརྗོད་ཚད་བརྒལ་ཞིག་ཡང་ཡང་བྱེད་ཀྱི་ཡོད་པ་དེ་རེད། དེའི་དཔེར་མཚོན་ནི་ཁྱོད་ཀྱི་༼དགེ་ཆོས་ཀྱིས་གཞན་གྱི་རྩོམ་བརྐུས་པ༽ཞེས་པ་དང་། ༼དགེ་ཆོས་ཀྱི་མགོ་ལེབ་ལེབ་ཀྱི་སྟེང་ནས་སའི་གོ་ལ་རིལ་རིལ་ཇི་ལྟར་བྱུང་ཚུལ༽ ༼དགེ་ཆོས་སྨྱོན་པ་དང་བོད་དར་ཚན་རིག༽ ༼དགེ་ཆོས་དང་དུང་དཀར། དོན་རྒྱལ་སོགས་ཀྱི་པགས་པ་བཤུ་གི་ཡིན༽ ༼བོད་ཀྱི་ཉེས་ཅན་པ་ཚོར་སྔོན་བརྡ༽-(འདིའི་ཉེས་ཅན་པ་ཚོ་ནི་དགེ་ཆོས་དང་། དུང་དཀར། དོན་གྲུབ་རྒྱལ་བཅས་ལ་གོ མཆན་འཇོག་མཁན་གྱི་མཆན) ༼དགེ་ཆོས་ཀྱིས་བོད་ཀྱི་གངས་སེང་བསད་པ༽ ༼དགེ་ཆོས་སྐོར་ཀྱི་གནས་ཚུལ་གསར་བ༽ ༼དོན་གྲུབ་རྒྱལ་འབྲོང་སྟག་ཐང་གི་དམར་དམག༽ ༼ལང་ཚོའི་རྦབ་ཆུའི་བླ་རྡོལ་དང་དུག༽ ༼དོན་གྲུབ་རྒྱལ་གྱི་ནག་ཉེས༽ ༼ཨེ་མ་མཚོ་སྔོན་པོ་ནི་ཀྲུང་གོའི་བསྟོད་གླུ་ཞིག་རེད༽ ༼དོན་གྲུབ་རྒྱལ་རྫུན་མ༽ ༼དོན་གྲུབ་རྒྱལ་མྱི་རེད་དམ༽ ༼གོང་ས་མཆོག་གི་རྐང་བ་ནས་འཐེན་པ་ནོར་མི་འདུག༽ ཅེས་སོགས་ལྟ་བུ་རེད། ཁ་བྱང་འདི་དག་མཐོང་བ་ཙམ་གྱིས་རུལ་སུངས་ཀྱི་ནང་དོན་རྣམས་རང་བཞིན་གྱིས་རྟོགས་ཡོང་བ་ཡིན། ཨར་བོད་ཀྱི་རྩོམ་ཡིག་མང་ཆེ་ཤོས་གོང་གསལ་དེ་འདྲ་རེད། ལེགས་ཆ་ཞིག་ལ། ད་ལྟ་ཨར་བོད་ཀྱི་རྩོམ་ཡིག་ནང་སྔོན་ཆད་ལས་ཡིག་ནོར་དང་ཚིག་ངན་སོགས་ཉུང་དུ་སོང་འདུག འཛམ་གླིང་རྒྱས་བཤད་དང་། འཇིག་རྟེན་རིལ་རིལ་གྱི་དོན་དག་དེ་ཚོ་ཀུན་ཤེས་ཡོངས་གྲགས་ཡིན་པས་འབྲས་མེད་ཀྱི་རྙོག་བཤད་མང་པོ་ཡང་ཡང་མི་དགོས། དམར་པོའི་ནད་འབུ་ཡོད་སྣང་ཙམ་ལ་བརྟེན་ནས་དེ་འདྲ་བརྗོད་ཀྱི་ཡོད་ན་ནི་ཨུ་ཚུགས་ཆེན་པོའི་གཤིས་ཀ་རང་དུ་ངེས།
དེང་སང་གི་བོད་པའི་གཞོན་སྐྱེས་རིག་གནས་ཕྲན་བུ་ཡོད་པ་དེ་ཚོ་ཁྱད་མཚར་པོ་འདུག འདི་ཚོ་ཚང་མ་མཁྲིལ་ཤིང་ངམ་ཐག་མཁྱུད་འདྲ་པོ་འདུག མཐོན་པོར་འཛེགས་འདོད་ཀྱི་མེ་འབར་ཡང་། བྱེད་སྟངས་མ་རུང་པ་ཞིག་གི་སྒོ་ནས། མཁས་པ་གཞན་གྱི་སྙན་གྲགས་ཀྱི་སྡོང་པོ་ལ་བརྟེན་ནས་འཛེགས་འདོད་ཁོ་ན་བྱེད་ཀྱི་འདུག སྤྱིར་བཏང་དགེ་ཆོས་གྱི་སྤྱོད་པ་ཙམ་མ་ཡིན་པར། དགེ་ཆོས་ཀྱི་བརྩམས་ཆོས་ནང་དངོས་དོན་དང་མི་མཐུན་པའི་ནོར་འཁྲུལ་ཡོད་ཀྱང་། ཁོང་མགྲན་ཟླ་བྲལ་བའི་མཁས་པ་ཞིག་ཡིན་མ་ཆོག་པ་མ་རེད།
ཡུལ་དུས་ལ་ལྟོས་ནས་ཁ་གསལ་རུ་འགྲོ་བ་དང་། གཏིང་ཟབ་ཏུ་འགྲོ་བ་ཆོས་ཉིད་ཅིག་ཡིན་པསྔོན་གྱི་ཕྱི་ནང་ལོ་རྒྱས་ལ་བལྟས་ན་ཤེས་ནུས་པ་རེད།
ད་མྱི་རྩ་མི་ཚང་བ་འདི་འདྲའི་ཁ་མ་ཀློང་། དེ་ལྟར་འགོག་དགོས་བྱུང་ན་སྔོན་མ་ནས་ད་བར་བྱུང་བའི་མཚན་ཉིད་རིག་པ་བ་སྟོང་ཕྲག་དུ་མ་བྱུང་ཡོད་པ་ཚང་མར་ནོར་འཁྲུལ་ཞིག་མ་གཏོགས་ཡོད་པ་མ་རེད། དེང་རབས་ཀྱི་རིག་པའི་སྦྲང་རྩི་མྱོང་མཁན་ཞིག་ནས་གནའ་བོའི་གསར་གཏོད་པ་དག་ལ་སྐྱོན་འདྲ་ཞིག་བརྗོད་ཁ་བྱས་ན་དེ་ལས་རྩ་མི་ཚང་བ་ཞིག་གང་ན་ཡོད།
ད་ལྟ་ང་ཚོའི་བདེན་བདེན་དང་ཡིན་མདོག་བྱེད་པའི་ལྟ་བ་མང་པོ་ཞིག་ཀྱང་ལོ་བརྒྱ་སྐོར་ཞིག་ཕྱིན་པའི་རྗེས་ལ་ཏག་ཏག་བསྡད་ཡོད་མེད་སུ་ཡིས་ཁ་ཚོན་གཅོད་ཐུབ།
ཁྱེད་རང་གིས་དགེ་ཆོས་འགོག་སྟངས་དེའང་དགེ་ཆོས་ཀྱིས་བཤད་པ་ལྟར་ང་ཚོས་མུ་སྟེགས་པ་འགོག་སྟངས་དེ་དང་འདྲ་སེ་འདུག་ག དེ་ཡང་དགེ་ཆོས་ཀྱིས། ་་རང་རེ་བོད་ཀྱི་མཁས་པ་དག་ཀྱང་ཕྱི་རོལ་པའི་གཞུང་དངོས་སུ་བལྟ་བ་ཞིག་བྱུང་ན་ཅི་མ་རུང་སྙམས། དེ་མིན་ཕྲ་ས་ཉག་ས་བཙོག་ས་ཐམས་ཅད་ནན་གྱིས་བཙལ་ནས་ཕྱོགས་སྔར་དྲངས་པའི་གཞུང་དུམ་བུ་རྣམས་ལ་བལྟས་ནས་། འདི་ལྟར་ཁས་ལེན་པའི་མུ་སྟེགས་དེ་ཅི་ལྟ་བུའི་གླེན་པ་ཞིག་ཡིན་ཨང་སྙམས་པ་ནི་ཤིན་ཏུའང་ཐལ་ཆ་ཆེ། ཆག་ལ་ཁད་བྱས་ནས་བསྒྲིགས་ཏེ་བཞག་ཡོད་པའི་ཕྱོགས་སྔ་དེ་ཚོ་ལྷག་མེད་དུ་བཅག་པ་ལ། དཔའ་རྟགས་གང་ཡང་མི་འདུག མདོར་ན། ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ།། ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི།། རང་སྡེའི་མཁས་པའི་དགྲ་ལྷ་དཔང་བསྟོད་འདིས།། གཞན་སྡེའི་དཔའ་བོ་ད་དུང་བསད་པ་མིན།།་་ ཞེས་པའི་ཤོ་ལོ་ཀ་འདིའང་དགེ་ཆོས་ཀྱིས་ཁྱེད་ལ་ཕུལ་བའི་ལེགས་སྐྱེས་ཤིག་རེད།
བླ་མ་མཁྱེན། ད་ཡིན་ན་མི་འདི་ཚོའི་ཁོག་ལ་ཅི་ཞིག་དྲན་བཞིན་ཡོད་དངོས་གནས་མི་ཤེས། རྨོངས་རྒན་ང་འདྲ་བ་ཚོ་འདི་གར་ཡོང་རྒྱུ་གཡུག་བཞག་ན་མ་གཏོགས་རིག་རྒྱུ་གོ་རྒྱུ་མང་དྲག་ན་སྙིང་ནད་བཟོ་རྒྱུའི་ཉེན་ཁ་འདུག དགེ་ཆོས་སྙིང་རྗེ། གསོན་དུས་མ་ཉེས་ཁ་གཡོག་གིས་བཙོན་ཏུ་བཅུག་ཅིང་སྡུག་པོ་སྣ་དགུ་མྱངས་པར་མ་ཟད་མཐར་སྐུ་སྲོད་ཀྱང་ཤོར། ད་ཤི་ས་ནས་ཡང་སྡོད་བཅུག་བཟོ་མི་འདུག དྲིན་བྱས་དྲིན་དུ་མི་གོ་པའི་མི་རིགས་འདི་ཐུགས་ལ་འཁོར་ཚེ་དག་ཞིང་ནའང་སྤྱན་ཆབ་བསིལ་བཞིན་བཞུགས་ཡོད་ངེས། རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།། རང་བྱུང་སེམས་ཀྱི་ཁོངས་ན་གནས་པ་འདིས།།རང་རིགས་ཁ་བ་ཅན་གྱི་རྗེ་འབངས་ལ།།རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ།།ཞེས་བོད་མི་རིགས་ལ་ནུས་ཚོད་ཀྱི་སྲི་ཞུ་བསྒྲུབ་མཁན་ཁོང་ལྟ་བུའི་མཛད་རྗེས་ནག་སུབ་གཏོང་ཆེད་དཀའ་ལས་འདི་འདྲ་རྒྱག་རྒྱུའི་ཚབ་ལ། བློ་བཟང་ཡོན་ཏན་ལགས་ཀྱི་རྣམ་དཔྱོད་དེ་བོད་མི་རིགས་ལ་སྨན་པའི་བྱ་གཞག་ཞིག་གི་ཐོག་གཏོང་ཐུབ་ན་ཅི་མ་རུང་།
རྡོ་སྦིས་བློ་བཟང་ཡོན་ཏན་ཟེར་བ་འདི་མི་ཞིག་རེད་དམ། འདི་དགེ་ཆོས་དང་དོན་གྲུབ་རྒྱལ་སོགས་བོད་ལ་སྐུ་དྲིན་ཆེ་བའི་མཁས་དབང་སྔོན་མ་ཚོ་ལ་འདི་ལྟར་སྡང་དགོས་དོན་ཅི་ཡིན་ནམ། མི་འདིའི་ཁོག་ལ་གོ་མིན་ཏང་དང་ཀུང་ཁྲན་ཏང་གི་རྒྱུགས་ཁྱི་རྡོ་སྦིས་ཤེས་རབ་ཟེར་བའི་བསྟན་དགྲ་དམ་ཉམས་དེའི་རྣམ་ཤེས་ཞུགས་བསྡད་ཡོད་ས་རེད། མ་གཞི་རྡོ་ཤེར་སོགས་སྔོན་དང་ད་ལྟའི་བསྟན་དགྲའི་རྒྱུགས་ཁྱི་རྣམས་དང་། བསྟན་དགྲ་རྣམས་ཀྱི་ཐོག་ལ་ཁ་འབག་འབུག་ཙམ་མེད་པར། བོད་ཞེན་ཆེ་བའི་མཐར་ཐུག་དང་ཤེས་དཔྱོད་གཉིས་འཛོམས་དགེ་ཆོས་དང་དོན་རྒྱལ་སོགས་ཀྱི་ཐོག་ལ་སྡང་བ་འདི་ཡ་མཚན་རེད། ངོ་མ་ཡིན། རྡོ་སྦིེས་བློ་བཟང་ཡོན་ཏན་མིང་བརྒྱ་མ་འདིའི་མིང་གོ་བ་ཙམ་གྱི་དོལ་རྒྱལ་གྱི་མིང་གོ་བ་ལྟར་སྐྱུགས་མེར་ལངས་ཡོང་གི་འདུག བོད་མི་རིགས་ཀྱི་ཤ་རྒྱུད་ཁྲག་རྒྱུད་ལ་འདི་འདྲ་བ་ཁྱི་ལས་ཀྱང་སྡུག་པའི་མི་ཞིག་སྐྱེ་དགོས་རྒྱུ་ལ། ཨ། ངོ་མི་རིག་རྒྱུ་འདིའི་ངོ་གཅིག་རྫོགས།
རྡོ་སྦིས་ཡོན་ཏན་ལ་ལུང་རིགས་གཉིས་ཀྱི་རྒྱུགས་པ་གཞུས་ནས་གཅིག་གཅར་ན་འདོད་ཀི་ར། དམྱལ་བ་བོ་དེའི་ཡོན་ཏན་གྱི་ཁ་ཡ་ངའི་ཤེས་ཚད་འདི་ལྟ་བུ་ཞིག་གིས་མི་ཡོང་གི ད་རེ་ཞིག་ཁ་རོག་ལ་འདུག་གི་ཡིན།
ཚང་མས་གོང་བརྗོད་རྩོམ་ཡིག་ལ་དཔྱད་པ་མ་བཏང་བར་རྒྱ་མིའི་རྒྱུག་ཁྱུ་རེད། གུང་ཁྲན་རེད། གོ་མིན་ཏང་རེད། དོལ་རྒྱལ་རེད། ཅེས་པ་ཙམ་ལས་མི་འདུག ད་དགོད་བྲོ་བོ་རེད་ཡ།
ཨ་རོ་འོས་ལངས་ཡིན་ན་རོ་ལངས་ཡིན་ན་ཁྱོད་ཀྱིས་ངའི་མགོར་རྡོ་སྦིས་བློ་བཟང་ཡོན་ཏན་སོགས་མིང་མང་པོ་ཞིག་བཞག་ནས་མིན་ནག་མདའ་འཕེན་མ་བྱེད། ཁྱོས་ཨུ་ཚགས་ཀྱིས་རྡོ་སྦིས་བློ་བཟང་ཡོན་ཏན་སོགས་ང་རེད་ཟེར་ན་ང་ལ་མ་འོང་པར་རྡོ་སྦིས་བློ་བཟང་ཡོན་ཏན་སོགས་ཀྱི་བལྟ་རྒྱ་ཐོས་རྒྱ་དང་དཔྱད་པའི་རིག་སྟོབས་སོགས་ཐོབ་ཐུབ་པར་སྨོན་ལམ་འདེབས་ཡ། དགོད་བྲོ་བ་ཞིག་ལ། གང་ཞིག་གི་གསང་མྱུལ་བ་ཞིག་ལྟར་རང་གི་གསང་མིང་བཏགས་ནས་ཟེར་ཁུལ་བྱས་ནས་ཁྱེད་རང་གིས་ཡང་འོས་ལངས་ཞེས་གསང་མིང་ཞིག་བཏགས་ཡོད་པས་གསང་མྱུལ་བ་ཞིག་མིན་ནམ། བུ་ངར་ན་རྡོ་སྦིས་བློ་བཟང་ཡོན་ཏན་བཞིན་མིང་གསལ་བར་བྲིས་དང་།
མྱིག་རྫོད་མྱིག་རྫད་རང་རེད། ཁྱོ་དང་རབ་གསལ་སོགས་ཀྱིས་དགེ་ཆོས་དང་དོན་རྒྱལ་གྱི་སྐྱོན་འགེབས་ཁུལ་བྱས་ནས་ཁོང་གཉིས་ཀྱི་ཐོག་ལ་སྐྱག་པ་མ་གཏོང་། མ་གཞི་ལུང་ཚན་གྱི་ཞེན་ཁོག་ཟེར་བ་དེ་མྱིག་རྫོད་ཡིན་ནི་རེད་ཡ། སྙིང་རྗེ། ཁག་མེད་ཁུ་་་་་་་་་
རེད་བློ་བཟང་ཡོ་ཏན་ནམ་བོད་པ། ཁྱོད་ཀྱིས་མིང་བཅུ་ཁ་ཞིག་སྤྱད་ནས་གཅིག་གིས་དཔྱད་རྩོམ་འབྲི་ཁུལ་བྱེད། གཅིག་གིས་དེ་ལ་བལྟ་རྒྱ་དང་མཐོང་རྒྱ་ཆེ་ཟེར་ནས་བསྟོད་ར་གཏོང་ཁུལ་བྱེད། མི་མང་པོས་ནི་སྔར་ནས་སྐྱག་མགོ་རྙང་བཏུམ་གྱི་ལས་ཀ་འདི་ཤེས་བསྡད་ཡོད་རེད། ད་དུང་ཨུ་ཚུགས་བརྒྱབ་ནས་ངོ་ཚ་རྒྱུ་མེད་པའི་ལས་ཀ་འདི་འདྲ་མ་བྱས་ན་མི་དགའ་འམ། དུས་རབས་ཀྱི་ཡར་རྒྱས་དང་བསྟུན་པའི་ཡིག་ཆ་འགའ་རེ་མཐོང་བར་བལྟ་རྒྱ་ཆེ་རྒྱུ་ཅི་ཡང་ཡོད་ནི་མ་རེད། ང་ལ་མཚོན་ན་ཡང་དགེ་ཆོས་དང་དོན་རྒྱལ་སོགས་ཕར་བཞག རྗེ་ཙོང་ཁ་པས་ཀྱང་མཐོང་མ་མྱོང་བའི་ཡིག་ཆ་ཡག་བརྩོག་སྣ་ཆོགས་སྟོང་ཕྲག་ལྷག་མཐོང་ཚར་བ་ཡིན། ཡིན་ན་ཡང་དེ་ཚོ་ངས་དུས་རབས་ཀྱི་འགྱུར་བའི་དབང་གིས་སྔར་དང་མ་འདྲ་བའི་མཐུན་རྐྱེན་འཛོམས་པོ་ཞིག་བྱུང་སྟབས། ཁོས་ཚོས་ཀློག་རྒྱུ་མ་རག་པའི་ཡིག་ཆ་ཞིག་ངས་ཀློག་རྒྱུ་རག་པ་ཙམ་ལ་ངོས་འཛིན་གྱི་ཡོད་མ་གཏོགས། སྔོན་གྱི་དམ་པ་དེ་དག་ལ་ཤེས་དཔྱོད་དང་ལར་ལེན་མེད་པར་ངོས་འཛིན་གྱི་མེད། མ་གཞི་ཁྱོད་ཅི་འདྲིའི་མྱི་གླུད་ཅིག་རེད། བོད་པ་ཚང་གི་གཅེས་ཐང་དམར་ཐང་ཅན་དེ་ཚོ་སྐུ་ཚེ་ཐུང་བ་དང་། མྱི་གླུད་ཁྱོད་འདྲ་མོ་སྡུག་ཚེ་རིང་རྒྱུ་དེ་བོད་པ་ཚང་ལ་བཀྲ་མ་ཤིས་པའི་རྟགས་ཤིག་རེད།
འོ་རེད་ལགས།་སེམས་ལ་དྲན་པ་ནང་བཞིན་ལན་བཏབ་འདུག་།་ལུང་དང་རིགས་པ་ཅི་ཡང་མེད་པར་་དོན་མེད་ཀྱི་ལོང་གཏམ་འགའ་ཤིག་གིས་ཁེངས་འདུག་།་ང་དགེ་ཆོས་ཡིན་རྒྱུ་ན་དུར་ས་ནས་ཕྱིར་མིག་གིས་ལྟོས་ཏེ།་མིག་ཆུ་དང་བཅས་ང་ལ་དམར་སྲུང་དམག་མི་འདྲ་བ་དག་གིས་རྒྱབ་སྐྱོབ་བྱེད་ཀྱིན་འདུག་ཅེས་ངུ་ངག་འདོན་སྲིད་ཀྱིན་རེད།་་་ཕྲན་བློ་ཡོན་ནས་ཀྱང་དོན་མེད་ཀྱི་སྐད་ཆ་འདི་དག་་ལན་འདེབས་དགོས་བའི་རྒྱུ་མཚན་ཅི་ཡང་མ་མཐོང།་ཡིན་ནའངའདི་ལ་ངེས་པར་ཏུ་གསལ་བཤད་བྱ་དགོས་བ་ཤིག་ནི་འདི་ཡིན་།་་ང་་རྡོ་སྦིས་བློ་བཟང་ཡོན་ཏན་ཟེར་བ་འདི་་ཨར་བོད་དམ་བོད་པ་ཟེར་བའི་མི་་དེ་་མིན་།་་གོང་དུ་ཡང་མང་པོ་བཤད་སོང་།་ངས་་བྲིས་བྲིས་ཐམས་ཅད་རང་གི་མིང་དང་བཅས་བཀོད་ཡོད་།་ང་ལ་གསང་དགོས་བ་དང་བཤད་མི་ཕོད་པ་ཅིག་གཏན་ནས་མེད་།་་ངས་དོན་རྒྱལ་གྱི་སྐོར་ལ་འཆན་བཏབ་པ་དང་།་རྩོམ་བྲིས་བ་ནམ་ཡང་མེད་།་རྗེས་སུ་དོན་རྒྱལ་ལས་འཕྲོས་བའི་བོད་ཀྱི་རྩོམ་རིག་གསར་བ་ཡིན་ཟེར་བའི་སྐོར་ལ་རྩོམ་ཤིག་འབྲི་བསམ་བཞིན་ཡོད་མོད་།་འདུ་བྲེལ་གཞན་གྱི་དབང་གིས་མགྱོགས་པོ་ཡོང་གིན་རེད་བསམ་པ་ཤིག་མི་འདུག་།་
དགེ་ཆོས་ཀྱི་སྐོར་ལ་ད་དུང་ཞིབ་དཔྱད་བྱ་དགོས་བ་མང་དུ་འདུག་མོད་།་རེ་ཞིག་འདི་ལྟར་འཇོག་།་་ཡང་བློ་གཟུ་བོ་གནས་བ་དག་གིས་་རིགས་པ་དང་ལུང་དང་བཅས་དགག་སྒྲུབ་བྱེད་ཡོང་ན།་ཕྲན་གྱིས་ཀྱང་རང་གིས་ཤེས་ཚོད་དང་།་རིགས་པ་དཔུང་དུ་བཞག་ཏེ་ལན་འདེབས་ངེས་ཡིན་།་དེ་མིན་པར་བོད་ཀྱི་གཅམ་བུ་ཚོ་ལ་མགྱོགས་པོ་”བོད་ཀྱི་དམར་སྲུང་དམག་མི་དག་ལ་ཕུལ་བ་”་ཞེས་་རྩོམ་ཤིག་བྲིས་ཏེ་།་ཁོ་ཚོས་ཅི་ཕྱིར་ཅི་མི་སྙམ་པར་དགེ་ཆོས་ལ་བསྟོད་དགོས་བ་དང་།་ལྷ་ལྟར་བཀུར་དགོས་བའི་རྒྱུ་མཚན་།་གང་ལ་རིགས་པ་སོགས་ཅི་ཡང་མེད་པར་དགེ་ཆོས་དཔུང་དུ་བཞག་ནས་སྔོན་གྱི་བོད་ཀྱི་མཁས་བ་རྣམས་ལ་འཕྱ་སྨོད་དང་།་བརྙས་བཅོས་བྱས་ཚུལ་སོགས་གསལ་བོ་བྲིས་ཏེ་འབུད་རྩིས་ཡོད་པས་དེ་རུ་གཟིགས་པར་ཞུ།་
བློ་ཡོན་ལགས་སུ་གསལ་བཤད་ཅིག་ཞུ་དགོས་བྱུང་། དོན་ཚན་གཉིས་ཡོད། ཐོག་མ་དེ་ངས་ཁྱེད་ཀྱི་རྩོམ་མ་གོ་བ་དེ་བདེན་སྲིད། རྒྱུ་མཚན་ནི་ཆ་ཚང་ཞིག་བཀླགས་ཀྱང་མེད། མ་བཀླགས་པར་ལན་བྲིས་པ་དེ་ཡང་ནོར་ཡོད་སྲིད། འོན་ཀྱང་ངས་དེ་ལྟར་བྱེད་པའི་རྒྱུ་མཚན་ནི། ཁྱེད་ཀྱིས་དགེ་ཆོས་དེ་དགེ་ཆོས་ཀྱི་དུས་སྐབས་ཀྱི་མི་སྣ་དག་དང་བསྡུར་ནས་མ་བཤད་པར། ཡང་ན་སྔོན་དང་ཡང་ན་ཕྱིས་ཀྱི་མི་དག་དང་བསྡུར་ནས་བཤད་ཀྱིན་འདུག་བསམས་པ་ཡིན། དེ་ལྟར་བསྡུར་མི་རུང་བ་ཞིག་ག་ལ་ཡིན་མོད། དེ་ལྟར་བསྡུར་སྐབས་བསྡུར་ལུགས་དེ་ལ་ང་འདོད་པ་མ་བྱུང་ལ། དེ་ནས་ཚིག་བཙན་པོ་འགས་ཀྱང་སྣེ་དྲངས་ནས་ཆ་ཚང་ཞིག་མ་བཀླགས་པ་ཡིན། དེ་དོན་ཚན་དང་པོ་དེ་ཡིན།
དོན་ཚན་གཉིས་པ་ནི། དགེ་ཆོས་ཀྱིས་འཇིག་རྟེན་རིལ་མོ་འདི་གསུངས་སྐབས། བོད་ནང་དུ་འཇིག་རྟེན་རི་རྒྱལ་གྱི་ལྷོ་ན་ཡོད་པ་ཞིག་གི་ལྟ་ཚུལ་ཡོངས་ཁྱབ་ཏུ་ཡོད། ལྟ་ཚུལ་འདིའི་ཁོངས་སུ་རྡོ་སྦིས་དགེ་བཤེས་ཁོང་ཡང་ཡོད་ངེས་ཡིན། ལྟ་ཚུལ་དེ་ཡོངས་ཁྱབ་ཏུ་ཡོད་སྟབས། གསར་འགྱུར་མེ་ལོང་གིས་ཀྱང་དོ་སྣང་ཆེན་པོས་བཀོད་པ་རེད་ལ། དེ་ལ་དཔགས་པའི་གླེང་གཞི་ཡང་འཕེལ་བ་རེད། འདི་ནི་ཡོངས་གྲགས་ཀྱི་བདེན་པ་ཞིག་རེད། དེ་ནི་དོན་ཚན་གཉིས་པ་དེ་ཡིན།
བློ་གཡོན་ནི་བློ་གཡོན་རང་རེད། བློ་གཡོན་ཕྱོགས་སུ་གནས་པའི་དཔེ་མཚོན་དུ་ཁྱོད་བཀོད་ཆོག་པར་འདུག ངས་ཁྱོད་ཀྱིས་དགེ་ཆོས་ཀྱི་རྩོམ་ལ་དཔྱད་པ་བྱས་པར་སྐྱོན་བརྗོད་བྱེད་ཀྱི་བྱེད། ང་ཡིན་ཡང་དགེ་ཆོས་ཀྱི་ལྗགས་རྩོམ་རྣམས་ཀྱི་ཐོག་ཏུ་སྐྱོན་འགའ་རེ་ཡོད་པ་མཐོང་མྱོང་ལ། མགར་རྩེ་རྟ་མགྲིན་གྱིས་ཀྱང་དེབ་དཀར་གྱི་ལོ་ཚིགས་ཐོག་ལ་དགག་པ་གནད་སྨིན་གནང་ཡོད། འོ་ན་ངས་ཅི་ཟེར་གྱི་ཡོད་ཟེར་ན། ཁྱོད་ཀྱིས་ཉེ་སྔོན་དགེ་ཆོས་ལ་ཡུག་ས་མས་གྲོང་འཛིང་བྱེད་པ་ལྟ་བུའི་གཞི་མེད་སྐུར་འདེབས་སྣ་ཚོགས་ཚད་ལས་འདས་པ་བྱས་སོང་བས་ངས་ཁྱོད་དགེ་ཆོས་དགྲ་རུ་འཛིན་མཁན་ཞིག་ཡིན་པ་ཤེས་པ་ཡིན་ལ། དེ་ནས་བཟུང་ཁྱོད་ཀྱིས་དགེ་ཆོས་ལ་ཇི་ཞིག་བྲིས་རུང་དོན་ལ་རྡོ་ཤེར་གྱི་སྙིང་ནད་ལྷག་མ་རྩོད་ཀྱི་ཡོད་པ་ཡང་ཤེས་སོང་། ངས་གོང་དུ་བཤད་པ་བཞིན་དུས་རབས་ཀྱི་ཡར་རྒྱས་ཀྱི་དབང་གིས་དགེ་ཆོས་ཀྱིས་མ་གཟིགས་པའི་ཡིག་ཆ་འགའ་རེ་ཁྱོས་མཐོང་བར་ཡ་མཚན་ཅི་ཡང་མེད། ངས་ཁྱོད་ལ་ཞིབ་ཚགས་པོར་ཤོད་རྒྱུར། ཁྱོད་ཀྱིས་དགེ་ཆོས་ལ་དུས་རྣམས་ཀུན་ཏུ་དགག་ཅི་ཐུབ་བྱེད་དོན་ཅི་ཡིན་ནམ། ཁོང་གི་རྩོམ་ལ་སྐྱོན་འགའ་རེ་མཐོང་བས་ཡིན་ཟེར་ན་ནི་བོད་ཀྱི་མཁས་པ་ཕལ་མོ་ཆེའི་རྩོམ་རྣམས་ལ་སྐྱོན་རེ་མེད་ས་ཧ་ལམ་མེད་པས་དགེ་ཆོས་གཅིག་པོ་ལ་དམིགས་བསལ་གྱིས་སྡང་དོན་མེད། ཨ་ལགས་ཚེ་ཏན་ཚང་གིས་བསྟན་རྩིས་ཟུར་རྒྱན་ཉུང་ངུ་དེ་གཅིག་པོའི་ནང་དུ་ཡང་སྔོན་གྱི་ལོ་རྒྱུས་མཁན་པོ་ཆེ་དགུ་ཀུན་གྱི་སྐྱོན་ག་ཚོད་ཐེར་འདོན་བྱས་འདུག ད་དུང་རྗེའི་ལེགས་བཤད་གསེར་ཕྲེང་དང་། ལམ་རིམ་ཆེན་མོ་ཡང་ཉ་དབོན་གྱི་ཤེར་ཊིཀ་དང་། བོ་དོང་བའི་ལམ་རིམ་ནས་བཤུས་ཡོང་བ་ཡིན་པར་དེང་སང་གི་ཡིག་ཆའི་ཆ་སྐྱེན་འཛོམས་པའི་མི་ཚོས་ཕྱིར་བཏོན་ཡོང་གི་འདུག་ག དཔེ་གཉིས་མི་གཉིས་ཀྱིས་བཟུང་ནས་ཞུ་དག་བྱེད་ཆོག་པར་འདུག་ཟེར། མི་བདེན་བསམ་ན་ལྟོས་དང་། དེས་ན་དགེ་ཆོས་གཅིག་པོ་ལ་སྡང་དོན་ཡ་མཚན་མ་རེད་དམ།
ཡང་ན་ང་བློ་གཡོན་གྱི་སེམས་ལ་དགེ་ཆོས་ཀྱིས་བོད་བཙོང་བ་དང་བོད་ཞེན་མེད་པར་འདོད་པས་ཡིན་ཟེར་ན། འོ་ན་ཁྱེད་རྡོ་སྦིས་ཚང་གི་ཤེས་རབ་ལྷས་བྱིན་སོགས་བོད་ལ་རྒྱལ་བཙོང་གི་བླ་ཆེན་མི་ཆེན་སྔོན་ནས་ད་བར་ག་ཚོད་ཅིག་བྱུང་འདུག ཁྱོས་དེ་ཚོ་ལ་སྐྱོན་བརྗོད་ཡི་གེ་ན་རྡོག་གཅིག་མེད་སྟབས་དེ་ནས་ཀྱང་ཁྱོད་དགེ་ཆོས་གཅིག་པོ་ལ་སྡང་བའི་རྒྱུ་མཚན་རྙེད་ཀྱི་མེད། འོ་ན་རང་གི་སྙིང་ནད་ཁོག་ཏུ་བཅང་སྟེ་སྒོ་སྣ་ཚོགས་ནས་བོད་ཀྱི་མཁས་དབང་དམ་པ་འདིའི་གསེར་ཞལ་ལ་ཁྱི་སྐྱག་བྱུགས་གང་ཐུབ་བྱས་ན་བོད་ཞེན་ཡོད་མཁན་དང་། བློ་གཟུ་བོར་གནས་པ་ཞིག་ཡིན་ཕྱིན་དགའ་རྒྱུ་མ་རེད་ལ། ད་དུང་ཁྱོད་ཀྱིས་མིང་བཅུ་ཁ་ཞིག་སྤྱད་ནས་གཅིག་གིས་དཔྱད་རྩོམ་འབྲི་ཁུལ་དང་། གཅིག་གིས་རྒྱབ་སྐྱོར་བྱེད་ཁུལ་གྱི་སྐྱག་དྲི་བྲོ་བའི་ལས་ཀ་འདི་ལ་དེ་བས་ཀྱང་མི་ཚོས་ཡི་རང་བྱེད་ཀྱི་མ་རེད། དགེ་ཆོས་མཆོག་མི་ཅི་འདྲ་ཞིག་ཡིན་མིན་ནི། བོད་མགོ་ནག་ཡོངས་ཀྱི་འདི་སྤྱིའི་སྐྱབས་མགོན་༧གོང་ས་ཐམས་ཅད་མཁྱེན་པས། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ནི། དུས་རབས་ཉི་ཤུ་པ་འདིའི་ནང་། བོད་མི་རིགས་ཀྱི་ཁྲོད་ནས་གཞན་དྲིང་མི་འཇོག་པའི་ཤེས་དཔྱོད་ཀྱི་བློའི་རྩལ་དང་། སྤྱི་བྱེའི་གནས་ཚུལ་ཐོག་ཕུགས་རྒྱང་རིང་པོའི་མནོ་བསམ་ཐོངས་པའི་ནུས་པ་བཅས་ཀྱི་ཆ་ནས་ཡར་ཐོན་པར་བགྲང་འོས་པའི་སྐྱེས་བུ་ཞིག་ཡིན། ཞེས་གསུངས་པ་འདིས་རྒྱ་མར་བཀྱག་ཚར་ཡོད། ད་རྡོི་ཤེར་ཁ་སེ་དང་ཁྱོད་གཉིས་ཀྱིས་མི་ཐོག་ནས་མི་ཐོག་བྱས་ཏེ་འོ་དོད་བོས་རུང་། རང་ཉིད་ཀྱི་སྙིང་ན་སྤྱད་ཅིག་མ་གཏོགས་ཡོད་རྒྱུ་མ་རེད།
ངས་བསམ་ཚུལ་བྱས་ན་དགེ་འདུན་ཆོས་འཕེལ་ལ་སུ་ཞིག་གིས་ལྐོག་ན། དེ་ཡང་ནུས་པ་ཅན་ཞིག་གིས དེ་ཡང་སྲིད་དོན་ནམ་དགེ་དབང་ཞིག་གིས་གླེང་སློང་ཆེན་པོ་བྱེད་ཀྱི་ཡོད་ས་རེད་དྲན། ལ་ལས་ཟེར་ན་ཁོང་བོད་ཚོང་རེད། ཉུལ་མ་རེད། ལྟ་ལོག་རེད་སོགས་ཟེར་བ་རེད། དེ་བཞིན་དུ་བཙོན་ཁང་ནང་ལ་བཅུག་པ་རེད། དེའི་སྟེང་དུ་རང་གིས་ཀྱང་རང་ཉིད་ལ་བདག་སྐྱོང་མ་བྱས་པ་ཆང་ཚོད་མེད་འཐུང་། དུ་བ་ཚད་མེད་འཐེན་ནས་སྨྱོན་པ་ལྟ་བུ་བཟོས། ཚེ་ཐུང་རུ་བཏང་བ་རེད།
ཡང་དེའི་རྗེས་ནས་ཡང་མཁས་པ་རེད། བླ་མ་རེད། ལོ་རྒྱུས་སྨྲ་བ་རེད་སོགས་ཟེར་གི་ཡོད་པ་རེད། འོན་ཀྱང་དོགས་པ་ཟ་དགོས་པ་ཅིག་ལ་མཁས་པ་རེད་ཟེར་མཁན་རྣམས་ཀྱིས་ཁོང་གི་གསུང་དེ་ཚོ་གནད་འགག་ལ་ལུང་འདྲེན་མི་བྱེད། བླ་མ་རེད་ཟེར་མཁན་རྣམས་ཀྱིས་ཁོང་ལ་དད་པ་མི་བྱེད་ལ་སྐྱབས་གནས་དེ་བས་མི་བྱེད། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཀྱང་རང་གི་ཚད་ལྡན་གྱི་ལོ་རྒྱུས་ཅིག་སྨྲ་ན་ཁོང་གི་ལུང་འདྲེན་མི་བྱེད། དེའི་རྐྱེན་གྱིས་ང་ལ་དོག་པ་ཟ་གི་ཡོད་པ་རེད།
ལྷག་པར་དུ་ཁོང་གི་སློབ་མ་ཡིན་ཟེར་མཁན། ནང་ཚགས་ཡིན་ཟེར་མཁན། ཕ་ཡུལ་གཅིག་པ་ཡིན་ཟེར་མཁན་དེ་ཚོ་སུས་ཀྱང་ཁོང་བཙོན་ཁང་ན་ཡོད་སྐབས་ཁོང་ལ་ནག་ཉེས་ཡོད་པ་མ་རེད། ཟེར་ནས་བདེན་དཔང་བྱས་མི་འདུག དེའི་རྐྱེན་གྱིས་ང་དོགས་པ་ཟ་གི ཀླུ་འབུམ་ཁམས་ཚན་ནས་ཁོང་བཙོན་ཁང་ལས་འདོན་སྐབས་ཕྱིན་ཆད་ནག་ཉེས་བཟོས་ན་ཁམས་ཚན་ངོས་ནས་འགན་ཁས་རྒྱུ་ཡིན་ཅེས་འགན་ལེན་གཙང་མ་བྱས་ནས་བཙོན་ཁང་ནས་བཏོན་འདུག
ད་ལྟ་ཡང་ཁོང་གི་སྟེང་ལ་དེ་ལྟར་རེད། ཁ་ཤས་ཀྱིས་བཤད་ན་མཁས་པ་རེད་ཟེར་ནས་གནམ་ལ་བཏེགས་པས་མ་ཟད་བྱ་སྤུ་རླུང་ལ་སྐུར་བ་ལྟར་བྱེད། ད་རུང་བླ་མ་རྟོགས་ལྡན་རེད་ཟེར་ནས་དེ་ལྟར་བཤད།
ཡང་སྐོར་ཅིག་གིས་མཁས་པ་མ་རེད་ཟེར་ནས་ས་ལ་བརྡབ་པས་མ་ཟད་ཁོང་གི་ཨོང་ཤ་རྐམ་པོ་ཡང་ཤིང་སྡོང་བཙུགས་པ་ལྟར་ས་འོག་ཏུ་འཐིམ་འགྲོ་བ་ཅིག་བཟོས་ཡོང་གི་འདུག
ཁོང་གི་སློབ་གཉེར་གནང་ས་འབྲས་སྤུངས་དེ་ན་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོ་ཡོད་ན་ཡང་ཁོང་མཁས་པ་མ་རེད་ཟེར་མཁན་མི་འདུག ལྷག་པར་དུ་འཛིན་གྲྭ་གཏུག་གི་སྐབས་སུ་ཁོང་གིས་རྟགས་བསལ་བཏང་ནས་ཁ་གཏད་འཛིན་གྲྭ་དེར་མཚོན་བྱ་དོན་གྱི་དགེ་འདུན་ཉི་ཤུའི་ཡིན་པ་གཅིག་འཇོག་གི་བཅུག་པ་དེ་སྒོ་མང་མཁན་པོ་ངག་དབང་ཉི་མ་ནས་ད་ལྟ་བསམ་བློ་བཏང་ན་ཡང་མགོ་ཚོས་ཀྱི་མི་འདུག་གསུངས་པ་རེད། འོན་ཀྱང་ཀླུ་སྒྲུབ་དགོངས་རྒྱན་ལ་དགག་པ་བྱེད་མཁན་མང་པོ་རེད།
ངས་བསམ་ན་ཆོས་ཀྱི་ཕྱོགས་ན་ཁོང་ལ་རྩོད་མེད་ཀྱིས་ཁས་ལེན་ཏུ་རུང་བ་ཡང་མང་པོ་ཡོད་ཀྱི་རེད་བསམ་པ་ནི་མི་རྟག་དྲན་གླུ་དང་། རྗེ་བཙུན་སྒྲོལ་མའི་བསྟོད་པ་ལྟ་བུ་རེད། ལོ་རྒྱུས་ཕྱོགས་ན་ཁས་ལེན་ཏུ་རུང་བ་དེབ་ཐེབ་དཀར་པོ་ལྟ་བུ་རེད། སྤྱི་ཚོགས་འཕྲོད་རྟེན་ཕྱོགས་ན་ཁས་ལེན་ཏུ་རུང་བ་འདོད་བསྟན་ནང་གི་བྱིས་པ་བཟོ་སྟངས་སྐོར་ལྟ་བུ་རེད། དེ་ཚོ་བོད་སྤྱི་ཚོགས་ལ་ཕན་པ་རེད་བསམ་པ་འདུག
ཕན་མི་ཐོག་པ་ཡང་ལོས་ཡོད། གངས་སེང་དགག་པ་ལྟ་བུ་ཆབ་སྲིད་ཕྱོགས་ན་བལྟས་ན་ཁོང་གི་སྐྱོན་ཆ་རེད་བསམ། རྒྱ་ནག་གི་རང་ཉིད་མཚོན་བྱེད་དུ་འབྲུག་ལ་གཅེས་སྤྲས་ཁ་ཚོད་བྱེད་ཀྱི་འདུག དེ་བཞིན་ང་ཚོས་ཀྱང་རང་ཉིད་མཚོན་བྱེད་གངས་སེང་ལ་གཅེས་སྤྲས་བྱེད་དགོས་པ་རེད་བསམ། དེ་བཞིན་དུ་རང་ཉིད་ཀྱིས་དཀའ་ལས་བརྒྱབ་པའི་རྩོམ་ཡིག་དག་ལ་གཅེས་སྤྲས་བྱེད་མ་ཐུབ་པ་དང་། རྩ་ཆེ་བའི་སྲོག་ལ་ཡང་སྲུང་སྐྱོབ་བྱེད་མ་ནུས་པ་དེ་བོད་དོན་ཆེད་དུ་མ་རེད་ལ་སུས་ཆེད་དུ་ཡང་མ་རེད། བར་མ་དོར་ཤི་བ་རེད།
དེ་མིན་མི་ཚད་ལྡན་ཅིག་ནི་མིན་ཐག་ཆོད་རེད་བསམ། གྲྭ་བ་རེད་ཟེར་ན་སྡོམ་པ་སྲུང་མ་ཐུབ བླ་མ་རེད་ཟེར་ན་དགོན་པ་སྐྱོང་མ་ནུས། དགེ་ལུགས་རེད་ཟེར་ན་དགེ་ལུགས་པའི་ལྟ་བ་རྡོག་རོལ་གཏོང་ཁ་བྱས། རྙིང་མ་རེད་ཟེར་ན་རྙིང་མའི་སློབ་གཉེར་དེ་ཡང་དགེ་ལུགས་པའི་ནང་གི་བཤད་ཡམས་དེ་ལས་མ་རེག ཁྱིམ་པ་རེད་ཟེར་ན་ཁྱིམ་ཚང་རང་གི་ཆུང་མ་དང་བུ་ཕྲུག་བདག་སྐྱོང་བྱེད་མ་ནུས། བོད་པ་རེད་ཟེར་ན་བོད་པའི་རང་ཉིད་མཚོན་བྱེད་ཀྱི་གངས་སེང་དེ་ལ་མི་འདོད་པའི་རྣམ་འགྱུར་བསྟན། འདི་ལྟར་བསམ་ན་ཁ་ཤས་ཀྱིས་ཁོང་གི་ཁ་བླངས་ཡོད་ན་བོད་རང་བཙན་ཤོར་ཡོད་པ་མ་རེད་སོགས་ཟེར་བ་ནི་དགོད་བྲོ་བ་རེད།
འོན་ཀྱང་དེང་སང་ཁོང་གི་མིང་ཐོག་ནས་རྗེས་རབས་པ་རྣམས་ཀྱི་གླེང་སློང་མང་པོ་བྱེད་བཞིན་ཡོད་པ་ནི་རིག་གཞུང་ལ་ཕན་པ་ཅིག་ཏན་ཏན་རེད་བསམ།
སྐབས་ལ་ལར་དཔྱད་རྩོམ་ལས་རྩོད་རྩོམ་ལ་བྲོ་བ་ཆེ་གི་ཡ། ང་རང་འདི་གར་ཁེར་འདུག་ཡིན་པས་ཁྱེད་རྣམ་པའི་རྩོད་རྩོམ་རེ་ཀློག་དུས་གྲོགས་པོ་འགའ་དང་མཉམ་དུ་ཡོད་པའི་ཚོར་བ་སྐྱིད་པོ་ཞིག་ཡོང་གི་འདུག ཐུགས་རྗེ་ཆེ་སོང་།
དགེ་རབ་ལགས་ཀྱིས་ཕྲན་ལ་ལན་བཏབ་པའི་དོན་ཚན་གཉིས་ཀ་མ་བརྟག་ཅིང་གནས་ལུགས་ཅི་ཡང་མེད་པར་ལན་བཏབ་པ་ཤིག་རེད་།་གཅིག་།་་དགེ་རབ་ཀྱིས་”ཁྱེད་ཀྱིས་དགེ་ཆོས་དེ་དགེ་ཆོས་ཀྱི་དུས་སྐབས་ཀྱི་མི་སྣ་དག་དང་བསྡུར་ནས་མ་བཤད་པར། ཡང་ན་སྔོན་དང་ཡང་ན་ཕྱིས་ཀྱི་མི་དག་དང་བསྡུར་ནས་བཤད་ཀྱིན་འདུག་བསམས་པ་ཡིན། དེ་ལྟར་བསྡུར་མི་རུང་བ་ཞིག་ག་ལ་ཡིན་མོད། དེ་ལྟར་བསྡུར་སྐབས་བསྡུར་ལུགས་དེ་ལ་ང་འདོད་པ་མ་བྱུང་ལ། དེ་ནས་ཚིག་བཙན་པོ་འགས་ཀྱང་སྣེ་དྲངས་ནས་ཆ་ཚང་ཞིག་མ་བཀླགས་པ་ཡིན། དེ་དོན་ཚན་དང་པོ་དེ་ཡིན།”
ངས་གོང་དུ་མང་པོ་བཤད་ཡོད་པ་དེ་བཞིན་དུ།་དགེ་ཆོས་མ་སྐྱེས་བའི་སྔོན་ནས་བོད་ཀྱི་མཁས་བའི་ཁྲོད་དུ་སའི་གོ་ལ་རིལ་རིལ་ཡིན་པའི་འདོད་ཚུལ་ཡོངས་གྲགས་སུ་ཁྱབ་ཡོད།་བླ་བྲང་དུ་ཀྱེ་རྡོར་གྲ་ཚང་བཙུགས་པ་ནས་བཟུང་།་ལོ་རེ་དུས་འཁོར་གྲ་ཚང་གིས་ཚུར་ལུགས་དང་ཕུག་ལུགས་དང་ཀྱེ་རྡོར་གྱི་རྒྱ་རྩིས་ཀྱི་སྟེང་ནས་ཕན་ཚུན་འགྲན་བསྡུར་གྱིས་ལོ་ཐོ་ཕུད་ཀྱིན་ཡོད་ཅིང་།་་དེ་མིན་ཀྱེ་རྡོར་འདུ་ཁང་རྙིང་བའི་སྟེང་དུ་་ནུབ་ལུགས་ཀྱི་སའི་གོ་ལོའི་རི་མོ་དང་བཞེངས་ཡོད་པ་ཡང་ཡོངས་གྲགས་རེད་།་་དེ་མིན་དགེ་ཆོས་བླ་བྲང་དུ་ཡོད་སྐབས་ཤིག་ཏུ་རྩེ་བླ་བྲང་གི་སྔགས་རམ་པ་ཤིག་གིས་སའི་གོ་ལ་ས་བདག་གི་པང་ཏུ་ཡོད་པ་ཤིག་བཞེངས་ཏེ་།་དེ་ད་ལྟ་ཡང་བླ་བྲང་དགོན་པའི་འགྲེམས་སྟོན་ཁང་གི་ནང་ན་མཐོང་རྒྱུ་འདུག་།་རེབ་གོང་ཕྱོགས་སུའང་རྗེ་བློ་བཟང་དཔལ་ལྡན་སོགས་ཀྱིས་བིས་བ་མི་ཕམ་ཟླ་བ་རྒྱ་རྩིས་སོགས་ཀྱི་རི་མོ་ལམ་ནས་།་རྒྱ་རྩིས་ཀྱི་ཁྲིད་རྒྱུན་བཟུང་ཏེ་།་ཕྱིས་ཀྱི་མཁས་བ་ཆེན་པོ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་སོགས་བྱུང་བ་དེ་བཞིན་རེད་།་དེ་དག་གིས་ག་ལ་ཚད་།་་བོད་དབུས་སུ་རྒྱལ་དབང་གསུམ་པས་སྨན་རྩིས་ཁང་བཙུགས་ཏེ་།་མཁྱེན་རབ་ནོར་བུ་ལགས་ལ་འགན་ཁུར་ཏེ་རྩིས་ཀྱི་རྒྱུན་མང་པོ་མང་པོ་སྤེལ་བ་མ་ཟད་།་ཁོང་གིས་དགུ་རོང་རྒྱལ་སྲས་ཀྱི་མདུན་ནས་རྒྱ་རྩིས་ཀྱི་མན་ངག་ཆ་ཚང་བ་བླངས་ཏེ་།་རྒྱ་རྩིས་ཀྱི་སྟེང་ནས་་བཟའ་འཛིན་དན་ཉི་འཛིན་གྱི་ལོ་ཐོ་སྒྲུབ་ཚུལ་སོགས་དབུས་གཙང་ཕྱོགས་སུ་རྒྱ་ཁྱབ་ཏུ་སྤེལ་བ་རེད་།་དེ་ལས་ཀྱང་མཚོན་རྟགས་རྣལ་་མ་ཤིག་ནི་དགེ་ཆོས་ཀྱིས་རང་གིས་ཡིན་མདོག་མདོག་གི་སྐད་གྲགས་ཅན་གྱི་ལྕགས་སྒམ་ནང་བཅུག་པའི་འཛམ་གླིང་རྒྱས་བཤད་ནང་དུའང་སའི་གོ་ལ་རིལ་རིལ་ཡིན་པ་སོགས་གསལ་བྲིས་འདུག་།་ག་རེ་ཡིན་ནམ་།་དགེ་ཆོས་ཀྱི་དེ་དག་མ་མཐོང་ཡིན་ནམ་མ་ཤེས་བ་ཡིན།་་ངས་དགེ་ཆོས་དེང་དུས་ཀྱི་མཁས་བ་ལ་བསྡུར་གྱིན་མེད་།་ངས་ཁོང་སྐབས་ཀྱི་མཁས་བ་དང་།་དེའི་སྔོན་གྱི་མཁས་བ་དག་ལ་བསྡུར་ནས་བཤད་གིན་ཡོད་།་་ངས་དྲངས་བའི་མཁས་བའི་དེ་དག་དང་བསྡུར་ན་དགེ་ཆོས་ལ་དམིགས་གསལ་གྱི་ཁྱད་ཆོས་ག་རེད་འདུག་།
གཉིས་།་ཡང་དགེ་རབ་ཀྱིས་”དགེ་ཆོས་ཀྱིས་འཇིག་རྟེན་རིལ་མོ་འདི་གསུངས་སྐབས། བོད་ནང་དུ་འཇིག་རྟེན་རི་རྒྱལ་གྱི་ལྷོ་ན་ཡོད་པ་ཞིག་གི་ལྟ་ཚུལ་ཡོངས་ཁྱབ་ཏུ་ཡོད། ལྟ་ཚུལ་འདིའི་ཁོངས་སུ་རྡོ་སྦིས་དགེ་བཤེས་ཁོང་ཡང་ཡོད་ངེས་ཡིན། ལྟ་ཚུལ་དེ་ཡོངས་ཁྱབ་ཏུ་ཡོད་སྟབས། གསར་འགྱུར་མེ་ལོང་གིས་ཀྱང་དོ་སྣང་ཆེན་པོས་བཀོད་པ་རེད་ལ། དེ་ལ་དཔགས་པའི་གླེང་གཞི་ཡང་འཕེལ་བ་རེད། འདི་ནི་ཡོངས་གྲགས་ཀྱི་བདེན་པ་ཞིག་རེད།”་
ཡོངས་གྲགས་ཡོད་པ་བདེན་པ་མིན་པ་ངས་གོང་དུ་མང་པོ་བཤད་སོང་།་ད་འདི་བསྐྱར་བཤད་བྱ་དགོས་དོན་མི་འདུག་།་གཅིག་བྱས་ན་རྡོ་སྦིས་དགེ་བཤེས་ཀྱིས་སའི་གོ་ལ་རིལ་རིལ་ཡིན་པ་ཧ་གོ་མེད་པར་ངེས་།་ཁོང་ད་ལྟ་མི་བ༷ཞུགས་ལ།་ཁོང་གིས་གསུང་རྩོམ་དེ་དག་གི་ནང་ན་སྐད་ཆ་དེ་འདྲ་སྐོར་གཅིག་ཀྱང་མཐོང་མ་སོང།་དེའི་སྐོར་གྱི་སྐད་ཆ་ང་བཤད་རྒྱུ་མེད་།་་ཁོང་གིས་ཡོན་ཏན་གཞིར་གྱུར་མའི་འགྲེལ་བའི་ནང་དུ་བཙན་པོ་ནོ་མོན་ཧན་ལ་དགག་པ་ཤིག་བཏང་འདུག་པ་།་འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོར་སོང་འདུག་།་་ང་རྡོ་སྤིས་སྐྱེས་ནའང་་དགེ་བཤེས་ལ་དུང་ཞེན་ལྷག་མའང་མེད་།་དགེ་ཆོས་ལ་སྡང་དགོས་བའི་རྒྱུ་མཚན་ཡང་ཅི་མེད་།་སྐད་ཆ་དྲང་མོ་ཤིག་བཤད་བསམ་པ་དེ་ཡིན་།་
རེད། ཕྱོགས་ལྷུང་ཅན་གྱི་མི་ཀུན་གྱིས་སྐད་ཆ་དྲང་མོ་བཤད་འདོད་ཡོད་ཟེར་གྱི་རེད། དེ་ནི་ཕྱོགས་ལྷུང་ཆེ་བའི་ཐོག་ཏུ་རང་སྐྱོན་ངོས་ལེན་གྱི་སྙིང་སྟོབས་ཀྱང་མེད་པས་རེད། ཁྱོད་རྡོ་ཤེར་ལ་དུངས་ཞེན་ལྷག་མ་མེད་ན་ཁྱོད་ཀྱིས་གྲྭ་བ་ཆོས་པ་ཡིན་མིན་དང་། བོད་སེམས་ཡོད་མེད་ཀྱི་དཔྱད་རྩོམ་ཞིག་བྲིས་དང་། གང་ཡིན་ཟེར་ན་ཕྱོགས་གང་ཐད་ནས་ཁྱེད་སང་གི་རྡོ་ཤེར་ནི་དགེ་ཆོས་ལས་ལྡབ་བརྒྱ་ལས་ལྷག་པའི་ཞབས་འདྲེན་ཞུ་མཁན་ཞིག་ཡིན་པ་ཡོངས་གྲགས་རེད། ཡང་མིན་ན་རྗེས་སུ་ངས་འབྲི་ཆོག དེ་རིང་ང་ལ་དེ་ཙམ་ལས་དུས་ཚོད་མང་པོ་མེད། དོ་དགོང་ཐུག་ཡོང་།
ད་དུང་ཁྱེད་ཚང་གི་ཞབས་འདྲེན་ཁ་སེ་དེས། གོ་མིན་ཏང་དང་ཀུང་ཁྲན་ཏང་ལ་ཇི་ཞིག་བྲིས་ཡོད་པ་དང་། ཐ་ན་རྩ་མ་ཚང་བར་མའོ་ཙེ་ཏུང་སངས་རྒྱས་ཡིན་ཚུལ་ཡང་བྲིས་ཡོད་པ་རེད། ངས་བོད་ཀྱི་རྩོམ་འབྲི་མཁན་མཁས་བླུན་ཀུན་གྱི་ནང་ན་རྡོ་ཤེར་ལས་ལྷག་པའི་རྩ་མི་ཚང་མཁན་ཞིག་དང་། རྒྱལ་བཙོང་བ་ཞིག་མཐོང་མ་མྱོང་། ཁྱོད་ཀྱིས་དེ་ཚོ་ཆ་ཚང་མ་མཐོང་བར་བཙན་པོ་ནོ་མོན་ཧན་ལ་དགག་པ་ཤིག་བཏང་བ་གཅིག་པོ་དོན་ལ་ཁེལ་མེད་པ་ཙམ་མཐོང་བ་དེས། ཁྱོད་དྲང་མོ་ཡིན་མིན་སྲང་ལ་གཞལ་ཚར་འདུག དོ་དགོང་ཐུག
མཆན་ཉེར་ལྔ་པའི་ནོར་བཅོས།
ནོར་བ། ཁྱོད་ཀྱིས་གྲྭ་བ་ཆོས་པ་ཡིན་མིན་དང་།
བཅོས་པ། ཁྱོད་ཀྱིས་རྡོ་ཤེར་ཆོས་པ་ཡིན་མིན་དང་།
གཞོན་ནུ་ཟླ་མེད་ཟེར་བ་དེས་ཡག་པོ་ཞིག་གསུང་སོང་།་དོན་གྱིས་ང་ཚོ་དགེ་ཆོས་རྩོད་ཀྱིན་མི་འདུག་།་དགེ་ཆོས་ལས་གཞན་པའི་གྲུབ་མཐའ་ཤིག་རྩོད་བཞིན་འདུག་།་ད་དགེ་ཆོས་ལ་དོན་མེད་ཀྱི་བསྟོད་དགོས་བ་དང་།་བསྟོད་མཁན་རྣམས་རིག་གསར་སྐབས་ཀྱི་དམར་སྲུང་དམག་འདྲ་བོ་ཤིག་ཆགས་འདུག་།་མགྱོགས་པོ་དེའི་སྐོར་གྱི་རྩོམ་ཤིག་མིང་དུ་”བོད་ཀྱི་དམར་སྲུང་དམག་མི་དག་ལ་ཕུལ་བ་”ཞེས་བ་བཏགས་ནས་འབུལ་རྩིས་ཡོད་།་འདིས་ཁོང་ཚོའི་སེམས་པའི་ཁྱེར་སྟངས་དང་།་འཚར་ལོངས་ཇི་ལྟར་བྱུང་ཚུལ་།་སློབ་གཉེར་ཤིག་ཐོབ་ཡོད་མེད་སོགས་ཀྱི་གསལ་ཆ་འདོན་ཐུབ་པའི་རེ་བ་ཡོད་།་
ད་ཐུགས་རྗེས་གཟིགས། ཁྱེད་ཚོ་བླ་བྲང་དང་རེབ་གོང་གི་ནད་རྙིང་ནག་པོ་འདིའི་འཁོན་འཛིན་འདིར་འཁུར་ནས་བོད་པ་ཚང་མ་འཐེན་ཁྱེར་གྱི་ལམ་ལ་མ་ཁྲིད།
ང་ཚོ་ལ་ཆོལ་ཁ་གསུམ་གྱི་མ་ཚད། ཆོལ་ཁ་ལྔ་དགོས་ཀྱི་འདུག མདོ་སྟོད། མདོ་སྨད། བླ་བྲང་། རེབ་གོང་། དབུས་གཙང་།
བསམ་ཤེས་།་དངོས་གནས་དྲང་གནས་ཀྱི་བདེན་པ་རེད་།་་ངས་རྡོ་སྤིས་དང་བླ་བྲང་གི་སྐད་ཆ་ཅི་ཡང་བཤད་གིན་མེད་།་རེབ་གོང་སྟོད་སྨད་དང་།་བླ་བྲང་གི་མཁས་བ་རྣམས་ལ་བརྩི་བཀུར་དང་བསྟོད་བསྔགས་ཡོད་བླ་ལྷག་ཏུ་ཡོད།་་་་དགེ་ཆོས་ཀྱི་རྗེས་སུ་ཞུགས་པའི་དམར་སྲུང་དམག་མི་ཚོར་འཐབ་རྩོད་ཅིག་མེད་ན་།་གཉིད་ཡང་ཁུགས་ཀྱིན་ཡོད་པ་མ་རེད།་་དེ་ལ་ཁག་མེད།་ཁོ་ཚོའི་མི་ཚེའི་ལས་འགན་ནི་གསར་བརྗེ་དང་།་འཐབ་རྩོད་བྱ་རྒྱུ་དེ་རེད།་་རྒྱུ་མཚན་གསལ་བོ་རྗེས་སུ་ཞུ་འཐུས་།་
ཡ་བློ་གཡོན། འོ་ན་ཆོག་གི དགེ་ཆོས་ཀྱི་རྗེས་སུ་ཞུགས་པའི་དམར་སྲུང་དམག་གི་ཚོ་དང་། རྡོ་ཤེར་གྱི་རྗེས་སུ་ཞུགས་པའི་གུང་ཁྲན་ཏང་ཡན་ཚོས་ཡང་བསྐྱར་རྩོད་པ་ཞིག་གི་མགོ་མ་བཟུང་བར་ཁྱོ་མ་བཞག་ནི་རེད། མ་ཟད་ད་དུང་རྡོ་སྦིས་ལུང་པའི་ཤི་མཚངས་ཡོད་ཚད་བསྔོགས་ན་ཆོག་པས་ད་ཤོག་ཡ། འོན་ཀྱང་ངས་ཁྱོད་ལ་ཁྲིམས་དང་མཐུན་པར་ཡིག་ཐོག་ནས་ཐོག་མར་ཤོད་རྒྱུར། འཇུག་འབྲས་ཀྱི་འགན་ཆ་ཚང་ཁྱོད་ཀྱིས་ཁུར་དགོས། ཁར་ཉིན་ཁྱོད་ཀྱིས་དགེ་ཆོས་ལ་གཞི་མེད་ཀྱི་བསྙོན་འཛུགས་བྱས་ཚད་ངས་དོ་དགོང་བཙལ་ཡོང་། དེ་བཞིན་ངས་རྡོ་ཤེར་དམ་ཉམ་ཁ་སེ་ལ་ཅི་བཤད་རྣམ་ཀྱང་ཁོ་རང་གི་སུག་བྲིས་ཚོའི་ཐོག་ནས་ར་སྤྲོད་བྱེད་ཡོང་། ད་ཁྱོས་ངོ་མས་མཚམས་འཇོག་རྒྱུ་མིན་ན་གཏུགས་ཆོག་པས་སྐྱག་པ་མ་ཤོར་ཨ། མི་མང་པོ་ཞིག་གི་མིང་བཟོས་ནས་རྒྱབ་སྐྱོར་ཡོད་མདོག་མ་བྱེད་ཨ། སྡང་ཟུག་གི་རུས་པ་ཕྱི་ལོགས་སུ་མངོན་སུམ་དུ་མངོན་བཞིན་དྲང་གཏམ་ཡིན་མ་ཟེར་ཨ། རྡོ་ཤེར་ལྟ་བུ་བོད་མི་རིགས་ཤིག་གི་བརླ་བཙོང་རྐང་འདྲེན་ཞིག་ལ་ཅི་ཡང་ལབ་རྒྱུ་མེད་པར། དགེ་ཆོས་ལྟ་བུའི་མི་གཞུང་དྲང་བོད་ཞེན་ཅན་ཞིག་ཁྱོད་ཀྱིས་དགྲ་རུ་འཛིན་དགོས་ན་ད་ཁྱོད་ཤོག་དང་། ངས་དུས་ཚོད་གསར་བ་ཞིག་བཟོ་ཆོག ད་དུང་ངས་རྡོ་ཤེར་དང་དགེ་ཆོས་བསྡུར་ནས་བློ་གཡོན་གྱི་མིག་བཤའ་བཅོས་ཟེར་བ་ཞིག་ཆེད་དུ་བྱ་བའི་གདུལ་བྱ་ཁྱོད་ལ་འབྲི་བཞིན་ཡོད་པས་སྒུག་ཨ། ད་ཁྱོད་ཀྱིས་གནའ་རོ་རུལ་བ་བསྔོགས་ནས་སྡོད་བཅུག་མ་སོང་།
གཏམ་དཔེར།
ཤ་བཟས་གི་བཟས་གི་ཚིལ་ལ་དགའ། །
གླུ་བླངས་གི་བླངས་གི་ཤག་ལ་འགའ། ། ཟེར་བ་བཞིན།
གཏམ་བཤད་ཀི་བཤད་ཀི་རྩོད་ལ་སོང་།
རྩོད་རྒྱག་གི་རྒྱག་གི་ཕྱོགས་སུ་ལྷུང་།
ཕྱོགས་ཐག་རིང་མ་རེད་ཐག་ཉེ་རེད།
རི་ལུང་པ་གཉིས་གི་ཡར་མར་རེད།
ས་་དཀྱིལ་འཁོར་སྡེ་བའི་ཡར་ནང་ན།
གནས་གླིང་རྒྱ་དགེ་ཆོས་འཁྲུངས་ཡུལ་ཡིན།
ས་དཀྱིལ་འཁོར་སྡེ་བའི་མར་ནང་ན།
ཁོང་ཤེར་རྒྱམ་འཁྲུངས་ཡུལ་རྡོ་བིས་ཡོད།
ས་རྡོ་བིས་གླིང་རྒྱ་ཁྱིམ་མཚེས་རེད།
མྱིག་རྫོད་ཤི་རེ་བྱོས་། ཁྱེད་ཚང་གི་དགེ་ཆོས་བཞག་མེད་ཀི བློ་ཡོན་གྱིས་མཁས་དབང་ཚང་གི་མཚན་སྙན་མེད་པར་བཟོ་རྒྱུ་རེད། ང་ཡིན་ན་རང་ང་མི་འདུག དགེ་ཆོས་ཀྱི་ས་ཕྱོགས་གཅིག་པ་ཚང་མ་འཚོགས་འདུ་བསྡུས་ནས་བློ་བཟང་ཡོན་ཏན་ལ་དགག་ཡིག་འབྲི་གི་འཇོགས་ས་རེད། མཁས་དབང་ཁོང་ལ་་འདི་ཟེར་སྲོལ་ཡོད་ཀི་ནེ འུ་ཚང་རབ་ཀོང་གི་རྣ་འཇོག་ཤོར་སོང་ཟིག་ཡ། མྱིག་རྫོད་ལགས་ནས་རྡོར་ཤེར་ལ་སྡིགས་སྡིགས་ཐོངས། དེ་ནས་ཁྱེད་ཀྱི་ནད་ཟིག་དུང་ནི་རེད་ཡ། ད་མིན་ན་ཁྱོད་སྙིང་ནད་ཕོགས་ནས་ཤི་ས་་རེད། དེ་མིན་ན་ཧེ་ཐོབ་ར་ནད་ཟིག་ཙི་གེ་རེ་འཇོག་ནི་རེད། རྡོ་སྤོས་ཤེས་རབ་གུ་ཁྲན་ཏང་ལ་དགའ་བ་དང་དགེ་ཆོས་གུང་ཁྲན་ཏང་ལ་དགའ་བ་གཉིས་འདྲ་ནི་མ་རེད། དགེ་ཆོས་དགའ་སའི་ཏང་ཨུ་རུ་སིའི་ཏང་ཡིན་ནི་རེད། ཏང་དགའ་བོ་ཡིན་ནི་རེད། རྡོར་ཤེར་དགའ་སའི་ཏང་རྒྱ་ནག་གི་ཏང་ཡིན་ནི་རེད། ཏང་ངན་པ་བོ་ཡིན་ནི་རེད། ཡང་དགེ་ཆོས་རྡོ་ཤེར་གཉིས་ཀྱིས་ གོ་མིན་ཏང་གི་ཕོག་ཟས་བ་ཡང་འདྲ་ནི་མ་རེད། དགེ་ཆོས་ཀྱིས་ཟས་བའི་གོ་མིན་ཏང་གི་ཕོགས་དགའ་བོ་ཨ་ཕོ་རབ་དགའི་ལག་ནས་ཟས་བ་དེ་ཡིན་ནི་རེད། རྡོར་ཤེར་གྱིས་ཟས་བའི་ཕོག་དེ་ཅང་ཅེ་ཧྲིའི་ལག་ནས་ཟས་བའི་ཕོག་ངན་པ་བོ་ཡིན་ནི་རེད། འདི་ཚོས་དགེ་ཆོས་ཀྱི་ཕོག་དགའ་བོ་ཟས་ནོ་ར་ཤེས་གི་མེད་ཀི
ཨེ་རེད། བློ་གཡོན་ནམ་བོད་པ་མིང་བརྒྱ་མ། དགེ་ཆོས་ཀྱི་རྗེ་ཙོང་ཁ་པ་དང་ཀུན་མཁྱེན་གོ་རམ་པ་མན་ཆད་སུ་ལ་དགག་བཞག་མཛད་ཀྱང་མིང་རྫུན་བཀོལ་མི་དགོས་པ་དང་། ཁྱོད་ཀྱིས་མིང་རྫུན་བཅུ་ཁ་ཞིག་སྤྱད་ནས་དགེ་ཆོས་ལ་དགག་པ་རྒྱག་ཁུལ་བྱེད་ཀྱི་ཡོད་པ་འདི་གཉིས་ཀྱིས་ཅི་ཞིག་མཚོན་གྱི་རེད། དགེ་ཆོས་ཉུལ་མ་ཡིན་པ་དང་གུང་ཁྲན་གྱི་ཕོག་བཟས་པ་སྐབས་དེ་དུས་ཀྱི་བོད་སྡེ་བ་གཞུང་གིས་ཀྱང་ཁུངས་སྐྱེལ་མ་ཐུབ་ལུས་པ་ཡིན་ན། དེང་སང་ཁྱོད་ཀྱིས་ཁུངས་ཨེ་ཐུབ། རྡོ་ཤེར་ལ་མང་པོ་བཤད་མི་དགོས་པར་ཁོ་རང་གི་སུག་བྲིས་ཚོའི་ནང་དུ་ལྟོས་དང་ཤེས་ངེས། དེ་མིན་སྐྱག་རྫུན་དང་མངོན་ལྷོང་འགེལ་རེས་དགོས་ན་ཁྱོད་ཚང་གི་རྡོ་ཤེར་ཁ་སེས་ཅང་ཅེ་ཧྲི་དང་མའོ་ཙེ་ཏུང་གི་རྒན་མོའི་རྙ་ཤོག་དམར་པོ་ལ་ལྕེ་ལྡག་བྱས་པས་འོག་ཚོམས་ཀྱི་ནང་དུ་ཡང་རྙ་ཁྲག་འགོས་ཡོད་པ་མི་མང་པོས་མཐོང་མྱོང་བ་རེད་ཅེས་ལབ་ན་ལན་ཅི་ཞིག་ཡོད། ད་དུང་སང་ཉིན་ཁྱོད་ཀྱིས་མིང་གཞན་པ་ཅི་ཞིག་བཀོལ་གྱི་ཡིན་ནམ།
ཨ་བློ་གཡོན་འུ་ཐུག
ཧ་ཧ་ཧ། ད་དུང་ངོ་ཚ་རྒྱུ་མེད་པར་བོད་པ་ཟེར་བ་དེ་རྡོ་སྦིས་བློ་གཡོན་མིན་མདོག་གིས། རྡོར་ཤེར་དང་། རྡོ་སྤོས་ཞེས་རང་ཡུལ་རྡོ་སྦིས་ཕྱོགས་ཀྱི་མི་མིང་དང་ས་མིང་ནོར་ཁུལ་བྱས་པ་ལ་ལྟོས་དང་། ཁྱོད་ལ་རྣམ་དཔྱོད་ཅི་ཡོད་འདི་ན་བསྟན་འདུག སྤྱིར་རྡོ་སྦིས་ཕྱོགས་ཀྱི་མི་ཡོངས་རྫོགས་འདི་འདྲའི་ངོ་ཚ་རྒྱུ་མེད་པ་རྐྱང་རྐྱང་ཡིན་ནམ། ཡང་ན་རྡོ་ཤེར་དང་ཁྱོད་གཉིས་གཅིག་པོ་འདི་ལྟར་ངོ་ཚ་རྒྱུ་མེད་པ་ཡིན། ཧ་གོ་ཚར་རུང་ད་དུང་ཨུ་ཚུགས་མ་བྱས་ན་མི་འགའ་འམ།
འོས་ལངས་ཀྱིས་བཤད་པ་བདེན་པ་རེད་བཞག བོད་པ་ཟེར་བ་འདི་དང་བློ་ཡོན་གཉིས་གཅིག་ཡིན་པ་ལྷང་ལ་བུད་བྱུང་། ད་དུང་ཡིད་མི་ཆེས་མཁན་ཡོད་ན་གོང་གི་མཆན་ཨང་༣༣་པ་དེར་ཞིབ་ཏུ་གཟིགས་དང་གསལ་བོར་ཆགས་ངེས་ཡིན།
དེ་རིང་ཉིན་གུང་ནས་བཟུང་ཕྱི་དྲོ་ཤིག་ལ་།་ཉིག་ཡོ་རུ་ཡོད་པའི་བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་སུ་སོང་ནས་།་དེའི་འགན་འཛིན་E. Gene Smith་དང་མཉམ་དུ་དུས་ཀྱི་འཁོར་ལོའི་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་།་་དུས་འཁོར་ལ་ནང་བ་དང་ཕྱི་བ་གཉིས་ཀྱི་ལུགས་ཤིག་ཡོད་པའི་མངོན་པའི་དེ་གཉིས་ཀྱི་ཁྱད་པར་དང་་།་སྟག་ཚང་ལོ་ཙ་བའི་དེའི་སྐོར་གྱི་་དཔེ་དེབ་ཅིག་ཡོད་པར་ཐོས་བ་དེའི་སྐོར་དང་།་ཁྱད་པར་ཆ་ཧར་དགེ་བཤེས་ཀྱི་རང་རྣམ་གྱི་སྐོར་སོགས་ལ་བཀའ་འདྲི་ཞུ་རྒྱུའི་སྐལ་བ་བྱུང་བར་དངོས་གནས་དགའ་དགོས་བ་ཤིག་བྱུང་སོང་།་་དུས་ཀྱི་མཐར་འདི་འདྲ་ལ་བོད་ཀྱི་གཞུང་ཆེན་པོ་དེ་དག་གི་དོན་གོ་བ་ནི་ཕར་ཤོག་།་སྤྱོར་ཀློག་ཙམ་ཡང་བྱེད་པའི་སྐལ་བ་ཡོང་དཀའ་ཡང་།་རིག་པའི་གཞུང་ལུགས་དང་།གནམ་གྱི་ས་བཀབ་པ་ལྟ་བུའི་་མཁས་བ་དེ་དག་གི་་གསུང་ད་ལྟ་ཡང་མཐོང་རྒྱུ་ཡོད་པ་དངོས་གནས་དྲང་གནས་ཀྱི་སེམས་དྲོ་།་་དེའི་ཞོར་དུ་ལོ་བཅོ་ལྔ་ཙམ་ལ་མ་འཕྲད་པའི་གྲོགས་པོ་ཤིག་དང་།་དཔལ་རྡོ་།་བློ་བཟང་ཤསྟིར་འཕྲོལ་མོལ་བྱུང་ཤིང་།་མཐའ་མར་ཇེམ་ལགས་ནས་ཕྲན་ལ་་ནང་བསྟན་དཔེ་ཚོགས་བསྟི་གནས་ཀྱི་གླེགས་བམ་ཡོངས་རྫོགས་བལྟ་ཐུབ་པའི་གསང་མིག་སོགས་གསོལ་རས་སུ་སྤྲད་བྱུང་བས་།་བྱིས་བ་ལ་བུ་རམ་གྱི་ཁ་ཡང་བཙུམ་མ་ཐུབ་པར་གནས་ཚང་དུ་ཚུར་ལོག་པ་ཡིན་།་་འོ་རེད་ལགས་།་ང་ཚོས་བོད་དུ་ཚན་རིག་དར་ཚུལ་སྐོར་ལས་འཕྲོས་ཏེ་སྐད་ཆ་མང་པོ་བཤད་རྒྱུ་བྱུང་ཡང་།་དགེ་ཆོས་་ཀྱི་སྐོར་ལ་སྐད་ཆ་གཅིག་ཀྱང་བཤད་རྒྱུ་མ་སོང་།་
དེ་ལྟར་ངོ་ལ་འཛུམ་གྱི་ཁེངས་ཏེ་།་གནས་ཚང་ཏུ་ལོག་དུས་་དྲ་རྒྱའི་ཁ་ཕྱེས་ནས་་བལྟ་དུས་།་་དམར་སྲུང་དམག་མི་ཤིག་གིས་དམག་འཁྲུག་གི་གྲ་སྒྲིག་གིས་།་ད་ཤོག་དང་།་གསོད་གིན་ཡིན་།་གཏུབ་གིན་ཡིན་ཞེས་འབོད་སྒྲ་བསྒྲགས་ཐོས་བྱུང་།་ངས་སྔོན་ནས་བཤད་ཡོད་པ་བཞིན་།་དགེ་ཆོས་ཀྱི་དོན་མེད་ཀྱི་བསྟོད་པ་བྱེད་མཁན་དག་ནི་དོན་གྱི་དམར་སྲུང་དམག་མི་ཡིན་ཞེས་བཤད་པ་ལ་བདེན་པ་ར་སྤྲོད་འདི་ལས་གཞན་བྱེད་དགོས་བ་ཅི་ཡང་མི་འདུག་མོད་།་་ཡང་ངས་ཁོ་ཚོས་དེ་མ་ཐག་ཏུ་འདི་ལྟར་མངོན་གསལ་དོད་པོས་།་ངའི་སྟེང་ལ་དམག་བཤམས་པ་དང་།་མི་ཚོགས་བསྡུ་པ་།་དགག་རྒྱག་གི་ཚོགས་འདུ་ཚོགས་རྒྱུའི་གྲ་སྒྲིག་བྱེད་པ་།་སྐྱོན་འཛུགས་བྱེད་པ་སོགས་བྱ་རྒྱུ་མ་རེད་བསམ་བྱུང་ཡང་་།་ད་ང་རང་ནོར་འདུག་།
བློ་མཐུན་༼ཞེས་མ་བོས་ན་ང་ལ་ཆད་པ་ཕོག་གི་རེད༽་་མྱིག་རྫོད་དང་།་གསར་བརྗེ་འོས་ལངས་བ།་ཏང་དྲིན་ཡར་འཕེལ་བློ་གྲོས་རྣམ་རྒྱལ་ལགས་།་ང་བློ་བཟང་ཡོན་ཏན་དངོས་གནས་དྲང་གནས་ཀྱི་ཨར་བོད་དམ་བོད་པ་ཟེར་བ་དེ་མིན་།་་ཁྱེད་ཅག་ལ་སྐྱོན་ཁས་ལེན་ཟེར་བ་ཤིག་གོམས་བསྡད་ཡོད་ནའང་།་ང་བློ་བཟང་ཡོན་ཏན་མི་གཉོམ་ཆུང་།་་སྐད་ཆ་དྲང་བོ་བཤད་མཁན་འདིས་ཁྱེད་ཅག་གི་རླབས་ཆེན་གྱི་དོན་ཆེན་ལ་གཏོར་བཤིག་གཏོང་བའི་བསམ་པ་ནི་ནམ་ཡང་མེད་།་སྐྱོན་ཁས་ལེན་དགོས་བ་ཤིག་སེམས་ལ་དྲན་རྒྱུ་མི་འདུག་།་་ང་ད་ལྟ་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་ལྟ་བའི་དབྱིན་ཇིའི་རྒྱལ་མོ་་བཀའ་དྲིན་འོག་།་ཉིག་ཏོན་གྱི་ཀུ་ཤུ་ཐང་ལ་ལྷུང་ས་ཤིག་ན་།་་སློབ་གཉེར་ར་བྱ་ཁུལ་གྱི་བསྡད་ཡོད་།་གཞན་ཅི་ཡང་མེད་།་
ཧཧཧ། ད་ངེས་ཤེས་ཐལ་ཡང་བོད་པ་ཁྱོད། དེ་རིང་ད་ངས་ཁྱོད་བཟུང་དང་ནི་རེད། ཁ་སྔོན་ཟིག་ག་ངས་ཁྱོད་ལ་ཁ་པར་ནང་ནས་དྲིས་དུས་ཁྱོས་ང་དྲང་མོར་མ་བཤད་ནི་རེད། དེ་རིང་ད་ངས་གསལ་བོ་ཧ་གོ་ཐལ། གོང་གི་འདི་ཚོས་ཁྱོད་བློ་བཟང་ཡོན་ཏན་རེད་ཟེར་དོན་ཅི་ཡིན་ནས་ན། ཁྱོས་ཁ་སྔོན་ཟིག་ག་རྡ་སའི་ཧང་ངེ་ལྐུག་ཅོ་ལ་སྡིག་ནས་ལེན་རྒྱུ་ཟིག་བཞག་མེད་ལ་ཟེ ཧཧཧཧཧ
བོད་པ་ཁྱོས་རྡ་སའི་ཧང་ངེ་ལ་སྡིག་ནོ་དེ་དྲན་ན་ངའི་གད་མོ་འགོག་མི་ཐུབ་ཀི་ས་ཀ་ས་ཐོག་གི་ཆོས།
བློ་གཡོན། ཁྱོད་ཕྱི་ལོགས་ནས་ངོ་ལ་འཛུམ་གྱིས་གང་བཞིན་ཡོང་བ་དེ་ཁྱོད་ཕྱི་ལོགས་སུ་ཕྱིན་པའི་རིང་ངོ་ཚ་དགོས་པ་དང་། ཡིད་གཅོང་དགོས་པའི་ལས་ཀ་བྱས་མེད་པས་རེད། ནང་དུ་སླེབས་ནས་དྲ་རྒྱའི་ཁ་ཕྱེ་དུས་གློ་བུར་དུ་ཁྱོད་ཀྱི་གདོང་གི་འཛུམ་མདངས་ཡལ་ནས་ངུ་བྲོ་བ་ཞིག་བྱུང་བ་དེ་ནང་ནས་ངོ་ཚ་དགོས་པ་དང་། ཡིད་གཅོང་དགོས་པའི་ལས་ཀ་བྱས་པའི་འབྲས་བུ་རེད། མ་མཐོང་བཞིན་དུ་ལས་ངན་བྱས་ན་ཡང་། དུག་ཟོས་བཞིན་དུ་བདེ་བར་མི་འགྱུར་ཏེ།། ཟེར་བ་དེ་ལ་ཟེར་བ་རེད།
ལྟོས་དང་། ངས་གོང་གི་མཆན་ཡོངས་རྫོགས་ལ་ཡང་བསྐྱར་ཚར་གཅིག་བལྟས་པ་ཡིན། སུ་གཅིག་གིས་ཁྱོད་ལ་གསོད་གིན་ཡིན། གཏུབ་གིན་ཡིན་ཞེས་བཤད་མི་འདུག ཁྱོད་ཀྱིས་བཤད་ཚད་འདི་འདྲ་རེད། ངས་ཁྱོད་ལ་ཁྱོད་ཀྱིས་དགེ་ཆོས་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་བྱེད་ཀྱི་འདུག་ཟེར་དོན་ཡང་འདི་འདྲ་ཤོད་ཀྱི་ཡོད་པས་ཡིན། འདི་ཁྱོད་ཀྱི་མི་ཚེའི་རིན་ཐང་རེད།
ད་དུང་མི་སུས་ཀྱང་མི་ཚོགས་བསྡུ་བ་དང་། དགག་རྒྱག་གི་ཚོགས་འདུ་ཚོགས་རྒྱུའི་གྲ་སྒྲིག་བྱེད་ཀྱི་མི་འདུག འདི་རྡོ་ཤེར་དང་ཁྱོད་གཉིས་ལ་ས་ཆུ་ཞིག་གི་ལན་གྱིས་མིག་དང་རྣ་བ་འཁྲུལ་བ་ཡིན་རྒྱུ་རེད། གལ་ཏེ་ཁྱོད་ལ་དགག་ལན་རྒྱག་མཁན་གཉིས་དང་གསུམ་ཤིག་བྱུང་ན། དེ་དག་གིས་མི་ཚོགས་བསྡུ་བ་དང་། དགག་རྒྱག་གི་ཚོགས་འདུ་ཚོགས་རྒྱུའི་གྲ་སྒྲིག་བྱེད་པར་བརྩི་ཆོག་ན། འོ་ན་ཁྱོད་ཀྱིས་མིང་བཅུ་གྲངས་ཤིག་བཀོལ་ནས་དགེ་ཆོས་ལ་གཞི་མེད་ཀྱི་བསྙོན་འཛུགས་བྱེད་ཀྱི་འདུག་པ་འདི་ཅི་ཞིག་ལ་བརྩི་ཆོག་གི་རེད། ཁྱོད་བློ་བཟང་ཡོན་ཏན་མི་གཉོམ་ཆུང་ཞིག་ཡིན་ན་དགེ་ཆོས་དོན་རྒྱལ་དུང་དཀར་གསུམ་པོའི་སྤགས་པ་བཤུ་ཀི་ཡིན་ཟེར་ཐུབ་ཀྱི་ཨེ་རེད། དོན་ངོ་མ་སུ་དམར་སྲུང་དམག་མི་རེད་དམ། དགེ་ཆོས་ལ་བསྟོད་པ་བྱས་ཚད་དམར་སྲུང་དམག་མི་ཡིན་ན། བོད་ཀྱི་སྲིད་འཛིན་༧གོང་ས་མཆོག་དང་སྲིད་བློན་ཟམ་གདོང་བླ་མ་ནས་བོད་ཕྱི་ནང་གི་དཔྱོད་ལྡན་ཁྲི་ཕྲག་ལྷག་གིས་ལན་གཅིག་མིན་པར་དགེ་ཆོས་མཆོག་ལ་བསྟོད་ར་གཏོང་བཞིན་འདུག་པས་ཆ་ཚང་དམར་སྲུང་དམག་མི་ཡིན་ནི་ཨེ་རེད། རྒྱ་ནག་ནས་ཐད་ཀར་ཕྱི་རྒྱལ་ལ་འཕུར་བསྐྱོད་བྱས་ཏེ། དྲ་ལམ་གྱི་ཡར་རྒྱས་ལ་བརྟེན་ནས་མིང་བཅུ་ཁ་ཞིག་བཟོས་ཏེ་སྙིང་ནད་ཆུང་ཆུང་གིས་རྙོག་དྲ་ཆེན་པོ་བཟོ་ཨེ་ཐུབ་བལྟ་ལུགས་ལ་ལྟོས་དང་། དམར་སྲུང་དམག་མི་ཞིག་ཡོད་ན་དེ་ནི་ཁྱོད་ཡིན་པ་གདོན་མི་ཟ། ངས་གོང་དུ་ཡང་ཡང་བཤད་པ་བཞིན་རྡོ་ཤེར་དང་དགེ་ཆོས་བསྡུར་ནས་བློ་གཡོན་གྱི་མིག་བཤའ་བཅོས་ཟེར་བ་ཞིག་འབྲི་བཞིན་ཡོད་པས་ཁྱོས་སྒུག་སྡོད་ཨ།
ད་དུང་བོད་པ་ཟེར་བ་དེ་ཁྱོད་ཨེ་ཡིན་ཁྱོད་ཀྱི་ནད་རྩོམ་གཞན་པ་ཚོའི་ཐོག་ནས་ངས་ར་སྤྲོད་ཇི་ལྟར་བྱེད་པ་ལ་ལྟོས་ཤིག
གཞོན་ནུ་ཟླ་མེད་ལགས།
ཁྱེད་དང་ངེད་གཉིས་ངོ་ཤེས་རྙིང་པ་ཡིན་པས་ང་ལ་ཆ་རྒྱུས་ཡོད།
བཤད་དགོས་པ་ཞིག་ལ་ཐུག་དུས་རྫུན་བཤད་ཀྱི་རེད་ལ། རང་ཉིད་ཀྱིས་མགོ་ཡག་པོ་ཞིག་ཚོས་མེད་ཀྱང་ཚོད་འཇོག་བྱས་ནས་རྫུན་གྱི་རྒྱབ་སྐྱོར་བྱེད་རྒྱུ་རེད། དེ་རིང་ཡང་མངོན་སུམ་ལ་བསྙོན་པའི་རྫུན་རླབས་པོ་ཆེ་ལུང་པ་གང་བཤད་འདུག དཔེར་ན། དོགས་པ་ཟ་དགོས་པ་ཅིག་ལ་མཁས་པ་རེད་ཟེར་མཁན་རྣམས་ཀྱིས་ཁོང་གི་གསུང་དེ་ཚོ་གནད་འགག་ལ་ལུང་འདྲེན་མི་བྱེད། ་་་་་་ ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཀྱང་རང་གི་ཚད་ལྡན་གྱི་ལོ་རྒྱུས་ཅིག་སྨྲ་ན་ཁོང་གི་ལུང་འདྲེན་མི་བྱེད། ་་་་་་་ཟེར་བ་ལྟ་བུ་རེད། གྲྭ་སར་གཞུང་ཆེན་པོ་འདུལ་མངོན་ཤེར་ཕྱིན་སོགས་བཤད་སྐབས་དགེ་ཆོས་ཀྱི་གསུངས་ལུང་འདྲེན་གྱི་ཡོད་རྒྱུ་མ་རེད། གང་ཡིན་ཟེར་ན་དགེ་ཆོས་ལ་འདུལ་མངོན་སོགས་ཀྱི་གཞུང་མེད་པས་རེད། དེ་མིན་དགེ་ཆོས་མཆོག་གི་གསུང་རྩོམ་ལྷག་འཕྲོ་རྣམས་པར་དུ་བསྐྲུན་པ་ནས་བཟུང་ཉི་མ་དེ་རིང་གི་བར། བོད་ཕྱི་ནང་གཉིས་སུ་སྙན་ངག་སྨྲ་བ། ལོ་རྒྱུས་སྨྲ་བ། དབུ་མ་སྨྲ་བ། བརྡ་སྤྲོད་སྨྲ་བ་སོགས་ཡོད་ཚད་ཀྱི་རང་གི་དེབ་ནང་དུ་དགེ་ཆོས་མཆོག་གི་གསུངས་རེ་དྲངས་མེད་ས་ཤིག་ཧ་ལམ་མེད་པས་མངོན་སུམ་ལ་བསྙོན་ན་ཡག་པོ་ཨེ་ཡོད། ཡང་ན་གྲྭ་ས་ན་སྔོན་གྱི་ཡིག་རྙིང་ཚོ་མ་གཏོགས་གསར་བ་གང་ལ་ཡང་བལྟ་སྲོལ་མེད་པ་ཡིན་ན་ངས་མི་ཤེས། ངས་ནི་༧གོང་ས་མཆོག་གིས་ཀྱང་གསུང་ཆོས་ཀྱི་སྔོན་དུ་ལན་མང་པོར་དགེ་ཆོས་ཚང་གིས་མཛད་པའི། མ་ཆགས་པད་མའི་སྤྱན་ལྡན་སོགས་ཀྱི་མཆོད་བརྗོད་དེ་གསུངས་ནས་སངས་རྒྱས་ལ་བསྟོད་པ་གནང་གི་ཡོད་པ་དངོས་སུ་ཐོས་མྱོང་། འོན་ཀྱང་དེང་རབས་ཀྱི་གྲྭ་སའི་གྲྭ་བ་མགོ་སྟོང་ཚོའི་རྒྱུད་ལ་བླ་མ་ལ་སངས་རྒྱས་དངོས་མཐོང་ཟེར་བ་དེ་མེད་པས། དེ་ཡང་ཅོལ་ཆུང་ཞིག་ལ་བརྩི་གི་ཡོད་ན་མི་ཤེས། གང་ལྟར་མངོན་སུམ་ལ་བསྙོན་ན་དེ་ཡག་པོ་མ་རེད།
དགེ་ཆོས་ཚང་གིས་ཐ་སྙད་ཚད་གྲུབ་ལ་དགག་པ་གནང་ཡོད་ཀྱང་། དེ་ནི་མཁས་པ་རྣམས་ལ་ལོ་སྟོང་ཕྲག་དུ་མའི་རིང་བྱུང་བའི་ལུགས་སྲོལ་ཞིག་རེད། དེ་ལས་དགའ་ལྡན་དགོན་པ་རྩ་གཏོར་གཏོང་མཁན་རྒྱ་ནག་གཞུང་དང་། དགའ་ལྡན་དགོན་པ་ལ་དམ་སེལ་བཟོ་མཁན་ད་ལྟའི་ཤར་དགའ་ལྡན་ཟེར་བ་དེ་ཚོའི་ངོ་ལ་མཆིལ་མ་རེ་ཨེ་ཕོག་ལྟོས། དགེ་ལྡན་པའི་སྲིད་གཞུང་གི་བཙོན་པ་ཞིག་ལ་ད་དུང་སྙིང་ནད་མི་སངས་རྒྱུ་ཅི་ཞིག་ཡོད།
་བློ་མཐུན་མྱིག་རྫོད་ལགས་།་་དགོངས་དག་།་ང་ནོར་འདུག་་ཁྱེད་རང་གིས་དམག་འདྲེན་བསམ་མི་འདུག་།་་་ཁྱེད་རང་གིས་ཐོག་མར་་”དགེ་ཆོས་ཀྱི་རྗེས་སུ་ཞུགས་པའི་དམར་སྲུང་དམག་གི་ཚོ་དང་། རྡོ་ཤེར་གྱི་རྗེས་སུ་ཞུགས་པའི་གུང་ཁྲན་ཏང་ཡན་ཚོས་ཡང་བསྐྱར་རྩོད་པ་ཞིག་གི་མགོ་མ་བཟུང་བར་ཁྱོ་མ་བཞག་ནི་རེད”་ཅེས་ཤོག་པ་གཉིས་ལོགས་སུ་བཀར་ནས་གྲ་སྒྲིག་ཡག་པོ་ཤིག་བྱས་།་དེ་ནས་ཀི་ཆེན་པོ་བཏབ་་།་་དེ་ནས་་ཨ་ཁུ་ཁྲོ་ཐུང་གི་་དཔུང་སྣེ་ཁྲིད་པ་འདྲ་བ་ཤིག་བྱས་ནས་་”རྡོ་སྦིས་ལུང་པའི་ཤི་མཚངས་ཡོད་ཚད་བསྔོགས་ན་ཆོག་པས་ད་ཤོག་ཡ”་་ཞེས་ངུ་སྒྲ་དང་ངེད་་ཚོ་ཐོག་ཏུ་བརྒྱུགས་།་་དེ་ནས་རྟ་ཁ་ཅུང་ཟད་བསྐོར་ཏེ་ངེད་ཅག་་ལ་གྲོས་བསྡུར་གྱི་ཚུལ་ཏུ་།་”་ངས་ཁྱོད་ལ་ཁྲིམས་དང་མཐུན་པར་ཡིག་ཐོག་ནས་ཐོག་མར་ཤོད་རྒྱུར། འཇུག་འབྲས་ཀྱི་འགན་ཆ་ཚང་ཁྱོད་ཀྱིས་ཁུར་དགོས”་ཞེས་བསླབ་བྱ་རྒྱབ་།་དེ་ནས་ང་རྡོ་སྦིས་བློ་ཡོན་ད་དུང་ཁ་རོགས་མ་བསྡད་ན་྄།་ཁྱེད་ཀྱིས་”གཏུགས”ཏེ་།་ང་ལ་”སྐྱག་པ་”་ཤོར་”་ནི”་ཅིག་བཟོ་རྒྱུ་ཡིན་པ་ནི་ཏན་ཏན་རེད་།་
བློ་མཐུན་མྱིག་རྫོད་ལགས་།་་་ང་ཚོ་་གང་ལ་ཡོང་དགོས་ནི་རེད་།་་དུས་ཚོད་གང་གི་སྟེང་ལ་ཡོང་དགོས་ནི་རེད་།་ཁྱོད་ཀྱི་ཁྲིམས་ཁང་ལ་འགྲོ་དགོས་ནི་རེད་།་ཨ་རིའི་གཞུང་གི་ཁྲིམས་ཁང་ལ་འགྲོ་དགོས་ནི་རེད་།།་གསར་བརྗེ་འོས་ལངས་བའི་ཁྱེད་ལ་།་ཨ་རི་རུ།་འབྱོར་ལྡན་སྒེར་འཛིན་པ་རྣམས་ལ་རང་གི་ཁྲིམས་ཁང་ཡོད་ནི་རེད་ཅེད་ལབ་ཡོད་ན།་དེ་ནི་བདེན་པ་མ་རེད་།་མི་སྒེར་གྱི་ཁ་གཅོད་པ་དང་།་འཇིགས་སྐུལ་བ་སོགས་ནི་ཨ་རིའི་ཁྲིམས་སུ་བྱས་ན་ཉེས་ཅན་ལ་བརྩི་བཞིན་་ཡོད་།་་་མཐར་་ང་ནི་མི་ཤིན་ཏུ་ནས་སྐྲག་ཤོར་ཅིག་ཡིན་པའི་དབང་གིས་ཚིག་འདི་འདྲ་ཤིག་ཁ་ནས་མ་ཤོར་ཐབས་མེད་བྱུང་ཐལ་།་དགེ་ཆོས་ཁྲི་ལོ་བརྟན་པར་ཤོག་།་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག་།་འདིས་ཁྱེད་ཀྱི་དགོངས་དོན་ཅི་བཞིན་འགྲུབ་པར་ཤོག་ཅེས་བཤད་པ་དེ་ཡིན།་
ཡ་བློ་གཡོན། ཡང་རང་སྐྱོན་གཞན་འགེལ་བྱས་ནས་མངོན་སུམ་ལ་བསྙོན་གྱི་ཨེ་ཡོད། ངས་དགེ་ཆོས་ཀྱི་རྗེས་སུ་ཞུགས་པའི་དམར་སྲུང་དམག་མི་ཚོ་དང་། རྡོ་ཤེར་གྱི་རྗེས་སུ་ཞུགས་པའི་གུང་ཁྲན་ཏང་ཡན་ཚོས་ཡང་བསྐྱར་རྩོད་པ་ཞིག་གི་མགོ་མ་བཟུང་བར་ཁྱོས་མ་བཞག་ནི་རེད”་ཅེས་བཤད་པ་ཡིན། འོན་ཀྱང་ཤོག་ཁག་ལ་བགོ་མཁན་དེ་སུ་རེད། ངས་འདི་མ་བྲིས་གོང་ནས་ཁྱོད་ཀྱིས་དགེ་ཆོས་ཀྱི་རྗེས་སུ་ཞུགས་པའི་དམར་སྲུང་དམག་མི་ཚོ་ཞེས་ཐེངས་ག་ཚོད་ལ་བྲིས་ཡོད། སྔོིན་མ་ནས་ཁྱོད་ཀྱིས་ཚིག་འདི་ཐེངས་ག་ཚོད་ལ་བྲིས་པ་ཡིན། མ་གཞི་ཁྱོད་རང་ལ་སྐྱག་འབུ་ཞིག་གི་རིན་ཐང་ལས་མེད་བཞིན་མི་གཞན་ལ་ཧམ་པ་འདི་འདྲ་བཤད་ཚུལ་ཞིག་གང་ནས་བསླབས་པ་ཡིན།
དེ་ནས་རྡོ་སྦིས་ལུང་པའི་ཤི་མཚངས་ཡོད་ཚད་བསྔོགས་ན་ཆོག་ཅེས་བཤད་པ་ཡིན། དེ་ནི་ཁྱོད་ཀྱིས་དགེ་ཆོས་ལ་ཅིག་ཅིག་མུག་མུག་ལུང་ཆག་གང་འབྲི་བསྡད་ཁུལ་བྱེད་བཞིན་པ་དེ་ཕྱོགས་ཞེན་སྙིང་ནད་ཀྱིས་བྲིས་པ་ཡིན་སྟབས། ངས་ཀྱང་ཁབ་གྱི་ལན་ལ་ཁབ་དང་འབིག་གི་ལན་ལ་འབིག་འཛུག་ཆོག་ཅེས་བཤད་པ་ཡིན། འོན་ཀྱང་ངས་འདི་ནས་གསལ་བོར་ཤོད་རྒྱུར། ང་ཨ་མདོ་བ་ཞིག་མིན་ན་རེབ་ཀོང་བ་ཞིག་དེ་བས་ག་ལ་ཡིན། དེ་ནི་དྲ་དཔོན་གྱིས་ཀྱང་ཤེས་རྒྱུ་རེད། འོན་ཀྱང་ཁྱོད་ཀྱི་ཀུན་སློང་ངན་པའི་དབང་གིས་དམ་པ་གོང་མ་སྐུ་དྲིན་ཅན་ཚོ་ལ་སྐུར་འདེབས་བྱེད་ཀྱི་འདུག་པ་དེ་ངའི་སེམས་ལ་མ་བབ་པས་ཁྱོད་ཀྱི་ཁ་ནང་དུ་སྐྱག་གོང་ཞིག་བརྫང་བསམ་པ་ཡིན།
ང་ལ་ཁྲིམས་ཁང་ཞིག་མེད་ལ་ཨ་རིའི་ཁྲིམས་ཁང་དུ་འགྲོ་དགོས་མིན་ཀྱང་ད་དུང་མི་ཤེས། འོན་ཀྱང་ངས་ཁྱོད་ལ་འཇུག་འབྲས་ཀྱི་འགན་ཆ་ཚང་ཁྱོད་ཀྱིས་ཁུར་དགོས་ཞེས་བཤད་པ་དེ་ཁྱོད་ཀྱིས་ད་བར་ནད་རོ་རྙིང་པ་ཞིག་གི་མགོ་བཙུགས། གཞུང་བསྲང་། རྒྱུན་མཐུད་ཀྱི་འདུག་པས་ཡིན། མ་གཞི་ཁྱོད་མི་རུ་སྐྱེ་ནས་ད་བར་འཚར་ལོང་བྱུང་བ་དང་སློབ་སྦྱོང་བྱས་པ་སོགས་ཆ་ཚང་དགེ་ཆོས་ལ་སྙིང་ནད་རྩོད་རྒྱུའི་ཆེད་དུ་ཡིན་པ་འདྲ། གལ་ཏེ་ཁྱོད་ཀྱིས་མགོ་བཙུགས་གཞུང་བསྲང་བའི་རྙོག་གླེང་ལ་བརྟེན་ནས་རྙོག་གླེང་ཆེན་པོ་འདྲ་ཆགས་སྲིད་ན་ཁྲིམས་ཐོག་ནས་ཐོག་མའི་འབྱུང་རྐྱེན་སོགས་ཡོངས་རྫོགས་དྲ་ཐོག་ཏུ་བསྔོགས་གཤེར་བྱེད་ངེས་ཡིན་པས། ངས་ཁྱོད་ལ་དྲན་གསོ་བྱས་པ་ཙམ་ཡིན། མིང་མང་པོ་བཟོས་མ་བཟོས་ཡོད་ནི་མ་རེད་ལ། གཅིག་གིས་དཔྱད་རྩོམ་འདྲ་ཞིག་བྲིས། གཅིག་གིས་དེ་ལ་རྒྱབ་སྐྱོར་འདྲ་ཞིག་བྱས་བསྡད་པ་དེ་ཚོ་ཆ་ཚང་ཉི་མ་གཅིག་ལ་མཐིལ་བརྡོལ་མི་སྲིད་པ་མ་རེད། གང་ལྟར་ངས་ཐོག་མཐའ་བར་གསུམ་དུ་ཁྱོད་ཀྱིས་དགེ་ཆོས་ལ་ཅིག་འབྲི་ཁུལ་བྱས་པ་ཡོངས་རྫོགས་སྙིང་ནད་རྙིང་པ་ཞིག་རྩོད་པ་ལས་གཞན་ལ་ངོས་འཛིན་གཏན་ནས་བྱེད་ཀྱི་མེད། གང་ཡིན་ཟེར་ན་ཁྱོད་ཀྱིས་ཉེ་སྔོན་དགེ་ཆོས་མཆོག་ལ་སྐུར་འདེབས་ཚོད་མེད་བྱས་པ་དེ་ཚོ་སྨྲོས་མ་དགོས་པར། ད་རེས་ཀྱི་ཆེད་རྩོམ་འདིའི་ཁ་བྱང་གཅིག་པོ་ལ་བལྟས་ཀྱང་ཧ་ལོས་གོ འོ་ན་སྙོག་དྲའི་ལན་དུ་རྙོག་དྲ་བཟོས་ནས་རྒྱལ་ཕམ་ཐག་གཅོད་ཅིག་བྱེད་དགོས་པ་རེད། དེ་ཁྱོད་ཀྱི་རེ་བ་ཡང་རེད། ད་གསལ་པོ་ཆགས་སོང་ངམ། གང་ལྟར་ངས་རྡོ་ཤེར་དང་དགེ་ཆོས་གཅིག་བསྡུར་ནས་ཁྱོད་ཀྱི་མིག་ལ་བཤའ་བཅོས་བྱེད་ཡོང་བས་སྒུག་སྡོད།
གྲྭ་ས་ནས་དགེ་ཆོས་ལ་ཁས་ལེན་ག་ཚོད་ཡོད་མེད་གཡུག་ཞོག རྒྱུ་མཚན་གྲྭ་ས་ནི་ཁྱོད་ཚོའི་མིག་ནང་གི་ཚེར་མ་རེད། དེ་ལས་རང་ཉིད་ཀྱི་ཁྱིམ་ཚང་ལ་ཆགས་ཞོགས། ཐ་ན་རང་གི་ཁྱིམ་ཚང་ནང་དུ་ཞབས་བརྟེན་ཅིག་བྱེད་པའི་དབང་དུ་བཏང་ན་དགེ་ཆོས་ཀྱི་ཆོས་རྒྱུན་གྱི་ཐོག་ནས་ཞབས་བརྟན་བྱེད་ཀྱི་འེ་རེད། དེ་ནས་རང་གི་ཉིན་རེའི་འཚོ་བའི་ནང་དུ་ཆ་ཞོག ནམ་ལངས་པ་དང་སྐྱབས་འགྲོ་འདོན་དུས་དགེ་ཆོས་ཚོགས་ཞིང་གི་ནང་དུ་སྒོམ་ཐུབ་ཀྱི་འེ་རེད། དེ་ནས་དགེ་ཆོས་ཀྱི་གསོལ་འདེབས་འདོན་ཐུབ་ཀྱི་འེ་རེད། མ་གཞི་དེ་འདྲ་འེ་ཡོད། འདི་དག་ནི་དགེ་ཆོས་བླ་མར་འབོད་པ་དག་ལ་ཟེར་བ་ཡིན།
དེ་ནས་བྱིས་པའི་རྩོམ་ཡིག་ཚོད་ལྟ་བ་དག་ལ་ངས་ཚད་ལྡན་རྩོམ་ཡིག་དང་ཚད་ལྡན་ལོ་རྒྱུས་ཅེས་ཟེར་གི་མེད། དེ་ནས་ལུག་འབའ་ལ་རྒྱུགས་པ་དག་ནི་ལུག་ཡིན་པས་གསལ་བཤད་བྱེད་མི་འདོད།
མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་དགེ་ཆོས་ཀྱི་བྲིས་རྩོམ་ཞིག་ལ་འདི་འདྲ་གསུངས་ཡོད། ༼ཕོ་མིན་མོ་མིན་མ་ནིང་ཞིག་ཏུ་འཁུམས༽ ཨ་ལགས་ཚང་ཚེ་ཏན་ཚང་ལ་དགེ་ཆོས་སྐོར་ལ་འདི་ཙམ་མ་ཡིན་པར་དཔྱད་རྩོམ་ཁ་ཤས་འབྲི་འདོད་ཡོད་མོད། ཁ་ཤས་ཀྱིས་༧ གོང་ས་མཆོག་ནས་མ་འབྲི་ཟེར་གི་འདུག་ཅེས་རྫུན་བཤད་ནས་བཀག་འདུག འདི་ན་ཡང་དེའི་སྐོར་ཡོང་གི་འདུག་ཀ
ཨ་ལགས་ཞབས་དྲུང་ཚང་གིས་དགེ་ཆོས་ལ་ཕོ་མིན་མོ་མིན་མ་ནིང་ཞིག་ཏུ་འཁུམས་ཟེར་ནས་འབྲི་བར་ཁོང་ལ་ཁག་མེད། དགེ་ཆོས་ཀྱི་དེབ་དཀར་ནང་གི་ལོ་ཚིགས་དེ་ཚོ་བོད་ཀྱི་མཁས་པ་ཕལ་མོ་ཆེ་དང་མི་མཐུན་པ་ཆགས་པས་རེད། དེར་མ་ཟད་ཏུན་ཧོང་ཡིག་རྙིང་ལའང་སྐྱོན་བརྗོད་བྱས་ཡོད་པ་རེད། ཡིན་ནའང། ངས་གོ་ཚོད་ཡིན་ན་ཁོང་མ་གྲོངས་སྔོན་ལ་ཏུན་ཧོང་གི་ཡིག་རྙིང་སྐོར་ཁོང་གི་བསམ་ཚུལ་ཅུང་འགྱུར་འདུག་ཟེར། ཁྱེད་ཚོས་ཏུན་ཧོང་ཡིག་རྙིང་ལ་ཡག་པོ་ཞིག་དཔྱད་ཞིབ་བྱོས་གསུངས་གི་འདུག་ཟེར།
གང་ལྟར་ཨ་ལགས་ཚང་ད་ལྟ་བཞུགས་ཡོད་ན་གོང་གི་ཚིག་དེ་ཕྱིར་འཐེན་བྱེད་དགོས་ཆགས་ཡོད་པ་རེད། ཁོང་རང་ནས་མཁས་པ་གོང་མ་ཚོར་དགག་གཞག་མང་པོ་བྱས་ནས་བཀོད་པའི་ལོ་ཚིགས་དེ་ཚོར་སྐྱར་ཞིབ་ཅིག་མ་བྱས་རང་བྱས་ཆགས་ཡོད་པ་རེད།
ད་དགེ་ཆོས་ལ་བསྟོད་མཁན་ཞིག་གིས་བསྟོད་ནས་ལྷ་རུ་བཏང་ནའང་འདྲ། སྨད་མཁན་ཞིག་གིས་སྨད་ནས་འདྲེ་རུ་བཏང་ནའང་འདྲ། དགེ་ཆོས་ནི་ནམ་ཡང་དགེ་ཆོས་རང་ཡིན་པ་རེད། དུས་རབས་གསར་རྙིང་གཉིས་བར་གྱི་རྡོ་བྱང་ཆགས་བསྡད་ཡོད་པ་དེ་ལ་འགྱུར་བ་གང་ཡང་ཡོད་མ་རེད།
དུས་རབས་རིམ་སོང་གིས་དགེ་ཆོས་ཀྱི་གཏམ་ཕལ་བ་རྣམས་མིའི་སྤྱི་ཚོགས་ཀྱི་ཡིད་ངོ་ནས་བརྗེད་འགྲོ་རྒྱུ་ཡིན་པ་དང་ཆབས་ཅིག་དགེ་ཆོས་ཀྱི་གནས་ལུགས་རྒྱུ་མཚན་ལྡན་པའི་སྐད་ཆ་དག་དང་། བྱ་དངོས་ཀྱི་སྤྱི་སྡོམ་ལྗིད་ཁོག་ཚ་པོ་ཅན་དེ་དག། སྒྱུ་རྩལ་གྱི་ཁོ་ལག་རབ་ཏུ་རྫོགས་པའི་སྙན་ཚོམ་དེ་ཚོ་སྔར་བཞིན་མཁས་པ་ཚོས་ལུང་འདྲེན་བྱས་ཡོང་རྒྱུ་ཡིན་པ་རེད།
གང་ལྟར། དགེ་ཆོས་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་ཤོག་ལྷེ་གལ་ཆེན་ཞིག་ཡོངས་སུ་ཆགས་ཚར་བ་རེད།
གཞོན་ནུ་ཟླ་མེད། གྲོགས་པོ་རྙིང་པ་ལགས། གྲྭ་ས་ནས་དགེ་ཆོས་ལ་ཁས་ལེན་མཁན་ག་ཚོད་ཡོད་མེད་གཡུག་དགོས་དོན་མེད། བཤད་ཆོག རྒྱུ་མཚན་ནི་ཁྱོད་ཚོ་ལ་གྲྭ་ས་དང་གདན་ས་ཟེར་ན་སེ་འབྲས་དགའ་གསུམ་གཅིག་པོ་ཡིན་དགོས་པ་དང་། དེ་མིན་ན་གྲྭ་ས་དང་གདན་ས་མིན་པར་འདོད་པའི་རང་མཐོང་དང་ང་རྒྱལ་གྱི་ཞེན་ཁོག་ཅིག་རྒྱུན་དུ་འདུག་སྟེ། དགེ་ལུགས་པའི་གདན་ས་གསུམ་པོ་མིན་རུང་ཆོས་བརྒྱུད་གཞན་ལ་ཡང་གདན་ས་དང་གྲྭ་ས་ཡོད་པ་རེད། འདི་ཁྱོད་ཚོས་ཤེས་ན་བཟང་གི དཔེར་ན་དེང་སང་འཛམ་གླིང་ཐོག་གི་ནང་བསྟན་སློབ་གླིང་ཆེ་ཤོས་དང་གྲྭ་ས་ཆེ་ཤོས་བླ་རུང་ལྟ་བུ་ལ་མཚོན་ན་དགེ་ཆོས་ལ་གདེངས་འཇོག་ཅི་ཙམ་ཡོད་མེད་གངས་ལྗོངས་སྨྲ་བའི་དབང་ཕྱུག་ཏུ་གྲགས་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་སང་དང་། མཁན་པོ་ཡེ་ཤེས་ཕུན་ཚོགས་ཟེར་བ་ཞིག་གཉིས་ཀྱིས་ཀླུ་སྒྲུབ་དགོངས་རྒྱན་ཁྲིད་ཡོད་པའི་འོད་སྡེར་ལ་གཅིག་ཉོན་དང་གོ་རྒྱུ་ཞིག་ཡོད་ས་རེད། གལ་ཏེ་ཁྱོད་ལ་ཉན་འདོད་ཡོད་ན་ངས་སྐུར་ཆོག དགེ་ཆོས་ལ་སྡང་ཟུག་མ་གཏོགས་དད་ཞེན་མེད་རུང་མ་མཐའ་ཡང་ཚོད་བལྟ་ཞིག་བྱས་ན་ག་འདྲ་འདུག
དེ་ནས་རང་གི་ཁྱིམ་ཚང་ནང་དུ་དགེ་ཆོས་ཀྱི་ཆོས་རྒྱུན་གྱི་ཐོག་ནས་ཞབས་བརྟན་བྱེད་ཀྱི་མེད་པ་བདེན། དེ་ནི་དགེ་ཆོས་སང་ལ་རྒྱལ་ཁམས་རིགས་པས་བསྐོར་བའི་ཐོས་བསམ་པ་དཀྱུས་མ་ཞིག་གི་ལེགས་བཤད་ལས། ཁོང་ལ་གཏོ་ཆོག་དང་སྒྲུབ་སྐོར་གཏེར་ཆོས་སོགས་མེད་པས་རེད་མ་གཏོགས་དགེ་ཆོས་ལ་རིན་ཐང་མེད་ནས་མ་རེད། གལ་ཏེ་དགེ་ཆོས་སང་ལ་ཡང་གཏོ་ཆོག་དང་སྒྲུབ་སྐོར་གཏེར་ཆོས་ཡོད་ན་དེ་ཚོ་འདོན་མཁན་ཡང་གང་མང་ཡོད་ངེས་ཡིན། གང་ཡིན་ཟེར་ན་ཀླུ་སྒྲུབ་དགོངས་རྒྱན་ཐོག་ནས་དབུ་མའི་ལྟ་བ་རྟོགས་པར་རེ་བ་མང་པོ་ཡོད་ན་དགེ་ཆོས་ཀྱི་གཏེར་མའི་སྟེང་ནས་དངོས་གྲུབ་ཐོབ་པར་འདོད་པ་ཡོད་དང་ཡོད། དེ་བདེན་གྱི་འདུག་གམ།
དེ་ནས་སྐྱབས་འགྲོའི་ཚོགས་ཞིང་ནང་དུ་དགེ་ཆོས་བསྒོམ་ཀྱི་ཡོད་མེད་ཟེར་བ་འདི་དོན་མེད་ཀྱི་ཉོག་བཤད་ཅིག་རེད། རྒྱུ་མཚན་ནི་ཆོས་བརྒྱུད་གང་ཡིན་རུང་ཆོས་བརྒྱུད་དེའི་མཁས་གྲུབ་ཡོངས་རྫོགས་ཚོགས་ཞིང་ནང་དུ་བྲིས་མེད་པ་སུས་ཀྱང་ཤེས། དཔེར་ན་སློབ་དཔོན་ཐོན་མི་ནས་བཟུང་སྟེ་དགེ་འདུན་ཆོས་འཕེལ་བར་དུ་བོད་ལ་སྐུ་དྲིན་ཅན་གྱི་ལོ་ཙཱ་བ་བདུན་བརྒྱ་ལྷག་ཅིག་ཡོད་ཀྱང་དེ་ཚོ་ཆ་ཚང་ཚོགས་ཞིང་ནང་དུ་འདུག་གམ། དགེ་ལྡན་པའི་ཚོགས་ཞིང་རྒྱས་ཤོས་ཚོའི་ནང་དུ་ཡང་སངས་རྒྱས་བྱང་སེམས་དང་བསྟན་སྲུང་རྣམས་མ་བརྩིས་པའི་བླ་སྐུ་ཉིས་བརྒྱ་ཡར་མར་ཞིག་འདུག འོ་ན་དགེ་ལྡན་པ་ཚང་ལ་འཕགས་བོད་གཉིས་སུ་བརྒྱུད་པའི་བླ་མ་དེ་ཙམ་ལས་མེད་པ་ཨེ་རེད།
ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་དགེ་ཆོས་ལ་ཟུར་ཟའི་ལྗགས་རྩོམ་གནང་ཡོད་པ་དེས་དགེ་ཆོས་མཁས་པ་ཞིག་མིན་པར་བཟོ་ཐུབ་ཀྱི་མ་རེད། དཔེར་ན་གོ་ཤཱཀ་སྟག་གསུམ་སོགས་ཀྱི་རྗེ་རིན་པོ་ཆེ་ལ་དྲུང་ཙོང་བ་སོགས་ཀྱི་མིང་ངན་དང་བཅས་ཟུར་ཟ་གང་མང་བྱས་ཀྱང་དེས་རྗེ་རིན་པོ་ཆེ་མཁས་པ་མིན་པར་བཟོ་མི་ཐུབ་པ་ལྟ་བུ་རེད། སྔོན་དང་ད་ལྟའི་མཁས་པ་ཚོས་གཅིག་གིས་གཅིག་ལ་དགག་པ་དང་སྐྱོན་བརྗོད་ཟུར་ཟ་བྱས་པས། དེ་དང་དེ་མཁས་པ་མིན་པར་འགྱུར་འགྲོ་ན་མགོན་པོ་ཀླུ་སྒྲུབ་ནས་བཟུང་འཕགས་བོད་གཉིས་སུ་མཁས་པའི་སྐྱེ་བོ་གཅིག་ཀྱང་ཨེ་ཡོད། ཨ་ལགས་ཚེ་ཞབས་པ་ཉིད་ཀྱང་མཁས་པ་མིན་པར་མི་འགྱུར་རམ། གང་ཡིན་ཟེར་ན་དེང་སང་ཐོན་མའི་ཞལ་ལུང་སོགས་ལ་དགག་པ་གང་མང་ཐོན་འདུག་ག ད་དུང་སི་ཏུའི་སུམ་འགྲེལ་ནང་གི་འཆར་ཀ་རུ་དུས་བཏབས་ཟེར་བ་ལ་དགག་པ་གནང་པ་དེར་ཡང་དེང་སང་བརྡ་སྤྲོད་མཁན་པོ་ཕལ་ཆེ་བས་ཁྲེལ་དགོད་བྱེད་ཡུལ་དུ་གྱུར་འདུག
འོན་ཀྱང་ཁྱེད་ཀྱིས་རང་ཕྱོགས་ཀྱི་སྐྱོན་མི་མཐོང་བས་འདི་ཚོ་ཤེས་མེད་ན་ཡང་ཐང་། དེ་འདྲ་ཨེ་རེད་ངའི་ཁ་ཤགས་ཀྱི་གྲོགས་པོ་རྙིང་པ་ལགས།
ལོ་རྒྱུས་འབྲི་དགོས་ན་ཨ་ལགས་ཚང་གིས་དགེ་ཆོས་ལ་འགྲན་ཐུབ་གི་མ་རེད།
སྙན་ངག་འབྲི་དགོས་ནའང་འགྲན་ཐུབ་གི་མ་རེད།
ཐང་ཁ་འབྲི་དགོས་ན་ག་བ་ག་བ།
དེ་ནས་སྒྲ་དང་སྡེབ་སྦྱོར་ཟློས་གར་བཟོ་ལའང་འགྲན་ཐུབ་གི་མ་རེད།
དབྱིན་ཡིག་དང་ལེགས་སྦྱར་མ་བཤད།
ས་རྒྱུས། སྤྱི་ཚོགས་ཀྱི་ཤེས་བྱ་སྣ་ཚོགས་བཅས་ལའང་འགྲན་ཐུབ་གི་མ་རེད།
ད་ནང་རིག་པ་དང་རྒྱ་ཡིག་ལ་ཨ་ལགས་ཚང་ངར་ན་ཐང་། ཡིན་ན་ར། མཚན་ཉིད་སྐོར་རྩོད་དགོས་བྱུང་ན་ཁོང་ཚང་སྐུ་མཉེལ་བོ་ཡོང་གི་མེད་འགྲོ།
ད་དགག་དགོས་ན་ད་ཨ་ལགས་ཚང་ལ་དགག་པ་རྒྱབ་ནས་ཆི་མིན་འདི་མིན་བཟོ་དགོས་ན་ལས་སླ་པོ་རེད། དེའང་ད་ལྟ་ཡོད་པའི་དངོས་ཡོད་ཀྱི་དཔྱད་གཞི་མང་པོ་དང་། དུས་ཚོད་ཀྱིས་གོ་རྟོགས་སད་པ་སོགས་མང་པོ་ཞིག་ལ་བརྟེན་ནས་རེད་མ་གཏོགས་དེ་ན་མཁས་མདོག་བསྟན་འཇོག་ས་ཅང་ཡོད་པ་མ་རེད། དེ་ལྟར་དོན་དག་ཆུང་ས་ལ་དགག་པ་མང་པོ་རྒྱབ་ནས་བསྡད་ན་ལྐུགས་པ་རེད།
དགེ་ཆོས་ཀྱིས་གསུངས་པའི་སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ།རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད།ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང༌།འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད།དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ།གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས།འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗིད་མ་བཟོད་བར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང༌།ཚིག་དུམ་འདིར་བསམ་བློ་གཏོང་རྒྱུ་ཞེ་དྲག་འདུག གནའ་རབས་ཡུ་རོབ་ཀྱི་མཚན་ཉིད་སྨྲ་བ་ཁ་ཤས་ཀྱིས་འཇིག་རྟེན་རིལ་རིལ་རེད་གསུངས་པ་དེ་ལ་བསྙད་དེ་སྲོག་ཁྲིམས་བཅད་པ་ཧ་ལམ་ཡོད་པ་འདྲ། འདིར་ལྟོས་དང་། http://www.acropolis.org/articles/articles-read.aspx?ID=151&lang=fraསང་གནངས་ཤིག་ལ་འདིའི་སྐོར་ལ་ཆེད་དུ་ཆུ་ཚོད་བགོས་ཏེ་སློབ་སྦྱོང་བྱེད་ཀྱི་ཡིན། ད་ངོས་རང་ལས་ཀར་འགྲོ་རན་སོང་།
རྡོ་སྦིས་བློ་ཡོན་ལགས།
དེ་རིང་ཨུ་ཚུགས་བརྒྱབ་ནས་ཁྱེད་ཀྱི་རྩོམ་འདི་ཡང་བསྐྱར་བཀླགས་པ་ཡིན། དོན་ཅི་ཡིན་ད་དུང་ཤེས་མ་སོང་།
དེས་ན་ངས་ཚོད་བགམ་འགའ་བྱེད། ཁྱེད་ཀྱི་རྩོམ་ཡིག་གི་ནང་དོན་སྐོར་ལ་ཚོད་བགམ་འགའ་བྱེད།
དང་པོ། ཁྱེད་ཀྱིས་ བོད་ལ་འཇིག་རྟེན་རིལ་མོ་རེད་གསུངས་མཁན་སྔ་མོ་ནས་ཡོད་པ་རེད་ཅེས་གསུངས་གི་ཡོད་ན། ཕལ་ཆེར་ཡིན་སྲིད་ཅེས་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ལུང་དྲངས་པ་དེ་དག་ཀྱང་དེ་དེ་བཞིན་རེད་ཅེས་ཞུ་རྒྱུ་ཡིན། དེ་ཙམ་གྱིས་ག་ལ་ཚད་དེ། སྟོང་གསུམ་གྱི་སྟོང་ཆེན་པོ་དང་གང་གཱའི་ཀློང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་སོགས་ཡིད་དུ་སྒོམ་རུང་བ་ཞིག་ཧ་ལམ་ཡོད་པར་བཤད་པའི་ཚུལ་ཅིག་ཡོད་པ་རེད། འོན་ཀྱང་། ལྟ་ཚུལ་དེ་འདྲ་ཡོངས་གྲགས་རེད་དམ་ཞེ་ན། རི་རྒྱལ་གླིང་ཕྲན་དང་འཛམ་གླིང་གི་སྒྲ་བཤད་སོགས་ཀྱིས་ཁྱེད་ཀྱི་ཁ་བཀག་འདུག་གོ།
གཉིས་པ་དེ། ཡུ་རོབ་པའི་ལོ་རྒྱུས་ནང་འཇིག་རྟེན་རིལ་མོའི་སྐོར་ལ་ལྟ་ཚུལ་ཇི་ལྟར་ཡོང་རབས་ཀྱི་ལོ་རྒྱུས་ཤིག་ཤོད་ཀྱི་ཡོད་ན། འཇིག་རྟེན་ལེབ་མོའི་གནས་ཚུལ་གང་ཡོད་ཆད་འདུག་གོ་ཞེས་བཤད་རྒྱུ་ཡིན།
གསུམ་པ་དེ། དགེ་ཆོས་ཀྱིས་འཛམ་གླིང་གི་སྐོར་བཤད་པ་དེ་ཚོ་མི་དག་པ་རེད་ཅེས་གསུངས་ཀྱི་ཡོད་ན། ཐོག་མར་དགེ་ཆོས་ཀྱིས་གཞི་བཅོལ་བའི་ཡིག་ཆ་དེ་གང་ཡིན་ཤེས་སམ། དགེ་ཆོས་ཀྱི་སྐབས་ནས་ད་བར་གྱི་མི་ལོ་ ༧༠ ཙམ་གྱི་རིང་ལ་ འགྱུར་བ་གང་སོང་ཡོད། ཡུ་རོབ་པའི་ལུགས་ལ་ཡང་འགྱུར་བ་གང་སོང་ཡོད། དེ་ཚོ་ཚང་མ་བསྡུར་དགོས་པ་རེད། ཞོར་ལ་གཤམ་གྱི་དབྱིན་ཚིག་དང་ཁྱེད་ཀྱི་ཚིག་གཉིས་ཀྱང་བསྡུར་རོགས་གནང་།
ཁྱེད་ཀྱི་ཚིག
སྔོན་ནས་བཟུང་ཏེ་་ཕྱི་ གླིང་ཡོ་རོབ་རྣམས་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པའི་འདོད་པའི་ལྟ་བ་དར་ཡོད་པ་ ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་་ཤིན་ཏུ་་ཉུང་ཉུང་ཡིན་ཞིང་།་ཡེ་ཤུ་གཙོ་བྱས་ བའི་ཡོ་རོབ་ཀྱི་ཆོས་ལུགས་རྙིང་པ་ཕལ་ཆེར་གྱིས་སའི་གོ་ལ་ནི་རིལ་རིལ་་ཡིན་ཞེས་ འདོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་ཉུང་ལ་།་།་ དེ་བས་རིག་པ་ཅན་འགའ་ཞིག་གིས་སའི་གོ་ལ་རིལ་རིལ་ཡིན་ཞེས་སྨྲས་ཚེ་།་དེ་ལ་མི་འདོད་མཁན་ཕལ་་ཆེར་མེད་ལ་།་།
དབྱིན་ཡིག་ནང་ཡོད་པ།
However, throughout history, many continued to support the notion of a flat Earth. Modern hypotheses supporting a flat Earth originated with English inventor Samuel Rowbotham (1816-1884). Based on his interpretation of certain biblical passages, Rowbotham published a 16-page pamphlet, which he later expanded into a 430-page book, Earth Not a Globe, expounding his views. According to Rowbotham’s system, which he called “Zetetic Astronomy”, the earth is a flat disc centered at the North Pole and bounded along its southern edge by a wall of ice (Antarctica), with the sun and moon 3000 miles (4800 km) and the “cosmos” 3100 miles (5000 km) above earth.[4]
ད་དུང་།
…The Bible is, from Genesis to Revelation, a flat-earth book. …While the Bible nowhere states categorically that the earth is flat, numerous Old Testament verses clearly show that the ancient Hebrews were flat-earthers. This comes through more clearly in modern translations such as the New English Bible, but it’s clear enough in the King James Version. The Genesis creation story says the earth is covered by a vault (firmament) and that the celestial bodies move inside the vault. (See Genesis 1:6-8 and 1:17. Note that, even in KJV, while there are waters “above” the firmament, the celestial bodies are “in” it.) This makes no sense unless one assumes that the earth is essentially flat.
ཁྱེད་ཀྱི་ཚིག
ད་བར་ཏུ་ཡོ་རོབ་གླིང་དུ་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ནས་གསོན་པོར་མེ་ལ་བསྲེགས་པ་ཤིག་ཡོ་རོབ་ཀྱི་་ལོ་རྒྱུས་གང་གི་ནང་དུ་ཡང་མེད།
དབྱིན་ཡིག་ནང་ཡོད་པ།
When the kings and queens of Europe gazed upon these wonderful spherical maps, they still imagined the rest of the universe circling around the earth. But in the 1500s and 1600s, Polish astronomer Nicolaus Copernicus, German astronomer Johannes Kepler and Italian astronomer Galileo Galilei debunked the myth that the earth was at the center of everything. They showed that the earth was actually a planet moving around the sun. Many religious leaders refused to believe these new ideas, threatening Galileo and banning the books of Copernicus.
བཞི་པ་དེ་ལ། ཁྱོད་དགེ་ཆོས་མི་དགའ་བ་ཡིན། དེའི་རྒྱུ་མཚན་དུ་ངན་སྨད་གཤམ་གསལ་རྣམས་བྱེད་ཀྱི་ཡོད་ན། དེའི་ཟུར་གྱི་དྲི་བ་དེ་ཚོ་ལ་ཡང་ལན་ཞིག་གསུང་རོགས།
༡ “དགེ་ཆོས་ཀྱིས་ཀྱང་སློབ་དཔོན་འདིའི་སྐོར་མགོ་མ་ཚོས་བ་ཤིག་བཤད་ཡོད་པ་ཕྲན་གྱིས་འཛམ་གླིང་རྒྱས་ཀྱི་དོགས་སློང་ནང་དུ་བཀོད་ཡོད།་” དགེ་ཆོས་ཀྱིས་མགོ་ཚོས་པའི་དཔང་རྟགས་གང་ཡོད། ཡིག་ཆ་འཁྱེར་ཤོག
༢་”འདི་ཡང་་དགེ་ཆོས་ཀྱི་ཚན་ རིག་ལས་འཕྲོས་བའི་བསྟན་བཅོས་་གཞན་དག་དང་འདྲ་བར་་ཧམ་བཤད་དང།་་་་་མ་ཤེས་་ཤེས་ ཁུལ་བྱས་བའི་འཆལ་གཏམ་་ཤིག་ལ་ཚིག་རྒྱན་ཡག་པོ་འགས་རྒྱན་ཏེ་་བོད་མི་གཅམ་བུ་ རྣམས་ལ་བསླུ་བྲིད་གཏོང་བྱེད་དུ་བྲིས་བ་་ཤིག་ལས་།་ཚན་རིག་གི་གཞི་རྩ་ཡོད་པ་ དང་།་ལོ་རྒྱུས་ལ་དྲང་བཤད་བྱས་པའི་རྩོམ་ཤིག་མ་ཡིན་།་” དགེ་ཆོས་ཀྱིས་མ་ཤེས་ཁུལ་བྱས་པ་དང་། བོད་མི་ལ་སླུ་བྲིད་བྱེད་ཆེད་བྲིས་པའི་ཁུངས་གང་ཡིན། ཡིག་ཆ་འཁྱེར་ཤོག་
༣ “དགེ་ཆོས་་རང་གིས་ཡོ་རོབ་ ཀྱི་ཚན་རིག་གི་ལོ་རྒྱུས་མ་ཤེས་པར་།་བོད་མི་རྣམས་ལ་མགོ་སྐོར་བའི་སྐད་ཆ་ཡིན་ པ་ལས་།་ཚན་རིག་དང་ལོ་རྒྱུས་ཀྱི་ཁུངས་ལུང་ཅི་ཡང་མེད་།” དགེ་ཆོས་ཀྱིས་ཡུ་རོབ་ཀྱི་ལོ་རྒྱུས་མི་ཤེས་ཁར་བོད་མི་རྣམས་ལ་མགོ་བསྐོར་བའི་ཁུངས་འཁྱེར་ཤོག་
༤ “དོན་གྱིས་དགེ་ཆོས་ཁོ་རང་ གིས་བོད་དུ་སའི་གོ་ལ་་རིལ་རིལ་ཡིན་པར་འདོད་པའི་ལྟ་བ་འདི་སྔོན་ནས་དར་ཡོད་པ་ དེའི་སྐོར་གྱི་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མ་མཐོང་།་” དགེ་ཆོས་ཀྱིས་བོད་དུ་ཡོད་པའི་དེའི་སྐོར་གྱི་ཡིག་ཆའི་ཏིལ་འབྲུ་ཙམ་ཡང་མ་མཐོང་བའི་ཁུངས་འཁྱེར་ཤོག
དེ་ནས། ཝི་ཀི་པི་ཌི་ཡ་ན་ཡོད་པའི་དབྱིན་ཡིག་གི་སྐད་ཆ་ལྟ་བུ་འཐོར་རེ་ཞིག་བོད་སྐད་དུ་བསྒྱུར་ནས། ཅ་ཅོ་འདོན་ལུགས་འདི་ལ་བརྟགས་ཚེ། ཨ་ནེའི་ཁོག་ལ་བཟང་སྤྱོད་མ་ཤོང་བའི་དཔེར་སོང་འདུག ངས་ཀྱང་ཁྱོད་ཚན་རིག་པ་ཞིག་ཡིན་པ་མ་གོ དགེ་ཆོས་ཀྱིས་མི་ཤེས་པ་ཞིག་ཁྱེད་ཀྱིས་ཤེས་ན་ཡང་དུས་ཚོད་སྔ་ཕྱིའི་ཁྱད་ཙམ་རེད་མ་གཏོགས། ༼དཔེར་ན་ དགེ་ཆོས་ལ་ google earth མེད་ཀྱང་ཁྱོད་ལ་ཡོད་པ་ལྟ་བུ༽ ཁྱོད་ཚན་རིག་པ་ཡིན་པ་དང་དགེ་ཆོས་མིན་པ་ལྟ་བུ་ཞིག་མི་འདུག ཁྱེད་ཁ་སང་དེ་རིང་གི་དུས་ཚོད་འདི་ལ་མིས་བཟོས་འཕྲུལ་སྐར་ལ་འཛུལ་ནས་འཇིག་རྟེན་རིལ་མོ་ལ་གཟིགས་པའི་ལོ་རྒྱུས་ཀྱང་མི་འདུག དེས་ན་ཁྱེད་ལ་ དགེ་ཆོས་ཀྱིས་མགོ་མ་ཚོས། ཁྱེད་ཀྱིས་མགོ་ཚོས། བོད་མི་གཅམ་བུ་བ། ཁྱེད་སྤྱང་པོ། དགེ་ཆོས་སླུ་མཁན། ཁྱེད་མི་སླུ་བ། དགེ་ཆོས་ཡུ་རོབ་ཀྱི་ལོ་རྒྱུས་མི་ཤེས་མཁན། ཁྱོད་ཤེས་མཁན། དགེ་ཆོས་ཀྱིས་རིལ་མོའི་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མ་མཐོང་། ཁྱེད་ཀྱིས་རྒྱ་མཚོ་ཙམ་མཐོང་། འདི་འདྲ་བའི་ཁྱད་ཆོས་སྦྱོར་ཐུབ་པ་མི་འདུག དེ་བས་ན་དགེ་ཆོས་དང་བོད་མི་ལ་གཅམ་བུ་བ་སོགས་ཀྱི་ཚིག་ངན་འདོན་འོས་པའི་ཐོབ་ཐང་གང་ཡང་ཁྱེད་ལ་མི་འདུག་གོ
ད་ཨ་མའི་བུ་ཚོས་བློ་གཡོན་གྱི་ཁ་ནང་དུ་སྐྱག་པ་རྒྱ་མ་བཅུ་བརྫངས་འདུག འདིས་ད་ལོ་འདི་མ་རག་བར་ཏུ་མ་བསྡད་པ་རེད། གོང་གི་དབྱིན་བོད་གཉིས་ལ་གཤིབས་བསྡུར་ཞིག་གྱིས་དང་། ཨ་ཧ་ཧ།
གཤོབ་སྐྱལ་འདིས།
བོད་མི་རིགས་འདི་ལ་མཐུན་མོང་མ་ཡིན་པའི་གོམས་གཤིས་ཤུན་ཏུ་མང་ན་ཡང་།
ཆེས་འབུར་དུ་ཐོན་པ་ནི། ཡི་གེ་འབྲི་ཀློག་ཤེས་པ་ཕལ་མོ་ཆེའི་ཡར་ཐོད་གི་མིག་གཉིས་པོས་
མདུན་ཕྱོགས་སུ་རྒྱང་བལྟ་མི་བྱེད་པར་ཕྱིར་འཁོར་རེ་རང་གི་ཡབ་མེས་དག་ལ་ཁེངས་ར་དང་སྐད་ལོག་
རྒྱག་རྒྱུར་དགའ་བ་དེ་རེད། ཉེ་འཁྲིས་སུ་སྡོད་མཁན་་ཚོས་ཀྱང་ཁྱི་རྒྱག་གནམ་གྱི་སྐར་མར་ཟུག་པ་ལྟར་
བློ་གཟུར་བོའི་དཔྱད་པ་ཅིག་ལ་འདང་མི་རྒྱག་པར་ཁ་ནས་གང་ཐོན་རེ་ཤོད་ཨེ་ཐུབ་བལྟ།
གཤིས་ཀ་འདིའི་ཐོག སྲོང་བཙན་སྒམ་པོའི་ལག་གཡས་པ་བློན་ཆེན་མགར་སྟོང་བཙན་དང་།
ཁྲི་སྲོང་གི་ལག་པ་གཡས་པ་སློབ་དཔོན་རིན་པོ་ཆེ། རྗེ་བླ་མའི་སྲས་ཀྱི་ཐུ་བོ་རྗེ་དགེ་འདུན་གྲུབ་སོགས་
ཀྱིས་ཀྱང་སྡོམ་ཚིག་གསལ་ལ་དག་པ་རེ་བཀོད་ཡོད་པ་ལྟར་ལགས།
རི་བོང་ཅལ་འདྲོགས་གི་གཏམ་རྒྱུད་དེ་ཡང་དོན་འདི་ལྟ་བུར་དམིགས་སུ་བཟུང་བ་ཞིག་ལོས་ཡིན་སྙམ།
དགེ་འདུན་རབ་གསལ་ལགས་།་་ཁྱོད་ཀྱིས་ཨུ་ཚུགས་ཆེན་པོས་ངེད་ཀྱིས་བྲིས་བའི་རྩོམ་དེ་ཡང་བསྐྱར་བཀླགས་པ་ལ་ཐུགས་རྗེ་ཆེ་ཞུ་བ་ཆབས་ཅིག་།་ངེད་ལ་ལན་བཏབ་པ་ལ་ཐུགས་རྗེ་ཆེ་ཞུ་གིན་ཡོད་།་སྤྱིར་བཏང་ནང་དོན་ཅི་ཡང་ཧ་མ་གོ་བར་རྩོམ་ལ་ལན་འདེབས་པ་ནི་མཁས་བའི་སྤྱི་སྲོལ་ཤིག་མ་ཡིན་སྙམ་མོད་།་གཅིག་བྱས་ན་ཁྱེད་ཚོས་དགེ་ཆོས་ལ་རྒྱབ་སྐྱོབ་བྱ་བཞིན་བཤད་པ་ནང་བཞིན་།་དུས་དང་བསྟུན་ན་འདི་འདྲ་ཡང་ཡོང་སྲིད་ཀྱིན་རེད་།་་ངས་ཁྱེད་ལ་ལན་མང་པོ་འདེབས་དགོས་ཀྱིན་མི་འདུག་།་ཚང་མ་སྔོན་ཆད་ནས་ལབ་ཚར་སོང་།་དོན་རྡོག་རྡོག་བཤད་ན་འདི་འདྲ་རེད་།་
གཅིག་།་དགེ་ཆོས་ཀྱིས་”སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ།རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད།ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང༌།འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད”་ཅེས་གསུང་ཡོད་པ་རེད་།་ངས་དགེ་ཆོས་ཀྱི་གསུང་དེ་དག་རྒྱུ་མཚན་ཅི་ཡང་མེད་པར་བཤད་པ་ཤིག་རེད་ཅེས་བཤད་པ་དེ་ཡིན།་དོན་གྱིས་་ཡོ་རོབ་ལ་སྟོང་ཕྲག་གཉིས་ཙམ་གྱི་རིང་ལ་།་ཡོ་རོབ་ཀྱི་མཁས་བ་མང་ཆེ་བས་སའི་གོ་ལ་ནི་རིལ་རིལ་ཡིན་ཞེས་འདོད་ཀྱིན་ཡོད་པ་མ་ཟད་།་ཐོག་མཐའ་བར་གསུམ་དུ་རོམ་གྱི་ཡེ་ཤུའི་ཆོས་ཀྱི་གཞུང་་གཞུང་གི་official position ཁྲིམས་ལུགས་ཡང་།་སའི་གོ་ལ་རིལ་རིལ་ཡིན་པའི་ལྟ་ཚུལ་དེ་རེད་།་་དེའི་ཕྱིར་ཡོ་རོབ་ལོ་རྒྱུས་གང་ལ་ཡང་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ན་།་དེ་ལ་ཁྲིམས་ཆད་ཕོག་པའི་གཅིག་ཀྱང་མེད་ཅེས་བཤད་པ་ཡིན་།་་ཡང་ཡོ་རོབ་ཀྱི་ལོ་རྒྱུས་སུ་་སའི་གོ་ལ་ལེབ་ལེབ་ཡིན་ཟེར་མཁན་གཏན་ནས་་བྱུང་མེད་པ་མ་ཡིན།་དེའི་ཕྱིར་ཕྲན་གྱིས་མང་ཆེའམ་།་ཉུང་ཤས་ཞེས་ཚིག་དེ་བེད་སྤྱོད་བྱས་ཡོད་པ་དེ་རེད་ལ་།་གོང་དུའང་ཁྱེད་ལ་འགྲེལ་བཤད་གསལ་བོ་རྒྱབ་པ་ཡིན་།་ད་ལྟ་ཨ་རི་སོགས་ནུབ་ཀྱི་རྒྱལ་ཁབ་།་ལྷག་པར་ཏུ་ཁྱོད་རང་བཞུགས་སའི་ཨ་རིའི་དཀྱིལ་རྒྱུད་དུ་སའི་གོ་ལ་ལེབ་ལེབ་ཏུ་འདོད་མཁན་མང་པོ་རེད་།་ཁྱེད་ཀྱིས་རང་གིས་ཁུངས་རྣལ་མར་འཛིན་བཞིན་པའིwikipediaལུང་དྲངས་བ་ལྟར་རེད་།་
གཉིས་།་་་ང་དངོས་གནས་དྲང་གནས་ཀྱི་ཧ་ལས་སོང་།་་ཕྲན་གྱིས་སྔོན་ཆད་སྐུ་ཉིད་ཀྱིས་འཇམ་ནོར་གྱི་དེབ་ནག་བོད་ཡིག་ཏུ་བསྒྱུར་ཡོད་པ་གོ་དུས་།་ཕྲན་གྱིས་བསམ་པར་།་སྐུ་ཉིད་ནས་།་གྲ་སར་དཔེ་ཆ་ཡག་པོ་ཡོད་ཁར་།་ཐ་སྙད་རིག་གནས་ཀྱི་ཕྱོགས་ལ་སྤྱོང་བ་གང་ཆེ་ཡོད་པ་།་ཐ་ན་དབྱིན་ཇི་སོགས་ལ་ཡང་སྤྱང་བ་གནད་སྨིན་ཡོད་པ་ཤིག་ཡིན་རེད་ཅེས་དགའ་བ་སྒོམ་མྱོང་།་ད་ལམ་ཉིད་ཀྱིས་གཤམ་གསལ་གྱི་་ལུང་འདི་་དྲངས་ཏེ་།་ངེད་ཀྱི་”ད་བར་ཏུ་ཡོ་རོབ་གླིང་དུ་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ནས་གསོན་པོར་མེ་ལ་བསྲེགས་པ་ཤིག་ཡོ་རོབ་ཀྱི་་ལོ་རྒྱུས་གང་གི་ནང་དུ་ཡང་མེད”་ཅེས་བ་ལ་འགོག་ཁུལ་ཤིག་བྱས་ཡོད་པས་།་ཉིད་ཀྱི་དབྱིན་ཇིའི་ཆུ་ཚད་ག་རེ་ཡིན་ནམ་དོགས་འདྲི་མི་བྱེད་ཀ་མེད་བྱུང་བ་མ་ཟད་།་ཉིད་ཀྱི་བོད་བསྒྱུར་དེབ་ནག་ལ་ཀློག་འདོད་པ་ཤིག་སྐྱེས་སོང་།་”When the kings and queens of Europe gazed upon these wonderful spherical maps, they still imagined the rest of the universe circling around the earth. But in the 1500s and 1600s, Polish astronomer Nicolaus Copernicus, German astronomer Johannes Kepler and Italian astronomer Galileo Galilei debunked the myth that the earth was at the center of everything. They showed that the earth was actually a planet moving around the sun. Many religious leaders refused to believe these new ideas, threatening Galileo and banning the books of Copernicus”་
གོང་གི་ལུང་འདིའི་ནང་དོན་ལ་སྐད་ཆ་མང་པོ་བཤད་དགོས་ཀྱིན་མི་འདུག་།་འདི་ལ་གཟིགས་ན་གསལ་བོ་ཡོང་གི་རེད་།་་”ཕྱིས་་སུ་ནུབ་གྱི་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་རུ་འབོད་པའི་ནང་གི་ཐོག་མར་་ཕོ་ལ་ཤའི་ཡེ་ཤུ་ཆོས་ཀྱི་གྲྭ་བ་ནི་ཁུ་ལེ་སུ་ཁོ་་ཕུ་ནི་ཁུ་Nicolaus Copernicus ( 1473 – 1543)ཟེར་བ་དེས་དོགས་གཞིར་བཟུང་ཏེ་།་ཉི་མ་ནི་སྐར་མ་ཐམས་ཅད་ཀྱི་དབུས་སམ་་།་སའི་གོ་ལ་སོགས་སྐར་མ་ཐམས་ཅད་ཉི་མ་ལ་སྐོར་་བ་རྒྱག་བཞིན་པའི་གྲུབ་མཐའ་བཏོན་་།་དེ་ནས་རིམ་གྱི་ཚན་རིག་དར་བའི་མགོ་བརྩམས་ཤིང་་།་དེ་དུས་བོད་དུ་རྒྱལ་བ་དགེ་འདུན་རྒྱ་མཚོའི་དུས་རེད་།་་་་ཁོ་་ཕུ་ནི་ཁུ་ཡི་རྗེས་སུ་ཇོ་ཧེ་ནི་སུ་ཁ་ཕི་ལེ་Johannes Kepler ( 1571 – 1630དང་།་ཀ་ལི་ལེ་ཨོ་་Galileo Galilei ( 1564– 1642)དང་སྐུ་ཞབས་ཨ་ཟེར་གི་ཉིག་ཏོན་Sir Isaac Newton ( 1642 – 20 March 1727])་་རྣམས་ནས་རིམ་གྱིས་ཉི་མ་ནི་སྐར་ཁྱིམ་་ཡོངས་ཀྱི་དཀྱིལ་དུ་ཡོད་པའི་ལྟ་བ་འདི་དར་་ཤིང་རྒྱས་བར་བྱས་ཏེ།་ཚན་རིག་གི་ལྟ་བའི་གཞུང་མགོ་ཚུགས་།་་་དེ་ཡང་ཐོག་མར་ཁོ་ཕུ་ནི་ཁུ་ཡིས་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་ལྟེ་བ་ཡིན་པའི་གྲུབ་མཐའ་བཏོན་སྐབས་།་ཁོས་སའི་གོ་ལ་ཉི་མར་སྐོར་བ་རྒྱག་བཞིན་པ་དང་།་སའི་གོ་ལར་སྤྱི་འཁོར་དང་།་རང་འཁོར་གཉིས་ཡོད་པའི་ལྟ་བ་ཤིག་བཏོན་པ་ལས་སའི་གོ་ལ་རང་ནི་རིལ་རིལ་ཡིན་པའི་ལྟ་བ་གསར་ཏུ་བཏོན་མེད་།་དེ་བཞིན་རིམ་གྱིས་ཁ་ཕི་ལེས་སའི་གོ་ལ་་ཉི་མར་ཕྱི་འཁོར་ཇི་ལྟར་བྱ་ཚུལ་གྱི་སྐོར་ཨང་རྩིས་ལམ་ནས་བཏོན་སྐབས་་དང།་་ཀ་ལི་ལེ་ཨོ་ཡིས་ལྟ་བ་དེ་དག་ལ་རྒྱབ་སྐྱོར་བྱས་བའི་གཞུང་ལུགས་བརྩམས་པ་དང་།་་ཉིག་ཏོན་གྱིས་འཐེན་ཤུགས་ཀྱི་ལྟ་བ་བཏོན་པ་དེ་དག་ཀྱང་་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་དབུས་སུ་ཡིན་པས་སྒྲུབ་བྱེད་་གཏོང་བ་ཡིན་པ་ཡེ་ཤུ་ཆོས་ཚོགས་ཀྱི་ཕུ་ཐུ་ལེབ་མིན་གྱི་སའི་གོ་ལ་དབུས་སུ་ཡོད་པའི་ལྟ་བ་དང་འགལ་བ་བྱུང་ཡོད་མོད།་།་རྩོད་རྙོག་དེ་དག་ནི་སའི་གོ་ལ་ལམ་།་ཡང་ན་་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་ལྟེ་བ་ཡིན་པའི་རྩོད་པ་ཤིག་ལས་།་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོད་པ་མིན་།་་ཀ་ལི་ལེ་ཨོ་ལ་ཡེ་ཤུ་ཆོས་ཀྱི་ཁྲིམས་ཆད་ཕོག་པ་དང་གཞན་ཚན་རིག་པ་འགའ་ཤས་་མེ་ལ་བསྲེགས་གཏོང་དགོས་བ་ཡང་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོད་པ་མ་ཡིན་པར་།་སའི་གོ་ལ་དང་།་ཉི་མ་གཉིས་ཀྱི་གང་ཤིག་སྐར་ཁྱིམ་ཡོངས་ཀྱི་དཀྱིལ་དུ་ཡོད་མེད་ཀྱི་རྩོད་པ་དེ་ཡིན་།་་འདི་ལྟར་ཤེས་ན་་དགེ་ཆོས་ཀྱིས་སྔོན་་ཕྱི་་གླིང་ཡོ་རོབ་ཀྱི་འཇིག་རྟེན་འདི་ལེབ་ལེབ་ཡིན་ཟེར་བ་་ཤ་སྟག་དང་།་རིལ་མོ་ཡིན་ཞེས་སྨྲ་མཁན་གཅིག་ཀྱང་མེད་ཟེར་བ་་།་རིལ་རིལ་ཡིན་ཞེས་སྨྲས་ཚེ་གསོན་པོ་མེ་ལ་བསྲེགས་པ་སོགས་སྨྲས་བ་།་དགེ་ཆོས་་རང་གིས་ཡོ་རོབ་ཀྱི་ཚན་རིག་གི་ལོ་རྒྱུས་མ་ཤེས་པར་།་བོད་མི་རྣམས་ལ་མགོ་སྐོར་བའི་སྐད་ཆ་ཡིན་པ་ལས་།་ཚན་རིག་དང་ལོ་རྒྱུས་ཀྱི་ཁུངས་ལུང་ཅི་ཡང་མེད་།”་
གསུམ་།་་ཁྱད་མཚར་བོ་རེད་།་”དགེ་ཆོས་ཀྱི་སྐབས་ནས་ད་བར་གྱི་མི་ལོ་ ༧༠ ཙམ་གྱི་རིང་ལ་ འགྱུར་བ་གང་སོང་ཡོད། ཡུ་རོབ་པའི་ལུགས་ལ་ཡང་འགྱུར་བ་གང་སོང་ཡོད། དེ་ཚོ་ཚང་མ་བསྡུར་དགོས་པ་རེད”་ཅེས་གསུང་འདུག་།་ཨ་ཙི་།་ཁྱེད་ཚོས་བསྡུར་དང་།་གང་ལ་འགྱུར་བ་ཕྱིན་སོང་།་དགེ་ཆོས་ཡོད་དུས་ནས་དམག་དཔོན་ཆེན་པོ་ཨེ་ལེག་ཟན་དར་ Alexander Greatགྱིས་དགེ་རྒན་ནི་་མཁས་བ་ཆེན་པོ་ཨིས་ཏོལ་Aristotle.རེད་།་དེའི་སངས་རྒྱས་འཁྲུངས་བའི་རྗེས་སུ་འཁྲུངས་།་ཨ་ཀྱ་བློ་བསྟན་སོགས་ཀྱི་སྐབས་ནས་བོད་དུ་སའི་གོ་ལ་རིལ་རིལ་ཡིན་འདོད་ཚུལ་ཤིག་ཀྱང་དར་བ་རེད་།་དེ་བཞིན་ཡོ་རོབ་་ཀྱི་མཁས་བ་མང་ཆེ་ཤོས་ཤིག་གིས་་ལོ་སྟོང་ཚོ་གཉིས་ཀྱི་རིང་ལ་སའི་གོ་ལ་རིལ་རིལ་ཡིན་པར་འདོད་།་ལྟ་བ་འདི་དེང་དུས་ཡོངས་གྲགས་ཡིན་པ་བཞིན་།་དགེ་ཆོས་་སྐབས་སུའང་་ཡོང་གྲགས་རེད་།་་གང་ལ་འགྱུར་བ་ཕྱིན་འདུག་།་
ལན་མང་པོ་བཏབ་ཡོད་།་བསམ་པ་རྣམ་དག་གིས་ཕན་རེ་ཐོགས་ན་སྙམ་ནས་བྲིས་བ་ཡིན་།་་མི་གཙང་བ་རྒྱ་མ་ཚད་མཁན་དག་ལ་ཕན་རེ་ཐོགས་པའི་རེ་བ་མེད་མོད་།་་ཉིད་ནི་བློ་གཟུ་བོ་ཤིག་ཡིན་སྐད་ཐོས་བས།་ཕྲན་གྱིས་བཤད་པ་ཐམས་ཅད་ང་ཚར་གཅོད་པའི་སྐད་ཆ་ཤིག་ལ་བསམ་བློ་མ་བཏང་བར་།་་་ཚུལ་བཞིན་དུ་དཔྱད་།་བསམ་བློ་ཐོངས་་།་དེ་ནས་མི་འཐད་པ་ཡོད་ནས་།་ལུང་དང་རིགས་པའི་སྒྲུབ་བྱེད་དང་ཁྱེར་ཤོག་།་ང་ཚོ་རྩོད་པ་བྱོས་།་བརྡར་ཤ་གཅོད་།་ཁྱེད་རང་གི་མིང་གསལ་བོ་བཀོད་པ་ལ་ཐུགས་རྗེ་ཆེ་ཞུ་གིན་ཡོད་།་བཀྲ་ཤིས་བདེ་ལེགས་།
ད་དུང་གསལ་བཤད་བྱེད་དགོས་བ་ཤིག་ནི་།་ཐོག་མར་wikipedia་ལུང་འདྲེན་བྱས་པ་དང་།་བར་མཆན་དུ་བཀོད་པ་།་མཐར་”ཝི་ཀི་པི་ཌི་ཡ་ན་ཡོད་པའི་དབྱིན་ཡིག་གི་སྐད་ཆ་ལྟ་བུ་འཐོར་རེ་ཞིག་བོད་སྐད་དུ་བསྒྱུར་ནས། ཅ་ཅོ་འདོན་ལུགས་འདི་ལ་བརྟགས་ཚེ། ཨ་ནེའི་ཁོག་ལ་བཟང་སྤྱོད་མ་ཤོང་བའི་དཔེར་སོང་འདུག ངས་ཀྱང་ཁྱོད་ཚན་རིག་པ་ཞིག་ཡིན་པ་མ་གོ”་ཞེས་ང་ལ་སྐད་ཆ་འདི་འདྲ་བཤད་པ་ཡང་ང་རྡོ་སྤིས་བློ་བཟང་ཡོན་ཏན་མ་རེད་།་ཁྱེད་དགེ་འདུན་རབ་གསལ་རེད་།་ ་ངས་wikipedi་མ་བྱུང་བའི་སྔོན་ནས་།་ཚན་རིག་གི་འཛིན་གྲ་སོགས་ལེན་དུས་།་ཐོ་ཡིག་རྣམས་བོད་ཡིག་གི་ལམ་ནས་བཏབ་ཏེ་ད་ལྟ་ཚན་རིག་གི་ལོ་རྒྱུས་ཀྱི་དཔེ་ཆ་ཤིག་བྲིས་་ཡོད་་།་ཐོག་མར་པར་འདེབས་པ་སོགས་ཀྱི་དམིགས་ཡུལ་ཅི་ཡང་མེད་།་ཡིན་ནའང་ཉེ་ལམ་་གྲོགས་པོ་འགའ་ཤས་ཀྱིས་མཐོང་བས་ཡིན་གཅིག་མིང་གཉིས་ཀྱི་པར་ཏུ་འགོད་དགོས་བའི་རེ་བ་ཡང་དང་ཡང་དུ་བཏོན་ཕྱིར་།་འདི་བཞིན་མགྱོགས་པོ་འདོན་རྩིས་ཡོད་།་་སྤྱིར་བཏང་ཁྱེད་ཚོས་ཧ་གོ་གིན་རེད་།་ནུབ་ཀྱི་་སློབ་གཉེར་ཁང་ཆེན་པོ་རྣམས་དང་།་ཁྱད་པར་ཏུ་ཁམ་ཟམ་གཙུག་ལག་བསླབ་གྲ་ཆེན་པོ་ལ་།་ལུང་འདྲེན་པ་དང་།་གཞན་ལ་སྒྲོ་འདོགས་པ་།་གཞན་གྱི་རྩོམ་བརྐུ་བ་སོགས་ལ་མི་ཟད་པའི་ཁྲིམས་དམ་པོ་ཡོད་པས་་ཁྱེད་རང་ལྟར་wikipedi་སོགས་བཀོད་སྤྱོད་བྱེད་པ་ལ་གང་ཅིའི་ཐད་ནས་གཟབ་གཟབ་བྱ་དགོས་ཡོད་།་
ཡིན་ནའང་།་དགེ་ཆོས་དང་།་ཁོའི་རྗེས་སུ་འབྲངས་བའི་དམར་སྲུང་དམག་དག་ལ་འདིའི་སྐོར་ལ་དོགས་གཞི་ཙམ་ཡང་མེད་པར་།་ཕྲན་གྱིས་བྲིས་བའི་འཛམ་གླིང་རྒྱས་བཤད་ཀྱི་དོགས་དཔྱོད་སོགས་ལས་གསལ་བོ་བཀོད་ཡོད་པ་དེ་ཡིན།་
ལགས་སོ། ལགས་སོ། ཉེ་ཆར་རང་འཕུར་གྲུ་ཞིག་ཟླ་ངོགས་སུ་བརྡབས་པའི་ཤུལ་ བར་སྣང་ཞིབ་འཇུག་པ་ཚོས་པར་བཏབ་ནས་ ཟླ་ངོགས་ན་ཆུ་ཡོད་པའི་ཁུངས་སྐྱེལ་ཡིན་ཞེས་འུར་སྒྲོག་བཞིན་འདུག ལོ་སྔོན་མ་ཡིན་ནམ་ཅིག་ལ། རྒྱུ་སྐར་མིག་དམར་གྱི་སྟེང་དུ་འཕྲུལ་འཁོར་བཏང་ནས་པར་བརྒྱབ་པའི་གནས་ཚུལ་ཐོན་པ་རེད། གནས་ཚུལ་འདི་རེ་རེ་ཡིས་གོ་ལའི་ཆགས་ཚུལ་དང་འཛམ་གླིང་རིལ་མོའི་སྐོར་ལ་བསམ་ཚུལ་རེ་འཁྱེར་ཡོང་གི་ཡོད། འདི་ཚང་མ་དགེ་ཆོས་ཀྱི་སྐབས་ལ་ཡོད་མ་རེད། སྐབས་དེའི་མི་ཚོའི་རྨི་ལམ་ན་ཡང་མེད་པ་རེད། དེ་གཅིག་ཡིན།
ཁྱེད་ཀྱིས་ཚན་རིག་གི་ལོ་རྒྱུས་སྐོར་ལ་དེབ་ཅིག་བྲིས་ཡོད་ཅེས་གསུངས་པ་དེ་ལ་བསྔགས་བརྗོད་ཡོད། ལྟ་རྒྱུར་སྒུག་གི་ཡིན། འོན་ཀྱང་ཚན་རིག་འདི་རྒྱ་ཆེ་དྲགས་སྟབས། ཚན་རིག་གི་ལོ་རྒྱུས་དང་ཚན་རིག་གི་འཛིན་གྲྭ་ཞེས་གསུངས་དུས་ གོ་རྒྱུ་མི་འདུག ཁྱེད་ཀྱིས་ཀྱང་ཚན་རིག་བྱེ་བྲག་པ་ཞིག་གི་ལོ་རྒྱུས་བྲིས་ཡོད་པའི་སྨོན་ལམ་འདེབས་ངེས་ཡིན། ཆུང་ས་བསགས་ནས་ཆེ་ས་ཞིག་འགྲུབ་པའི་སྨོན་ལམ་ཡོད།
གྲོགས་པོ། དེ་ནས་འདི་སེམས་ལ་བཟུང་། དུས་རབས་ཉེར་གཅིག་པ་ལ་སླེབས་པ་རེད། འཛམ་གླིང་ལ་འགྱུར་བ་ཕྱིན་པ་རེད། ཤེས་བྱ་ཀུན་མཁྱེན་པའི་མཁས་པ་ཞིག་ཧ་ལམ་མེད་པ་རེད། འོན་ཀྱང་། གཅིག་ཀྱང་མི་ཤེས་པའི་བླུན་པོ་ཞིག་ཀྱང་ཧ་ལམ་མེད་པ་རེད།
དེ་ནས། ངའི་དབྱིན་ཡིག་གི་ཆུ་ཚད་སྐོར་ལ་དྲི་བ་དྲིས་འདུག ངས་ཤེས་མདོག་བྱས་མ་མྱོང་ལ། གསང་བ་ཡང་བྱེད་མ་མྱོང་། ཀ་ངོ་ཡིག་ངོ་ཆོད་ཙམ་ཡིན། ཚིག་མཛོད་ལ་བལྟས། མི་ལ་དྲིས། དེ་ལྟར་བསྒྱུར་བ་ཡིན། བཅོས་དང་བསྐྱར་བཅོས་གང་ཡོད་ནའང་གནང་རོགས་གནང་། དགའ་བསུ་ཞུ་བ་ཡིན།
ཐ་མ་དེ་ལ། རིའི་རྒྱལ་པོ་རི་རབ་ལ་གླིང་ཆེན་བཞིས་བསྐོར་བའི་བོད་ཀྱི་ཡོངས་གྲགས་འཇིག་རྟེན་ཆགས་ ༼མཎྜལ་འབུལ་སྐབས་ད་ལྟའང་གསལ་ལེར་འདོན་བཞིན་པ་༽འདི་དག་ཀྱང་ཡེ་ཤུའི་ཆོས་དང་འདྲ་སེ་ཞིག་མ་རེད་དམ། ལོ་གཅིག་ལ་ཟླ་ངོ་བཅུ་གཉིས་དང་། ཟླ་ངོ་གཅིག་ལ་ཉིན་གྲངས་སུམ་ཅུ། གཟའ་འཁོར་གཅིག་ལ་ཉིན་གྲངས་བདུན། འདི་དག་ཀྱང་གནའ་སྔ་མོ་ནས་ཤར་ནུབ་ཀྱི་རིག་པའི་ཁྲོད་ཕར་འདྲེས་ཚུར་འདྲེས་བྱུང་ཡོད་མེད་ལ་རྩོད་པ་མི་འདུག ཁྱེད་ཀྱིས་ལུང་དྲངས་པ་དག་ཀྱང་དེའི་རང་བཞིན་ལས་མ་འདས། དེས་ན། ཁྱེད་ཀྱིས་ཚན་རིག་གི་འཛིན་གྲྭ་ཞིག་བླངས་ནས་ དགེ་ཆོས་ཤི་བོའི་སྒང་ལ་དེ་ཙམ་ཞིག་སྨྱོ་དགོས་དོན་གང་ཡིན་ནམ། འཇིག་རྟེན་ལེབ་མོར་འདོད་པའི་ཁོངས་སུ་རྗེ་རིན་པོ་ཆེ་ཡང་མེད་དམ།
དགེ་རབ་སོགས་ཀྱིས་ཡར་མར་ཉ་ཉོག་མང་པོ་མ་ཤོད།་་་དགེ་ཆོས་ཀྱིས་བྲིས་བའི་ཚིག་འདི་དག་ལ་ཡང་བསྐྱར་བསམ་བློ་ཐོངས།
༡་་་སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ་ཟེར།སྐབས་དེ་དུས་ཡོ་རོབ་ན་འཇིག་རྟེན་ལེབ་ལེབ་ཡིན་ཟེར་མཁན་ཤ་སྟག་རེད་དམ།་་་་་ཡང་་་་རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད་ཟེར།་་་་་་རིལ་མོ་ཡིན་སྨྲ་མཁན་གཅིག་་ཀྱང་མེད་པ་རེད་དམ།དེ་དུས་ཡོ་རོབ་ན་འཇིག་རྟེན་ལེབ་ལེབ་ཤ་སྟག་ལས་རིལ་མོ་ཡིན་སྨྲ་མཁན་གཅིག་ཀྱང་མེད་པའི་ཁུངས་ཁྱེར་ཤོག་་་་་་མེད་ན་དགེ་ཆོས་ནོར་བ་ཨེ་རེད།
༢་་་་་ཡུལ་སོ་སོའི་ཆོས་ལུགས་རྙིང་པ་(ནང་པ།་རྗོ།ཡི་ཤུ་་ཁ་ཆེ་སོགས)ཐམས་ཅད་ན་ཡང༌།འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད་ཟེར།ཆོས་ལུགས་རྙིང་པ་ཐམས་ཅད་ན་འཇིག་རྟེན་ལེབ་ལེབ་ཤ་སྟག་ལས་རིལ་རིལ་བྱ་བ་ཡེ་ནས་མེད་པའི་ཁུངས་ཁྱེར་ཤོག་་་་་་ཁུངས་མེད་ན་དགེ་ཆོས་ནོར་བ་ཨེ་རེད།
༣་་་་་་་་་དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ།གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས་ཟེར།་་་་་རིག་པ་ཅན་སུ་ཞིག་གིས་འཇིག་རྟེན་རིལ་རིལ་ཡིན་སྨྲས་ནས་མེ་ལ་བསྲེགས་པ་རེད་དམ། དགེ་ཆོས་ཀྱིས་ཤ་སྟག་དང་ཅིག་ཀྱང་མེད། ཡེ་མེད་ཟེར་སོགས་ལབ་ནས་ཐག་བཅད་པ་ལ་བསམ་བློ་ཐོངས་ང་ལན་བྲིས།
ཨ་རོ་་་དགེ་འདུན་རབ་གསལ། ཡུམ་་་་་་་་རོང་བོ་དགོན་པའི་འདུ་ཁང་སྒོ་གྱམ་ན་འཇིག་རྟེན་ཆགས་ཚུལ་རིའི་རྒྱལ་པོ་རི་རབ་ལ་གླིང་ཆེན་བཞིས་བསྐོར་བ་ལེབ་ལེབ་ཅིག་བྲིས་ཡོད་ནི་མིན་ན།
ད་དུང་མཎྜལ་འབུལ་འདོན་སྐབས་རིའི་རྒྱལ་པོ་རི་རབ་ཟེར་ནས་འདོན་ཡོད་བགྱི་མ་ར། རིའི་རྒྱལ་བོ་ལེབ་ལེབ་ཟེར་ནས་འདོན་གི་ཡོད་པ་ཨེ་རེད།
རྗེ་རིན་པོ་ཆེ་ནས་འཇིག་རྟེན་ལེབ་མོར་ཡིན་པར་འདོད་པ་ཁྱོས་ཁོང་གི་གསུང་འབུམ་པོད་བཅུ་དགུ་བའི་ནང་ནས་རིག་ནི་ཡིན་བགྱི་རེད་ལ། དཔེ་ཆ་བ་ཟེར་བ་དེ་འདྲ་ནི་མ་རེད་ཡ།
དགེ་འདུན་རབ་གསལ་ལགས་།་་བློ་ལྡན་དག་གིས་་འཇིག་རྟེན་གྱི་གནས་ལུགས་གང་ལ་བློས་་ཞིབ་མོ་དཔྱད་པ་བཏང་།་སྔ་རྒོལ་དང་་ཕྱི་རྒོལ་གྱི་རིགས་པ་དག་ལའང་ཚུལ་བཞིན་ཏུ་དཔྱད་།་རིགས་པའི་ལམ་ནས་བརྡར་ཤ་གསལ་བོ་བཅད་་།་་ཐ་མ་འདི་ནི་རིགས་པ་དང་།་མངོན་སུམ་བདེན་པ་ལམ་ནས་སྒྲུབ་ཐུབ་པ་དག་གནས་ལུགས་ཡང་དག་རེད་ཅེས་་ཀུན་ལ་བསྒྲགས་་པ་ནི་འཛམ་གླིང་མཁས་བ་ཡོངས་ཀྱི་སྤྱི་སྲོལ་ལྟ་བུ་་ཆགས་བསྡད་ཡོད་་།་དེ་བཞིན་བོད་དུའང་།་ཇི་ལྟར་།་རྗེ་བླ་མས།་དང་པོ་རྒྱ་ཆེན་ཐོས་བ་མང་དུ་བཙལ་།་བར་ཏུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་།་ཐ་མ་ཉིན་མཚན་ཀུན་དུ་ཉམས་སུ་བླངས་།་ཞེས་གསུང་ཡོད་པ་ལྟར་།་དོན་གྱི་རྩ་བ་གཅིག་ལ་བབས་ཡོད་པ་ལྟ་བུ་རེད་།་
འདི་ལས་འཕྲོས་ཏེ་།་དགེ་ཆོས་དང་ཁོའི་རྗེས་སུ་འབྲངས་བའི་དམར་སྲུང་དམག་དག་ལ་ལྟོས་།་ཐོག་མར་།་ཁོ་ཚོས་་གཞན་གྱི་ག་རེ་བཤད་ཀྱིན་ཡོད་པ་ནང་དོན་ཆ་ཚང་བ་ཤིག་ཧ་མ་གོ་བར་།་དོན་མེད་དུ་རང་གིས་གཞན་གྱི་ཧ་མ་གོ་བ་ཤིག་རང་གིས་ཤེས་སོང་བའི་ཚུལ་གྱིས་སྐད་ཆ་ཆེན་པོ་འགའ་བཤད་།་་བོད་མི་རྣམས་ལ་བསླབ་བྱ་་རེ་ཡངརྒྱག་ཁུལ་བྱས་།་་དེས་ག་རེད་ཡིན་ནམ།་
གོང་དུ་ཡང་མང་པོ་བཤད་པ་བཞིན་དགེ་ཆོས་ནི་་དམིགས་གསལ་གྱི་མཁས་བ་ཧ་ལས་བ་།་སྔོན་ཆད་བོད་དུ་བྱོན་མ་མྱོང་བ་།་ཚན་རིག་དང་།་ནུབ་ཀྱི་ལོ་རྒྱུས་ཤེས་་བ་ཤིག་མ་རེད་ཅེས་བཤད་ན་།་དམར་སྲུང་་ཚོས་་ལུང་དང་རིགས་པའི་སྒྲུབ་བྱེད་ཅི་ཡང་མེད་པར་།་བློ་བཟང་།་ཁྱེད་དགེ་ཆོས་ལ་དགའ་གིན་མི་འདུག་།་་ཁོས་སྟེང་ལ་སྨྱོས་གིན་འདུག་།་རྩོད་པ་དང་འབྲེལ་བ་མེད་པ་ཤིག་དྲུད་ཡོང་ནས་ངའི་ཁ་གཅོད་ཅི་ཐུབ་བྱ་བཞིན་འདུག་།་ག་རེ་ཡིན་ནམ།་་།་་་
ང་ཚོས་དགེ་ཆོས་དམིགས་གསལ་གྱི་མཁས་བ་ཡ་མཚར་པོ་ཤིག་ལ་སྒྲུབ་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ་།་ངས་ལོ་མང་པོ་རིང་ལ་།་དེའི་སྐོར་ལ་བསམ་བློ་མང་པོ་གཏོང་མྱོང་།་
ཁྱོད་ཚོས་སྔོན་གྱི་མཁས་བ་ཐམས་ཅད་ལ་།་སྲོལ་རྒྱུན་པ་དང་།་ཚན་རིག་མི་ཤེས་མཁན་།་ཐ་ན་བོད་ཡོངས་རྫོགས་ས་ལ་་དྲུད་་་མཁན་གྱི་དེད་དཔོན་ཞེས་ལབ་ན།་དེ་དག་ལ་འཛེམ་དོགས་ཅི་ཡང་མེད་།་ད་དུང་དེ་དག་ལ་དེང་རབས་ཀྱི་མཁས་བ་ཞེས་མིང་རྫིག་པོ་ཤིག་འདོགས་ཀྱིན་འདུག་།་་དགེ་ཆོས་ལ་ཚིག་ཅིག་ཀྱང་ལབ་ན་མི་ཟད་པའི་ཞེ་སྡང་དང་།་ཁོང་ཁྲོ་།་་འུད་སྒྲ་དང་བཅས་ཡོང་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ་།་སྤྱིར་བཏང་ང་ལ་དགེ་ཆོས་ཀྱི་ག་རེབ་ལབ་ཀྱིན་ཡོད་པ་དང་།་ཁོང་མཁས་ཡིན་མིན་དེ་གཙོ་ཆེན་པོ་མ་རེད་།་་ཁོང་མིང་དཔུང་ཏུ་ཁུར་ཏེ་།་སྐད་ཆ་འགའ་བཤད་ཀྱིན་ཡོད་པ་དེའི་གལ་ཆེན་པོ་རེད་།་དོན་རྡོག་པོ་བཤད་ན་།་་བོད་ནང་དུ་།་རིག་གསར་གྱི་རྗེས་སུ་།་གློ་བུར་ཏུ་དགེ་ཆོས་།་དགེ་ཆོས་ཞེས་མཁས་བླུནབཤད་དགོས་བ་ཤིག་ཆགས་སོང་།་དེ་ག་འདྲ་བྱས་ནས་བྱུང་བ་རེད་དམ་།་་་དེའི་ལོ་རྒྱུས་དང་།་་ཆབ་སྲིད་ཀྱི་་ཁོར་ཡུག་ག་འདྲ་ཤིག་གི་ཐོག་ནས་བྱུང་བ་ཡིན་ནམ་།་དེ་དག་ནི་ངེས་པར་ཏུ་གལ་ཆེན་པོ་་ཤིག་རེད་བསམ་གྱིན་ཡོད་།་
དེ་བཞིན་ངེད་དེ་རིང་འདི་ནས་།་སྔོན་གྱི་བོད་ཀྱི་མཁས་བ་རྣམས་ནི་ཚན་རིག་པ་མ་རེད་་།་ནུབ་ཀྱི་ལྟ་བ་ཤེས་གིན་མ་རེད་ཅེས་དང་།་ཚེ་ཏན་ཞབས་དྲུང་།་ཨ་ཁུ་དམུ་དགེ་ཚང་སོགས་ནི་རྙིང་ཞེན་དང་།་བག་འཁུམས་པ་།་གསར་གཏོད་ལ་ངོ་རྒོལ་བྱ་མཁན་གྱི་བླ་རྒན་འགའ་རེད་ཅེས་ལབ་ན་ཁྱོད་ཚོའི་སེམས་སུ་ཕོག་ཐུག་གང་ཡང་ཡོང་གིན་མ་རེད་།་ཅི་ཕྱིར་ཞེ་ན་།་ཕྱི་ལོ་༡༩༤༩་ལོར་སྐད་ཆ་དེ་འདྲ་བཤད་རྒྱུ་ཤིག་གོམས་བསྡད་ཡོད་པ་རེད་།་དེས་ན་ཅི་ཕྱིར་ང་ཚོས་དགེ་ཆོས་དམིགས་གསལ་ཤིག་བརྩི་དགོས་བ་རེད་དམ་།་
གཉིས་།་ང་དགེ་ཆོས་དང་འདྲ་བ་མ་རེད་།་ཚན་རིག་གི་འཛིན་གྲ་འགའ་བླངས་།་དཔེ་ཆ་འདྲ་བལྟས་་།་དེ་ནས་རང་གིས་ཤེས་ཚོད་ཀྱི་་སྐད་ཆ་རེ་བཤད་ཀྱིན་ཡོད།་་།་འཛིན་གྲ་སོགས་ལེན་དུས་།་དགེ་ཆོས་ལྟར་དགེ་རྒན་དག་གིས་མདུན་ནས་སློབ་རྒྱུ་མེད་པ་དེ་འདྲ་མ་ཡིན་པར་།་བློ་གཅིག་སེམས་གཅིག་གིས་དགེ་རྒན་གྱི་གང་བཤད་པ་དང་།་རང་གི་ཐོས་བ་རྣམས་་ཐོ་ཡིག་ཏུ་བཀོད་ནས་སློབ་པ་ཡིན་།་་མཐར་ཐོ་ཡིག་དེ་དག་་གྲོགས་འགའ་ཤས་ཀྱིས་མཐོང་བས་དཔེ་དེབ་ཅིག་ཏུ་འགོད་ཐུབ་པའི་་རེ་བ་ཡོད་ཅེས་སྐད་ཆ་བྱུང་བས་ཁོ་ཚོས་བསམ་ཚོད་ལྟར་པར་ཏུ་འགོད་རྩིས་ཡོད་ཟེར་བ་དེ་ཡིན་།་ཆེ་ས་དང་ཆུང་སའི་སྐོར་ཅི་ཡང་་མི་ཤེས་ལ་དེའི་སྐོར་ལ་བསམ་བློ་གཏོང་མ་མྱོང་།་བོད་དུ་ཡོད་དུས་་དགེ་རྒན་བཀའ་དྲིན་ཅན་དེའི་ཚོའི་དྲིན་ལ་བོད་ཀྱི་རིག་གཞུང་དག་ལ་བག་ཆགས་ཅུང་ཙམ་མཇོག་ཐུབ་པ་བྱུང་།་ཕྱི་རྒྱལ་དུ་སློབ་གྲ་བཀའ་དྲིན་ཅན་དེ་དག་གི་དྲིན་ལ་དབྱིན་ཇི་སོགས་ཡིག་ངོ་ཆོད་པ་ཤིག་་བྱུང།་
གསུམ།་ངས་གོང་དུ་པན་ཆེན་བསྟན་ཉིའི་བཙན་པོ་ནོ་མོན་ཧན་ལ་གནང་བའི་ཕྱག་འཕྲིན་ཤིག་དྲངས་ཡོད་།་དེའི་ནང་དུ་།་མཛོད་ལུགས་དང་།་དུས་འཁོར་ལུགས་དང་།་ནུབ་ཕྱོགས་ཀྱི་སའི་གོ་ལ་ཆགས་ཚུལ་སོགས་ལ་ལན་ཧ་ལས་བ་ཤིག་གསུང་འདུག་པས་།་དེ་རུ་གཟིགས་དང་།་་དེ་ནས་་ཁོ་ཚོས་ག་རེ་བསམ་པ་ཧ་གོ་ཡོང་གིན་རེད་།་མཐར་བསམ་བློ་ཅི་ཙམ་བཏང་ཡང་དགེ་ཆོས་ནི་དམིགས་གསལ་གྱི་མཁས་བ་ཡ་མཚར་བ་ཤིག་མ་རེད་འདོད།་དེ་བས་གོང་གི་དོགས་པ་དེ་དག་བཀོད་པ་དེ་ཡིན་།་
འཇིན་རྟེན་ཟེར་ན་ས་མཚམས་གང་ནས་ཡིན་མིན་དང་འཇིག་རྟེན་ལེབ་ལེབ་ཡིན་མིན་རྩོད་མི་ཤེས། གང་ལྟར་ལྟ་སྟངས་གཅིག་གི་དབང་དུ་བྱས་ན་སའི་གོ་ལ་ནི་ལེབ་ལེབ་ཡིན་པ་ངས་ཐག་གཅོད་ཐུབ། གོ་ལ་རིལ་རིལ་དང་ལེབ་ལེབ་གང་འདྲ་མཐོང་མིན་ནི་གོ་ལ་ལ་ལྟ་སྟངས་དང་ལྟ་སྤྱད་ཀྱི་ལག་ཆའི་ཁྱད་པར་ཙམ་རེད། གོ་ལའི་གྲིབ་ནག་སྐར་མ་གཞན་ཞིག་གི་སྟེང་དུ་ཕོག་པའི་གྲིབ་ནག་ཅིག་ལ་ལྟོས་ན་གོ་ལའི་དཀྱུལ་འབུར་ཡོད་མེད་མཐོང་མི་ཐུབ་པར་ནག་པོ་ལེབ་ལེབ་ཅིག་ལས་མཐོང་གི་མ་རེད། དེང་དུས་ཀྱི་སྐར་མཐོང་རྒྱང་ཤེལ་སྤྱད་ནས་ལྟོས་ན་གོ་ལ་རིལ་རིལ་ཡིན་པ་དང་། སྟེང་གི་མཚོ་དང་གངས་རི་སོགས་ཀྱང་གསལ་བོ་མཐོང་གི་རེད། ཡིན་ནའང་གནའ་སྔ་མོར་སྐར་མཐོང་རྒྱང་ཤེལ་མེད་ཙང་སྐར་མ་གཞན་གྱི་སྟེང་ལ་ཕོག་པའི་སའི་གོ་ལའི་གྲིབ་ནག་ཅིག་ལྟོས་ན་སའི་གོ་ལ་གོར་གོར་ལེབ་ལེབ་ཅིག་ཡིན་པ་ཧ་གོ་བ་ཡིན་སྲིད། དེ་ནི་གནའ་དེང་གི་ལག་ཆ་བཟང་ངན་གྱི་ཁྱད་པར་ཙམ་ཡ་མཚན་ཅང་མི་འདུག
འཇིན་རྟེན་ཟེར་ན་ས་མཚམས་གང་ནས་ཡིན་མིན་དང་འཇིག་རྟེན་ལེབ་ལེབ་ཡིན་མིན་རྩོད་མི་ཤེས། གང་ལྟར་ལྟ་སྟངས་གཅིག་གི་དབང་དུ་བྱས་ན་སའི་གོ་ལ་ནི་གོར་གོར་ལེབ་ལེབ་ཅིག་ཡིན་པ་ངས་ཐག་གཅོད་ཐུབ། གོ་ལ་རིལ་རིལ་དང་ལེབ་ལེབ་གང་འདྲ་མཐོང་མིན་ནི་གོ་ལ་ལ་ལྟ་སྟངས་དང་ལྟ་སྤྱད་ཀྱི་ལག་ཆའི་ཁྱད་པར་ཙམ་རེད། གོ་ལའི་གྲིབ་ནག་སྐར་མ་གཞན་ཞིག་གི་སྟེང་དུ་ཕོག་པའི་གྲིབ་ནག་ལ་ལྟོས་ན་གོ་ལའི་དཀྱུལ་འབུར་ཡོད་མེད་མཐོང་མི་ཐུབ་པར་ནག་པོ་ལེབ་ལེབ་ཅིག་ལས་མཐོང་གི་མ་རེད། དེང་དུས་ཀྱི་སྐར་མཐོང་རྒྱང་ཤེལ་སྤྱད་ནས་ལྟོས་ན་གོ་ལ་རིལ་རིལ་ཡིན་པ་དང་། སྟེང་གི་མཚོ་དང་གངས་རི་སོགས་ཀྱང་གསལ་བོ་མཐོང་གི་རེད། ཡིན་ནའང་གནའ་སྔ་མོར་སྐར་མཐོང་རྒྱང་ཤེལ་མེད་ཙང་སྐར་མ་གཞན་གྱི་སྟེང་ལ་ཕོག་པའི་སའི་གོ་ལའི་གྲིབ་ནག་ལ་ལྟོས་ན་སའི་གོ་ལ་གོར་གོར་ལེབ་ལེབ་ཅིག་ཡིན་པ་ཧ་གོ་བ་ཡིན་སྲིད། དེ་ནི་གནའ་དེང་གི་ལག་ཆ་བཟང་ངན་གྱི་ཁྱད་པར་ཙམ་ཡ་མཚན་ཅང་མི་འདུག སྔོན་མ་གོ་ལ་གོར་གོར་ལེབ་ལེབ་རེད་ཟེར་བ་ནོར་ཡོད་པ་མ་རེད་དེ། ལག་ཆ་བཟང་ངན་གྱི་དབང་གིས་གོ་ལའི་དབྱིབས་ཆ་ཚང་འགྲིག་མ་ཐུབ་པ་རེད་འདོད།
འཇིན་རྟེན་ཟེར་ན་ས་མཚམས་གང་ནས་ཡིན་མིན་དང་འཇིག་རྟེན་ལེབ་ལེབ་ཡིན་མིན་རྩོད་མི་ཤེས། གང་ལྟར་ལྟ་སྟངས་གཅིག་གི་དབང་དུ་བྱས་ན་སའི་གོ་ལ་ནི་གོར་གོར་ལེབ་ལེབ་ཅིག་ཡིན་པ་ངས་ཐག་གཅོད་ཐུབ། གོ་ལ་རིལ་རིལ་དང་ལེབ་ལེབ་གང་འདྲ་མཐོང་མིན་ནི་གོ་ལ་ལ་ལྟ་སྟངས་དང་ལྟ་སྤྱད་ཀྱི་ལག་ཆའི་ཁྱད་པར་ཙམ་རེད། གོ་ལའི་གྲིབ་ནག་སྐར་མ་གཞན་ཞིག་གི་སྟེང་དུ་ཕོག་པའི་གྲིབ་ནག་ལ་ལྟོས་ན་གོ་ལའི་དཀྱུལ་འབུར་ཡོད་མེད་མཐོང་མི་ཐུབ་པར་ནག་པོ་ལེབ་ལེབ་ཅིག་ལས་མཐོང་གི་མ་རེད། དེང་དུས་ཀྱི་སྐར་མཐོང་རྒྱང་ཤེལ་སྤྱད་ནས་ལྟོས་ན་གོ་ལ་རིལ་རིལ་ཡིན་པ་དང་། སྟེང་གི་མཚོ་དང་གངས་རི་སོགས་ཀྱང་གསལ་བོ་མཐོང་གི་རེད། ཡིན་ནའང་གནའ་སྔ་མོར་སྐར་མཐོང་རྒྱང་ཤེལ་མེད་ཙང་སྐར་མ་གཞན་གྱི་སྟེང་ལ་ཕོག་པའི་སའི་གོ་ལའི་གྲིབ་ནག་ལ་ལྟོས་ནས་སའི་གོ་ལ་གོར་གོར་ལེབ་ལེབ་ཅིག་ཡིན་པ་ཧ་གོ་བ་ཡིན་སྲིད། དེ་ནི་གནའ་དེང་གི་ལག་ཆ་བཟང་ངན་གྱི་ཁྱད་པར་ཙམ་ལས་ཡ་མཚན་ཅང་མི་འདུག སྔོན་མ་གོ་ལ་གོར་གོར་ལེབ་ལེབ་རེད་ཟེར་བ་ནོར་ཡོད་པ་མ་རེད་དེ། ལག་ཆ་བཟང་ངན་གྱི་དབང་གིས་གོ་ལའི་དབྱིབས་ཆ་ཚང་ཤེས་མ་ཐུབ་པ་རེད།
ཨ་རོགས་སྐུ་ཞབས་མྱིག་རྫོད་ལགས་།་ད་གང་དུ་སོང་བ་ཡིན་།་་ཁ་སང་རྒྱ་མ་བཅུ་ཙམ་ཤིག་ལས་ལག་ཏུ་མ་ཡོང་བ་འདྲ་།་དེ་རིང་ཕྱག་གཉིས་བའི་རོགས་པ་བྱེད་ནས་།་རྒྱ་མ་ཉི་ཤུ་ཙམ་ཤིག་ལག་ཏུ་ཡོང་བ་མིན་ནམ།་་གང་ལྟར་ཁྱེད་མེད་ན་།་བྲག་ཐེམ་སྟོང་བ་རེད་།་་
ཨ་རོགས་རྩེད་མོ་ཡིན་།་ང་ཁམས་པའི་མི་ལ་ཤིན་ཏུ་ནས་དགའ་བོ་ཡོད་།་མི་དྲང་མོ་།་ཁ་རི་ཁ་ཐུག་།་དཔལ་སྙིང་ལྡན་པ་དག་རེད་།་ཁྱད་པར་ཏུ་ང་ཁམས་པའི་བུ་མོ་དེ་ཚོ་ལ་ཤིན་ཏུ་ནས་དགའ་བོ་ཡོད་།་ལོ་སྔོན་མ་ཤིག་ལ་།་ལྷ་སའི་སྲང་བར་ཅིག་ནས་།་ཁམས་པའི་བུ་མོ་ཤིག་ལ་འཕྲད་བྱུང་།་་ངེད་གཉིས་ལས་ཀྱི་དབང་གིས་ཁྱིམ་ཐབ་ཅིག་ཏུ་སྐལ་བ་མ་བྱུང་ཡང་།་ངས་ད་དུང་ཁོ་མོ་མིག་ཆུ་ཤལ་ལེ་དྲན་འོང་གི་འདུག་།་་ཁོ་མོ་ལག་པ་འཇམ་པོ་།་སེན་མོ་ཕྲ་ལ་རིང་བ་དེ་གཉིས་ཀྱིས་ངའི་རྒྱབ་ཏུ་དམ་པོ་འཇུས་ནས་།་མིག་་གཉིས་ཀྱི་འཛུམ་དང་བཅས་ཕྲན་གྱི་ངོ་ལ་བལྟས་།་ཚིག་འཇམ་པོ་ངང་།་ Katie Melua ཡིས་གླུ་བཞས་I Cried for you་ཞེས་བ་ཕྲན་གྱི་རྣ་ནང་དུ་བླངས་་སྐབས་ཀྱི་་ཚོར་བ་དེ་ད་དུང་ཡང་་ངའི་སེམས་སུ་་གྲི་ཡིས་གཏུབ་པ་ནང་བཞིན་འདུག་མི་ཐུབ་པ་ཤིག་་བཟོས་ཡོང་གིན་འདུག་།་དེ་ནི་ངེད་གཉིས་འཕྲད་པ་ཐ་མ་དེ་རེད་།་
འོ་བཤད་རྒྱུ་བརྗེད་འདུག་།་་ཁོ་མོས་དབྱིན་འགྱུར་མའི་དགེ་ཆོས་ཀྱི་འདོད་བསྟན་ཀློག་འདུག་ཀྱང་།་ཁོ་མོས་”་ག་རེ་ཡིན་ནམ་།་བོད་ཀྱི་མཁས་བ་ཚོས་ཕོ་ཡིས་མོ་ལ་ཆགས་པ་སྤྱོད་སྟངས་ལས་མོའི་བདེ་བ་མྱོང་ཚུལ་གྱི་སྐོར་འབྲི་ཤེས་ནི་མ་རེད་དམ”་ཞེས་དྲིས་བྱུང་བས་།་བདག་ལ་ལན་ཅི་ཡང་མེད་པར་།་ཁྱེད་ཀྱི་ང་ལ་སློབ་དང་ངས་བྲི་ཞེས་རྩེད་མོ་དང་བདེན་པ་གཉིས་ཀྱི་སྐད་ཆ་ཤིག་བཤད་ཁུལ་གྱི་བསྡད་པ་ཡིན་།་
ད་བློ་ཡོན་ཁྱེད་རང་གིས་ཁྱི་ལབ་མ་རྒྱབ་ན་བཟང་། ཁྱེད་རང་གིས་བཤད་ན་ཁྱེད་རང་ཚན་རིག་པ་ཡིན་པ་ལྟ་བུ་ཞིག་ཤོད་ཀྱི་འདུག ཚན་རིག་པ་ཞིག་ནས་ཚན་རིག་པ་མིན་པའི་དགེ་འདུན་ཆོས་འཕེལ་ལྟ་བུ་ལ་གཤེ་སྐུར་ཡ་མེད་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན།
ཁྱེད་རང་གི་ཉོག་བཤད་རིང་པོ་འདི་ཚོའི་མགོ་ཀློག་པ་ཙམ་གྱིས་ཁྱེད་རང་ཚན་རིག་པ་ཞིག་ཕར་ཞོག་རྩོམ་འབྲི་བ་ཡག་པོ་ཞིག་ཀྱང་མ་རེད། ངས་ངོ་མ་ཡིན། དེའི་དཔེ་མཚོན་ལ་ཁྱེད་ཀྱི་རྩོམ་ཡིག་མགོ་བཙུགས་མ་ཐག་པའི་ཚིག་འདི་ཚོར་སྐྱར་ཞིབ་ཅིག་གནང་རོགས།
་་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསར་འགྱུར་མེ་ལོང་སྟེང་བཀོད་པའི་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཟེར་བའི་རྩོམ་ཐུང་འདི་ནི་བོད་ཀྱི་གཞོན་སྐྱེས་གཡམ་ལ་རྒྱུགས་པ་དག་གི་ཁྲོད་དུ་སྙན་གྲགས་ཆེ་ཞིང་།་དགེ་ཆོས་དང་ཚན་རིག་གི་སྐོར་གླེང་སྐབས་ཁོ་ཚོས་གཟི་བརྗིད་ཆེན་པོས་རྩོམ་འདི་དྲངས་ཏེ།་དགེ་ཆོས་ནི་སྔོན་གྱི་མཁས་བ་རྣམས་དང་མི་འདྲ་བར་མིག་རྒྱ་རིང་པོ་དང་།་ཚན་རིག་ལ་མཁས་བ་ཡིན་པ་སོགས་སྒྲུབ་བཞིན་འདུག་་་ ཟེར།
དང་པོ། དགེ་ཆོས་ཀྱི་རྩོམ་དེ་བོད་ཀྱི་གཞོན་སྐྱེས་གཡམ་ལ་རྒྱུགས་མཁན་ཚོའི་ཁྲོད་སྙན་གྲགས་ཆེ་ཟེར་བ་འདིར་ཁུངས་སྐྱེལ་བྱོས། ཚོ་ནི་མང་ཚིག་ཡིན་པས་ཉུང་མཐའ་ཡང་ཁྱེད་རང་ལ་མི་ལྔ་དྲུག་ཅིག་གི་མིང་བཀོད་རྒྱུ་མེད་ན་དེ་ཚོ་ཁུངས་མེད་དང་ཚན་རིག་དང་མི་མཐུན་པའི་གཏམ་རེད།
གཉིས་པ། དགེ་ཆོས་དང་ཚན་རིག་གི་སྐོར་གླེང་སྐབས་ཁོ་ཚོས་གཟི་བརྗིད་ཆེན་པོས་རྩོམ་འདི་དྲངས་ཟེར། ཁོ་ཚོ་སུ་སུ་ཡིན་གྱི་མིང་དང་། རྩོམ་གང་དང་ཤོག་ངོས་གང་ལ་རྩོམ་འདི་དྲངས་ཡོད་མེད་མཛུབ་མོ་རུ་འདྲེན་གྱིས་གསལ་བོ་ཞིག་བཀོད་རྒྱུ་མེད་ན་དགེ་ཆོས་ཚན་རིག་པ་ཡིན་མིན་སྒྲུབ་མི་ཐུབ་པ་མ་ཟད་དེས་རང་ཉིད་ཚན་རིག་པ་ཞིག་མིན་པ་སྒྲུབ་གི་མི་འདུག་གམ།
གསུམ། ་་གཞོན་སྐྱེས་གཡམ་ལ་རྒྱུགས་མཁན་་ རྐྱང་རྐྱང་གི་སྐད་ཆ་ལ་ཁྱེད་རང་གིས་བདག་པོ་རྒྱབ་ནས་རྩོམ་འཆལ་རིང་པོ་སྤེལ་དགོས་པའི་རྒྱུ་མཚན་གང་ལ་ཐུག་པ་རེད།
བཞི། དགེ་ཆོས་ཀྱིས་སྔོན་འཇིག་རྟེན་ལེབ་ལེབ་ཡིན་པའི་ལྟ་བ། དེ་ནས་རིལ་རིལ་དུ་འཛིན་པའི་ལྟ་བ་བྱུང་བ་སོགས་ནས་བྲིས་ཡོད་པར། ཁྱེད་ཀྱིས་འཇིག་རྟེན་རིལ་རིལ་དུ་འཛིན་པའི་ལྟ་བ་བྱུང་བ་ནས་མགོ་བཙུགས་ཏེ་འཇིག་རྟེན་ལེབ་ལེབ་ཡིན་པའི་འདོད་ཚུལ་འགོག་པ་དེའང་གད་མོ་ཤོར་བའི་རྒྱུ་ལས་མི་འདུག ད་རུང་ངས་ཁྱོད་ཀྱི་རྩོམ་གྱི་མགོ་མ་གཏོགས་ཀློག་མེད། ཀློག་འདོད་པ་ཞིག་རེད་མི་འདུག ནམ་རྒྱུན་ནས་ངས་མཆན་དེ་ཚོ་མ་གཏོགས་ཞེ་དྲག་ཀློག་གི་མེད། དེ་ནས་ད་རུང་ཁྱེད་ཀྱིས་མུ་མཐུད་དུ་མྱིག་ག་སྟོན་ནས་ཞབས་འདྲེན་ཞུས་ན་རྩོམ་འཕྲོ་ཀློག་གི་ཀློག་གི་དྲི་བ་འདྲི་གི་ཡིན།
ལྔ་བ། སྒྲུབ་དགོས་ན་དགེ་ཆོས་ཚན་རིག་པ་དང་བློ་རྒྱ་རིང་པོ་ཡིན་པ་ལའང་སྒྲུབ་བྱེད་མང་པོ་བཀོད་རྒྱུ་ཡོད་པ་རེད། ཚན་རིག་པ་ཟེར་ནའང་ལྟོས་ས་ལྟོས་འཇོག་གི་ཁྱད་པར་ལས་བཤད་པ་ཞིག་མ་གཏོགས་གཞན་གང་ཡང་ཡོད་པ་མ་རེད། ཚན་རིག་པ་རྗེས་མ་རྗེས་མ་ཚོས་སྔ་མ་སྔ་མའི་རྫུན་ཁུངས་བརྟོལ་གི་བརྟོལ་གི་འགྲོ་བ་དེས་ཆོག དགེ་ཆོས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་ལ་བསྡུར་ནས་བལྟས་ན། ཁོ་ལ་ཚན་རིག་པ་ཞེས་བཏགས་ཀྱང་མ་ཆོག་པ་མི་འདུག
ད་འདི་ནས་མཚམས་འཇོག་གི་ཡིན།
རྒན་དགེ་རབ་ལགས།ད་རེས་ངོ་མ་ངར་འདུག
བློ་བཟང་ཡོན་ཏན། དེ་རིང་ཁྱོད་ཀྱིས་ང་ལ་མཐོང་ཆུང་གི་སྐད་ཆ་བཤད་རྒྱུ་མཚམས་བཞག་འདུག་པས། ངས་ཀྱང་སྐད་ཆ་དྲང་མོ་ཞིག་བཤད། དང་པོ་ངས་ཁྱོད་གནའ་དེང་གི་ཤེས་བྱ་ཀུན་ལ་མཐོང་རྒྱ་ཐོས་རྒྱ་ཡག་པོ་ཡོད་མཁན་ཞིག་རེད་བསམ་བྱུང་། ཁྱོད་ཀྱིས་རྩོམ་ཁ་ཤས་བཀླགས་པ་ཡིན། ང་དགའ་པོ་བྱུང་། ངོ་མ་བཤད་ན་ང་ཡང་དགེ་ཆོས་ལྟ་བུའི་སྐྱེས་སྦྱངས་ཀྱི་ཤེས་རབ་ཅན་ཞིག་མིན་རུང་། གནའ་དེང་གི་ཤེས་བྱ་ཀུན་ལ་མགོ་ཞེ་དྲག་མི་རྨོངས་མཁན་ཞིག་ཡིན། ཁྱད་པར་དུ་གཞན་ལ་དགག་པ་རྒྱག་དགོས་ན་གཅིག་བྱས་ན་ཁྱོད་ལས་ཀྱང་ང་མཁས་པ་ཡོད་སྲིད། དེར་བརྟེན་ཤེས་ཡོན་ཅན་ཚོ་ནང་ཚགས་ཡིན་པས་ང་ཁྱེད་ལ་དགའ་པོ་བྱུང་མྱོང་། ཡིན་ན་ཡང་དེ་རྗེས་ཁྱོད་ཀྱིས་དགེ་ཆོས་ལ་གཞི་མེད་དང་། བསྙོན་འཛུགས་ཀྱི་སྐུར་འདེབས་མང་པོ་བྱས་སོང་བས་ངས་ཁྱོད་བློ་གཟུ་བོར་མི་གནས་མཁན་ཞིག་དང་། གོ་སྐབས་བཙལ་ནས་ནང་ཁུལ་ལ་སྙིང་ནད་རྩོད་མཁན་གྱི་ནང་རུལ་བ་ཕྱི་འཇམ་ནང་རྩུབ་གྲོད་པུ་དང་འདྲ་བ་ཞིག་རེད་བསམ་ཏེ་ཞེན་པ་ལོག་བྱུང་། ཁྱོད་ཀྱིས་སྙིང་ནད་མིན་རབས་དང་། སྐད་ཆ་དྲང་མོ་ཡིན་རབས་ཅི་འདྲ་བཤད་ཀྱང་སྙིང་ནད་ཡིན་པ་ཕྱི་ལོགས་སུ་མངོན་བསྡད་ཡོད་པ་འདི་རེད། དཔེར་ན་དགེ་ཆོས་ཉུལ་མ་རེད། དགེ་ཆོས་གུང་ཁྲན་གྱི་ཕོག་ཟན་རེད། དགེ་ཆོས་ཀྱི་པགས་པ་བཤུ་གི་ཡིན། ཟེར་བ་ལྟ་བུ་དང་། རྩོམ་ཡིག་ཉུང་ངུ་འདི་གཅིག་པོཻ་ནང་དུ་ཡང་། དགེ་ཆོས་མགོ་མི་ཚོས་མཁན། དགེ་ཆོས་ཧམ་པ་བཤད་མཁན། དགེ་ཆོས་འཆལ་གཏམ་སྤེལ་མཁན། དགེ་ཆོས་བོད་མི་གཅམ་བུ་རྣམས་ལ་བསླུ་བྲིད་གཏོང་མཁན། དགེ་ཆོས་མ་ཤེས་ཤེས་ཁུལ་བྱེད་མཁན། དགེ་ཆོས་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མ་མཐོང་མཁན། དགེ་ཆོས་ལ་བསྟོད་བསྔགས་བྱེད་མཁན་རྣམས་དམར་སྲུང་དམག་མི་ཟེར་བ་སོགས་བྲིས་པ་འདི་ལས་དཔང་རྟགས་ལྷག་མ་ཅི་ཞིག་དགོས། ད་དུང་ཁ་བྱང་གཅིག་པོ་ལ་བལྟས་ཀྱང་མགོ་ལེབ་ལེབ་ཀྱི་སྟེང་ནས་གོ་ལ་རིལ་རིལ་ཟེར་བ་འདི་གཅིག་པོས་ཀྱང་གང་ཟག་ལ་ཡི་མ་རངས་པ་མངོན་སུམ་སུ་སྟོན་ཚར་བ་རེད། ད་དུང་བོད་པ་ཟེར་བ་སོགས་ཀྱི་མིང་ཁག་ཅིག་བཟོས་ནས་རྒྱབ་སྐྱོར་བྱེད་མཁན་ཡོད་མདོག་བསྟན་པ་ནི་ངོ་མ་བློ་ཕམ་དགོས་པའི་གནས་ཚུལ་ཞིག་རེད།
ཁྱོད་དགེ་ཆོས་ལ་སྡང་བའི་རྒྱུ་མཚན་གསུམ་ཡོད། གཅིག་ཀླུ་སྒྲུབ་དགོངས་རྒྱན་དང་དགེ་ལུགས་བར་གྱི་ཞེ་འཁོན། གཉིས་རེབ་གོང་དང་བླ་བྲང་བར་གྱི་ཞེ་འཁོན། གསུམ་རྡོ་ཤེར་དང་དགེ་ཆོས་བར་གྱི་ཞེ་འཁོན་བཅས་རེད།
དེར་བརྟེན་ཁྱོད་ཀྱིས་རང་གི་ཞེ་འཁོན་ལ་བརྟེན་ནས་བོད་ལ་བཀའ་དྲིན་ཆེ་བའི་སྐྱེས་བུ་དམ་པ་ཚོའི་ཞལ་ལ་འདམ་སྦགས་བྱུགས་པ་དེ་ངོ་མ་ལས་སླ་པོར་འཇོག་འདོད་མེད་པས་ང་ཁྱོད་ཀྱི་གདོང་ལ་ལངས་པ་ཡིན།
དེས་ན་ཕྱིན་ཆད་བག་ཡོད་བྱོས། ང་ཚོ་ལ་བལྟ་བའི་མིག་ཡོད་ན་མདུན་ལ་ལྟོས། མདུན་གྱི་དགྲ་བོ་ལ་ཅི་ཡང་ལབ་མི་ཐུབ་པར་ཁ་ཕྱིར་འཁོར་ནས་རང་གི་ཡབ་མེས་རྣམས་ལ་ཅིག་ལབ་བསྡད་རྒྱུ་དེ་མི་ཐབས་ཆག་དང་། རུས་པ་མེད་པའི་མིའི་སྐད་ཆ་རེད། གལ་ཏེ་ཅིས་ཀྱང་ལབ་བསམ་ན་རྡོ་ཤེར་སོགས་བོད་ཀྱི་བརླ་བཙོང་རྣམས་ལ་ཅིག་ལབ་རྒྱུ་ཨེ་རག་ལྟོས།
དེ་ནས་འགྲོ་བའི་རྐང་བ་ཡོད་ན་གོམ་གང་ཡིན་རུང་མདུན་ལ་སྤོ་ཨེ་ཐུབ་ལྟོས། ཙི་གུ་ཙི་ཁུང་དུ་བྲོས་པ་བཞིན་ཕྱིར་བཀྱེད་ཁོ་ན་བྱས་ན་ཡར་རྒྱས་ནམ་ཡང་མེད་པ་རེད། ད་ནས་བཟུང་ནང་ཁུལ་ལ་སྙིང་ནད་རྩོད་རྒྱུའི་མཚམས་ཞོགས། ཅིག་ཤེས་ཀྱི་ཡོད་ན་དེ་བེད་སྤྱོད་ཡག་པོ་ཐོངས།
དགེ་ཆོས་ལ་དགག་པ་ཤོག་ལྷེ་ས་ཡ་ཅན་ཞིག་བྲིས་རུང་སུ་གཅིག་གིས་ཀྱང་དགེ་ཆོས་ལས་རྡོ་སྦིས་བློ་ཡོན་མཁས་ཀྱི་འདུག་ཟེར་གི་མ་རེད། ཅི་འདྲའི་སྙིང་ནད་ཅན་ཞིག་རེད་ཟེར་ནས་ཁ་རྡུང་གཏོང་བྱེད་དང་། ཕྱིས་སུ་ཁྱོད་ཀྱི་དེབ་འདྲ་བྲིས་ན་མི་ཚོས་ཁྱོད་ལ་ངོས་འཛིན་སྡུག་པོ་བྱེད་ཚར་སྟབས། ཕེ་ཟེར་ནས་ཕར་གཡུག་འཇོག་བྱེད་དུ་འགྱུར་གི་རེད། འདི་ཚོ་ངས་ཁྱོད་ལ་ཁ་ཏ་མིན་པའི་ཁ་བརྡ་ཙམ་ཡིན། དེ་ནས་མུ་མཐུད་རྙོག་དྲ་བཟོ་མི་བཟོ་ཁྱོད་རང་གི་ལག་ཏུ་ཡོད། ང་མྱིག་རྫོད་ལ་མཚོན་ན་ཕར་རྙོག་དྲ་ནམ་ཡང་བཟོ་མ་མྱོང་། ཚུར་རྙོག་དྲ་བཟོས་ནས་སྡོད་དུ་མ་བཅུག་དུས་ཕར་ཕྱོགས་ཀྱི་མི་དེ་སྐྱག་པ་ཤོར་ཤོར་བཟོ་མཁན་ཞིག་ཡིན། ངོ་མ་ཡིན། ཆེ་ས་ནས་རྒྱ་ནག་གི་ས་གནས་སྲིད་གཞུང་དང་། ས་གནས་ཉེན་རྟོགས་པ་རྣམས་ལ་ཡང་སྐྱག་པ་ཤོར་ཤོར་བཟོ་མྱོང་། རྒྱལ་ཁབ་ཀྱི་ཁྲིམས་མ་གཏོགས་གནམ་འོག་འདིར་མི་སྒེར་བ་སུ་ཡང་ཤེས་རིག་ཡོན་ཏན་དང་། གཏམ་ཁ་ལྕེ། དཔའ་སྙིང་སྟོབས་སོགས་གང་གི་ཐད་ནས་ཀྱང་ཞེད་ཀྱི་མེད། འོན་ཀྱང་ནང་ཁུལ་ལ་རྙོག་དྲ་གླེང་མི་དགོས་པའི་སྨོན་ལམ་འདེབས་ཀྱི་ཡོད།
ཡ་ཕྱག་གཉིས་པ་ལགས། ཨ་ལགས་ཚེ་ཏན་ཚང་གི་དཔེ་ཆ་མང་པོ་ཀློག་པའི་མཐོང་རྒྱ་དང་།དཔྱད་སྟོགས་ཀྱི་རིག་པ་དང་ཞིབ་ཚགས། ཡར་རབས་ཀུན་སྤྱོད་དང་བོད་གངས་ཅན་ན་བཞག་པའི་མཛད་རྗེས་སོགས་ཕྱོགས་གང་ནས་། དགེ་ཆོས་དང་་སྡུར་ན།། ཨ་ལགས་ཚེ་ཏན་ཚང་ཐང་དཀར་རྒོད་པོ་ཡིན་པའི་དབང་དུ་བཏང་ན་དགེ་ཆོས་ནི་བྱ་མ་ལེབ་ཙི་ལྟ་བུ་རེད། ཏུང་ཧོང་གི་འགྲེལ་བཤད་ལྟ་བུའི་ལོ་ཚིགས་ཆ་ཁ་ཡ་རྡེབ་ཅན་གྱི་དེབ་དཀར་དང་བོད་ཀྱི་མཁས་པ་དང་ལོ་རྒྱུས་གྱི་ལོ་ཚིགས་ཀུན་གསལ་བསྟན་རྩིས་ཀུན་བཏུས་གཉིས་སྡུར་དང་། དགེ་ཆོས་ཀྱིས་ཡོངས་སུ་གྲགས་པའི་སྤྱི་ལོ་ནམ་ཚུགས་ཙམ་ཡང་མི་ཤེས་བས་ལོ་རྒྱུས་ཇེ་ལྟར་ཤེས། ཚན་རིག་(ཐོག་མར་ཡོ་རོབ་གླིང་ནས་ཚན་རིག་ནི་གནམ་རིག་ལ་གོ)ལ་དགེ་ཆོས་ལས་ཨ་ལགས་ཚང་བརྒྱ་འགྱུར་གྱི་མཁས་པ་ཁོང་གིས་མཛད་པའི་འཛམ་གླིང་ཤར་ནུབ་ཀྱི་སྐར་རྩིས་སྐོར་རྩོམ་ཡིག་མཔ་པོ་ཡོད་པ་ལས་གསལ་བོར་ཤེས་བ་རེད། བརྡ་སྤྲོད་སྐོར་ལས་ཡང་ཨ་ལགས་ཚང་དགེ་ཆོས་ལས་མཁས་པ་ཆེན་པོ་རེད། དགེ་ཆོས་ལ་དེའི་ཕྱོགས་གང་ཡང་མེད་ལྰ། སམ་ཊི་ད་དང་ཚིག་སྤྱོར་དགེ་ཆོས་ཡག་པོ་ཡིན་བགྱི་རེད་བསམ། རྒྱོ་བཤད་བྱས་ནས་ཆང་འཐུང་ན་དགེ་ཆོས་ངར་བ་ཡིན་བགྱི་རེད། ད་དུང་དགེ་ཆོས་ལ་དམར་པོའི་དབང་བསྒྱུར་མ་ཡོང་པར་དམར་པོ་ཆགས་པ་དང་ཨ་ལགས་ཚང་དམར་པོའི་དབང་བསྒྱུར་འོག་ནས་དམར་པོ་མ་ཆགས་པས་སྡུར་ཐུབ་མེད་ཁ།
སྨྱིག་རྫོབ་འདི་མི་དྲང་མོ་ཟེར་ནོ་རེད་ཡ། ངས་དྲི་བ་བཀོད་པ་བཞིན་ལན་བཏབ་འདུག འོན་ཀྱང་ངས་ཚོགས་ཞིང་གི་ནང་དུ་སྒོམ་རྒྱུ་ཡིན་མིན་དྲིས་ཚེ། ཐང་ཀ་ནང་དུ་བྲིས་ཡོད་མེད་སྐོར་བཤད་ཀོ་གི དེ་ནས་ཆོས་བརྒྱུད་ཀྱི་ཐོག་ནས་ཞབས་བརྟན་བྱེད་མིན་དྲིས་དུས། གཏོ་ཆོས་དང་སྒྲུབ་ཆོག་སོགས་བྲིས་མེད་ལུགས་བཤད་ཀོ་གི འདི་ལྟར་ཤར་ནུབ་ངོ་མི་ཐུག་མ་རྐྱང་རྐྱང་བྲིས། གང་ལྟར་ང་ལ་བདེན་ཁ་བྱིན་པ་རེད། དགེ་ཆོས་བླ་མར་འདོད་པ་དག་གིས་རང་རང་གི་ཉིན་རེའི་སྐྱབས་འགྲོའི་སྐབས་སུ་སྐྱབས་འགྲོའི་ཚོགས་ཞིང་ནང་དུ་མི་སྒོམ་པ་ཁས་བླངས་ཚར་བ་རེད། འདི་འདྲའི་རྐྱེན་གྱིས་ངས་ཐོག་མར་བཤད་པ་ལྟར་གཞན་ཞིག་གིས་དགོས་དབང་ཅི་ཞིག་གི་དབང་གིས་ཤོག་བུའི་ཐོག་ཏུ་སྦྲང་མ་ཞིག་བྲིས་དེ་སྟག་རེད་ཅེས་བཤད་ནས་འདྲོགས་འགོ་བསླང་ནས་སེམས་ཅན་འདྲོགས་ལ་དགའ་བ་དེ་ཚོ་ལ་འདྲོགས་བསླངས་པ་རེད་ཟེར་གི་ཡོད། འོན་ཀྱང་འདྲོགས་སློང་མཁན་དེ་དང་འདྲོགས་སློང་བའི་དགེ་བ་རྩད་གཅོད་གི་ཡོད་མ་གཏོགས། འདྲོགས་པའི་སེམས་ཅན་དེ་ཚོ་རྩད་གཅོད་ཀྱི་མེད།
ཁྱོད་རང་གི་བསམ་བློ་ཐོངས་དང་། དགེ་ཆོས་ལ་ཆོས་ཕྱོགས་ན་བླ་མ་ཡོད་པ་འེ་རེད། ཁོང་གི་བླ་མ་སུ་རེད། ཁ་ཤས་ཀྱིས་ཁོང་ལ་དགེ་ལུགས་ཕྱོགས་ན་བླ་མ་ཡོད་པ་མ་རེད་ཟེར་གི་ཡོད་པ་རེད། དེ་བསྟོད་པ་ཡིན་འདོད་བསྡད་ཡོད་པ་རེད། འོན་ན་ཆོས་བརྒྱུད་གཞན་ན་བླ་མ་ཡོད་པ་འེ་རེད། ཁོང་གི་ཆོས་ཕྱོགས་ཀྱི་སློབ་སྦྱོང་དེ་ཆོས་བརྒྱུད་གང་ཞིག་ནས་རེག་པ་རེད། གདན་ས་མི་བཤད་ཟེར་ན་གདན་ས་བཤད་ཟེར་གི རིག་པར་འགྲན་ཟླ་བྲལ་བའི་དགེ་ཆོས་དེ་ཁྱོད་ཀྱི་གདན་ས་དེ་ནས་སློབ་སློབ་གཉེར་མ་གནང་བ་རེད། དེ་འེ་ཤེས། ག་རེ་བྱས་ནས་ཁྱོད་ཀྱི་གདན་ས་དེ་ནས་སློབ་གཉེར་མ་གནང་བ་རེད།
ཡ་ད་ས་ལེབ་ལེབ་དང་ས་ལོག་ལོག་བརྩད་ནས་ཐང་ཆད་ཡོད་རྒྱུ་རེད། ད་ངལ་ཞིག་གསོས་རྗེས་ཡང་དགེ་ཆོས་ཀྱི་རྩ་བའི་བླ་མ་སུ་ཡིན་རྩོད། “འཇིག་རྟེན་གྱི་འཚོ་བ་མ་ཚར་ན་འཇིག་རྟེན་གྱི་རྩོད་པ་ཚར་ནི་མ་རེད།”
ཨ་ལགས་ཚེ་ཏན་ཚང་ནི་ཆོས་ཕྱོགས་ནས་བཤད་ན་ཆོས་ཕྱོགས་ཀྱི་གསུང་འབུམ་སྐོར་བཤད་མ་དགོས། བླ་མའི་ཕྱོགས་ནས་བཤད་ན་ཡང་རང་ཉིད་ཀྱིས་ཁས་བླངས་ཤིང་དམ་བཅས་པ་དེ་ཚོ་དམར་བོའོ་ཚ་ཚ་འུར་འུར་འོག་ནས་མིག་འབྲས་བཞིན་སྲུང་པས་མདོ་སྨད་དུ་དགོན་པ་མང་པོར་དབང་ལུང་མན་ངག་གི་རྒྱུན་གནང་པས། ད་ལྟ་དགེ་ལུགས་ཀྱི་སྐྱབས་འགྲོའི་ཚོགས་ཞིང་དུ་ཡོད་པ་རེད། དེ་མིན་དགེ་ཆོས་ལ་སྙན་ངག་བསླབ་ས་དགེ་ཕྲུག་ཁ་ཤས་ཅིག་ཡོད་ན་མེད་ན་དེ་རེད། དེ་ཡང་སྐུ་དྲག་ཁ་ཤས་ཀྱི་བྱིས་པ་ཡིན་རྒྱུ་རེད། གདན་ས་ན་དགེ་ཕྲུག་མེད། ཁོང་སྐུ་དྲག་ཚོ་ལ་དེ་ལྟར་འབྱར་དོན་གང་ཡིན་ན་མི་ཤེས། མཁས་པ་དེ་འདྲ་ཅིག་ཡིན་ན་དེའི་སྐབས་སུ་དགེ་ཕྲུག་ཅིག་ད་ཡོད་ན་ལོས་འགྲིག
རེད། རེད། ཁོང་གཉིས་མི་མི་འདྲ་བ་གཉིས་རེད། མི་འདྲ་བའི་ཁྱད་ཆོས་དང་ཡོན་ཏན་ཡང་མི་འདྲ་བ་རེད། ཡིན་ནའང་ཁྱེད་རང་གིས་དམར་པོར་ཆགས་མ་ཆགས་ཀྱི་ཚད་གཞི་དེ་གཞི་ག་འདྲ་ཞིག་ལ་འཛིན་གི་ཡོད། དང་པོར་དེར་འགྲེལ་བཤད་ཅིག་རྒྱོབས་དང་། དམར་པོ་ལའང་འགྲེལ་བཤད་མགོ་མཇུག་ཚང་བ་ཞིག་གྱིས་དང་དེ་ནས་བཤད་ཆོག
ཡང་ངས་ཅིག་བཤད། ཨ་ལགས་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་བླ་བྲང་བཀྲ་ཤིས་འཁྱིལ་དང་རེ་གོང་རོང་བོ་དགོན། སྐུ་འབུམ་བྱམས་པ་གླིང་། དགེ་ལུགས་མ་དགོན་བྱ་ཁྱུང་བཅས་མདོ་སྨད་ཀྱི་དགོན་སྡེ་གྲགས་ཅན་མང་པོར་གསུངས་ཆོས་གནང་སྐབས་སློབ་བུ་གྲངས་ལས་འདས་པ་ཡོད་པ་རེད། གལ་ཏེ་དགེ་ཆོས་ལ་དེ་ལྟ་བུའི་གོ་སྐབས་རེག་རྒྱུ་འེ་རེད། སུ་ཞིག་གིས་ཁོ་ལ་ཉན་རྒྱུ་རེད།
ངས་དང་ཐོག་ནས་བཤད་ཡོད། རྩོམ་འདི་ལ་གོ་རྒྱུ་མི་འདུག་ཅེས་བཤད་ཡོད། གོ་གི་མི་འདུག་ཅེས་བཤད་ཡོད། བསྐྱར་བཤད་ཡང་བཤད་ཀྱི་ཐ་མ་འདི་ལ་བབས་པ་རེད། ལུང་ཚན་དང་ཆོས་ལུགས་ཀྱི་འཐེན་འཁྱེར་སྐོར་རེད།
སྔོན་གྱི་བསྟན་བཅོས་རྣམས་སུ་བསྟན་བཅོས་ཀྱི་དགོས་པ་དང་ཉིང་དགོས་ཞེས་བཤད་སྲོལ་ཡོད། ད་ལྟའི་ཆ་ལ་རྩོམ་ཞིག་འབྲི་བ་ན། དེའི་དགོས་པ་ཁ་གསལ་དགོས་ལ། ཕྱོགས་ཡོངས་ནས་བརྗོད་གཞི་གང་ཡིན་ལ་བརྟག་ཅིང་དཔྱད། དེའི་ནང་དུ་རང་གི་བསམ་ཚུལ་ཉུང་ཙམ་དང་། དཔྱད་བརྗོད་ཀྱི་ཁུངས་ལུང་མང་ཙམ་སོགས་དགོས་ཀྱི་ཡོད།
བློ་ཡོན་གྱི་རྩོམ་འདི་ནི་ ཁ་ཕྱོགས་མེད་པ་ཞིག་ཆགས་འདུག གལ་སྲིད་བོད་དུ་དུས་ངན་མ་བྱུང་གོང་ནས་གོ་ལ་རིལ་མོའི་བསྟན་བཅོས་ཡོད་པ་དེ་བརྗོད་གཞི་ཡིན་ན། ཕྱོགས་སྔ་ལ་རྗེ་རིན་པོ་ཆེ་དང་ས་པཎ་སོགས་སྔོན་གྱི་མཁས་པ་ཆེན་པོ་དེ་ཚོ་ཡང་ལེན་དགོས། དེ་ལྟར་ཡང་བྱས་མེད།
ཡུ་རོབ་ཀྱི་ནང་དུ་གོ་ལ་རིལ་མོའི་སྐོར་ལ་རྩོམ་ཞིག་སྤེལ་བ་ཡིན་ན། གོ་ལ་ལེབ་མོར་འདོད་པའི་སྐོར་ཆད་ཡོད་ལ། རྩོད་པ་འདི་ལ་བརྟེན་ནས་བྱུང་བའི་རྙོག་ཟིང་རིགས་ཀྱང་ཇེ་ཆུང་དུ་བཏང་ནས་བཤད་ཡོད། རྔ་བ་རྒྱལ་ཁམས་པས་ཀྱང་བརྗོད་གཞི་འདི་ལ་མི་འབྲེལ་མོད། ཡུ་རོབ་བམ་གི་རིག་གི་མཁས་པ་གྲགས་ཅན་ཚོའི་ལོ་རྒྱུས་སྒྱུར་རྩོམ་བྱས་པ་ཁ་བརྡ་ལ་ཡང་བཀོད་ཡོད། དེ་དག་སོགས་དཔྱད་གཞི་འཛིན་འོས་པ་གཅིག་ཀྱང་བཟུང་མེད།
དེས་ན། ཡར་བཤད་མར་བཤད་ཀྱི་མཐའ་མ་དེ་ནི། “དཀོན་མཆོག་གསུམ། ང་དགེ་འདུན་ཆོས་འཕེལ་ཟེར་མཁན་དེ་ལ་མི་དགའ། ཡུམ་དགའ་ན།” ཞེས་ངུ་ཅོ་འདོན་པ་ཞིག་ལས་ཅི་ཡང་མིན་པ་རེད། གོ་བ་མེད་པའི་གླང་རྒན་ལ།། ཞེས་སོགས་ཀྱི་ཐབས་ལས་གཞན་ཅི་བྱེད།
ཕྲན་ནི་ཐོས་ཆུང་ཁྲོན་པའི་སྦལ་བ་ཞིག་ཡིན། ཨ་ལག་ཚེ་ཏན་ཞབས་དྲུང་ཚང་གི་གསུང་གི་བགོ་སྐལ་ཞིག་གང་ནས་ ཁོང་ཚང་གི་ཐོན་མིའི་ཞལ་ལུང་ཡང་མཇལ་ཙམ་ཞིག་ཡིན རྩིས་ཀྱི་བསྟན་བཅོས་ཡོད་པ་རྣ་ཐོས་ཙམ། ཁོང་ཚང་གི་སྙན་ངག་གི་དེབ་ཞིག་ངག་སྐྱོར་བཏང་བ་འདྲ་ཞིག་དྲན། ད་ལྟ་དེབ་མིང་མི་དྲན་གི།
ད་གོང་ནས་ཞོར་འཕྲོས་སུ་དྲ་གྲོགས་ཚོས་ཁོང་ཚང་གི་སྐོར་ལ་མང་པོ་ཞིག་གླེང་ཡོང་བས་ཁོའི་མི་ཚེ་ལོ་རྒྱུས་སྙིང་བསྡུས་དང་བརྩམས་ཆོས་རྣམས་ཀྱི་མིང་ དང་དེ་རྣམས་ཀློག་འདོད་སྐོམ་པར་ཆུ་འདོད་ལྟར། ཤི་རེ་ཁོ། ཡིད་ཕངས་བ་ཞིག་ལ། བདག་གི་ཁྱིམ་ཕུག་ན་དབྱིན་ཇིའི་དཔེ་དེབ་གོབ་ཏོ་ཁ་ཤས་མ་གཏོགས་མེད་ལ། ང་སྡོད་སའི་གྲོང་ཁྱེར་འདི་ན་བོད་ཡིག་གི་དཔེ་མཛོད་ཁང་ཞིག་འདུག་མོད་ དེར་དཔེ་ཆ་ཕྱི་ལ་གཡོར་ལུགས་མེད་ཟེར། དཔེ་མཛོད་ཁང་དེ་གྲོང་ཁྱེར་འདིའི་དཔེ་མཛོད་ཁང་གཞན་རྣམས་དང་མི་འདྲ་ཟེར།
དགེ་ཆོས་ལ་ངོ་མ་ལྗགས་རྩོམ་རྡོག་མ་ཁ་ཤས་མ་གཏོགས་ཡོད་པ་མ་རེད། རྡོག་མ་ཁ་ཤས་མ་གཏོགས་མེད་ན་ར་རྡོག་མ་ཁ་ཤས་ཡོད་པ་དེ་མཁས་བླུན་གཉིས་ཀས་ལུང་འདྲེན་ཁུངས་ཤིག་ཆགས་འདུག་ག
དེ་མིན་ཅིག་ཅིག་ཅིག་ག་པོ་ཏི་བདུན་ཡོད་རེད། ཉིག་ཉིག་ཉིག་ག་པོ་ཏོ་བཅོ་བརྒྱད་ཡོད་པ་རེད་ཟེར་བ་མང་པོ་ཞིག་ཐོས་རྒྱུ་འདུག་སྟེ། མཁས་པ་མང་ཆེ་བ་གཅིག་མཚུངས་ལྟར། རྩ་བ་རེ་ལ་འགྲེལ་བ་རེ། དཔེ་ཁྲིད་རེ་ལ་ཟིན་བྲིས་རེ། བླ་མ་རེ་ལ་རྣམ་ཐར་རེ། ལྷ་རེ་ལ་བསྟོད་པ་རེ་དང་དེའི་སྒྲུབ་ཐབས་རེ། མི་མཐུན་པ་ཉུང་ཤས་རེ་ལ་དགག་ཡིག་རིང་ཐག་ཆོད་རེ། དཀའ་གནད་རེ་ལ་དྭོགས་དཔྱོད་རེ། དེའི་ཁར་རྒྱལ་རབས་ཆོས་འབྱུང་གི་དཔེ་ཆ་གཅིག སུམ་རྟགས་དག་གསུམ་གྱི་དཔེ་ཆ་རེ། སྙན་འགྲེལ་རེ། དེ་ནས་བླ་མ་དང་སློབ་མ་ཚོར་བསྐུར་བའི་ཕྲིན་ཡིག་ཚང་མ་བཅས་བྱས་ནས་ཡི་གེ་ན་ཡན་ཆད་གསུང་འབུམ་ནང་བཅུག་ནས་ངོ་མ་བཤད་ན་ལྗགས་རྩོམ་མང་པོ་ཡོད་པ་རེད། དེ་ཚོ་ངོ་མ་རླབས་ཆེ་བ་རེད།
ད་ངན་བཤད་བྱེད་མཁན་ཞིག་གིས་བཤད་ན། གོང་མ་གོང་མས་བྲིས་ཚར་ཡོད་པ་དེ་ཚོ་སྐྱར་ཟློས་བྱས་པ་ཙམ་དང་དེ་ལ་སྣ་བཙོར་སྣེ་བཙོར་རེ་བཏགས་པ་ཙམ་རེད། གོང་མ་གོང་མས་སྐྱུག་བཞག་པ་དེ་རྗེས་མ་རྗེས་མས་བཟས། ཡང་སྐྱུག ཡང་གཞན་གྱིས་བཟས་ཡང་དེས་སྐྱུག་པ་རེད་མི་ཟེར་བའི་ངེས་པ་ཡོད་པ་མ་རེད། དེ་འདྲ་བཤད་ན་ངོ་མ་ང་ཡིན་ན་ར་ཁོང་ཁྲོ་ཟ་ས་རེད།
དེའང་འདྲ་སེ་འདུག་ག གྲོགས་པོ་ཚོ། མཁས་པ་གོང་མ་རྣམས་ལ་ཕྱག་འཚལ་ལོ། གསུང་ལ་མངོན་པར་བསྟོད་དོ།
ཡ་ཡ། ད་ངས་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་གསུངས་བྱིན་རླབས་ཅན་ཞིག་ཁྱོད་ཚོ་ལ་ཕུལ། ད་ལུང་ཚན་དང་ཆོས་ལུས་ཀྱི་རྩོད་པ་དེ་རེ་ཞིག་བཞག་ནས་དགེ་བ་ཅུང་ཟད་གསོགས་འེ་ཐུབ་ལྟོས།
འཆི་ཁར་ཕན་པའི་གདམས་ངག་ཉམས་ལེན་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
བདེ་བ་ཅན་གྱི་མགོན་པོ་འོད་དཔག་མེད།། མཐོན་མཐིང་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས།། དགྱེས་འཛུམ་ཟླ་བའི་ཞལ་རས་བདག་ལ་སྟོན།། བྱིན་རླབས་བདུད་རྩིའི་དགའ་སྟོན་བདག་ལ་སྟོན།། ཚེ་མཇུག་དབུགས་ཐག་ཆད་པར་ཉེ་བའི་ཚེ།། མཚན་དཔེ་རྒྱན་ལྡན་ཁྱོད་སྐུ་བདག་དྲུང་དུ།། མངོན་སུམ་བྱོན་ནས་ཚེ་འདིར་མ་ཆགས་པར།། ང་ཡི་ཞིང་དུ་འགྲོ་ཞེས་གསུང་བར་ཞུ།། རང་ལུས་རྩ་ནས་ལྷོད་ཅིང་སོ་དྲག་ཆགས།། སྨིག་རྒྱུ་འདྲ་བའི་ཉམས་སྣང་འཆར་བ་སོགས།། ས་ཁམས་ཆུ་ལ་ཐིམ་པའི་རྟགས་བྱུང་ཚེ།། མ་སྐྲག་མ་འཇིགས་གསུངས་ཤིག་འོད་དཔག་མེད།། ཁ་སྣ་བརྫེས་ཤིང་ལྕེ་ཐུང་ཤེས་པ་ཚུལ།། དུ་བ་ལྟ་བུའི་ཉམས་སྣང་འཆར་བ་སོགས།། ཆུ་ཁམས་མེ་ལ་ཐིམ་པའི་རྟགས་བྱུང་ཚེ།། ཞལ་སྟོན་སེམས་གསོ་མཛོད་ཅིག་འོད་དཔག་མེད།། དྲོད་སྡུད་མདངས་ཤོར་ཤིག་འབྲོས་རླངས་པ་འཕྲོ།། སྲིན་བུ་མེ་ཁྱེར་ཉམས་སྣང་འཆར་བ་སོགས།། མེ་ཁམས་རླུང་ལ་ཐིམ་པའི་རྟགས་བྱུང་ཚེ།། ཆོས་སྒྲ་ལྷང་ལྷང་གསུངས་ཤིག་འོད་དཔག་མེད།། ལུས་ནི་ཤིགས་སེ་འཐོར་ཞིང་དབུགས་ཐག་ཆད།། མར་མེ་ལྟ་བུའི་ཉམས་སྣང་འཆར་བ་སོགས།། རླུང་ཁམས་རྣམ་ཤེས་ཐིམ་པའི་རྟགས་བྱུང་ཚེ།། དགྱེས་བཞིན་བསུ་མ་མཛོད་ཅིག་འོད་དཔག་མེད།། དེ་ཚེ་ཁྱོད་ཐུགས་འོད་ཟེར་ལྕགས་ཀྱུའི་རྩེ།། སྤྱི་གཙུག་ཚངས་བའི་བུ་གར་རབ་ཟུག་སྟེ།། བདག་སེམས་དབུ་མའི་ལམ་ནས་ཡར་དྲངས་ཏེ།། བདེ་ལྡན་པདྨའི་སྦུབས་སུ་སྐྱིལ་བར་མཛོད།། སྐད་ཅིག་དེ་རུ་ལུས་ཀྱི་སྐྱེ་མཆེད་རྫོགས།། ཐེག་ཆེན་རིགས་ཅན་ལྟ་བུའི་ལུས་བླངས་ཏེ།། ཁྱོད་ཞལ་མཇལ་ཞིང་ཁྱོད་གསུང་ཉམས་བླངས་ཏེ།། ཕྱིར་མི་ལྡོག་པའི་བྱང་ཆུབ་འཐོབ་པར་ཤོག། ཅེས་དམིགས་པ་གསལ་བའི་སྒོ་ནས་འོད་དཔག་མེད་པའི་མཚན་ཐུབ་ཚོད་དུ་བཟླ་ཞིང་བཟང་སྤྱོད་སྨོན་ལམ་གྱིས་རྒྱས་གདབ་པོ།། ཅེས་པ་འདི་ནི་འཁོར་ལོ་སྣ་ཁའི་དགེ་བསྙེན་མ་ཤེས་རབ་སྒྲོལ་མས་ནན་ཆེར་བསྐུལ་ངོར།། དན་ཏིག་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས་མདོར་བསྡུས་ཁ་གསལ་དུ་བྲིས་པའོ།། །།
འོ་རབ་གསལ་ལགས། གོང་གི་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་གསུང་འདི་རྩོམ་ཡིག་གི་ནང་དུ་བཀོད་ཐུབ་ན་བཀོད་རོགས་ཞུ། ཁྱོད་ཀྱི་ཁ་བྱང་སྟེང་དུ་བསྐུར་ན་ཡང་མི་འགྲོ་གི མཆན་གྱི་སྟེང་དུ་བཞག་ན་ཅུང་མི་འོས་པར་སེམས། འདི་ལ་དཔྱད་པ་བྱས་ན་བྱེད་རྒྱུ་མང་ནི་རེད། འཆི་བ། བར་དོ་སྐྱེ་བ་གསུམ། ས་ཆུ་མེ་རླུང་འཐིམ་རིམ་སོགས།
ད་དེ་ཚོ་གཡུག་ཞོག སྒྲུང་ཞིག་བཤད་ནས་ཉལ་གི་ཡིན། སྔོན་མ་ཞིག་ཞང་སྟོན་བསྟན་པ་རྒྱ་མཚོའམ་ཞང་འདས་ཐབས་མཁན་རིན་པོ་ཆེ་ཚང་མར་རྡོ་སྦས་ཕྱོགས་སུ་ཕེབས་སྐབས་འདི་འདྲ་ཞིག་གསུངས་ཡོད་པ་རེད། ཚང་མ་བློ་ཐོག་ན་མི་འདུག གོ་རིམ་ནོར་ཡོད་ན་ཐང་།
ལམ་བྲག་འཕྲང་བར་དོའི་འཕྲང་ལམ་འདྲ།། རི་ཤ་ཁྲག་དམར་གྱི་གཏོར་མ་འདྲ།། ཐང་སྐམ་པོ་རྩྭ་མེད་ཆུ་མེད་ལ།། ཡུལ་ཀླ་ཀློའི་གྲོང་ཁྱེར་དུ་མས་ཁེངས།། མི་དབུལ་བོ་ཡི་དྭགས་མངོན་སུམ་སྣང་།། དུས་དེ་རིང་དམྱལ་བར་སྐྱེས་སམ་སྙམ།། ས་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་དྲན།། ཞིང་སྦྱོངས་བའི་སྨོན་ལམ་ཡང་ཡང་བཏབ་གསུངས་ཡོད་པ་རེད།
རྗེས་སུ་གུང་ཁྲན་གྱིས་རྨ་ལྷོའི་ལྷོད་རྒྱུད་ཀྱི་ཆིང་ཝང་ལ་ཡིག་འབྲེལ་ཐེངས་མ་བདུན་བྱས་འབྲས་དང་། གྲོས་ཆོད་དོན་ཚན་བཅུ་བདུན་པར་མིང་རྟགས་བཀོད་རྗེས། ༡༩༥༢ ལོར་གཞི་ནས་རྡོ་ཡས་དགེ་བཤེས་ཀྱིས་རྒྱའི་ལས་བྱེད་སྐོར་ཅིག་ཁྲིད་ནས་ཐེངས་དང་པོར་སོག་པོར་འབྱོར་བ་རེད། དེ་སྐབས་དགེ་བཤེས་ཚང་ནས་ཞང་འདས་ཚང་གིས་ས་རྩེ་གཞུང་སྐྱིད་པའི་སྨན་ལྗོངས་དྲན་གསུངས་པ་རེད་དེ། དྲག་དྲག་ག་བྲ་ས་མང་ག་གསུངས་པ་རེད་ཟེར། རྗེས་ནས་ཨ་ལགས་ཞབས་དྲུང་ཚང་གིས་ཀྱང་ཁོང་གི་རང་རྣམ་ནང་གོང་རྩོམ་ལ་ལན་ཤོ་ལོ་ཀ་འགའ་ཤས་ཤིག་བྲིས་ཡོད་པ་རེད། སྔོན་མ་ཞིག་ལ་ཡག་པོ་ཡོད་ན་ར་ད་ལྟ་ཁྱོད་ཀྱི་ཕ་ཡུལ་ལ་ཡང་ལྟ་ཉིན་མེད་པ་ལྟ་བུ་ཞིག་བྲིས་ཡོད་པ་རེད། གོང་རྩོམ་དེ་ཁོང་རྣམ་པ་ཚོའི་ཐུགས་ལ་ཅུང་ཕོག་ཡོད་པ་འདྲ།
ད་ངས་འདི་ནས་བཤད་རྒྱུའི་སྙིང་བོ་ནི་བོད་མི་ཚོས་ས་ཆ་ལེགས་ཉེས་ལ་ལྟ་སྟངས་དེ་རྩྭ་ཡོད་མེད་ཀྱིས་ལྟ་བ་དེ་རེད། ངས་ཀྱང་སྔོན་རེབ་ཀོང་སོགས་བརྒྱུད་ནས་འགྲོ་སྐབས་འདི་འདྲ་ས་ཆ་སྐྱོ་བོ། མུག་ས། རི་མགོ་ན་རྩྭ་ཡང་མེད་པ་འདི་འདྲ་བསམ་མྱོང་།
རྗེས་སུ་ང་ཕ་ཡུལ་ལ་འགྲོ་སྐབས། དགུ་རོང་བརྒྱུད་ནས་མར་གང་མཚམས་ནས་ངལ་གསོ་ཞིག་བྱས་ཏེ་ལ་ལྟ་ལུང་ལྟ་ཞིག་བྱས་པར། ཚོས་གཞི་དམར་པོ། དམར་སེར། དམར་སྐྱ། ངུར་སེར་སོགས་ཁ་དོག་འདྲ་མིན་དང་། ཡིད་ཀྱི་དབང་བོ་ཅིག་ཅར་དུ་འགུགས་པར་བྱེད་པའི་རི་བོ་དབྱིབས་དང་ཆེ་ཆུང་འདྲ་མི་འདྲ་མང་པོ་ཕྱི་རིམ་ནང་རིམ་གྱིས་ཀྲོང་ངེར་འགྱིང་བ་ལག་བཟོ་མཁས་པ་ཞིག་གིས་བསམ་བཙུགས་ནས་བཀོད་པ་འདྲ་བ་དེ་ཚོ་མཐོང་ནས་དར་ཅིག་ལ་ཡོངས་སུ་བཟི་བར་གྱུར།
དེ་ནས་བཟུང་སྟེ་ས་ཆའི་བཟང་ངན་ཟེར་བ་དེར་ངས་སྐྱར་དུ་བསམ་བློ་གཏོང་དགོས་ཆགས་སོང་། ད་ཚང་མ་གཟིམས་འཇགས་གནང་གོ
ད་དུང་སྣང་མཆེད་ཐོབ་གསུམ་འཆར་སྟངས་སོགས་ རྟོགཔ་བརྒྱད་ཅུ་འགག་སྟངས་སོགས ཚང་མ་འགོད་རོགས
ཟླ་མེད་གཟེ། ཁྱོས་ཁོང་ཚང་གི་ནང་ཆོས་སྐོར་མ་ཡིན་པའི་གསུང་རྩོམ་རྣམས་ཀྱི་་མཚན་བྱང་འདིར་འགོད་རྒྱུ་ཐུགས་རྗེ་གཟིགས།
དགེ་འདུན་རབ་གསལ་ལགས་།་
གཅིག་།་་གོ་རྒྱུ་ཡོད་མེད་དེ་།་བློ་ལྡན་་གཟུ་བོ་ཡོད་པ་དག་གིས་བཤད་རྒྱུའི་རྒྱུ་ཞིག་ལས།་ངེད་གཉིས་ཀྱི་རྩོད་ན་ཅི་ཡང་ཡོང་གིན་མ་རེད་།་ཅི་ཕྱིར་ཞེ་ན་།་ངས་ག་རེད་ལབ་ཀྱང་ཁྱེད་དེ་ལ་གོ་རྒྱུ་མི་འདུག་།་གོ་གི་མི་འདུག་ཅེས་ལབ་གིན་རེད་།་རྩོད་མཐའ་ཨུ་ཐུག་ན་།་སྐད་ཆ་དེ་ལབ་ཀྱིན་ཡིན་པ་ངས་ཀྱང་སྔོན་ནས་་བསམ་ཡོད་།་ཐོག་མ་ཉིད་ནས་ཁྱོད་ཀྱིས་ངེད་ཀྱི་བཤད་པའི་སྐད་ཆ་ཐམས་ཅད་གོ་རྒྱུ་མེད་པ་ཤིག་ཏུ་ཐག་བཅད་འདུག་།་སྤྱིར་བཏང་ཁྱོད་ཀྱིས་དངོས་གནས་དེ་འདྲའི་བསམ་ཡོད་ན་།་སྔོན་དུ་ངེད་གཉིས་ཀྱི་བར་ལ་བྱུང་བའི་སྐད་ཆ་བཤད་པ་དེ་དག་ཡང་གོ་རྒྱུ་མེད་པ་ཤིག་གི་གོ་རྒྱུ་མེད་པ་བཟོས་བ་ལས་གཞན་ཅི་།་
གཉིས་།་་ཁྱེད་ཀྱིས་”བསྐྱར་བཤད་ཡང་བཤད་ཀྱི་ཐ་མ་འདི་ལ་བབས་པ་རེད། ལུང་ཚན་དང་ཆོས་ལུགས་ཀྱི་འཐེན་འཁྱེར་སྐོར་རེད”་ཅེས་ངས་མགོ་ལ་ལུང་ཚན་དང་ཆོས་ལུགས་འཐེན་འཁྱེར་གྱི་གཏམ་ཆེན་པོ་ཤིག་འཇོག་བསམ་ན་།་ཁྱེད་རང་རྩ་བ་ཉིད་ནས་ནོར་འདུག་ལ་།་་་སྐད་ཆ་འདི་འདྲ་ཤིག་མི་བཤད་པའི་རེ་བ་ཡོད་།་ངས་ཆོས་ལུགས་དང་ལུང་ཚན་གྱི་་སྐོར་གྱི་སྐད་ཆ་གཅིག་ཀྱང་བཤད་མེད་ལ།་་ཁ་ཅིག་གི་དགེ་ལུགས་དང་རྙིང་མ་།་རྡོ་སྤིས་དང་རེབ་གོང་།་བླ་བྲང་སོགས་མང་པོ་ཤིག་གླེང་གི་འདུག་ཡང་།་ངས་དེའི་སྐོར་ལ་སྐད་ཆ་གཅིག་ཀྱང་བཤད་མེད་པ་མ་ཟད་།་འཛམ་གླིང་རྒྱས་བཤད་ཀྱི་དོགས་སློང་གི་སྐབས་སུ་གྲུབ་མཐའི་རྩོད་གླེང་གི་སྐོར་ལ་སུན་འབྱིན་བྱས་མྱོང་།་་མཆན་ཚང་མ་ཀློག་དང་གསལ་བོ་ཧ་གོ་ཡོང་གིན་རེད་།་
གསུམ་།་ངས་དགེ་ཆོས་ཕྱོགས་སྔ་བཟུང་ནས་།་སྒྲུབ་བྱེད་དང་བཅས་གསལ་བོ་བཀོད་ཡོད་།་དེ་ལ་བསྐྱར་ཏུ་ཀློག་དགོས་དོན་མི་འདུག་།་་མདོར་ན་།་ཁྱེད་རང་གིས་བཤད་པ་བཤད་པ་བཞིན་།་དོན་གྱི་རྡོག་རྡོག་པོ་འདི་འདྲ་རེད་།་”དཀོན་མཆོག་གསུམ་།་དགེ་འདུན་ཆོས་འཕེལ་མཁས་བ་ཡ་མཚར་བ་།་ས་སྟེང་ན་དཀོན་པ་ཞིག་མ་རེད་ན་།་ཁོང་བོད་ཀྱི་དགེ་ཆོས་རེད་ཡ་”་ཞེས་སྐད་ཆེན་པོ་ཞིག་རྒྱག་རྒྱུ་ཡིན་པ་ལས་།་རྒྱུ་མཚན་ཅི་ཡང་དྲངས་རྒྱུ་མེད་པ་གོང་གི་མཆན་དག་ལས་གསལ་བོར་ཤེས་ཡོང་གིན་རེད་།་དེ་བས་།་་གླེན་པ་ལྕགས་ཀྱི་མཆུ་ཅན་ལ་།་་་་་་ཞེས་གསུང་ཡོད་པ་མ་ཡིན་ནམ་།་
རི་སྤྱང་ཁེར་འགྲོ་ལགས། ངས་ཨ་ལགས་ཚང་གི་ནང་ཆོས་སྐོར་མ་གཏོགས་གཞན་དག་མང་པོ་ཅིག་ཀློག་མ་མྱོང་། ངའི་ཀློག་མྱོང་བའི་ནང་ཆོས་སྐོར་མ་ཡིན་པའི་དཔེ་དེབ་ནི། དན་ཏིག་གི་ལོ་རྒྱུས། བླ་ཆེན་དགོངས་པ་རབ་གསལ་གྱི་ལོ་རྒྱུས། བསྟན་རྩིས། རྩིས་དཔེ་སྐོར། སུམ་རྟགས་ཐོན་མིའི་ཞལ་ལུང་། དག་ཡིག་ཐོན་མིའི་དགོངས་རྒྱན། ༼དག་ཡིག་འདི་ནི་ཁོང་དགོངས་ལོ་ཆུང་ཆུང་སྐབས་སུ་གསུངས་པ་རེད། མཚོ་སྔོན་བོད་སྐད་རྒྱང་བསྒྲགས་ན་རེབ་གོང་སྔགས་པ་ལྷ་མོ་སྐྱབས་ནས་དག་ཡིག་ཁྲིད་སྐབས་འདི་ལྟར་ཁྲིད་ཀྱི་རེད། ཛག་དང་འཛགས་དང་མཛགས་རྣམས་ནི། ཟེར་ནནནན ཡིན་རྒྱུ་ན། ཡིན་རྒྱུ་ན། ཡིན་རྒྱུ་ན། ཨ་ལགས་ཚང་གི་དག་ཡིག་ཐོན་མིའི་དགོངས་རྒྱན་ནང་ནནནནནནནན ཅེས་ལུང་དྲང་གི་བསྡད་ཡོད་པ་དེ་རེད།༽ ཁ་ཏི་ཀའི་དགོན་པའི་རྗེ་ཞལ་ཐང་རྗེ་རིན་པོ་ཆེའི་ཕྱག་བསྟར་མའི་ལོ་རྒྱུས། ༼འདི་དེང་སང་བོར་བརླགས་སུ་སོང་ཡོད་སྐད༽ འདི་ཚོ་ང་ཆུང་ཆུང་སྐབས་སློབ་གྲྭ་འགྲོ་དུས་གློག་མྱོང་། དེ་མིན་ནང་ཆོས་སྐོར་ལ་ལམ་རིམ་སྐོར་ཁོང་གིས་གཙོ་བོ་བྱས་ནས་བྲིས་འདུག དེབ་ཆེན་པོ་ཁ་ཤས་འདུག གལ་ཏེ་ནེའུ་ཡོག་ན་ཡོད་ན་ལབ་ཙེ་ཚང་ནས་དཔར་གློག་བརྒྱབ་ན་ཐེངས་རེར་ཤོག་གྲངས་ཁ་ཤས་རེ་རྒྱག་བཅུགས་གི་འདུག དེ་མིན་དེབ་རང་དགོས་ན་བ་ཡེ་མ་ཆི་སྤྱོད་པ་ཐར་ལ་འབྲེལ་བ་བཟུང་ན་ཁོང་གིས་ཡག་པོ་བྱས་ནས་ལེན་ཐུབ་གི་འདུག ང་ལ་གསུངས་འབུམ་ཆ་ཚང་ཅིག་ཡོད་པ་ནེའུ་ཇར་སེ་ཆོས་ཚོགས་ཅིག་ནས་དགོས་ཟེར་ནས་ཨུ་ཚུགས་བརྒྱབ་པས་དེ་གའི་དཔེ་མཛོད་ལ་བཞག་ཚར་བ་ཡིན།
ཟླ་མེད། ཨ་ལགས་ཚེ་ཞབས་ཚང་ལ་སྐྱབས་སུ་མཆི། ཁོང་དངོས་གནས་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ལ་སྐུ་དྲིན་ཆེན་པོ་ཡིན་པས། དད་པ་ཟེར་བ་ཞིག་རྡ་ལོག་སྲེད་ཅན་ང་ལྟ་བུ་ལ་ཡེ་མེད་ཀྱང་། ཁོང་ལ་དགའ་ཞེན་ཚད་མེད་ཡོད་པ་ཡིན། དེར་བརྟེན་ངས་ཁོང་ལ་ཅི་ཡང་ཞུ་མི་ཤེས་ལ་ཞུ་འདོད་ཀྱང་མེད། སྙིགས་མའི་དུས་འདིར་བྱུང་དཀའ་བ་ལྟ་བུའི་བཙུན་པ་ཆེན་པོ་རེད། མཁས་པ་ཆེན་པོ་ཡང་རེད། ངས་ག་དུས་ཡིན་ཡང་ཡག་པོ་ཚོ་ཡག་པོ་རེད་ཅེས་ཞུ་གི་ཡོད། དོལ་འདྲེ་ལ་ཡང་དགག་པ་གནང་ཡོད་པས་ཁོང་བླངས་དོར་མཁྱེན་པའི་མི་རེད། ཨ་ལགས་ཚེ་ཞབས་ཚང་གི་ཐོག་ནས་ཁྱོད་ལ་བདེན་ཁ་བྱིན་རྒྱུ་བྱོས། འོན་ཀྱང་ཁྱོད་དང་བློ་ཡོན་གཉིས་ཀྱིས་དགེ་ཆོས་ཀྱི་སྒང་ལ་རོ་ཞིག་བཀལ་ས་ཨེ་རག་དང་། རྡོ་ཞིག་འདོག་ས་ཨེ་རག་བལྟ་གི་འདུག་པ་དེ་ངས་ཆོས་ལུགས་དང་ལུང་ཚན་གྱི་སྙིང་ནད་ཅིག་ལས་གཞན་ལ་ངོས་འཛིན་བྱེད་ཀྱི་མེད། གང་ཡིན་ཟེར་ན་ང་ཡང་མི་སྐུགས་པ་ཞིག་མ་རེད། དེར་བརྟེན་ངས་ཁྱོད་གཉིས་ལ་ཆོས་ལུགས་དང་ལུང་ཚན་གྱི་སྙིང་ནད་རྩོད་རྒྱུའི་གོ་སྐབས་བཙལ་ནས་སྔོན་གྱི་དམ་པ་གོང་མ་སྐུ་དྲིན་ཅན་ཚོར་སྐུར་འདེབས་མ་བྱེད་ཟེར་གྱི་ཡོད། དགེ་ཆོས་ཀྱི་མ་གཟིགས་པའི་ཡིག་ཆ་རེ་མཐོང་ནས་དགེ་ཆོས་ཀྱི་གསུང་ལ་དགག་པ་བྱས་ན་དེ་ལོས་ཡིན། དེ་མིན་དགེ་ཆོས་ཉུལ་མ་རེད། དགེ་ཆོས་གུང་ཁྲན་གྱི་ཕོག་ཟན་རེད། དགེ་ཆོས་ཀྱི་པགས་པ་བཤུ་གི་ཡིན། དགེ་ཆོས་མགོ་མི་ཚོས་མཁན་རེད། དགེ་ཆོས་ཧམ་པ་བཤད་མཁན་རེད། དགེ་ཆོས་འཆལ་གཏམ་སྤེལ་མཁན་རེད། དགེ་ཆོས་བོད་མི་གཅམ་བུ་རྣམས་ལ་བསླུ་བྲིད་གཏོང་མཁན་རེད། དགེ་ཆོས་མ་ཤེས་ཤེས་ཁུལ་བྱེད་མཁན་རེད། དགེ་ཆོས་ལོ་རྒྱུས་ཏིལ་འབྲུ་ཙམ་ཡང་མ་མཐོང་མཁན་རེད། དགེ་ཆོས་ལ་བསྟོད་བསྔགས་བྱེད་མཁན་རྣམས་དམར་སྲུང་དམག་མི་ཟེར་བ་སོགས་ནི་མངོན་སུམ་ལ་བསྙོན་འདིང་བ་དང་། བསམ་བཞིན་སྙོག་དྲ་བཟོ་བའི་གཏམ་རེད། དགེ་ཆོས་ནི་ཁྱོད་གཉིས་ལས་མཁས་པ་དང་། ཁྱོད་གཉིས་ལས་བོད་ཞེན་ཆེ་བའི་མི་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ད་དུང་དགེ་ཆོས་མཆོག་ནི་གྲྭ་བ་བྱེད་མ་ཐུབ་མཁན་ཞིག་ཡིན་པ་ལས། གཞན་དགེ་ཆོས་མཆོག་ལ་བོད་སྡེ་བ་གཞུང་གིས་ཀྱང་སྐྱོན་ཅི་ཡང་འཛུག་རྒྱུ་རྙེད་མེད་ལ། ཁོང་གི་གསུང་རྩོམ་རྣམས་ཀྱི་ནང་དུ་ཡང་། བོད་ཞེན་དང་གཟུར་གནས་ཀྱི་གཏམ་ཁོ་ན་མ་གཏོགས་སྡུག་ཕྱོགས་ནས་འཇུ་ས་སྣེ་གཅིག་ཀྱང་(རྡོ་ཤེར་གྱི་སུག་བྲིས་ལྟ་བུའི་)ཐོན་རྒྱུ་མེད་པ་རེད། དེར་བརྟེན་མི་འོག་མ་ཞིག་གིས་མི་གོང་མ་ཞིག་ལ་སྐྱོན་འཛུགས་པ་ནི་ཆུ་ལ་རྣག་ཏུ་སྣང་བའི་ཡི་དྭགས་ཀྱིས་མིས་ཆུ་རུ་མཐོང་བ་ལ་སྐྱོན་འཛུགས་པ་ལྟ་བུ་ཞིག་ལས་མེད་པས། རང་གིས་རང་ཉིད་མ་གཞོག་ན་ཡག་གི་རེད་ལ། རང་གིས་རང་ཉིད་མ་གཏུབ་ན་ཡག་གི་རེད་བསམ། ད་གཡུགས་ཞོགས། ཉལ་རྒྱུ་ཡིན། སང་ཉིན་ཐུག་ཡོང་།
གོང་གི་ངས་དྲངས་པའི་ཨ་ལགས་ཚང་གི་བར་དོ་གསོལ་འདེབས་དེའི་སྣང་མཆེད་ཐོབ་གསུམ་དང་། སྐྱེ་ཤི་བར་དོ། སྐུ་གསུམ་ལམ་ཁྱེར་གྱི་ཉམས་ལེན་ལ་སྦྱར་ནས་དེང་སང་གདན་ས་གསུམ་དང་། རྒྱུད་གྲྭ་སྟོད་སྨད་སྲད་རྒྱུད་སོགས་ན་སྔགས་ཀྱི་འཆད་ཉན་ཟུར་རྒྱན་དུ་བཀོད་ཀྱི་ཡོད་པ་རེད།
འོ་ད་རུང་དྲང་ངེས་ཀྱི་དཀའ་གནད་ཅིག་ཡོད། དེ་ནི་དཔར་ལ་བཏབ་ཡོད་མེད་མི་ཤེས། སྔོན་མ་དམུ་དགེ་བསམ་གཏན་ནས་དོགས་འདྲི་ཞུ་སྐབས་ཅིག་ལ་སྡེ་ཚ་དགོན་པའི་དགེ་བཤེས་ཞོ་འཕུང་ཕུན་ཚོགས་དར་རྒྱས་དང་མཉམ་དུ་བགྲོ་གླེང་གནང་ནས་བྲིས་པ་རེད། དགེ་བཤེས་འདི་བ་ཚང་ལ་སྡེ་ཚ་དགོན་པ་ནས་ཨ་ཁུ་ཞོ་འཕུང་ཅེས་འབོད།
མྱིག་རྫོག་།་ད་ཁྱོད་ནས་གཉིད་ནས་སད་ཡོང་བ་འདྲ་།་ཁྱེད་ཀྱིས་དངོས་གནས་དཀའ་ལས་མང་པོ་མྱོང་ཡོད་ཀྱིན་རེད་།་རྒྱ་མ་དང་རྒྱ་མ་བྱས་ནས་ཚད་།་དེ་མི་ཚད་ཕར་གཡུག་ཚུར་གཡུག་་སོགས་བྱེད་དགོས་ནི་རེད་།་་དེ་རིང་ངས་གོང་དུ་བཤད་པ་ཕྱག་གཉིས་བའི་ཁྱེད་ལ་རོགས་པ་བྱས་སོང་བས་།་ཁྱེད་གཉིད་ཡག་པོ་ཤིག་ཁུགས་ཡོད་པ་འདྲ་།་དེ་མིན་།་ཁྱེད་རང་གི་དགེ་ལུགས་དང་རྙིང་བ་བར་གྱི་གྲུབ་མཐའ་བརྩད་།་དགེ་ཆོས་དང་་ཤེར་རྒྱམ་གཉིས་ཀྱི་བཟང་ངན་བརྩད་།་བླ་བྲང་དང་རེབ་གོང་གཉིས་ཀྱི་བར་གིན་ས་རྩོད་ཆུ་རྩོད་བྱས་།་་ང་རྡོ་སྤིས་བློ་བཟང་ཡོན་ཏན་དང་བོད་པ་གཉིས་ཀྱི་་ཁྱད་པར་བརྩད་།་་རྩ་བ་ཁྱེད་རང་གི་མིག་ནང་གི་རྡོ་སྤིས་བློ་བཟང་ཡོན་ཏན་དང་རང་་གི་སེམས་ཁོང་གི་དགེ་ཆོས་་གཉིས་ཀྱི་ཁྱད་པར་བརྩད་ནས་གཉིད་ཡང་མ་ཐུབ་།་དྲི་མ་དང་།་ད་དུང་ཡང་ང་ལ་ལན་ཤིག་རྒྱག་ཁུལ་བྱ་བཞིན་པ་ལ་དངོས་གནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་།་ཡིད་བརྟན་འཕེར་བའི་དམག་ཟེར་ན་ཁྱེད་ལྟ་བུ་ཤིག་ལ་གོ་དགོས་བ་ལས་གཞན་སུ་ལ་བཀོད་།་་མུ་མཐུད་དུ་གྱིས་དང་ཞེས་ལབ་བསམ་པ་དེ་ཡིན་།་
ཕྱག་གཉིས་བ་ལ་།་ང་སྐད་ཆ་ཅི་ཡང་མེད་།་ཁོང་གི་ལན་བོད་ཀྱི་དམར་སྲུང་དམག་མི་དག་ལ་ཕུལ་བ་ཞེས་བའི་དེའི་ནང་དུ་འགོད་རྒྱུ་ཡིན་པས་།་དེ་རུ་གཟིགས་པར་ཞུ་།་
ཞང་བཙུན་བསྟན་པ་རྒྱ་མཚོ་་མཆོག་།་རྡོ་སྤིས་ནས་་ཡ་རྫི་མཁར་བརྒྱུད་ནས་དགོན་ལུང་དུ་འགྲོ་དུས་་།་ང་ཚོ་རྡོ་སྤིས་ཡུལ་གྱི་རི་དང་།་ཟ་ལར་དེ་ཚོ་མཐོང་དུས་མགུར་་དེ་ལྟར་ཅིག་གསུང་་ཡོད་པ་རེད་།་རི་ཐམས་ཅད་དམར་ཆེན་གཏོར་མ་ལ་།་མི་ཐམས་ཅད་ཡི་དགས་མངོན་སུམ་རེད་ཅེས་གསུང་ཡོད་པ་རེད་།་ཕྱིས་སུ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་འདི་བློ་ངོར་མ་བདེ་བར་འདི་དང་འགལ་བའི་མགུར་ཞིག་ཀྱང་གསུང་ཡོད་པ་རེད་།་
མི་ངན་པའི་ཁ་སློང་ན་ཞག་གསུམ་ལ་གཉིད་མི་ཁུག་ཟེར་བ་ལྟར། སྐབས་འདིར་བློ་ཡོན་དང་བོད་པ་ཟེར་བ་སོགས་ཡ་མ་བྱས་ན་ཡག་ཤོས་རེད། འོན་ཀྱང་ཉུང་ཙམ་འབྲི་གི་ཡིན། ཁོང་གཉིས་དགེ་ཆོས་ལ་གསུངས་རྩོམ་མང་པོ་མེད་པ་སོགས་རྒྱུ་མཚན་བགྲང་ཁུལ་གྱིས་དགེ་ཆོས་མཁས་པ་མ་ཡིན་པ་དང་། བྱས་རྗེས་མེད་པར་བསྒྲུབ་ཁུལ་བྱེད་ཀྱི་འདུག དེ་ནི་མིག་ཕྱེ་ནས་བྲིས་པ་འདྲ་བོ་མི་འདུག དགེ་ཆོས་ཀྱི་གསུངས་རྩོམ་ཁག་ཁོང་དགོངས་ལོ་སུམ་ཅུའི་སྨད་དང་བཞི་བཅུའི་སྟོད་ཙམ་ལ་བྲིས་པ་རྐྱང་རེད། མདོར་བསྡུས་ན་དགེ་ཆོས་ལ་ལོ་ངོ་ལྔ་དྲུག་ཙམ་ལས་མཁས་རྟགས་སྟོན་མ་བཅུག་པ་དང་གསུངས་རྩོམ་མང་པོ་འབྲི་རྒྱུའི་གོ་སྐབས་ཐོབ་ཡོད་པ་མ་རེད། མཐའ་ན་དེབ་དཀར་གྱི་མཇུག་ཡང་འབྲི་རུ་མ་བཅུག་པར་ཤོག་སྨྱུག་འཕྲོག་ནས་བཙོན་དུ་ཁྲིད་སོང་བ་རེད། དེབ་དཀར་གྱི་མཇུག་གི་ཚིག་བཅད་འགའ་བཙོན་ཁང་ནས་བྲིས་པ་རེད་ཟེར། དེའི་ཕྱིར་དགེ་ཆོས་ལ་གསུངས་རྩོམ་མང་པོ་ཚེ་ཏན་ཞབས་དྲུང་འདྲ་བོ་མེད་པ་དགེ་ཆོས་རང་གིས་མ་འཇོན་པ་མ་ཡིན་པར། ཁྱེད་རང་ཚོ་འདྲ་བོ་དགེ་ཆོས་ལ་མི་དགའ་མཁན་ཚོས་ཁོང་གི་སྐུ་སྲོག་འཕྲོག་སོང་བ་རེད། མི་བསད་ཚར་རྗེས་ད་དུང་ཁོང་རྩོམ་མང་པོ་བྲིས་མི་འདུག་ཟེར་ནས་དགག་པ་ནི་མ་རབས་རང་རེད། རང་སྲོག་ཀྱང་གཞན་དབང་དུ་ཤོར་ཟིན་པ་ཞིག་གིས་རང་དབང་ལྡན་པའི་རྩོམ་ཡིག་འདྲ་འབྲི་ཐུབ་བམ།
དགེ་ཆོས་ཀྱི་མི་ཚེའི་མགོ་བཙུགས་པ་དང་བློ་ངན་མང་པོ་ཞིག་གིས་སྔར་བོད་དུ་བྱོན་མ་མྱོང་བའི་ཁོང་གི་མཁྱེན་དཔྱོད་ཀྱི་གཟི་བྱིན་མ་བཟོད་པར་བཙོན་དུང་དུ་བཅུག་པ་རེད། ཡག་པོ་བསམ་ན་དགེ་ཆོས་ལ་ལོ་གཉིས་གསུམ་ཞིག་ལས་རྩོམ་ཡིག་འབྲི་ལོང་བྱུང་མི་འདུག ཁོང་གྲོངས་དུས་ཀྱང་དགོངས་ལོ་ལྔ་ཅུ་ཟིན་ལ་མ་ཟིན་ཙམ་ཡིན་འདུག མི་ཚེའི་བཟང་སྒང་ལ་བཟད་བཞག་པ་རེད། ད་ཡོད་ཀྱི་ཁོང་གི་གསུངས་རྩོམ་འགའ་རེ་ཁོང་གིས་པོ་ཏ་ལའི་ཞོལ་གྱི་བཙོན་ཁང་ནང་བྲིས་པ་ཡིན་འདུག
དགེ་ཆོས་དགོངས་ལོ་བཞི་བཅུའི་ནང་དུ་གསུངས་རྩོམ་འབྲི་འགོ་བཙུགས་པ་དང་ཤོག་བུ་དང་སྨྱུ་གུ་དང་ཡིག་ཆ་ཚང་མ་ལག་ནས་འཕྲོག་ཏེ་བཙོན་དུ་བཅུག་ཏེ་བསད་ཚར་བ་རེད། འདི་ན་ད་དུང་བསད་ཚར་བའི་དགེ་ཆོས་རོ་ལའང་ཞེད་སྡང་ཆེན་པོས་འཐབ་རྩོད་བྱེད་སྟངས་ལ་ལྟོས་ན་དམར་སྲུང་དམག་ངོ་མ་དེ་སུ་ཡིན་ཁས་བླངས་འདུག རོ་ལ་འཐབ་རྩོད་བྱེད་མཁན་དེ་དམར་སྲུང་དམག་བློ་ཡོན་ལྟ་བུ་ཚོ་རེད།
ད་ཡིན་ན་བྱ་ཚང་བྱེའུ་ཚང་གཏོར་ས་རེད། ངེད་བྱེའུ་ཆ་བོ་བདའ་ས་རེད།
ཙིག་ཚང་ཨ་ཚང་བསྔོག་ས་རེད།ངེད་ལས་ངན་ཆ་བོ་གང་འ་བཞུད།
བློ་མཐུན་ཙན་དན་ལོ་མ་ལགས་།་སྤྱིར་བཏང་ངས་གླེགས་བམ་གྱི་གྲངས་ཀ་ལས་་བལྟས་ནས་མཁས་བ་ཡིན་མིན་གྱི་སྐད་ཆ་ཤིག་ནམ་ཡང་བཤད་མ་མྱོང་མོད་།་ཁྱེད་ཀྱིས་དེ་ལྟར་བསམ་བཞིན་ཏུ་ངའི་མགོ་ལ་སྐད་ཆ་དེ་ལྟ་བ་བཞག་ན་ང་ཁ་རོགས་ལ་འདུག་དགོས་རྒྱུ་ལས་།་ཁྱོད་འབྱོར་མེད་ཀྱི་གྲལ་རིམ་གྱི་འཐབ་རྩོད་པ་ཞིག་ངོ་ཡ་ནི་ག་ལ་འོང།་འོ་ཁྱེད་རང་དགེ་ཆོས་ལ་གསུང་རྩོམ་མེད་པར་འདོད་པའི་སེམས་ཁྲལ་ནི་ནམ་ཡང་མ་བྱས་།་བློ་མཐུན་མྱིག་རྫོད་ལགས་ཀྱིས་གསུང་བ་ལྟར་ན་།་དགེ་ཆོས་ཀྱི་སྐད་གྲགས་ཅན་གྱི་ལྕགས་སྒམ་ནག་པོ་དེའི་ནང་དུ་ཚན་རིག་གི་དཔེ་དེབ་གྲངས་ཀ་མི་ལོངས་བ་ཤིག་ཡོད་པ་མ་ཟད་།་དངོས་སུ་མཐོང་རྒྱུ་ཡོད་པའི་གླེགས་བམ་གསུམ་གྱི་སྟེང་དུ་ད་དུང་འཛམ་གླིང་རྒྱས་བཤད་།་དེབ་ཐེར་སྔོན་མོ་དབྱིན་བསྒྱུར་མ་།་སྤྱོད་མཇུག་ཆེན་པོ་དབྱིན་བསྒྱུར་མ་།་་ད་དུང་དེ་དག་གིས།་་ག་ལ་ཚད་ཞ་སྒབ་པའི་བརྐུས་བའི་བོད་ཀྱི་སྲིད་དོན་རྒྱལ་རབས་།་སོག་པོ་གཉོམ་ཆུང་དགེ་བཤེས་ཆོས་གྲགས་ཀྱིས་བརྐུས་བའི་དགེ་བཤེས་ཆོས་གྲགས་ཀྱི་་ཚིག་མཛོད་།་་ད་ལོ་རེ་ནས་ལོ་རེ་བསྡད་ན་དགེ་ཆོས་ཀྱི་གསུང་རྩོམ་མང་དུ་འགྲོ་བཞིན་ཡོད་པ་དེ་རེད་།་གཟའ་འཁོར་གསུམ་གྱི་སྔོན་དུ་དགེ་ཆོས་ཀྱི་རེད་ཟེར་བའི་དབྱིན་ཇིའི་སྙན་ངག་གི་རྩོམ་ཤིག་མཐོང་སོང་།་དེ་བཞིན་ཉི་མ་གཅིག་གི་སྔོན་དུ་དགེ་ཆོས་ཀྱི་རེད་ཟེར་བའི་ཀ་རྩོམ་ཤིག་ཁ་བརྡ་སྟེང་དུ་བཀོད་འདུག་།་སེམས་ཁྲལ་མ་བྱེད་།་ལོ་རྗེས་མར་།་དམར་སྲུང་དམག་དག་གིས་བཙན་པོའི་འཛམ་གླིང་རྒྱས་བཤད་དགེ་ཆོས་ཀྱི་གསུང་གི་ནང་དུ་བཀོད་འགྲོ་སྙམ་པའི་དོགས་པ་ཡོད་པ་དང་།་དེ་ནས་རིམ་གྱིས་བཀའ་འགྱུར་དང་བསྟན་འགྱུར་།་སྔོན་བྱོན་ཀྱི་མཁས་བ་ཐམས་ཅད་ཀྱི་གསུང་འབུམ་ཐམས་ཅད་དགེ་ཆོས་ཀྱི་མིང་ཐོག་ནས་བཏོན་་ངེས་བས་ཚེ་ཏན་མཁན་པོ་བླ་མ་གཉོམ་ཆུང་།་རྒྱབ་ན་དཔུང་མེད་པ་ཤིག་གིས་དགེ་ཆོས་ཀྱི་འགྲན་ཟླ་ག་ལ་ཡོང་།་
ཡ་ད་བློ་ཡོན་ཁྱོད་ཀྱིས་འགན་ཁུར་མེད་པར་འདི་འདྲ་རྩོམ་ཉོག་ཅིག་བྲིས་ཚར་བས་ཁྱོད་བྲོས་འགྲོ་ས་ཅང་ཡོད་ནི་མ་རེད། ཁྱོད་ང་ལ་ཅང་བཤད་རྒྱུ་ཡོད་མེད་ལ་ཁྱད་མེད། ཁྱེད་ཀྱིས་གཞི་རྩ་མེད་པའི་སྐད་ཆ་རྐྱང་བཤད་བསྡད་ན་ང་ཁྱོད་ལ་བཤད་རྒྱུ་ཡོད། མ་གཞི་ཁྱེད་ཀྱི་རྩོམ་ངན་འདི་མགོ་ནས་བཟུང་གཞི་རྩ་མེད་པའི་ཚིག་ཁོ་ནས་ཁེངས་འདུག ཁ་སང་ངས་བཤད་པ་ལྟར་མི་མང་པོ་ཞིག ་་ཚོ་་ ཡི་ནང་ལ་བསྡུས་དེ་ཚོའི་སྐད་ཆ་ཡང་གཅིག་པ་ཡིན་པ་འདིར་གཞི་རྩ་མེད་ཙང་ཁྱེད་ལ་ལན་གྱིས་དབུལ་བ་རེད།
ད་ཁ་སང་གི་འཕྲོ་ཐིག་ཕྲེང་ལྔ་པ་ནས་མར་ལྟོས། ་་ཕྱི་རྒྱལ་གྱི་མཁས་བ་འགའ་ཤས་ཀྱིས་ཀྱང་རི་བོང་ཅལ་གྱི་རྗེས་སུ་འབྲངས་ཏེ།་དགེ་ཆོས་མ་བྱུང་བའི་སྔོན་དུ་བོད་མི་རྣམས་ཀྱིས་སའི་གོ་ལ་ལེབ་ལེབ་ཡིན་པར་འདོད་ཅེས་བོད་མི་རྣམས་ལ་འཕྱ་སྨོད་གཏོང་བྱེད་ཤིག་ཏུ་གྱུར་ཡོད་པ་རེད།་་ ཟེར་བ་ལྟར། ཕྱི་རྒྱལ་འགའ་ཤས་ཀྱི་མིང་དྲངས་ཤོག དེ་ནས་དེ་ཚོའི་བཤད་པའི་སྐད་ཆ་ཡང་གཅིག་པ་གཅིག་རྐྱང་ཡིན་ནི་ཨེ་རེད། མི་མི་འདྲ་བ་རྐྱང་རྐྱང་གིས་བཤད་པའི་སྐད་ཆ་དེ་ཇི་ལྟར་གཅིག་པ་ཆགས་པ་རེད། དང་པོར་སྐད་ཆ་ཡིག་ཐོག་ལ་བཀོད། དེ་ནས་འགས་ཤས་ཀྱིས་དེ་ལ་ས་རྟགས་རྒྱབ་པ་རེད་དམ། འདི་ཡང་མགོ་ཚོས་ཀྱི་མི་འདུག འདི་འདྲ་བྲིས་ཡོང་ན་འཐོམས་འགྲོ་གི་འདུག
༡ ཡང་། ་་མང་ཤོས་ཤིག་གིས་ངེད་ཀྱིས་བཤད་པའི་གཏམ་དེ་རྣམས་བདེན་པ་ཨེ་ཡིན་སྙམ་པ་དང་།་ལྷག་པར་ཏུ་དགེ་ཆོས་ཀྱིས་བྲིས་བའི་ས་གོ་ལ་རིལ་མོའམ་ཟླུམ་པོ་ཟེར་བའི་རྩོམ་ཐུང་དེ་བསྐུར་ཡོང་ནས་འདི་ཚན་རིག་གི་གཞུང་མ་ཡིན་ནམ་ཞེས་དྲི་བ་བཏོན་ ་་ ཟེར། མང་ཤོས་ཟེར་ན་མི་ག་ཚོད་ཀྱིས་སའི་གོ་ལ་རིལ་མོའམ་ཟླུམ་པོའི་རྩོམ་དེ་ཁྱེད་རང་ལ་སྐུར་སླེབས་སོང་།
༢ ད་རུང་ཁྱེད་ཀྱིས། ་་ཁ་ཅིག་གི་དགེ་ཆོས་ནི་བོད་དུ་སའི་གོ་ལ་རིལ་རིལ་ཞེས་བཤད་མཁན་དང་པོ་རེད་ཟེར་བ་དང་།་་ཁ་ཅིག་གིས་དགེ་ཆོས་ཀྱི་སྔོན་དུ་བོད་དུ་སའི་གོ་ལ་རིལ་རིལ་ཟེར་ཡིན་མཁན་མེད་ཟེར་བ་དང་།་་ཁ་ཅིག་གིས་ཁྱེད་དངོས་གནས་དགེ་ཆོས་ལ་མི་དགའ་བ་ཞིག་རེད་ཅེས་དང་།་་ཡང་ཁ་ཅིག་གིས་ང་ཚོ་བོད་པ་རྣམས་ཀྱིས་ཀྱང་སྔོན་གྱི་ཡོ་རོབ་གླིང་གི་་ཡེ་ཤུའི་ཆོས་ཀྱི་བདག་པོ་ལྟར་དགེ་ཆོས་ཀྱི་ས་གོ་ལ་རིལ་རིལ་ཡིན་ཞེས་བཤད་པ་ལ་གསོན་བསྲེགས་མ་བཏང་ཡང་དོན་མེད་དུ་ཁྲིམས་ཆད་ཕོག་ཏེ་་ལོ་གསུམ་གྱི་བཙོན་ཏུ་སྡོད་དགོས་བྱུང་བ་རེད་སོགས་གཏམ་འདྲ་མིན་་བཤད་བཞིན་འདུག་པ་ཐོས་སོ་།་་ ཟེར། ཁ་ཅིག་ཁ་ཅིག་ཟེར་བ་འདི་ཚོ་རེ་རེ་ལའང་མ་མཐའ་ཡང་མི་གཉིས་གསུམ་རེའི་མིང་འདོན་རྒྱུ་ཡོད་དགོས་པས་དེ་འདྲ་ཁྱེད་ལ་ཡོད་དམ།
བློ་གཡོན་ལགས་མི་བསད་ཚར་བའི་དགེ་ཆོས་ཀྱི་རོ་ལ་འཐབ་རྩོད་བྱེད་པ་མཁས་རྟགས་མ་རེད་དོ།
དེ་ནས་ ་་མི་བསམ་ཤེས་ཅན་འགའ་ཤས་ཀྱིས་ཕྲན་ལ་དགེ་ཆོས་ཀྱི་སའི་གོ་ལ་རིལ་རིལ་ཡིན་ཟེར་བའི་རྩོམ་འདི་ལ་དགོངས་ཚུལ་ཤིག་གསུངས་དང་ཞེས་བཤད་བྱུང་བས་།ཕྲན་གྱིས་མི་དེ་དག་གི་རེ་བ་སྐོང་བ་དང་རྣམ་དཔྱོད་ཅན་དག་ལ་ཕན་པ་རེ་་ཐོགས་ན་སྙམ་པའི་ཀུན་སློང་ཤིག་གིས་དགེ་ཆོས་ཀྱིས་བྲིས་བའི་རྩོམ་ཐུང་དེ་ལ་དཔྱད་གཏམ་འདི་བརྗོད་པར་བྱའོ་།་་ ཟེར་བ་ལྟར་ཁྱེད་རང་ལ་ཞུ་སྐུལ་བྱེད་མཁན་མི་འགའ་ཤས་ཡོད་པ་དེ་དག་གི་མིང་ཏན་ཏན་ཁྱེད་རང་ལ་བཤད་རྒྱུ་ཡོད་རྒྱུ་རེད། དེ་ལ་ངས་དྲི་བ་འགོད་དགོས་དོན་མི་འདུག ཡིན་ན་ཡང་ཁོ་ཚོས་ཞུ་ས་དེ་ནོར་འདུག་པས་མི་དེ་དག་ཀྱང་བསམ་ཤེས་ཡིན་མིན་ལ་དྭོགས་པ་ཡོད།
ད་འདི་ནས་མར་ཁྱེད་ཀྱི་དགག་པ་རྒྱག་ཡུལ་དུ་བཀོད་པའི་དགེ་ཆོས་ཀྱི་གསུང་འདི་ལ་ངེད་ཚོས་མཉམ་དུ་ལྟ།
་་སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ།རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད།ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང༌།འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད།དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ།གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས།འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗིད་མ་བཟོད་བར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང༌།་་ ཨོ་འདི་རེད།
སྔོན་ཟེར་བ་ནས་འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས་རིལ་རིལ་ཡིན་བྱ་བ་ཡེ་མེད་ཟེར་བར་་བདེན་པ་རེད། དེ་བདེན་པ་ཡིན་པ་ནི་ཁྱེད་རང་གིས་འཇིག་རྟེན་རིལ་རིལ་དུ་འཛིན་པའི་ལྟ་བ་ནམ་ནས་བྱུང་བའི་ལོ་ཚིགས་བྲིས་ཡོད་པ་ལྟར་རེད། དེས་ན་དེའི་སྔོན་འཇིག་རྟེན་ལེབ་ལེབ་ཡིན་པར་འདོད་པ་མ་ཡིན་ནམ།
རིལ་རིལ་ཡིན་སྨྲས་ཚེ་གསོན་པོ་མེ་ལ་བསྲེགས་ཟེར་བར་ཁྱེད་རང་ལ་དེ་ལྟར་མེ་ལ་བསྲེགས་པ་ཞིག་མ་རྙེད་པ་ཙམ་གཞི་ལ་བཞག་ནས་བདེན་པ་མིན་པར་བརྗོད་པ་ཙམ་རེད། དེའང་ང་ཚོའི་གཏམ་དཔེར། མ་མཐོང་བ་ན་མེད་པ་མིན་ཟེར་བ་འདིར་སློབ་སྦྱོང་མང་ཟིག་བྱེད་དགོས་པ་འདུག
བློ་གཡོན་ལགས་མི་བསད་ཚར་བའི་དགེ་ཆོས་ཀྱི་རོ་ལ་འཐབ་རྩོད་བྱེད་པ་དཔའ་རྟགས་མ་རེད་དོ། ང་དགེ་ཆོས་ལ་དགའ་བ་དང་ཁོང་གི་ཕྱོགས་བྱས་པ་མིན་ཡང་། རྟགས་སྟོན་མ་བཅུག་པར་བསད་ཚར་བའི་མཁས་དབང་དགེ་ཆོས་ཀྱི་རོ་ལ་འཐབ་རྩོད་བྱེད་བཞིན་པའི་རིག་གསར་སྐབས་ཀྱི་ལས་འགལ་འདི་འདྲ་མཐོང་ནས་བློ་ཕམ་པ་ཡིན་དོ།
ད་དེ་ནས་མར་ཁྱེད་རང་གིས་གོང་གསལ་དགེ་ཆོས་ཀྱི་སྐད་ཆ་དགག་པ་དེ་ཚོ་མཐོང་ནས་ང་དཀོན་མཆོག་གསུམ་གད་མོ་ཤོར་ནས་གྲོད་ཁོག་ལ་ན་ཟུག་གཏོང་གི་འདུག ཁྱེད་ཀྱིས་དགེ་ཆོས་ལ། ཧམ་བཤད། མ་ཤེས་ཤེས་ཁུལ། འཆལ་གཏམ། བོད་མི་གཅམ་བུ་རྣམས་ལ་བསླུ་བྲིད་ཟེར་ནས་ཚིག་ངན་བཀོལ་བ་དེ་ཚོ་གཡུག་ཞོག
ང་གད་མོ་ཤོར་ས་དེ། ཁྱེད་ཀྱིས་དགེ་ཆོས་ལ ་་ཚན་རིག་གི་གཞི་རྩ་ཡོད་པ་དང་། ལོ་རྒྱུས་ལ་དྲང་བཤད་བྱས་པའི་རྩོམ་ཤིག་མ་ཡིན་།་་ཟེར་བ་དེ་རེད། ཁྱེད་རང་ཚན་རིག་པ་ཡིན་མདོག་སྟོན་མཁན་ཞིག་ནས་བྲིས་པའི་གོང་གསལ་གྱི་རྩོམ་འདིར་མགོ་ནས་མཇུག་པར་ཆུ་ཚགས་བཞིན་དྲ་ཁུང་གིས་ཁེངས་ཡོད་བཞིན་དུ་ད་རུང་གཞན་ལ་འཕྱ་ཁུལ་བྱས་ན་དེ་ལས་དགོད་རྒྱུ་ཡོང་བ་ཞིག་གང་ན་ཡོད།
ང་རང་གིས་བལྟས་ན་ཁྱེད་ཀྱི་རྩོམ་ལས་དགེ་ཆོས་ལ་གཞི་རྩ་འདུག སྔོན་མའི་དུས་འཇིག་རྟེན་ལེབ་ལེབ་ཡིན་པར་འདོད་པ་དེ་ནི་རྩོད་གཞི་ཡོད་པ་ཞིག་མ་རེད། རྗེས་སུ་འཇིག་རྟེན་རིལ་བོ་ཡིན་ཚུལ་སྨྲས་པ་ལ་བརྟེན་ནས་མེ་ལ་བསྲེགས་པའི་གནས་ཚུལ་མ་རྙེད་པ་གཞི་བྱས་ནས་བདེན་པ་མིན་པར་སྨྲས་ན་དེ་ནི་ཚན་རིག་དང་མཐུན་པའི་སྐད་ཆ་ཞིག་མ་རེད། གཞན་ལྟ་བ་གསར་བ་དང་མ་འདྲ་བར་བརྟེན་ནས་མེར་བསྲེགས་པ་དེ་འདྲ་མཛུབ་མོས་གྲངས་ཀ་རྒྱག་རྒྱུ་ཡོད་པ་དེ་དག་ཀྱང་དཔེ་མཚོན་ཞིག་ཏུ་ཅི་ལ་མི་འགྲོ། དེ་དག་ནི་ངས་འདིར་མིང་འདོན་མི་དགོས་པར་ཁྱེད་རང་གིས་ཀྱང་ཤེས་གི་རེད།
དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་འདྲི་བ་གཅིག་ཡོད། འདི་ཁོང་གི་སྐོར་ལ་དོན་གཉེར་གནང་མཁན་དང་། སློབ་མ་དང་རྗེས་འཇུག་རྣམས་ཀྱིས་ལན་ཞིག་སྤྲོད་རོགས།
༡༽ དགེ་ཆོས་ཀྱིས་བོད་ཀྱི་ལོ་ཙ་བ་དང་བརྡ་མཁན་རྣམས་ཀྱིས་ལེགས་སྦྱར་སྐད་ཀྱི་ཡིག་འགྱུར་དང་སྒྲ་རིག་པའི་ནང་ལ་ནོར་འཁྲུལ་ཆེན་པོ་ཤོར་འདུག་ཅེས་རག་ར་རིན་པོ་ཆེར་གསུངས་འདུག རག་ར་རིན་པོ་ཆེས་བྲིས་པའི་དགེ་ཆོས་ཀྱི་དེབ་ནང་འདི་གསལ་བ་དྲན། འདིའི་སྐོར་ལ་ད་བར་བོད་དང་ལེགས་སྦྱར་སྐད་ཡིག་མཁྱེན་མཁན་ཚོས་ཞུ་དག་དང་དོ་སྣང་བྱས་ཡོད་པ་གསུངས་ཡས་ཡོད་དམ།
དེ་ནས་ཁྱེད་རང་གིས་བྲིས་པའི་Pythagoras ཡང་འཇིག་རྟེན་འདི་རིལ་རིལ་ཡིན་པར་ངོས་འཛིན་མཁན་དང་པོར་བཀོད་པ་དེ་ལའང་ཚན་རིག་གི་གཞི་འཛིན་ས་ག་ཚོད་ཅིག་ཡོད་མེད་བཤད་ཁག་པོ་རེད། རྒྱུ་མཚན་ནི་ཁོའི་ལོ་རྒྱུས་དེ་ཚོ་རྗེས་རྗེས་སུ་ཡིག་ཐོག་ལ་བཀོད་ཡོང་བ་རེད། མདོར་དེད་ན་ཁོའི་ལོ་རྒྱུས་དེ་ཚོ་བཤད་རྒྱུད་གཞིར་བཟུང་ནས་རྗེས་སུ་བྲིས་ཡོང་བ་རེད། ད་འདི་ནས་མར་ཁྱེད་རང་གི་རྩོམ་ཀློག་ནས་ངན་སྐྱུག་གི་ཁྲོན་པ་སློག་བསྡད་ན་དུས་ཚོད་འཕྲོ་བརླག་རེད་ལ་དེ་ལ་ལན་བྲིས་བསྡད་ན་དེ་བས་ཀྱང་ངོ།
དེ་ནས་ངེས་པར་བཤད་འདོད་པ་ཞིག་ལ་ད་རུང་ཁྱེད་ཀྱིས་དགེ་ཆོས་ཀྱི་མཁས་མིང་དང་དགེ་ཆོས་ལ་བསྟོད་པའི་ཨ་གསར་དེ་རིག་གསར་རྗེས་ནས་དར་ཡོང་བ་ལྟ་བུ་ཞིག་གོང་རྩོམ་མམ་མཆན་གང་རུང་ཞིག་གི་བར་གསེང་ནས་ཅིག་མཐོང་སོང་བསམས་སོང་།
དགེ་ཆོས་ཀྱི་མིང་གྲགས་དང་ཁོང་ཧབ་ཐོབ་ཀྱི་ཨ་གསར་དེ་རིག་གསར་གྱི་རྗེས་ལ་མིན་པར་གུང་ཁྲན་མ་ཡོང་སྔོན་ནས་བྱུང་བ་རེད། ཁོང་གི་ལོ་རྒྱུས་ཁག་ན་གསལ་བོར་བཀོད་མི་འདུག་གམ། ད་རུང་མ་ཧྰ་པཎཌི་ཏ་ཟེར་མཁན་ཡང་འདུག་ག
རིག་གསར་རྗེས་ ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་མགོ་སྟོད་དུ་དགེ་ཆོས་ལ་མང་པོ་ཞིག་གིས་ཐུབ་ཚོད་དང་མགོ་ལྩག་བྱེད་པའི་དུས་ཚོད་རེད། ཤེས་རབ་རྒྱ་མཚོས་དེབ་གསུམ་པོ་དེ་སླེབས། དེའི་ནང་དགེ་ཆོས་ལ་གཤེ་གཤེ་ག་ཚོད་བཏང་མི་འདུག་གམ། དེ་ནས་ཨ་ལགས་ཞབས་དྲུང་ཚང་གིས་ཀྱང་དགེ་ཆོས་ཀྱི་དེབ་དཀར་ལ་དགག་པ་མང་པོ་རྒྱབ་པ་དང་དགེ་ཆོས་ཀྱི་ཤོ་ལོ་ཀ་རེ་ལ་ལན་ངན་རེ་རྒྱབ་གི་རྒྱབ་གི་ཕྱིན་ཡོད་པ་རེད། ད་རུང་གསར་དུ་སྒོ་ཕྱེ་ས་མ་ཐག་པའི་དགོན་པ་དེ་ཚོར་དགེ་ཆོས་ལ་སྐྱོན་བརྗོད་བྱེད་པ་ཡང་ཡང་རྣ་བས་གོ། ངས་ཀྱང་དགེ་ཆོས་ཟེར་བའི་མི་བྱ་ལམ་ལ་མི་འགྲོ་བའི་མི་ཞིག་སྐྱེས་འདུག་ཨང་བསམ། ད་རུང་ཏུན་ཧོང་གཏེར་ཡིག་ཟེར་བའི་ཡིག་འཁྱར་རྫུན་མ་ཞིག་ཀྱང་ག་ཤེད་ཅིག་ཏུ་བྱུང་ཡོད་ས་རེད་བསམས།
རྗེས་སུ་་སྟབས་ཡག་ནས་རང་གིས་ཀྱང་ཀློག་འདོན་ཅུང་ཟད་ཤེས་ཏེ་རིམ་པས་ཕྱོགས་ཞེན་གྱི་ལྟ་བ་མཐུག་པོ་དང་དགའ་སྡུག་ཕྲག་དོག་གི་ཁོར་ཡུག་འཚུབ་པོ་དེའི་ནང་ནས་ཐར་བར་གྱུར་བ་མ་ཟད་དགེ་ཆོས་དང་ཏུན་ཧོང་གཏེར་ཡིག་གཉིས་ཀྱི་འོད་མདངས་ཇེ་ཆེ་ནས་ཇེ་ཆེར་གྱུར།
ཕྱག་གཉིས་བ་ལགས་།་ང་བྲོས་འགྲོ་རྒྱུའི་བསམ་པ་ནི་ནམ་ཡང་མེད་།་ཁྱེད་ཅག་གི་ང་རྡོ་སྤིས་བློ་བཟང་ཡོན་ཏན་།་འཐབ་རྩོད་ཀྱི་ཚོགས་རར་་ཁྲིད་ནས་།་རྒྱབ་ཤ་དམར་པོ་ཅན་གྱི་དགེ་ཆོས་ཀྱི་གསུང་རྩོམ་གསུམ་པོ་ངའི་མགོ་ཐོག་ལ་རྒྱབ་ནས།་དགེ་ཆོས་མཁས་བ་མ་ཡིན་ན་འདི་ཅི་རེད་ཅེས་།་འཐབ་རྩོད་བྱས་དང་བྱ་བཞིན་པ་འདི་རེད་མོད་།་ང་ངས་གོང་དུ་བཤད་ཡོད་པ་བཞིན་།་རྗེ་བཙུན་སྒྲོལ་མ་༼་དགེ་ཆོས་ཀྱིས་འདི་ལྟར་འདོད་མཁན་དག་ལ་ག༷ཅམ་བུ་ཞེས་བཏགས་ཡོད་པ་རེད༽ལྟ་བུའི་དབྱིན་ཇིའི་རྒྱལ་མོའི་དྲིན་ན་།་ཉིག་ཏོན་གྱི་ཀུ་ཤུ་ཐང་ལ་ལྷུང་ས་ཤིག་ན་བསྡད་ཡོད་པས་།་རེ་ཤིག་ཁྱེད་ཚོ་དམར་སྲུང་དམག་དག་གི་ལག་ཏུ་དངོས་སུ་་མ་ཤོར་བ་རེད་།་་་ངས་ཁྱེད་ལ་མིང་བྱང་རིང་པོ་ཤིག་བཀོད་ནས་།་འདི་དང་འདི་དང་བཤད་ན་།་ཁྱེད་ཀྱི་བློ་ཁ་ཁེངས་ཡོང་ཡང་།་ད་ལྟ་དེ་ལྟར་བྱེད་པའི་རེ་བ་མེད་།་རྗེས་སུ་དངོས་སུ་དགེ་ཆོས་ཀྱི་སྐོར་གྱི་དཔེ་དེབ་ཅིག་འདོན་རྒྱུའི་སྐལ་བ་ལྡན་ན་།་མཁས་བ་སྤྱིའི་འགྲོ་སྲོལ་ལྟར་།་དཔེ་དེབ་དང་རྩོམ་པ་རྣམས་ཀྱི་མིང་ཡང་གསལ་བོ་བཀོད་དེ་འདོན་ངེས་ཡིན་།་དེ་མིན་ན་དགེ་ཆོས་ཀྱི་སྐོར་གྱི་བྲིས་བ་མང་པོ་ཡོད་པ་དེ་དག་ལ་གཟིགས་དང་།་ངའི་ག་རེ་བཤད་གིན་ཡོད་པ་ཧ་གོ་ཡོང་གིན་རེད་།་སྤྱིར་བཏང་གཞན་གྱི་རྩོམ་མ་ཀློག་པར་གཞན་ལ་དགག་པ་རྒྱག་མཁན་།་་མཐོང་མ་ཐག་ཏུ་གློའུ་དང་མཁས་བའི་ཤན་འབྱེད་མཁན་་།་སེམས་ཀྱི་འཆར་སྟངས་སོགས་དམར་སྲུང་དམག་གི་གཏེ་བོ་ཤིག་དང་མཚུངས་བས་།་ཁྱེད་རང་ལ་དགོས་བའི་ལན་ཆ་ཚང་ཕྲན་གྱི་འབྲི་འཆར་ཡོད་པའི་་རྩོམ་དེའི་འབུལ་རྩིས་ཡོད་།་
དངོས་གནས་རེད་།་ངས་ཁྱེད་དང་རབ་གསལ་གཉིས་ཀྱིས་དྲངས་བའི་ཚིག་དེ་དག་བསམ་བཞིན་དུ་བཀོད་ཡོད་ཏ།་ཞིབ་ཏུ་བལྟས་ན་ངའི་ཚིག་དེ་ཕལ་ཆེ་དགེ་ཆོས་ལས་བྱུང་བ་ཁོ་ན་རེད་།་འདིའི་སྐོར་རྗེས་མར་རིམ་གྱི་ཡོང་གིན་རེད་།་དེའི་ཕྱིར་ངའི་དགེ་ཆོས་ཀྱི་སྨན་ཁོ་རང་ལ་འཐུང་གིན་བཅུག་པ་ཤིག་ཡིན་།་དེ་མིན་གཞན་ཅི་ཡང་མེད་།་
ཙན་དན་ལོ་མ་ལགས་།་་ང་མི་གཉོམ་ཆུང་གི་མགོ་ལ་།་བསད་དང་རོ་ཟེར་བའི་ཚིག་ངན་པ་རྣ་ལ་གཟན་པ་དག་ཁྱེར་མ་ཡོང་།་ང་དགེ་ཆོས་ལས་ཀྱང་སྐྲག་ཤོར་ཅིག་ཡིན་པས་།་ཚིག་འདི་དག་གོ་ཡོང་བ་ཙམ་གྱི་བློ་ནང་དུ་བདེ་བོ་མི་འདུག་།་་གཅིག་བྱས་ན།་ཁྱེད་ཚོད་ཀ་ཤོད་ཆོས་རྒྱལ་ཉི་མའི་བུ་ཡིས་དགེ་ཆོས་ལ་་བཅོས་བ་ཤིག་ང་ལ་བཅོས་བསམ་ཡོད་ན་་།་ང་དགེ་ཆོས་ལས་ཀྱང་སྐྲག་ཤོར་ཅིག་ཡིན་པས་།་དེ་ལྟར་མ་བྱེད་ཅེས་རེ་བ་ལན་བརྒྱ་ཞུ་ལགས་།་
ད་རུང་ཁྱེད་ཀྱིས་དགེ་ཆོས་ལ་བསྟོད་མཁན་ཚོར་དམར་སྲུང་དམག་ཅིག་ཅིག་ཟེར་བ་དེ་ཚོའང་རེ་རེ་བྱས་ནས་མིང་འདོན་རོགས། དེ་ལྟར་ན་དམར་སྲུང་དམག་དེ་ཚོའང་དམར་སྲུང་དམག་ཟེར་བའི་ཐ་སྙད་འདི་མ་བྱུང་སྔོན། གུང་ཁྲན་མ་ཡོང་སྔོན་ནས་་བྱུང་ཡོད་པ་རེད། ད་དམར་སྲུང་དམག་མང་པོ་ཡོད་པ་རེད། མཐོ་རྒྱལ་བ་རིན་པོ་ཆེ། དེ་ནས་ཟམ་གདོང་རིན་པོ་ཆེ། ཟམ་གདོང་རིན་པོ་ཆེས་དགེ་ཆོས་ལ་བྱས་པའི་གདེང་འཇོག་དེ་མཐོང་ན་ཁྱེད་རང་ཕལ་ཆེར་སྨྱོ་གི་རེད། དགེ་འདུན་ཆོས་འཕེལ་ནོ་འབེལ་རྩོམ་རིག་རྟགས་མ་བཞེས་མཁན་དེ་ཚོའི་མདུན་གྲལ་དུ་མ་བསྡད་ནའང་རྗེས་ལ་ལུས་གི་མ་རེད། དགེ་ཆོས་ཀྱི་རྩོམ་ཤོ་ལོ་ཀ་རེ་ལ་སྒོར་ག་ཚོད་ཡིན་དགོས་འབུམ་མ་ཡིན་ནམ་ཅིག་གི་རྩ་བ་ཡོད་པ་རེད་ལྟ་བུ་ཞིག་གསུངས་ཡོད་པ་རེད། ཡག་པོར་མི་དྲན།
དེ་ནས་རཀ་ར་རིན་པོ་ཆེ། ཧོར་ཁང་སོགས་དེད་ཕྱིན་ན་ཁྱོད་ཐུག་ས་དེ་མི་ཆེ་རེས་ཆེ་ཚད་དང་གཉན་རེས་གཉན་ཚད་ལ་ཐུག་ཡོད་པ་རེད། ད་དེ་ཙམ་ཡིན། ཁྱེད་རང་གིས་ག་རེ་བྲིས་ན་ང་དེ་ལ་ཁྱད་པར་མེད། རྗེས་མ་ནས་སྐད་ཆ་བསམས་ནས་ཤོད་རྩམ་པ་བལྡད་ནས་མིད། གཞན་པ་ཅང་བཤད་རྒྱུ་མེད། གང་བཤད་པ་འདིས་ཁྱེད་རང་གི་མ་འོངས་རྩོམ་འབྲི་ཕྱོགས་དང་བསམ་བློ་གཏོང་ཕྱོགས་ལ་ཕན་རེ་ཐོགས་ན་དགའ་བའི་རྒྱུ། ད་གནས་སྐབས་དེ་ཙམ་ཡིན།
ཁ་འདུག་མ་ཐུབ་ན་ཚོགས་གཏམ་རེག་ད་རེག ད་རུང་གཞི་རྩ་མེད་པའི་སྐད་ཆ་རྐྱང་རྐྱང་བཤད་བསྡད་ན། འདི་ཚོ་ངས་ཁྱེད་ཀྱི་རྩོམ་ལས་ཕེ་ས་གོ་ར་བར་དུ་ཀློག་པའི་ལན་ཡིན། དེ་ནས་ད་རུང་ཁྱེད་ཀྱི་གཞི་མེད་ཀྱི་སྐྱོན་མཚང་འདོན་དགོས་ན་དུས་ཚོད་ཡོད་ན་མུ་མཐུད་ཀློག་གི་ནས་ལན་རྒྱག་གི་ཡིན། དེ་མིན་ཆུ་ཚོད་འཕྲོ་བརླག་རེད། འདི་ནས་མར་ཀློག་གི་མིན། གསལ་བཤད་བྱེད་རྒྱུ་ཞིག་ལ་ང་གཞན་གྱི་སྐྱོན་མཚང་བསྔོག་རྒྱུར་དགའ་ནས་འདི་ཚོ་བྲིས་པ་མིན་པར་རྗེས་མ་ནས་སྐད་ཆ་གང་བྱུང་མང་བྱུང་མ་བཤད་པའི་ཆེད་དུ་ཡིན། གོ་ན་རྣ་བའི་བུ་རམ་གྱིས། མ་གོ་གླུ་ལ་འབྲེལ་བ་མེད།
བློ་མཐུན་ཕྱག་གཉིས་བ་ལགས་།་
ངའི་སྐོར་ལ་སེམས་ཁྲལ་མ་བྱེད་།་་ང་རྡོ་སྤིས་བློ་བཟང་ཡོན་ཏན་ལ་མར་ལ་ལྷུང་ནས་།་ས་ལ་བརྡིབས་ནའང་སྐྱོན་ཡོད་པ་མ་རེད་།་་རྡོ་སྤིས་ཀྱི་ལུག་རྫི་དང་བེའུ་རྫི་ཤིག་ཐང་ལ་ལྷུང་བ་ལས་གནོད་སྐྱོན་གང་ཡང་ཡོད་པ་་མ་རེད་།་དེ་ལས་ལྡོག་ཏེ་།་བོད་དང་བོད་ཀྱི་རིག་གཞུང་ཆེ་ཤོས་ཤིག་ནི་།་ཁྱེད་ཅག་གི་འཛམ་གླིང་ཡོངས་ཀྱི་མཁས་བའི་གཙུག་རྒྱན་དུ་འཇོག་བཞིན་པའི་་མཁས་བ་དེས་མ་ཤེས་ཤེས་ཁུལ་གྱི་གཏམ་ཁུངས་ལུང་མེད་པ་དག་སྤེལ་།་ཁྱེད་ཅག་གི་དེ་དག་ལ་དཔྱད་པ་ཙམ་ཡང་ཁོ་ལ་བསྟོད་པ་རེ་གཏོང་ཁུལ་དང་།་ཧ་ལས་མདོག་འདྲ་བ་ཞིག་བྱས་།་ཞོར་ཏུ་སྔོན་གྱི་མཁས་བ་ཐམས་ཅད་བླུན་པོ་ཡིན་པ་འདྲ་བ་འགའ་ཤས་སུ་བསྒོམས་།་མཐར་དགེ་ཆོས་ཀྱི་སྐོར་ལ་དགེ་ཆོས་ཁོ་རང་གི་འབྲི་སྲོལ་ལྟར་།་ཁོ་རང་གི་ཚིག་རྣམས་སྤྱར་ཏེ།་དོགས་འདྲ་ཙམ་བྱས་ན་།་མི་དེ་ལ་ཅི་སྙམ་པར་སྡང་།་མིང་སྣ་ཚོགས་བཏགས་།་ཐ་ན་ཁྲིམས་གཏུག་སོགས་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་།་་འདི་ནི་ཁྱེད་དམར་སྲུང་དམག་དག་གིས་བྱས་་བཞིན་པའི་ལས་ཀ་ཡིན་པ་བློ་གཟུ་བོ་གནས་བ་དག་གིས་བལྟས་་ན་གསལ་བོ་ཡོང་གིན་རེད་་།་
ཁྱེད་རང་གི་དྲི་ཚིག་ཚང་མ་།་་ངའི་ཆ་ཚང་བར་ལན་བཏབ་འདུག་།་་ངའི་བཀོད་པའི་སྒྲུབ་པའི་ཐམས་ཅད་ཀྱི་ནུབ་ཀྱི་ཚན་རིག་ལོ་རྒྱུས་སུ་ས་གསལ་རྡོ་གསལ་རེད།་ཁྱེད་ཅག་གིས་ད་དུང་ཡིན་མདོག་གིས་དྲི་ཚིག་འདྲ་བཀོད་ཡོང་ན་།་་་སྤྱིར་བཏང་བོད་ཀྱི་གཅམ་བུ་དག་གི་མདུན་དུ་གཟི་བརྗིད་ཅིག་ཏུ་བརྩི་སྲིད་མོད་།་ནུབ་ཀྱི་ཚན་རིག་ལོ་རྒྱུས་ཀྱི་མཁས་བ་དག་གི་མདུན་དུ་དྲི་ཚིག་འདི་འདྲ་་”་དེ་ནས་ཁྱེད་རང་གིས་བྲིས་པའི་Pythagoras ཡང་འཇིག་རྟེན་འདི་རིལ་རིལ་ཡིན་པར་ངོས་འཛིན་མཁན་དང་པོར་བཀོད་པ་དེ་ལའང་ཚན་རིག་གི་གཞི་འཛིན་ས་ག་ཚོད་ཅིག་ཡོད་མེད་བཤད་ཁག་པོ་རེད། རྒྱུ་མཚན་ནི་ཁོའི་ལོ་རྒྱུས་དེ་ཚོ་རྗེས་རྗེས་སུ་ཡིག་ཐོག་ལ་བཀོད་ཡོང་བ་རེད།”་་བཀོད་ཡོང་ན་།་ངོ་ཚ་བའི་རྒྱུ་ལས་གཞན་ཅི་ཡང་མེད་།་སྤྱིར་བཏང་ཁྱེད་དམར་སྲུང་དམག་དག་ལ་ང་ཚ་རྒྱུ་ཟེར་བ་དང་།་སྐད་ཆ་དྲང་མོ་བཤད་རྒྱུ་ཟེར་བ་ཞིག་མེད་ནའང་།་་་རང་ལ་ཕན་ཕྱིར་ནུབ་ཀྱི་ཚན་རིག་ལོ་རྒྱུས་ཀྱི་མཁས་བ་དེ་དག་གི་མདུན་དུ་གཏམ་འདི་འདྲ་མ་གླེང་།་དྲི་ཚིག་འདི་ནི་འདི་འདྲ་བ་ཤིག་རེད་།་དེས་ན་ཁྱེད་རང་གིས་བྲིས་བའི་་སྲོང་བཙན་སྒམ་པོ་ཟེར་བ་ཤིག་ཡོད་མེད་ཡང་བཤད་ཁག་པོ་རེད་།་རྒྱུ་མཚན་ནི་སྲོང་བཙན་སྒམ་པོ་ཡོད་པའི་ལོ་རྒྱུས་ཡང་རྗེས་སུ་བཀོད་པ་ལྟ་བུ་རེད་ཅེས་བཤད་པ་ཤིག་རེད་།་ད་མང་པོ་བཤད་མི་དགོས་།་འདིས་ཆོག་།་
ད་གུང་ཁྲན་གྱི་ཚིག་མང་པོ་འདིར་འཁྱེར་མ་ཡོང་རོགས། སྙིང་ན་ནས་ཤི་འགྲོ་གྲབས་བྱེད་གི
དགེ་ཆོས་ཀྱིས་ཡུ་རོབ་ཀྱི་ལོ་རྒྱུས་དེ་གྲས་གང་ལ་གཞི་བཅོལ་བའི་ཁུངས་རྙེད་ན་ང་ཚོས་དེར་གཏུགས་ཆོག་པ་ཞིག་ཡོད་པ་རེད། འོན་ཀྱང་། དེ་ལ་ཁུངས་ལུང་བཀོད་མེད་དུས་གཞི་བཅོལ་ས་དེ་ཁོའི་གྲོགས་པོ་ཕྱི་རྒྱལ་བ་ཚོ་ཡིན་ནམ། ཡང་ན་མཐར་ཕྱིན་བྷ་བྷུ་སོགས་ཡིན་མི་ཤེས། འདི་ལྟ་རྒྱུ་ཞིག་རེད།
ཨོ་འདི་ན་ཡང་མི་བསད་པའི་ལོ་རྒྱུས་ཤིག་འདུག གཟིགས་རོགས།
http://en.wikipedia.org/wiki/Giordano_Bruno
ད་ཚན་རིག་པའི་སྐད་ཆ་དེ་ཡང་མགོ་ཚོས་མ་སོང་། ཁྱེད་ཅག་ཟེར་ན་སུ་སུ་རེད། ང་མགོན་པོ་ཕྱག་གཉིས་པ་མི་གཅིག་ཡིན་མ་གཏོགས་ང་མང་པོ་ཅང་མེད། གལ་སྲིད་ཁྱེད་རང་གིས་ང་ལ་འཛམ་གླིང་མཁས་པའི་གཙུག་རྒྱན་གྱི་མཁས་པ་དེ་སུ་རེད་ཅེས་དྲི་བ་ཞིག་བཀོད་པ་ཡིན་ན་ངས་སུ་ཞིག་འཇོག་དགོས་མིན་མ་ཤེས་པར་ཁ་ལ་མཛུབ་མོ་བཅུག་ནས་འདུག་པ་ལས་གཞན་འོས་མེད། བོད་ཀྱི་མཁས་པའི་གཙུག་རྒྱན་སུ་རེད་དྲིས་ནའང་དེ་ལས་མ་འདས། དེ་བས་རིག་གཞུང་བྱེ་བྲག་པ་ཞིག་བཤད་ནས་དེའི་མཁས་པའི་གཙུག་རྒྱན་དྲིས་ན་གཅིག་བྱས་ན་ང་ལ་ཅིག་བཤད་རྒྱུ་ཡོད་ལ་ཐང་ར་མེད་ལ་ཐང་།
ཚན་རིག་པ་ཞིག་ནས་འདི་འདྲའི་ལྐུགས་པའི་སྐད་ཆ་བཤད་ན་ངོ་ཚ་བ་ལས་མི་འདུག ཚན་རིག་པ་སྐུ་རླུང་ཅུང་ཟད་བཞེངས་འདུག་ག གནས་ལུགས་དང་རྒྱུ་མཚན་གྱིས་ཕོངས་ཤིང་སྐད་ཆ་གཞི་རྩ་མེད་པ་བཤད་ན་འགྲོ་ས་དེ་ལས་ཡོད་པ་མ་རེད། ནུབ་ཕྱོགས་ཕར་གཡུག་ཞོག ཁྱེད་རང་གི་གཏམ་དེ་ཚོ་ཁ་བརྡ་དྲ་ཁང་གཅིག་པོའི་ནང་ཡང་བྲིན་གི་མི་འདུག་པ་མཐོང་གསལ་ལྟར་རེད།
དགེ་ཆོས་ལ་འུར་བསྟོད་བྱེད་མཁན་ཡོད་ན་དེའི་སྐོར་རྩོམ་ཞིག་འབྲི་ཐུབ་ན་ཡག་པོ་རེད། དེ་ཡང་ཚང་མ་ཉ་ཉུང་མཉམ་བསྲེ་མ་བྱེད་པར་དགེ་ཆོས་ཀྱི་དུས་ཐོག་ནས་བཟུང་ད་བར་མི་དེ་ཚོ་རེ་རེའི་མིང་ཁོད་ལ་འུད་བསྟོད་ཀྱི་སྐད་ཆ་ག་རེ་བཤད་འདུག དེ་འུད་བསྟོད་ཡིན་པའི་རྒྱུ་མཚན་བཅས་རེ་རེ་བྱས་ནས་བྲིས་ཡོང་ན་མི་བླུན་པོ་ཞིག་ཡིན་ན་ཡང་དེ་ཁས་ལེན་གི་རེད། དེ་ནས་ང་ཚན་རིག་པ་ཡིན་ལབ་ན་ར་འདྲ་ཆགས་སེ་རེད། དེ་མིན་རང་གི་སྐད་ཆའི་ཕད་གོག་ཨི་ཁུང་བརྒྱ་སྟོང་གིས་ཁེངས་བཞིན་གཞན་གྱི་སྐད་ཆ་ལ་ཚན་རིག་གི་གཞི་རྩ་མེད་གི་ཟེར་ན་ཁྱེད་གི་སྐད་ཆ་དེ་ཚོ་དགོད་གཏམ་མམ་མཚར་གཏམ་ནང་འགྲོ་ཐུབ་ན་ལས་གཞན་རྩོམ་ཞིག་གི་མིང་ལོན་རྒྱུ་ཡང་ཁག་པོ་ཡིན་རྒྱུ་རེད་ཡ་ཨ་ཚན་རིག་པ། མ་གཞི་ཁྱེད་རང་གིས་ཚན་རིག་གི་སྡེ་ཚན་གང་ཞིག་བསླབ་གི་ཡོད་མེད་ར་ཅང་བཤད་མ་སོང་ང་།
དང་པོར་སྐད་ཆ་སྦོམ་པོ་བཤད་རྒྱུར་མ་ལྟ། སྐད་ཆ་བཤད་པ་དེ་ལ་གཞི་རྩ་ག་འདྲ་ཞིག་ཡོད་མེད་དེ་ལ་ལྟོས།
མྱི་བསད་པའི་ག་ལ་ཚད་གསོན་བསྲེག་བྱས་པའང་ཡོད་པ་རེད། ལྟ་བ་གསར་བ་ཁྱེར་ཡོང་བ་ལ་བརྟེན་ནས་གསོན་བསྲེག་བྱས་པའང་ཁྱེད་ཚོས་ལམ་སང་རྙེད་གི་རེད། སྲོག་ཆད་བབས་པའི་མཚན་ཉིད་རིག་པ་བ་ཟེར་ནས་ཚོལ་དང་རེ་ཟུང་གིས་མི་ཚད་པ་ཞིག་ཁྱེད་རང་ལ་ལམ་སང་རྙེད་གི་རེད། དཔེ་བཞག་ན། བློ་ཡོན་གྱིས་བྲིས་པའི་ཕེ་ས་གོ་ར་ཡང་ཁོང་གི་ཚོགས་ར་མེ་བསྲེགས་ཤིང་རྒྱང་ཕུད་ལ་བཏང་བ་ཞིག་རེད་མི་འདུག་གམ།
དགེ་འདུན་རབ་གསལ་ལགས་།་་ངས་གོང་དུ་མང་པོ་བཤད་པ་ཡིན་་མོད།་་ད་རུང་ཁྱོད་ཀྱིས་ཁུངས་ཤིག་བཙལ་ཅི་ཐུབ་ཀྱིས་དགེ་ཆོས་ཁུངས་མེད་ལུགས་མེད་ཀྱི་སྐད་ཆ་དེ་དག་ལ་ཁུངས་ཤིག་བཙལ་ཅི་ཐུབ་བྱ་བཞིན་འདུག་།་དེ་ཁྱོད་རང་དགེ་ཆོས་ལ་དུང་བས་དབང་གིས་ཁས་ལེན་མ་འདོད་པ་ལས་གཞན་ཅི་ཡང་མ་ཡིན་།་ངས་འདི་ལྟར་།་”ཀ་ལི་ལེ་ཨོ་ཡིས་ལྟ་བ་དེ་དག་ལ་རྒྱབ་སྐྱོར་བྱས་བའི་གཞུང་ལུགས་བརྩམས་པ་དང་།་་ཉིག་ཏོན་གྱིས་འཐེན་ཤུགས་ཀྱི་ལྟ་བ་བཏོན་པ་དེ་དག་ཀྱང་་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་དབུས་སུ་ཡིན་པས་སྒྲུབ་བྱེད་་གཏོང་བ་ཡིན་པ་ཡེ་ཤུ་ཆོས་ཚོགས་ཀྱི་ཕུ་ཐུ་ལེབ་མིན་གྱི་སའི་གོ་ལ་དབུས་སུ་ཡོད་པའི་ལྟ་བ་དང་འགལ་བ་བྱུང་ཡོད་མོད།་།་རྩོད་རྙོག་དེ་དག་ནི་སའི་གོ་ལ་ལམ་།་ཡང་ན་་ཉི་མ་སྐར་ཁྱིམ་ཐམས་ཅད་ཀྱི་ལྟེ་བ་ཡིན་པའི་རྩོད་པ་ཤིག་ལས་།་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོད་པ་མིན་།་་ཀ་ལི་ལེ་ཨོ་ལ་ཡེ་ཤུ་ཆོས་ཀྱི་ཁྲིམས་ཆད་ཕོག་པ་དང་གཞན་ཚན་རིག་པ་འགའ་ཤས་་མེ་ལ་བསྲེགས་གཏོང་དགོས་བ་ཡང་སའི་གོ་ལ་རིལ་རིལ་དང་ལེབ་ལེབ་ཀྱི་རྩོད་པ་མ་ཡིན་པར་།་སའི་གོ་ལ་དང་།་ཉི་མ་གཉིས་ཀྱི་གང་ཤིག་སྐར་ཁྱིམ་ཡོངས་ཀྱི་དཀྱིལ་དུ་ཡོད་མེད་ཀྱི་རྩོད་པ་དེ་ཡིན་།་”་ཞེས་གསལ་བོ་བཀོད་ཡོད་།་The Roman Inquisition་ཟེར་བ་ཡོངས་གྲགས་རེད་།་་
ཕྱག་གཉིས་བ་ལགས་།་ཁྱེད་ཀྱིས་་གནས་ལུགས་མེད་གིན་དང་ཡོད་གིན་སོགས་ག་རེ་བཤད་ན་འགྲིག་གིན་རེད་།་་དེ་ལ་སྐྱོན་ཅི་ཡང་ཡོད་པ་མ་རེད་།་་་བདེན་པ་ནི་བདེན་པ་རང་རེད་།་སུས་ཀྱང་གཏོར་ཐུབ་ཀྱིན་མ་རེད་།་ཁྱེད་ཚོས་དགེ་ཆོས་སྐྱོན་མེད་པའི་སངས་རྒྱས་།་མཐར་གཏུགས་ན་སྐྱོན་བྲལ་གྱི་༼རིག་གསར་གྱི་སྐབས་སུ་མོའི་མི་དགའ་བའི་ཚིག་ཟུར་ཙམ་བཤད་ཀྱང་བཙོན་དུ་བཟུང་ནས་གསོད་ཀྱིན་ཡོད༽་མོའི་ལྟ་བུ་ཤིག་ལ་སྒྲུབ་ཅི་ཐུབ་བྱ་བཞིན་ཡོད་མོད་།་ངས་ཁྱེད་རང་ཚོ་བོང་བུ་དར་ཐོག་ལ་དེད་པ་ཤིག་ལས་གཞན་རྒྱུ་མཚན་ཅི་ཡང་མེད་།་་་བློ་དོགས་མི་དགོས་།་་ཁྱེད་ཚོ་ཟེར་བའི་ནང་དུ་ཁྱོད་འདུ་བ་ནི་རང་གིས་རང་ངོ་སྤྲོད་བྱས་སོང་།་གཞན་སུ་ཡོད་མེད་དེ་ག་ལེར་ཡོང་དགོས་རེད་།་་ངས་གོང་དུའང་དོགས་སློང་མང་པོ་བྱས་ཡོད།་དགེ་ཆོས་བཙོན་དུ་བཅུག་པ་དེ་།་སྐད་ཆ་གསར་བ་ཤིག་དང་།་ཁོ་མཁས་བ་ཡིན་ནས་བྱུང་བ་ཤིག་མ་རེད་།་ཁྱེད་ཚོ་དམར་སྲུང་དམག་དག་གིས་སྔོན་གྱི་མཁས་བ་རྣམས་ཡེ་ཤུའི་ཆོས་ཀྱི་བདག་པོ་རྣམས་དང་འདྲ་བ་ཞིག་གི་བཏང་།་དགེ་ཆོས་ཉིད་ཀ་ལི་ལེ་ཨོ་དང་འདྲ་བ་ཤིག་གཏོང་བསམ་གིན་ཡོད་ནའང་།་དེ་འདྲ་ཡོང་གིན་མ་རེད་།་
འོ་དོགས་སྣང་མི་དགོས་།་ང་ཚན་རིག་པ་ཤིག་མིན་།་ཡིན་ཀྱང་ཟེར་མ་མྱོང་།་ངའི་མགོ་ལ་ཞ་མོ་དེ་འདྲ་མ་སྐོན་།་་ཞ་མོ་དེ་ངའི་ཆགས་ཀྱིན་མི་འདུག་།་ཁྱེད་ཅག་གི་སྟེང་ནས་ཁོང་ཁྲོ་ལབ་ནས་སྐྱེས་མ་མྱོང་ལ་།་སྐུ་ཞབས་མྱིག་རྫོད་དང་།་ཁྱེད་གཉིས་མེད་བྲག་ཐེམ་སྟོང་བ་རེད་ཅེས་གླུ་རེ་བླངས་ནས་བསྡད་ཡོད་།་་དེ་རིང་སྐུ་ཞབས་མྱིག་རྫོད་དང་ཁྱེད་གཉིས་ཀྱི་ལག་ཏུ་སྤོམ་པོ་མང་པོ་ཤིག་རག་ཡོད་ས་རེད་།་ཁྱེད་རང་གིས་སྤོམ་པོ་ཟེར་བའི་ཚིག་འདི་སྤྱོར་སྟངས་ལ་བལྟས་ན་།་དེ་འདྲ་རེད་དམ་།
ཕྱག་དམར་ལགས། དམར་སྲུང་དམག་མི་རེ་རེ་མིང་འབྲི་དགོས་ན་ཤོག་ངོས་མང་པོ་ཞིག་དགོས་ས་རེད། ན་ནངས་ད་ལོ་ཇེ་མང་ཇེ་མང་རེད། ཁྱོས་དམར་པོའི་ཚད་གཞི་ཁྱེར་ཤོག་ཟེར། དམར་པོའི་ཚད་གཞི་ཐག་རིང་པོ་ཞིག་ནས་འཇོག་མི་དགོས་ཀི ཁྱེད་རང་དམར་པོའི་ཚད་དཔེ་ལ་བཞག་ན་འགྲིག་ས་རེད། ནམ་རྒྱུན་ཡིན་ན་་བོད་ཀྱི་མཁས་པ་ཚོའི་གསུང་རེ་ཁྱེར་ཡོང་ན་ཁྱེད་ཚོས་ཁས་མི་ལེན། དེ་རིང་འུ་ཐུག་ན་༧་གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ཁྱེར་ཡོང་གིན་འདུག་ཀ གོང་ས་མཆོག་གིས་དམར་དམག་ཁྱེད་ཚོ་ཚུར་འགུགས་ཐབས་ལ་ང་མར་ཁིར་སི་རིང་ལུགས་པ་ཕྱེད་ཡིན་ཟེར་བ་དང་དགེ་ཆོས་ཡག་པོ་རེད་ཟེར་བ་སོགས་གསུངས་གི་ཡོདཔ་རེད། སངས་རྒྱས་ཀྱིས་ཕྱི་རོལ་བ་ཚོ་འགུགས་ཐབས་ལ་བདག་ཡོད་པར་གསུངས་བ་བཞིན་ཁྱོ་དང་འདྲ་བའི་གུང་ཁྲན་གྱིས་གླད་པ་བསྒྱུར་བའི་དམར་དམག་ཚོ་འགུགས་ཐབས་ཡིན་པ་ཤེས་དགོས་ནི་རུ་གོ འོ། ཁྱོད་ཚོས་བློ་ཡོན་ན་ལན་ཡག་པོ་ཞིག་རྒྱག་ཐུབ་ཀི་མི་འདུག ད་གཡུགས་ཤོག་ལོ། བློ་ཡོན་ནས་ཡང་མང་པོ་མ་བཤད། འདི་ཚོ་སྙིང་ན་ནས་ཤི་ས་རེད།
རེད། བདེན་པ་ཟེར་བ་དེ་ནམ་ཡིན་ན་བདེན་པ་རེད། དེ་སུས་ཀྱང་གཏོར་ཐུབ་གི་མ་རེད། ཁྱེད་རང་གི་བདེན་འཛིན་གྱི་རས་རྙིང་ཧྲལ་ཧྲིལ་དེ་རལ་ནས་གཙབ་ཤ་འཁོར་ལོ་བྱས་ཚར་སོང་ང་། ད་རུང་ཨུ་ཚུགས་རྒྱབ་ནས་བདེན་པ་ཡིན་ཟེར་བ་དེའང་དངོས་གནས་མཁྲེགས་འཛིན་གྱི་ཡན་ལག་ཉིང་ལག་ཏུ་གྱུར་བའི་བདེན་པ་གཞན་ཞིག་ཡིན་ལས་ཆེ།
ཁྱེད་རང་ལའང་བདེན་པ་རྩ་ནས་མེད་པའང་མ་རེད། དགེ་ཆོས་བཙོན་དུ་བཅུག་པ་དེ་སྐད་ཆ་གསར་བ་ཤིག་དང་ཁོ་མཁས་བ་ཡིན་ནས་བྱུང་བ་ཤིག་མ་རེད། དེ་བདེན་པ་རེད། དེ་ཁོང་མཁས་པ་ཡིན་མིན་ལ་ཐུག་པ་ཞིག་མིན་པར་མཁས་པ་གཉོམ་ཆུང་དྲང་མོ་ཞིག་གི་མགོར་མ་ཉེས་ཁ་གཡོགས་བྱས་པ་རེད།
རྒྱུ་མཚན་གསལ་བོ་བགྲང་རྒྱུ་མེད་པར་མ་ཉེས་ཁ་གཡོགས་བྱས་པ་རེད་ཟེར་ན་དངོས་གནས་ངས་ཕྱོགས་ཞེན་བྱས་པའི་བཟོ་འདྲ་བོ་ཞིག་ཡོད་པ་རེད། ཉེས་པ་ལ་ཉེས་པ་བྱས་པའི་ཁུངས་སྐྱེལ་དང་བདེན་དཔང་གིས་མ་འདང་ན་དེ་ནི་མ་ཉེས་ཁ་གཡོགས་རེད།
ཁྱེད་རང་ཚན་རིག་པ་ཞིག་མིན་ན་དཔེ་ཡག་པོ་རེད། ཁྱེད་ཀྱི་ཉེས་པ་ཅུང་ཟད་ཡང་དུ་ཕྱིན་པ་རེད། གལ་སྲིད་ཁྱེད་རང་ཚན་རིག་པ་ཞིག་ཡིན་ཟེར་ན་ཁྱེད་ཀྱི་ཚན་རིག་དང་མཐུན་པའི་གཞི་འཛིན་ས། ཚན་རིག་དང་མཐུན་པའི་དབྱེ་ཞིབ། ཚན་རིག་དང་མཐུན་པའི་རིགས་པ་གང་ཡང་མེད་པའི་མུ་ཅོར་སྒྲོགས་པ་དེ་ཚོར་སུས་འགན་འཁུར་དགོས་པ་རེད།
ཁྱེད་རང་ཚན་རིག་པ་ཞིག་མིན་ན་ད་རུང་ར་བདེན་པ་ནི་བདེན་པ་ཡིན་ཟེར་ནས་ཨུ་ཚུགས་བྱས་ཀྱང་ཆོག་པ་རེད། བླུན་པོ་གཡུག་སྣ་ཁུ་ཚུར་ཟེར་བའི་དཔེ་སོང་ཡང་དེ་ལ་བཤད་འཇོག་རྒྱུ་གང་ཡང་ཡོད་པ་མ་རེད། བཀྲ་ཤིས་བདེ་ལེགས་ཡོད།
གལ་སྲིད་ཁྱེད་རང་ཚན་རིག་པ་ཞིག་ཡིན་ཟེར་ན་ཁྱེད་ཀྱི་གོང་རྩོམ་ནང་ངས་ཚིག་རེ་རེ་དང་ཡིག་འབྲུ་རེ་རེ་བྱས་ནས་རྒྱུ་མཚན་ཡོད་མེད་ལ་ཡི་གེ་ནག་བཤེར་བྱས་ཡོང་ན་མཐའ་མཇུག་ཨུ་ཐུག་ནས་ངུ་བ་ལས་ཐབས་ཤེས་གཞན་མེད་པ་ཞིག་ཏུ་འགྱུར་ངེས། ད་ངེས་ངེས་མཚམས་བཞག་ན་ཡག་པོ་རེད། བློ་ཡོན་གྱི་ཐོག་བོད་པ་བཅུ་བཞག་པ་ཡིན་ནའང་ངའི་གོང་གསལ་གྱི་དྲི་ཚིག་དེ་ཚོར་ལན་ཐེབ་རྒྱུ་ཡོད་པ་མ་རེད། གལ་སྲིད་ལན་ཞིག་ཡོད་པ་ཡིན་ན་ངས་ལམ་སང་ཁྱེད་ཀྱི་མདུན་པུས་བཙུགས་ཀྱིས་ཁྱེད་རང་བདེན་པའི་རྒྱལ་པོར་ངོས་ལེན་བྱེད་རྒྱུར་ང་ལ་དཀའ་ངལ་གང་ཡང་མེད།
དེ་མིན་རང་དང་མཉམ་དུ་གཞན་དང་གཞན་ཡང་མཛེ་སྦྲེལ་གཡང་ལྷུང་དང་ལོག་ལམ་དུ་ཁྲིད་ན་ངས་བཟོད་བསྲན་བྱེད་ཐུབ་ཐབས་བྲལ། མཁས་མང་ཚོགས་པའི་མདུན་གྲལ་དུ་སྤྲེའུས་ཨོང་དོང་བསྟན་ཏེ་སྤྲེའུ་རྩེད་བྱེད་ས་ཞེ་དྲག་ཡོད་མ་རེད། དེ་ཤེས་པ་གྱིས། ང་མི་ནག་གཏམ་གྱིས་མྱོས་པ་ན།། དོན་ནག་ཁྲག་གིས་མྱོས་པ་འདྲ།། ཁྱོད་སྡར་མ་ཝ་བྲོས་བྱས་པ་ན།། ཁྱི་རྒན་རྔ་མ་བཅད་པ་འདྲ།།
དོན་དག་མ་རེད་དོམ་དག་རེད།
ཕྱག་གཉིས་པl ཨུ་ཚགས་མ་བྱེད། སྐད་ཆ་བསྐྱར་བཤད་ཡང་བཤད་བྱེད་ཀི ལན་མ་ཐོབ་ན་ཡོལ་ནས་འགྲོ་གི་འདུག ཡང་་་་་་་་མཁས་པ་གཉོམ་ཆུང་དྲང་མོ་ཞིག་གི་མགོར་མ་ཉེས་ཁ་གཡོགས་བྱས་པ་རེད།ཟེར།
རྒྱལ་ཁབ་སུ་ཞིག་ཡིན་ཡང་མི་ལ་དོགས་པ་ཟས་ནས་བཙོན་ལ་འཇུགས་མི་ཆོག་པ་ཞིག་ཡོད་པ་མ་རེད། ཁོ་ལ་མ་ཉེས་ཁ་གཡོགས་བྱས་ཡོད་པའི་སྒྲུབ་བྱེད་ག་རེ་ཡོད། ཁོ་ལ་ཉེས་བ་མེད་པ་སུས་ཤེས་ནི་རེད། ངོ་མས་བཤད་ན་དུང་ཞེན་གྱི་དབང་གིས་་ཁོ་ལ་ཉེས་བ་ཡོད་པ་མ་རེད་ཟེར་བ་ལས་གཞན་ཅི་ཞིག་ཡོད་དམ།
མགོན་པོ་ཕྱག་གཉིས་བ་ལགས་།་ཁྱོད་ཀྱིས་ཨུ་ཚུགས་་ག་རེད་བྱས་ཀྱང་དོན་དག་རྡོག་རྡོག་དེ་བཤད་ཚར་།་ལན་གཅིག་ཀྱང་མ་འདེབས་རྒྱུ་མ་བྱུང་བར་།་བསྐྱར་དང་ཡང་དུ་རྩོད་ཟིན་པ་དག་དྲུད་ཡོད་ནས་་ད་དུང་ཡིན་མདོག་མདོག་གི་སྐད་ཆ་མང་པོ་བཤད་ཀྱིན་འདུག་།་ཚིག་གི་འབྲི་སྟངས་དང་།་ཨུ་ཚུགས་ཆེ་སྟངས་གང་ལ་བལྟས་ཀྱང་མི་རིགས་སློབ་ཆེན་ནམ་།་ཁ་ཅིག་གི་རིམ་པ་གཉིས་བའི་སྤྱན་གཟིགས་ཁང་ཤིག་ནས་བྱུང་བས་ངེས་པས་།རིགས་ལུང་གང་ཡང་མི་དགོས་བའི་དམར་སྲུང་དམག་དེ་དག་ལ་།་དཔེ་དེབ་དམར་པོ་འགའ་མ་གཏོགས་གང་བཤད་ཀྱང་སྤྱང་གི་རྣ་ལ་ཆོས་བཤད་ལས་ཅི་ཡང་ཡོད་པ་མ་རེད་།་དེ་བས་ཁྱོད་རང་གིས་རང་གི་གང་ལ་ཡིད་ཆེས་བ་དེ་བདེན་པར་བཟུང་།་སྤོབས་པ་ཆེན་པོས་་གཞན་གྱི་བྲིས་བ་སོགས་་ཀློག་ཀྱང་མ་དགོས་བར་་གཞན་ལ་དགག་པ་རེ་གཏོང་ཁུལ་བྱེད་ནས་སྡོད་།་ངས་ད་ཐེངས་འདི་ནས་མཚམས་མཇོག་།་ངའི་ཆུ་ཚོད་དག་ནི་གསེར་ལས་དཀོན་པ་ཤིག་ལ་ངོས་འཛིན་བྱ་བཞིན་ཡོད་།་ཁྱེད་ཀྱི་ཐོག་ཏུ་བཏང་ན་།་ཁྱེད་རང་ལ་ཁོང་ཁྲོ་སློང་བ་དང་།་ངའི་ཆུ་ཚོད་ཀློག་པ་དེ་ལས་གཞན་ཅི་།་བཀྲ་ཤིས་བདེ་ལེགས་།་་
་ཁ་ཅིག་གིས་རིམ་པ་གཉིས་བའི་སྤྱན་གཟིགས་ཁང་ཞེས་འབོད་པའི་མི་རིགས་ཀྱི་སློབ་གྲ་ཤིག་ནས་་་་་་་་་།་ཞེས་བཅོས་རོགས་གནང་
གཞོན་ནུ་འདི་
སྐྱབས་འགྲོ་མི་ཤེས་པ་འདྲ།
དགེ་ལུགས་པའི་ཐོས་བསམ་ཀྱི་གོ་བ་འདི་འདྲ་སོང་སྐྱབས་གནས་འདྲེ་ལ་བཅོལ་ལམ་རིམ་བརྒྱུད་པའི་བླ་མ་ཕ་ཁྲི་གསེར་སོགས་ཀྱི་བྱིན་རླབས་སྙིང་དབུས་སུ་སད་། ང་ཆེ་ང་མཁས་ང་ང་ང་ང་ང་ངངངངངངངངདགེ་ལུགས་ དགེ་ཆོས་གསད་བའི་རོ་ལ་ཡང་དགག་་་་་་་་་་་་་་་་་་་་་་་་་་་་་་་་་་ཨ་ཁ་་་་་་་་་སྙིང་རྗེ་ངོ་་་་་་་་
ཕྱི་སོ་ཐར་མཚན་མཐུན་ཆགས་པས་རུལ།
ནང་ལམ་རིམ་བརྒྱུད་པ་འདྲེ་ཡིས་ཁྱེར།
གསང་སྔག་རིམ་སྡེ་འཁྲུགས་དུམ་བུར་ཤོར།
ཆོས་ཁ་ལ་མཁས་པས་རང་རྒྱུད་རེང།
ད་ཡང་མགོན་པོ་འདྲེ་འབོད་ཐོན་ཐ། ད་འདྲེ་ཕྲུག་མང་པོ་སླེབས་གྲབ་ཡོད་པ་རེད། འདྲེ་ཕྲུག་དེ་ཚོ་དུར་ཁྲོད་ནང་ནས་ཉལ་བསྡད་ཡོད་པ་རེད། ཁ་ལ་ཆོལ་ཁ་ཆོས་ལུགས་ཕྱོགས་རིས་ཁས་ནས་སླེབས་གྲབ་ཡོད་པ་རེད། ང་དགེ་ལུགས་ཚང་གི་སྔགས་པ་རེད། འདྲེ་ཕྲུག་དེ་ཚོ་སླེབས་ཀྱང་ཉམས་ནི་ང་།
ཨ་རོ། མདའ་ཚན་པ་མགོན་པོ་ཚེ་རིང་། ངས་ཁྱོད་འདི་མོ་ཞིག་ད་ཆེ་ཡིན་འདོད་ལྰ། ཁྱོས་་་་མགོན་པོ་ཕྱག་གཉིས་པ་དང་མདའ་ཚན་པ། gonpo་ཟེར་བ་མིང་འདྲ་མིན་ཁྱེར་ཡོང་ནས་གྲུབ་མཐའ་དང་ཆོལ་ཁའི་བར་ལ་དབྱེ་དཀྲུགས་རྫོགས་མཐའ་མེད་པ་ཞིག་བྱེད་ཀི ཁྱོས་ཅི་བྱེད་འདོད་པ་ཡིན། ཁ་སང་་་་་་བློ་ཡོན་གྱི་ཐོག་བོད་པ་བཅུ་བཞག་པ་ཡིན་ནའང་ངའི་གོང་གསལ་གྱི་དྲི་ཚིག་དེ་ཚོར་ལན་ཐེབ་རྒྱུ་ཡོད་པ་མ་རེད། ཟེར་ཁུལ་བྱས་ནས་བོད་པ་དབྱེ་འབྱེད་བྱས་འདུག་པ་ཡག་པོ་མ་རེད། ལྗང་བུ་སོགས་ཀྱིས་ཡང་སྐད་ཆ་འདི་མོ་བཤད་མྱོང་བ་རེད། དེ་ཡག་པོ་མ་རེད། ངའི་སེམས་ན་འདི་འདྲའི་བློ་དོགས་གང་མེད། འདི་དཀྲུགས་གསར་བ་ཞིག་རེད། དེ་འདྲ་མ་བྱས་ན་ཡག་་པོ་རེད་བསམ་ཡོད།
མགོན་པོ། སྐྱབས་འགྲོའི་སྐོར་དེ་དགེ་ལུགས་ཕྱོགས་ན་ལམ་རིམ་ཆེན་མོ་གཙོ་བྱས་སྐྱབས་ཁྲིད་ཁག རྙིང་མའི་ཕྱོགས་ན་རྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། ས་སྐྱའི་ལམ་འབྲས། བཀའ་བརྒྱུད་པའི་དྭགས་པོ་ཐར་རྒྱན། ཚང་མས་རྟེན་ས་དེ་མངོན་རྟོག་རྒྱན་ནས་གསུང་བའི་སྐྱབས་གསུམ་གྱི་རྣམ་བཞག་དེ་རེད་མ་གཏོགས་དེ་ལས་གཞན་དུ་ཡོད་པ་མ་རེད། དེ་ལས་གཞན་ཆོས་རྒྱུད་རིས་སུ་བཅད་ནས་ཁྱོད་ཀྱི་སྡུག་པ་མུ་མཐུད་དུ་གསོག་འདོད་ཡོད་ན་གང་དགའ་བྱས། ང་ལ་སྙིང་ལངས་ནས་ངའི་ཆོས་རྒྱུད་ལ་དམོད་པ་དེས་ཁྱོད་རང་གི་ནང་རྟགས་ཕྱིར་བསྟན་པ་ཙམ།
ངས་ཁྱོད་ཚོ་ལ་ཆོས་ལུགས་བཤད་དུས་ཁ་གཙོག་མི་བཤད་པའི་རེ་བ་བྱེད་ཀྱི་ཡོད། གལ་ཏེ་ད་དུང་བཤད་ན་ངས་ཀྱང་ཁ་གཙོག་བྱེད་པའི་མགོ་འཛུགས་རྒྱུ་ཡིན། དེ་དུས་ཁྱོད་ཚོ་ཁོང་ཁྲོ་ཟ་ན་ཡང་སྡུག་ཀྱོང་རྐམ་པོ་ཡིན་ནོ་ཤེས་ཀ་ཟེ
གསལ་བཤད།
gonpo ཟེར་བ་དང་ར་ལོ་མགོན་པོ་ཟེར་བ་སོགས་མགོན་པོའི་མིང་ཅན་གཞན་པ་དེ་ཚོ་ང་མིན། མགོན་པོ་ཕྱག་གཉིས་པ་ཕྱག་ན་ཇིང་གིར་རྒྱལ་པོའི་དམག་མི་ཚོ་བཞིན་མི་གསོད་བྱེད་ཀྱི་མདའ་མོ། རྨས་བྱེད་ཀྱི་མདའ་མོ། གསོན་པོ་འཛིན་བཟུང་བྱེད་སྐབས་འཕེན་པའི་མདའ་མོ། གླིང་གི་དཔའ་ཐུལ་ཚོ་བཞིན་མི་སྐད་བཤད་པའི་མདའ་མོ། ཕར་འཕངས་ན་ཕྱིར་ལོག་ཤེས་པའི་མདའ་མོ་རྒོད་སྒྲོ་ཅན་བསྣམས་པ་ཞིག་ཡོད་ན་ང་ཡིན་དང་ཡིན།
གཞན་འཕངས་ན་ཕོག་པ། ཕོག་ན་འཆི་བ། ཤི་ན་མཐོ་རིས་སུ་འདྲེན་པའི་དམ་བཅའ་གསུམ་ལྡན་གྱི་མདའ་མོ་བསྣམས་པ་ཞིག་ཡིན་ནའང་ང་ཡིན།
ད་རུང་། ་་ ཀུན་དུ་རྨོངས་བྱེད་བརྒྱལ་བར་བྱེད། སྨྱོ་བྱེད་རྒོད་བྱེད་སྲེད་བྱེད་དོ་་ ཟེར་བ་ལྟར་འདོད་པའི་མདའ་མོ་སྙིང་ག་འབིགས་པར་བྱེད་པ་ཅན་ཞིག་ཡིན་ནའང་ང་ཡིན། དེ་མིན་ང་མིན་ནོ།
ངས་གོང་དུ་བྲིས་པའི་བོད་པ་དེ་བློ་ཡོན་གི་འགྲོ་རོགས་གྲིབ་མ་དག་རིལ་གྱི་བོད་པ་ཟེར་བ་ཁྱོད་ཁོ་ན་ཡིན། ད་ཁྱོད་ཀྱིས་དཀྲུག་ཤིང་བྱེད་པའི་མགོ་བཙུགས་ན་ར་དཀྲུག་ཐུབ་ནི་མ་རེད།
དཀྲུག་ཤིང་གི་སྐད་ཆ་ཇེ་མང་ལ་ཕྱིན་ན་ངའི་ཕྱག་མདའི་བང་མཛོད་ནང་ནས་མདའ་མོ་ག་རེ་འདེམས་ན་དེ་ལག་རྟགས་ལ་སྟེར་ཆོག་ཆོག་ཡིན་པ་ཤེས་པར་གྱིས།
བློ་ཡོན་དང་ཁྱེད་གཉིས་གཅིག་ཡིན་ན་མིན་ན་ང་ལ་ཁྱད་པར་མེད། ཡོང་ནས་ཡིན་ལུགས་ཚུལ་མཐུན་གྱིས་བགྲོ་གླེང་བྱས་ན་བརྗོད་མེད་ཡིན། དེ་མིན་ན་ངས་ཁྱེད་འདྲ་བ་དམར་ཡག་སྟག་གིས་སེམས་ཅན་ཉམ་ཆུང་དག་བཟའ་བཟའ་བྱེད་དགོས་བྱུང་ན་འགྱོད་པ་ལས་ཀྱི་ཐ་མ་རེད།
གྲིབ་མ་དག་རིལ་མ་རེད་ནག་རིལ་རེད།
གཞོན་ནུ་ལགས་སུ།
ལས་ངན་པའི་རང་རྒྱུད་ཆགས་སྡང་གིས།
ཁྱོད་མི་མཁས་མཁས་འདོད་རང་གཤིས་ངོམ།
བོད་མཁས་པའི་དབང་པོ་དགེ་ཆོས་རྒོལ།
ང་ཕྱོགས་མེད་མགོན་པོ་སེམས་ཁམས་སྡུག
དེ་ཡོངས་གྲགས་མཐོང་ཆོས་དངོས་ཡོད་དེ།
ཉན་ཤེས་ན་ང་རྒྱལ་གཉེན་པོ་ཡིན།
ཉན་མ་ཤེས་ཚིགས་གི་མཚོན་ཆ་ལགས།
ཆོས་རྟེན་འབྲེལ་ལས་དེ་རང་གིས་བསག
ད་འབྲས་བུ་ལས་དང་རྣམ་པར་སྨིན།
བདག་བྱོས་ནས་རང་སྐྱོན་ངོས་ལེན་བྱོས།
སླར་ཕྱིན་ཆད་གང་བྱུང་འཆལ་གཏམ་སྤོང།
མཁས་དབང་དགེ་འདུན་ཆོས་འཕེལ་དེ།
གང་ཅན་མགོན་པོ་དབུ་བཞུགས་ནས།
བློ་ཟུ་བོར་གནས་བའི་ཆེ་དགུས་བསྟོད།
དེང་ཐན་ཕྲུག་ཆགས་སྡང་ཤེས་མེད་འགས།
ཞེ་སྡང་བའི་རྒྱུན་ཆགས་སྤྱོད་པའི་གཤིས།
དེ་མཐོང་བས་ཟུར་གནས་འཆི་མ་ཤོར།
ཆོས་མཁས་འདོན་ཅན་གྱི་གཞོན་ནུ་དེས།
སྐྱབས་འགྲོ་མིན་ཚོགས་གཞིང་བལྟོས་དང་ཟེར།
ཆོས་སྐྱབས་འགྲོ་མཐའ་བརྒྱད་སྤྲོས་བས་དབེན།
དེ་དགེ་འདུན་ཆོས་འཕེལ་གྱི་དགོངས་རྟོགས་ལགས།
དེ་ཡིན་མིན་ཀླུ་སྒྲུབ་དགོང་བརྒྱན་གཟིགས།
དེ་སྐྱབས་འགྲོའི་ཚོགས་བཞེང་ནང་ན་བཞུག
དེ་མ་ཤེས་ཤི་འདྲེ་ཚོགས་བཞེངས་བཅུག
སྐྱོན་ཐམས་ཅད་གོ་བ་མེད་བས་ལན།
ཆོས་མ་ཤེས་པ་ལ་ཅི་ཆ་ཡོད།
ཕྱག་གཉིས་པས་ལབ་ཆི་མོ་རྒྱབ་ན་རྒྱབ། gonpo ཁྱོ་ཡིན་མིན་ལྟ་ཆོག མདའ་ཚན་པ་ཁྱོ་མ་ཡིན་ས་མི་འགྲོ ད་དུང་མིང་གཞན་པའི་ཐོག་ནས་དཀྲུག་ཤིང་བཟོས་ཡོད་པ་རེད། དེ་ཡག་པོ་མི་འདུག བོད་པ་དེ་ང་རང་ཁོ་ན་ལ་གོ་གི་ཡོད་ན་དགོངས་དག་ཞུ།
gonpoཟེར་བ་ མགོན་པོ་ཕྱག་གཉིས་པ་མ་་རེད་དམ། ༡༢༡༽ མགོན་པོ་ཕྱག་གཉིས་པ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༩ གི་ཆུ་ཚོད་ ༡༡ སྐར་མ་ ༢༤ ། ་འདི་དང་། ༡༢༣༽ gonpo ནས།
སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༩ གི་ཆུ་ཚོད་ ༡༢ སྐར་མ་ ༥༡ ། འདི་གཉིས་དུས་ཚོད་གཅིག་ཧ་ཅང་ཉེ་གི གཉིས་ཀ་་་་ཁ་ན་ཊ་ནས་རེད། རྩིས་འཁོར་རྒྱུད་ལམ་ཡང་གཅིག་རེད། ཧ་ཧཧཧ
ད་ལོ་རྙིང་མ་དང་དགེ་ལུགས་བར་ལ་དབྱེན་དཀྲུག་གི་ཉོག་དཀྲུག་མཁན་ཡང་མགོན་པོ་ཕྱག་གཉིས་པ་འདི་ཡིན་ས་རེད། ཚང་མས་ཞིབ་འཇུག་བྱོས་དང། ངས་ཁོ་ལ་ཀློག་ལམ་ནས་ཉུལ་མ་འགའ་བཏང་ཡོད། གཅིག་བྱས་ལམ་སང་ཤེས་ཐུབ་ཀི་རེད། ཡིན་ནའང་འདི་ལ་བདག་གི་ལག་རྩལ་ཞན་པས།ལས་དཀའ་མང་པོ་བྱེད་ཁག་པོ་འདུག
མགོན་པོ་ཞ་ར།
མགོན་པོ་ལྐུག་པ་ཁྱོད་ཀྱིས་གངས་ཅན་མཁས་རྒུ་ཡོངས་དང་། དགོན་སྡེ་ཡོངས་ལ་ཁ་བཏང་ཆོག་ས་ནས་ངས་གང་ཟག་ཡ་ཀྱལ་བ་ཞིག་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་ཅི། ཁྱོད་འདི་ལྟར་ལྐུག་རྟགས་སྟོན་སྟངས་ལ་ལྟོས་དང་གཞན་ལ་བསླབ་བྱ་ཇི་ལྟར་རྒྱག ཁྱོད་ཀྱི་འཆལ་ཚིག་ཨང་གྲངས་༡༡༦ པ་དེར་གཅིག་ལྟོས་དང་། ཁྱོད་འདི་ལྟར་ངོ་ཚ་ཁྲལ་འདས་འདི་འདྲ་ཅིག་རེད།
གཞོན་ནུ་ལགས
དགོངས་དག
རང་བཞིན་བརྗོད་དྲག་ནས་ཕོག་པ་འདྲ།
ང་ཡིན་ལོག་མིན་ལོག་མི་ཤེས་ཁ་རེ་ཁ་ཐུག་ཞིག་ཡིན།
ཡིན་པ་ལ་མིན་པ་དང་མིན་པ་ལ་ཡིན་པ་སྒྲུབ་པའི་རིག་ལམ་ངོ་མཚར་ཅན་མི་ཤེས།
སྐྱོན་དེ་འདྲ་ཡོད་མཁན་ལ་ལབ་ཡོད། དགེ་ལུགས་ཚང་མ་ཞེས་ལབ་མེད།
གངས་ཅན་མཁས་རྒུ་ཡོངས་དང་། དགོན་སྡེ་ཡོངས་ཞེས་ག་ན་ལབ་འདུག་སྟོན་དང་།
གཞོན་ནུ་ཡིད་བཞིན་ནོར་བུ
དང་པོ་གྲྭ་སའི་ནང་མཚན་མཐུན་རླ་རྒྱག་ཡོད་དང་མེད།
གཉིས་པ་ཕ་བོང་ཁ་བ་ལམ་རིམ་བླ་བརྒྱུད་རེད་དང་མ་རེད།
གསུམ་པ་གདན་ས་བཞི་ཆགས་ཡོད་དམ་མེད།
ང་མགོན་པོ་ལྐུག་པ་དང་ཞ་ར་ཡིན་ན་ཡང་རྣ་མཆོག་ཐང་ཐང་དང་མིག་ལོང་བ་མིན།
ངས་ལྟ་ན་ཁྱོད་ངོ་ཚ་ཁྲལ་འདས་ཅིག་མཐོང་།
ད་གནས་ཚུལ་ཤིག་གསལ་བོ་ཆགས་སོང།་མང་པོ་ཞིག་བཤད་དགོས་ཀྱིན་མི་འདུག་།་ཕྲན་ནས་གོང་དུ་ཡང་དུ་ཡང་དུ་བརྗོད་ཡོད་པ་བཞིན་པ་བཞིན་།་་དགེ་ཆོས་ལ་དོན་མེད་དུ་བསྟོད་ནས་།་སྔོན་གྱི་མཁས་བ་དག་ལ་ཟུར་ཟ་དང་།་འཕྱ་སྨོད་།་མདོར་ན་མཐར་བོད་ཀྱི་རིག་གཞུང་རྩ་བ་ཉིད་ནས་བརླག་འདོད་པ་དེ་ནི་དོན་གྱི་དམར་སྲུང་དམག་མི་ཡིན་ཞེས་བཤད་དེ་ད་ལྟ་ཁྱེད་ཅག་གིས་མིག་ལམ་དུ་ཁྱེར་ཡོང་བ་ཡིན་།་སྐད་ཆ་འདི་ལ་ལྟོས་དང་།་་”དང་པོ་གྲྭ་སའི་ནང་མཚན་མཐུན་རླ་རྒྱག་ཡོད་དང་མེད།”་་སྤྱིར་བཏང་བཤད་ན་།་་མིའི་འདུས་སྡེ་ཞིག་ཡིན་ཕྱིར་་།་དེ་འདྲ་ཡོད་སྲིད་ཀྱི་རེད་།་་ང་ཚོ་འབྲོག་ཕྱོགས་དང་ལུང་ཀྱོག་འགའ་རེ་ན་མ་བག་མ་ལེན་པ་དང་།་ཕས་བུ་མོ་ལ་བཙན་གཡེམ་བྱས་པ་དེ་འདྲ་ཡོད་པ་རེད་ལ་།་འཛམ་གླིང་གང་དུ་ཡང་དེ་འདྲ་ཡོད་པ་་ཚགས་པར་སོགས་ཀྱི་མཐོང་རྒྱུ་ཡོད་པ་དེ་འདྲ་རེད་།་་་སྤྱིར་བཏང་ཡིན་ན་།་བཙན་གཡེམ་ཡིན་ན་ཁྲིམས་ཐོག་ནས་ཐག་བཅད་་།་་ཆོས་ཁྲིམས་དང་ཚོགས་པའི་འགྲིག་ལས་འགལ་ན་།་དེ་དག་ལས་རྒྱང་འཕུད་བཏང་་།་ཚོགས་པ་ལས་ལོགས་སུ་བཏོན་གིན་ཡོད་པ་ཡང་དེང་དུས་འཛམ་གླིང་ཀུན་ཏུའང་དེ་འདྲ་ཡོང་གིན་ཡོད་པ་རེད་།་
ཡིན་ནའང་།་དམར་སྲུང་དམག་རྣམས་ཀྱིས་མི་རེ་འགའ་བའི་བྱ་སྤྱོད་དེ་འདྲ་ཚོགས་པ་ཡོངས་ཀྱི་སྟེང་ལ་བཀབ་ཏེ་།་མཐར་ཚོགས་པ་དང་།་དེའི་རྩ་བ་དང་བཅས་གཏོར་རྒྱུ་བྱེད་བཞིན་པ་ནི།་ཁོ་ཚོའི་རེ་བ་ཉག་ཅིག་རེད་།་་ང་ཚོའི་སློབ་གྲའི་དཔེ་མཛོད་ཁང་ན།་མཚོ་སྔོན་གྱིས་རིག་གསར་གྱི་སྐབས་སུ་བཏོན་པའི་ཚགས་པར་དང་ཡིག་ཆ་འགའ་ཤས་འདུག་།་ཉིན་ཞིག་དགེ་རྒན་གྱིས་བོད་ཀྱི་དམར་སྲུང་དམག་དག་གི་སེམས་ཀྱི་འཆར་སྟངས་ལ་ཞིབ་མཇུག་ཅིག་བྱོས་ཞེས་གསུང་བྱུང་བས་།་ཡིག་ཆ་དེ་དག་ལ་ཞིབ་མཇུག་བྱས་པ་ཡིན།་་ཕལ་ཆེར་ཚིག་ལ་ཚིག་ཇི་བཞིན་དུ་འདི་འདྲ་བའི་རྩོམ་ཤིག་འདུག་།་”དགོན་པའི་ནང་དུ་་མཚན་མཐུན་བརླ་རྒྱག་ཡོད་དང་མེད”་ཅེས་དྲི་ཚིག་ཤིག་བཀོད་ནས་རྩོམ་རིང་པོ་དང་པར་དང་བཅས་བ་ཤིག་བཀོད་ནས་།་བོད་ཀྱི་དགོན་པའི་དགེ་འདུན་པ་རྣམས་དང་།་བླ་མ་རབ་བྱུང་བ་རྣམས་མཚན་མཐུན་བརླ་རྒྱག་ཡིན་ཚུལ་།་བྱིས་བ་ཆུང་ཆུང་རྣམས་བཟུང་ཏེ་།་དགོན་པར་བཅུག་ཏེ་བཙམ་གཡེམ་བྱས་ཀྱིན་ཡོད་ཚུལ་།་བླ་མ་རྣམས་ལ་དེ་འདྲའི་གྲ་ཆུང་ཉི་ཤུ་ནས་སུམ་ཅུ་བར་ཡོད་ཚུལ་།་བླ་མ་འགའ་ཤས་ཀྱི་པར་དང་བཅས་བཀོད་ནས་འདུག་།་ང་དེ་ལས་ཀྱང་ཧ་ལས་བ་ཞིག་བྱུང་བ་ནི་།་དཔེ་དེབ་དེ་རྣམས་ཀྱི་ནང་ནས་།་སྐྱ་བོ་སྔགས་པ་རྣམས་ཀྱི་ཆགས་པ་སྤྱོད་སྟངས་ཀྱི་སྐོར་ལབ་ཡོད་པ་དེ་ཡིན་།་རེབ་གོང་དང་།་ཁྲི་ཀ་།་ཐེམ་ཆེན་རྫོང་གི་སྔགས་པ་འགའ་ཤས་ཀྱི་ཁས་ལེན་བྱས་ཚུལ་གྱི་མིང་དང་བཅས་བཀོད་ནས་།་བོད་ཀྱི་སྔགས་པ་རྣམས་ནི་།་ལས་ཀ་མི་བྱེད་པར་གཞན་ལ་མགོ་སྐོར་གཏོང་མཁན་ཡིན་ཚུལ་།་འགའ་ཤས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པ་ལ་ཁ་གཡར་ནས་རང་གི་”སྲིང་མོ་དང་ཨ་མ་ལའང་ཆགས་པ་སྤྱད་”ཚུལ་སོགས་ཧ་ལས་ནས་མིག་ཆུ་ཤོར་བ་འགའ་བྲིས་འདུག་།་་
གྲོགས་པོ་ཚོ་།་ངས་བཤད་པ་དག་ལུང་བསྟན་ཤིག་ལ་འགྲོ་གིན་མི་འདུག་གམ་།་་ཁ་ནས་དགེ་ཆོས་དགེ་ཆོས་།་དོན་གྱི་དཔེ་དེབ་དམར་པོ་རྩོད་ཀྱི་ཡོད་པ་མཐོང་གིན་མི་འདུག་གམ་།་འདི་དག་གི་རྗེས་སུ་གསལ་བོ་ཡོང་གིན་རེད་།་དྲིས་ན་མི་ཡོང་སྒུལ་ན་ཡོང་།་ཞེས་བཤད་རྒྱུ་ཡོད་པ་ཅིས་མ་བདེན་།་
ད་ལྟའི་ཁ་ནས་ལྡིར་སྒྲ་དང་།་རྣ་ནས་ཅི་མི་སྙམ་པར་སྣ་ཚོགས་ཤིག་གོ་ཡོང་དུས་།་ཁ་ཅིག་གིས་དམར་སྲུང་དམག་གི་དོན་དུ་བསམ་བཞིན་དུ་ལས་ཀ་བྱ་བཞིན་པ་དང་་།་ཁ་ཅིག་མ་ཤེས་པར་དོན་གྱི་དེ་འདྲ་ཤིག་ཆགས་ཡོང་གིན་ཡོད་པ་རེད་།་དེ་གཉིས་ཀྱི་གང་ཡིན་པ་སྐབས་འགར་གང་ཟག་རང་གིས་ཀྱང་ཤེས་དཀའ་བ་ཆགས་བསྡད་ཡོད་ཕྱིར་་།་ཆེད་དུ་ཞིབ་འཇུག་བྱ་དགོས་བ་དང་།་་མི་ཤེས་རྒྱ་ཅན་དག་ལ་དྲི་དགོས་བ་དེ་གལ་ཆེན་པོ་རེད་།་
བློ་མཐུན་མགོན་པོ་ལགས་།་འདིའི་སྐོར་མི་འཐུད་དུ་གསུང་དང་།་ལྟད་མོ་ཆེན་པོ་འདུག།་
བློ་ཡོན། ད་ཐེངས་གི་མགོན་པོ་འདིས་དེ་ཚང་མ་ཤེས་ཀི་མ་རེད། མི་བདེན་ན་ངས་ཁོ་ལ་དྲི་བ་ཅིག་བཀོད། ཁོ་རང་གིས་ལན་རྒྱག་འེ་ཤེས་ལྟོས། དྲི་བ་ཆུང་ཆུང་ཅིག་ཡིན། མགོན་པོ། བློ་ཡོན་ཀྱིས་ཅིའི་ཕྱིར་ཁྱོད་ལ་བློ་མཐུན་ཅེས་འབོད་ཀྱི་ཡོད་པ་རེད། འདི་རི་བོང་ཅལ་འདྲོགས་ཀྱི་གཏི་མུག་པ་ཅིག་ཡིན་ནི་རེད།
བློ་ཡོན་གྱིས་བཤད་པ་བདེན་ཀི དམར་སྲུང་དམག་མི་ཚོས་ཕྱོགས་ཅིག་ནས་བོད་ཀྱི་བླ་གྲ་དང་སྤྱི་ཚོགས་ནང་སྐྱོན་ཕྲན་བུ་ཙམ་ཡང་ཆེན་པོ་ཆེན་པོ་བྱས་བཤད་ནས་བོད་སྤྱི་ཚོགས་རྩ་གཏོར་ལ་གཏོང་གིན་ཡོད་པ་རེད། ཕྱོགས་གཞན་ནས་དགེ་ཆོས་སོགས་ལ་འུར་བསྟོད་དང་ཧམ་བཤད་བྱས་ནས་འཇིག་རྟེན་ན་མེད་པ་ཞིག་བཟོ་གི་ཡོད་པ་རེད། དེ་ནི་དེ་སྔོན་་་་ལིས་ཧྥིན་ལ་སློབ་སྤྱོང་བྱོས་ཟེར་བ་དེ་རེད། ལིས་ཧྥིན་ཟེར་བ་ཞིག་འཇིག་རྟེན་ལ་སྐྱེས་མྱོང་མེད་ནའང་དམར་སྲུང་དམག་མི་ཚོས་ལིས་ཧྥིན་འགྲན་ཟླ་བྲལ་བའི་དཔེ་ལེགས་པ་ཞིག་ཚུལ་བརྗོད་ནས་མི་མང་པོ་ལམ་ལོགས་ལ་ཁྲིད་དེ་སྡུག་བསྔལ་བཟོས་བ་རེད། དགེ་ཆོས་ཟེར་བ་ཞིག་སྐྱེས་ཡོད་པ་བདེན་ལ།ཁོ་སྔོན་གྱི་བོད་ཀྱི་ལོ་ཙྰ་བ་ཚོ་ནང་བཞིན་རྒྱ་གར་ལ་སོང་ནས་ནང་བསྟན་གྱི་ཆོས་ཚན་ཁ་ཤས་བོད་བསྒྱུར་བྱས་པ་དང་གནས་ཡིག་སོགས་ཤེས་བྱ་འགའ་རེ་བོད་ལ་ངོ་སྤྲོད་བྱས་བ་བདེན་པ་རེད། ཡིན་ནའང་དམར་དམག་ཚོས་དགེ་ཆོས་གསར་བཏོད་པ་དང་ཚན་རིག་པ། སྲིད་དོན་པ།ལོ་རྒྱུས་བ་སོགས་བོད་ལ་སྔོན་ཆད་སྐྱེས་མ་མྱོང་བ་ཞིག་ཡིན་ཚུལ་བཤད་ནས་བོད་པ་རྣམས་ལམ་ལོགས་ལ་ཁྲིད་གི་ཡོད་པ་རེད། དོན་བསྡུས་ན་ང་ཚོས་ལིས་ཧྥིན་ལ་སློབ་སྤྱོང་བྱས་ན་མི་འདོད་གི དམར་སྲུང་དམར་མི་ཚོ།
མིང་གི་རྣམ་གྲངས་དུ་མ་ཡོད་པའི་དྲ་གྲོགས་བློ་ཡོན་ལགས། དེ་རིང་ཁ་བརྡ་དྲ་རྒྱ་ལ་རོབ་ཙམ་ལྟ་དུས་ཁྱེད་ཀྱི་མཆན་བུ་ངེས་མེད་སྣ་ཚོགས་ཤིག་མཐོང་སོང་། དེར་བརྟེན་ང་ཡིས་གསལ་བཤད་ཐུང་ཐུང་ཞིག་མི་ཞུ་ཐབས་མེད་བྱུང་སོང་བས་དགོངས་པ་མ་ཚོམ་ཞེས་སྔོན་ནས་ཞུ། སྤྱིར་བཏང་ཁྱེད་ཀྱི་ཤེས་ཡོན་གྱི་ཆུ་ཚད་དང་རྣམ་དཔྱོད་ཀྱི་རྩལ་ལ་ང་རང་དགའ་གུས་དང་ཡི་རངས་ཡོད། ཁྱེད་ཀྱི་རྩོམ་ཡིག་<>བཀླགས་པའི་མྱོང་ཚོར་གྱི་དགའ་སྣང་ནི་ད་ལྟའང་ཡལ་མི་འདུག ཡིན་ན་ཡང་། ཅི་ཞིག་གི་སྟབས་ཀྱིས་ད་ལྟའི་ཁྱེད་ཀྱི་རྩོམ་ལས་ཀྱི་ཁ་ཕྱོགས་དང་བེད་སྤྱོད་གཏོང་སྟངས་བཅས་ནི་ཆེས་ཐབས་སྡུག་ཅིག་རེད་ཨང་། འདོར་མི་ནུས་པའི་ཁྱེད་ཀྱི་ཐུན་མིན་གྱི་གཤིས་ཀའི་དབང་གིས་ད་དུང་ཁྱེད་ཀྱིས་ཨུ་ཚུགས་ཆེན་པོ་ཞིག་མུ་མཐུད་བྱེད་ཀྱིན་གདའ་ལ། དེ་ནི་ཁྱེད་ཀྱིས་སྐད་ཆ་དྲང་མོ་བཤད་ཀྱི་ཡོད་སྙམ་གྱི་བཟོ་འདྲ་སྟོན་གྱིན་ཡོད་པ་དེ་དག་རེད། གོང་གསལ་ཁྱེད་ཀྱི་མཆན་བུ་ཁག་གི་ནང་འགལ་ཆེན་པོའི་རྫུན་མཚང་རྣམས་རིམ་གྱིས་མཐོང་དུས་དངོས་གནས་ཁྱེད་ཀྱིས་སྐད་ཆ་དྲང་མོ་བཤད་ཀྱི་མི་འདུག རང་ཉིད་ཤེས་ཡོན་པར་རློམ་མཁན་ཞིག་གི་ངོས་ནས་འདི་འདྲའི་བློ་ཡོན་པོར་ཕྱོགས་པ་ནི་ཧ་ཅང་སྐྱུག་བྲོ་གཞི་ཞིག་རེད། དེང་སྐབས་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་ལེགས་གྲས་ཚོས་ཀྱང་ཞེ་མུར་ཡིད་ཆད་དང་བཅས་ཁྱེད་ཀྱི་མིང་དོན་གཉིས་མཐུན་གྱི་བློ་ཡོན་ཕྱོགས་དེར་ཁ་རྡུང་བཏང་དང་གཏོང་བཞིན་འདུག་པ་ལ་ཐུགས་ཁག་གཏན་ནས་མི་འདུག་བསམ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་དུ་བཀུར་བའི་སངས་རྒྱས་ལ་ཡང་འཁྲུལ་སྐྱོན་ཡོད་པར་འདོད་མཁན་མང་པོ་བྱུང་འདུག་ན། ཉམ་ཆུང་འདས་པོ་དགེ་ཆོས་ཀྱིས་གཙོས་པའི་དུང་དཀར་བློ་འཕྲིན་དང་། དོན་གྲུབ་རྒྱལ་ལྟ་བུའི་མཁས་དབང་ཚོ་ལ་འཁྲུལ་སྐྱོན་འབྱུང་ངེས་པ་ནི་འཆར་ཅན་ཞིག་ཏུ་བརྩིས་ཆོག་ཆོག་རེད། དེ་ནི་ཡ་མཚར་དགོས་པའི་དོན་དག་གང་ཡང་མ་རེད་ལ། ཁྱེད་ཀྱི་རྣམ་དཔྱོད་གསར་བ་དང་རིག་རྩལ་གསར་བར་རློམ་དགོས་པ་ནི་དེ་བས་ཀྱང་མ་རེད། མིག་སེར་གྱི་དབང་གིས་བོད་ཀྱི་མཁས་དབང་དེ་ཚོའི་སྐྱོན་སྣེ་རེ་ཟུང་ལ་བརྟེན་ནས་ཁྱེད་ཀྱིས་ཅི་ཞིག་མཐོང་ཁུལ་ཚུལ་གྱིས་<> <>བཅས་སུ་ཤེས་པ་རང་བཞིན་དུ་མི་གནས་པའི་སྨྱོན་པའི་ཚོགས་ཀྱིས་ཀྱང་ཁ་ནས་ཐོན་དཀའ་བའི་ཚིག་མཚོན་འདེབས་སྟངས་དང་། བཟོད་དཀའི་ཁ་རྡུང་གཏོང་སྟངས་དེ་འདྲ་འབྱུང་དགོས་དོན་ག་རེ་ཡིན་ནམ། སུ་ཞིག་གིས་ཀྱང་བདེན་རྫུན་ཚད་མའི་ཁྲིམས་ཐག་གཅོད་མི་ནུས་པ་ལྟར་ཁྱེད་ཀྱི་རྨོངས་གཏམ་དེ་དག་གིས་བདེན་རྫུན་གྱི་དབྱེ་མཚམས་འབྱེད་རེ་ནི་གུད་ནའང་མ་མཆིས། དོན་དངོས་སུ་ཁྱེད་ཀྱི་བཤད་སྟངས་དེ་དག་གིས་ཁྱེད་རང་གཡོན་ལྷུང་གི་ལྟ་བ་མཁྲེགས་འཛིན་ཅན་གྱི་མགོ་སེར་ཁག་ཅིག་ལ་རྨོངས་དད་ཆེ་དྲགས་པ་དང་ལྷན་དུ་ཁྱེད་ལ་ཨ་འཐས་ཀྱི་ཨུ་ཚུགས་གཞན་ལས་ཆེ་བ་ཞིག་ཡོད་པ་གསལ་སྟོན་བྱེད་ཀྱི་འདུག འདི་འབྲེལ་གྱི་ཞུ་བྱ་མང་ཡང་ཕན་མེད་གནོད་འགྱུར་དུ་མཐོང་ནས་དེ་སྐོར་ནས་ཞུ་མཚམས་འཇོག་རྒྱུ་ཡིན།
དེ་མིན་ཞུ་དགོས་པའི་སྐབས་དོན་གཞན་དེ་ནི། མཚམས་རེར་ཧི་གཟུགས་ཟིན་བྲིས་ནང་ཤར་ཡོང་བའི་<>ཀྱི་ཟིན་ཐོ་གསར་བའམ་དཔྱད་གཏམ་གསར་བའི་སྐབས་སུ། གོང་གི་མཆན་གྲངས་ ༩ པའི་ནང་གསལ་བའི་ཁྱེད་ཀྱི་རྩོམ་ཡིག་དེ་ཚོ་ཡོད་དོན་ཅི་ཡིན་ནམ་ཞེས་བརྗོད་འདོད་སྐྱེས། དེས་ཀྱང་མི་ཚད་པར་ཉེ་སྔོན་<>ནང་དུ་ཟིན་བྲིས་ཀྱི་ཁ་བྱང་ལ་<>ཞེས་ཟིན་བྲིས་ཀྱི་མིང་གཅིག་མཚུངས་ཅན་གསར་བ་གཉིས་སྔ་རྗེས་སུ་བཟོས་འདུག་པ་གང་ཞིག་ལ། ཟིན་བྲིས་གཅིག་གི་ཟིན་ཐོའམ་རྩོམ་འབྲི་མཁན་གྱི་མིང་ལ་(ཐོས་པ་དགའ་)དང་། ཅིག་ཤོས་དེར་(lobsangy)ཞེས་མི་འདྲ་བ་གཉིས་བཏགས་འདུག དེ་གཉིས་སོ་སོའི་དཔྱད་གཏམ་གསར་བའི་སྐབས་སུ་ཡང་ཁྱེད་ཀྱི་རྫུན་རྐུབ་བརྡོལ་བྱེད་ཀྱི་དཔང་རྟགས་<>ཞེས་པ་དེ་བཀོད་འདུག་པ་དང་། ཨ་རིའི་བོད་པའི་ཟིན་བྲིས་ནང་དུ་དེ་ལ་<>ཞེས་རྩོམ་མིང་གཞན་ཞིག་བཏགས་ནས་བཀོད་འདུག དེ་ལྟར་རྩོམ་ཡིག་གཅིག་ལ་མིང་མི་འདྲ་བ་གཉིས་བཏགས་འདུག་པ་དང་། རྩོམ་ཡིག་དེ་ཐེངས་དང་པོར་ཕྱི་ཟླ་ ༡༡ པའི་ཁ་བརྡའི་ནང་གི་རྩོམ་ཡིག་<>ཞེས་པ་དེར་ཁྱེད་ཀྱིས་མཆན་བུ་བརྒྱབ་པ་ཞིག་རེད། མཆན་བུ་དེ་ནི་དེའི་མཆན་གྲངས་ ༡༡ པ་རེད་ལ། ཁྱེད་ཀྱིས་ཅི་ཞིག་བྱ་བསམ་པ་ལྟར་མཆན་ཡིག་དེ་ཡང་རང་ས་ནས་བདེ་བར་བཞུགས་མ་བཅུག་པར་མིང་ཡིག་མི་འདྲ་བའི་ཐོག་ནས་ཁྱེད་ཀྱི་ཟིན་བྲིས་གསུམ་ཀའི་ནང་དུ་བཀོད་འདུག་ག ད་དུང་ཁྱེད་རང་ལ་རྒྱབ་དཔུང་དང་བདེན་པ་ཡོད་མདོག་མདོག་སྟོན་ཆེད། ཁ་བརྡའི་དྲ་བདག་ལ་ཆོག་མཆན་ཡང་མ་ཞུས་པར་<>ཐད་ལ་བཀོད་པའི་མཆན་བུ་ཕལ་ཆེ་བ་(ཐོས་པ་དགའ་)ཡི་མིང་ཅན་གྱི་<>ནང་དུ་ལེབ་བཤུས་བྱས་འདུག་པ་དང་། ལེབ་བཤུས་དེའི་མིང་ལ་ཡང་<>ཞེས་བཏགས་ནས་ཧི་གཟུགས་ཟིན་བྲིས་ཐོག་བཀོད་འདུག་ག དེ་མཚུངས་ཁྱེད་ཀྱི་<>ནང་ཡོད་པའི་<>ཞེས་པ་དང་། <>ཞེས་པ་གཉིས་ཀྱང་རྩོམ་ཡིག་གཅིག་ལ་མིང་མི་འདྲ་བ་གཉིས་བཏགས་པ་ཞིག་རེད་འདུག དེ་དག་ནི་མིག་སྔར་གསལ་བའི་དངོས་དོན་འབའ་ཞིག་ཡིན་པ་ལས་བསམ་བཞིན་ཁྱེད་ལ་ཉེས་འགེལ་དང་རྫུན་གཏམ་རིགས་གང་ཡང་བྱས་པ་གཏན་ནས་མིན་ཚུལ་དྲ་གྲོགས་ཚང་མས་<>དང་། <>གཉིས་བསྔོགས་ནས་བསྡུར་ན་གསལ་མཐོང་ཡོང་བ་ཞིག་རེད། ད་ནི་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་ལྟར་མང་དུ་བརྗོད་མི་དགོས་པས་རེ་ཞིག་དེ་ཙམ་ཡིན།
དྲ་གྲོགས་ཚོ། དགོངས་དག ཅི་ཞིག་གི་སྟབས་ཀྱིས་གོང་གི་མཆན་ནང་དཔེ་མིང་དང་། རྩོམ་མིང་རྣམས་ཤར་ཐུབ་མི་འདུག་པས་འདིར་བསྐྱར་འགོད་བྱེད་དགོས་བྱུང་སོང་ལགས།
མིང་གི་རྣམ་གྲངས་དུ་མ་ཡོད་པའི་དྲ་གྲོགས་བློ་ཡོན་ལགས། དེ་རིང་ཁ་བརྡ་དྲ་རྒྱ་ལ་རོབ་ཙམ་ལྟ་དུས་ཁྱེད་ཀྱི་མཆན་བུ་ངེས་མེད་སྣ་ཚོགས་ཤིག་མཐོང་སོང་། དེར་བརྟེན་ང་ཡིས་གསལ་བཤད་ཐུང་ཐུང་ཞིག་མི་ཞུ་ཐབས་མེད་བྱུང་སོང་བས་དགོངས་པ་མ་ཚོམ་ཞེས་སྔོན་ནས་ཞུ། སྤྱིར་བཏང་ཁྱེད་ཀྱི་ཤེས་ཡོན་གྱི་ཆུ་ཚད་དང་རྣམ་དཔྱོད་ཀྱི་རྩལ་ལ་ང་རང་དགའ་གུས་དང་ཡི་རངས་ཡོད། ཁྱེད་ཀྱི་རྩོམ་ཡིག་༼བོད་འགྱུར་ཚན་རིག་གི་གཞུང་ལུགས་ཤིག་གླེང་བ་༽བཀླགས་པའི་མྱོང་ཚོར་གྱི་དགའ་སྣང་ནི་ད་ལྟའང་ཡལ་མི་འདུག ཡིན་ན་ཡང་། ཅི་ཞིག་གི་སྟབས་ཀྱིས་ད་ལྟའི་ཁྱེད་ཀྱི་རྩོམ་ལས་ཀྱི་ཁ་ཕྱོགས་དང་བེད་སྤྱོད་གཏོང་སྟངས་བཅས་ནི་ཆེས་ཐབས་སྡུག་ཅིག་རེད་ཨང་། འདོར་མི་ནུས་པའི་ཁྱེད་ཀྱི་ཐུན་མིན་གྱི་གཤིས་ཀའི་དབང་གིས་ད་དུང་ཁྱེད་ཀྱིས་ཨུ་ཚུགས་ཆེན་པོ་ཞིག་མུ་མཐུད་བྱེད་ཀྱིན་གདའ་ལ། དེ་ནི་ཁྱེད་ཀྱིས་སྐད་ཆ་དྲང་མོ་བཤད་ཀྱི་ཡོད་སྙམ་གྱི་བཟོ་འདྲ་སྟོན་གྱིན་ཡོད་པ་དེ་དག་རེད། གོང་གསལ་ཁྱེད་ཀྱི་མཆན་བུ་ཁག་གི་ནང་འགལ་ཆེན་པོའི་རྫུན་མཚང་རྣམས་རིམ་གྱིས་མཐོང་དུས་དངོས་གནས་ཁྱེད་ཀྱིས་སྐད་ཆ་དྲང་མོ་བཤད་ཀྱི་མི་འདུག རང་ཉིད་ཤེས་ཡོན་པར་རློམ་མཁན་ཞིག་གི་ངོས་ནས་འདི་འདྲའི་བློ་ཡོན་པོར་ཕྱོགས་པ་ནི་ཧ་ཅང་སྐྱུག་བྲོ་གཞི་ཞིག་རེད། དེང་སྐབས་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་ལེགས་གྲས་ཚོས་ཀྱང་ཞེ་མུར་ཡིད་ཆད་དང་བཅས་ཁྱེད་ཀྱི་མིང་དོན་གཉིས་མཐུན་གྱི་བློ་ཡོན་ཕྱོགས་དེར་ཁ་རྡུང་བཏང་དང་གཏོང་བཞིན་འདུག་པ་ལ་ཐུགས་ཁག་གཏན་ནས་མི་འདུག་བསམ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་དུ་བཀུར་བའི་སངས་རྒྱས་ལ་ཡང་འཁྲུལ་སྐྱོན་ཡོད་པར་འདོད་མཁན་མང་པོ་བྱུང་འདུག་ན། ཉམ་ཆུང་འདས་པོ་དགེ་ཆོས་ཀྱིས་གཙོས་པའི་དུང་དཀར་བློ་འཕྲིན་དང་། དོན་གྲུབ་རྒྱལ་ལྟ་བུའི་མཁས་དབང་ཚོ་ལ་འཁྲུལ་སྐྱོན་འབྱུང་ངེས་པ་ནི་འཆར་ཅན་ཞིག་ཏུ་བརྩིས་ཆོག་ཆོག་རེད། དེ་ནི་ཡ་མཚར་དགོས་པའི་དོན་དག་གང་ཡང་མ་རེད་ལ། ཁྱེད་ཀྱི་རྣམ་དཔྱོད་གསར་བ་དང་རིག་རྩལ་གསར་བར་རློམ་དགོས་པ་ནི་དེ་བས་ཀྱང་མ་རེད། མིག་སེར་གྱི་དབང་གིས་བོད་ཀྱི་མཁས་དབང་དེ་ཚོའི་སྐྱོན་སྣེ་རེ་ཟུང་ལ་བརྟེན་ནས་ཁྱེད་ཀྱིས་ཅི་ཞིག་མཐོང་ཁུལ་ཚུལ་གྱིས་༼དགེ་ཆོས་སྨྱོན་པ་དང་བོད་དར་ཚན་རིག༽ ༼དོན་གྲུབ་རྒྱལ་གྱི་ནག་ཉེས་༽བཅས་སུ་ཤེས་པ་རང་བཞིན་དུ་མི་གནས་པའི་སྨྱོན་པའི་ཚོགས་ཀྱིས་ཀྱང་ཁ་ནས་ཐོན་དཀའ་བའི་ཚིག་མཚོན་འདེབས་སྟངས་དང་། བཟོད་དཀའི་ཁ་རྡུང་གཏོང་སྟངས་དེ་འདྲ་འབྱུང་དགོས་དོན་ག་རེ་ཡིན་ནམ། སུ་ཞིག་གིས་ཀྱང་བདེན་རྫུན་ཚད་མའི་ཁྲིམས་ཐག་གཅོད་མི་ནུས་པ་ལྟར་ཁྱེད་ཀྱི་རྨོངས་གཏམ་དེ་དག་གིས་བདེན་རྫུན་གྱི་དབྱེ་མཚམས་འབྱེད་རེ་ནི་གུད་ནའང་མ་མཆིས། དོན་དངོས་སུ་ཁྱེད་ཀྱི་བཤད་སྟངས་དེ་དག་གིས་ཁྱེད་རང་གཡོན་ལྷུང་གི་ལྟ་བ་མཁྲེགས་འཛིན་ཅན་གྱི་མགོ་སེར་ཁག་ཅིག་ལ་རྨོངས་དད་ཆེ་དྲགས་པ་དང་ལྷན་དུ་ཁྱེད་ལ་ཨ་འཐས་ཀྱི་ཨུ་ཚུགས་གཞན་ལས་ཆེ་བ་ཞིག་ཡོད་པ་གསལ་སྟོན་བྱེད་ཀྱི་འདུག འདི་འབྲེལ་གྱི་ཞུ་བྱ་མང་ཡང་ཕན་མེད་གནོད་འགྱུར་དུ་མཐོང་ནས་དེ་སྐོར་ནས་ཞུ་མཚམས་འཇོག་རྒྱུ་ཡིན།
དེ་མིན་ཞུ་དགོས་པའི་སྐབས་དོན་གཞན་དེ་ནི། མཚམས་རེར་ཧི་གཟུགས་ཟིན་བྲིས་ནང་ཤར་ཡོང་བའི་༼ཨ་རིའི་བོད་པའི་ཟིན་བྲིས་༽ཀྱི་ཟིན་ཐོ་གསར་བའམ་དཔྱད་གཏམ་གསར་བའི་སྐབས་སུ། གོང་གི་མཆན་གྲངས་ ༩ པའི་ནང་གསལ་བའི་ཁྱེད་ཀྱི་རྩོམ་ཡིག་དེ་ཚོ་ཡོད་དོན་ཅི་ཡིན་ནམ་ཞེས་བརྗོད་འདོད་སྐྱེས། དེས་ཀྱང་མི་ཚད་པར་ཉེ་སྔོན་༼ཧི་གཟུགས་ཟིན་བྲིས་༽ནང་དུ་ཟིན་བྲིས་ཀྱི་ཁ་བྱང་ལ་༼བློ་བཟང་ལགས་ཀྱི་ཟིན་བྲིས་༽ཞེས་ཟིན་བྲིས་ཀྱི་མིང་གཅིག་མཚུངས་ཅན་གསར་བ་གཉིས་སྔ་རྗེས་སུ་བཟོས་འདུག་པ་གང་ཞིག་ལ། ཟིན་བྲིས་གཅིག་གི་ཟིན་ཐོའམ་རྩོམ་འབྲི་མཁན་གྱི་མིང་ལ་(ཐོས་པ་དགའ་)དང་། ཅིག་ཤོས་དེར་(lobsangy)ཞེས་མི་འདྲ་བ་གཉིས་བཏགས་འདུག དེ་གཉིས་སོ་སོའི་དཔྱད་གཏམ་གསར་བའི་སྐབས་སུ་ཡང་ཁྱེད་ཀྱི་རྫུན་རྐུབ་བརྡོལ་བྱེད་ཀྱི་དཔང་རྟགས་༼དགེ་ཆོས་ཀྱིས་གཞན་གྱི་རྩོམ་བརྐུས་པ་༽ཞེས་པ་དེ་བཀོད་འདུག་པ་དང་། ཨ་རིའི་བོད་པའི་ཟིན་བྲིས་ནང་དུ་དེ་ལ་༼དགེ་ཆོས་སྐོར་གནས་ཚུལ་གསར་བ་༽ཞེས་རྩོམ་མིང་གཞན་ཞིག་བཏགས་ནས་བཀོད་འདུག དེ་ལྟར་རྩོམ་ཡིག་གཅིག་ལ་མིང་མི་འདྲ་བ་གཉིས་བཏགས་འདུག་པ་དང་། རྩོམ་ཡིག་དེ་ཐེངས་དང་པོར་ཕྱི་ཟླ་ ༡༡ པའི་ཁ་བརྡའི་ནང་གི་རྩོམ་ཡིག་༼དགེ་ཆོས་ཀྱི་མི་ཚེའི་ནང་གི་གཡུ་སྒྲོན་གཉིས་༽ཞེས་པ་དེར་ཁྱེད་ཀྱིས་མཆན་བུ་བརྒྱབ་པ་ཞིག་རེད། མཆན་བུ་དེ་ནི་དེའི་མཆན་གྲངས་ ༡༡ པ་རེད་ལ། ཁྱེད་ཀྱིས་ཅི་ཞིག་བྱ་བསམ་པ་ལྟར་མཆན་ཡིག་དེ་ཡང་རང་ས་ནས་བདེ་བར་བཞུགས་མ་བཅུག་པར་མིང་ཡིག་མི་འདྲ་བའི་ཐོག་ནས་ཁྱེད་ཀྱི་ཟིན་བྲིས་གསུམ་ཀའི་ནང་དུ་བཀོད་འདུག་ག ད་དུང་ཁྱེད་རང་ལ་རྒྱབ་དཔུང་དང་བདེན་པ་ཡོད་མདོག་མདོག་སྟོན་ཆེད། ཁ་བརྡའི་དྲ་བདག་ལ་ཆོག་མཆན་ཡང་མ་ཞུས་པར་༼དགེ་ཆོས་ཀྱི་མི་ཚེའི་ནང་གི་གཡུ་སྒྲོན་གཉིས་༽ཐད་ལ་བཀོད་པའི་མཆན་བུ་ཕལ་ཆེ་བ་(ཐོས་པ་དགའ་)ཡི་མིང་ཅན་གྱི་༼བློ་བཟང་ལགས་ཀྱི་ཟིན་བྲིས་༽ནང་དུ་ལེབ་བཤུས་བྱས་འདུག་པ་དང་། ལེབ་བཤུས་དེའི་མིང་ལ་ཡང་༼དགེ་ཆོས་དང་འཛམ་གླིང་རྒྱས་བཤད་སྐོར་གྱི་གླེང་མོ་༽ཞེས་བཏགས་ནས་ཧི་གཟུགས་ཟིན་བྲིས་ཐོག་བཀོད་འདུག་ག དེ་མཚུངས་ཁྱེད་ཀྱི་༼ཨ་རིའི་བོད་པའི་ཟིན་བྲིས་༽ཀྱི་ནང་ཡོད་༼བོད་ཀྱི་ཉེས་ཅན་པ་ཚོར་སྔོན་བརྡ་༽ཞེས་པ་དང་། ༼དགེ་ཆོས་དང་དུང་དཀར། དོན་རྒྱལ་སོགས་ཀྱི་པགས་པ་བཤུ་གི་ཡིན་༽ཞེས་པ་གཉིས་ཀྱང་རྩོམ་ཡིག་གཅིག་ལ་མིང་མི་འདྲ་བ་གཉིས་བཏགས་པ་ཞིག་རེད་འདུག དེ་དག་ནི་མིག་སྔར་གསལ་བའི་དངོས་དོན་འབའ་ཞིག་ཡིན་པ་ལས་བསམ་བཞིན་ཁྱེད་ལ་ཉེས་འགེལ་དང་རྫུན་གཏམ་རིགས་བྱས་པ་གང་ཡང་གཏན་ནས་མིན་ཚུལ་དྲ་གྲོགས་ཚང་མས་༼ཧི་གཟུགས་ཟིན་བྲིས་༽དང་། ༼ཁ་བརྡ་༽གཉིས་བསྔོག་ནས་བསྡུར་ན་གསལ་མཐོང་ཡོང་བ་ཞིག་རེད། ད་ནི་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་ལྟར་མང་དུ་བརྗོད་མི་དགོས་པས་རེ་ཞིག་དེ་ཙམ་ཡིན།
སྐུ་ཞབས་བློ་ཡོན་ལགས།
ཁྱེད་རང་གིས་རྩོམ་འདི་སྤེལ་མ་ཐག མགོ་ནས་ཕྱེད་ཀའི་བར་གང་མྱུར་མྱུར་གྱིས་བྐླགས་རྗེས། ཁྱེད་ལ་མཆན་རིང་པོ་ཞིག་འབྲི་དགོས་བསམས་ནའང་ཆུ་ཚོད་ཀྱིས་ལྕོགས་མ་སོང་། དོ་དགོང་། ཁྱེད་ཀྱི་རྩོམ་འདིའི་མགོ་ནས་མཇུག་བར་གཟབ་གཟབ་ཀྱིས་བྐླགས་པ་ཡིན། དེ་ཙམ་མ་ཟད། མཁས་དབང་དགེ་ཆོས་ཞབས་ཀྱི་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཞེས་པའི་རྩོམ་དེ་ལའང་བསྐྱར་དུ་མཇལ། རྩོམ་འདིར་མཇལ་རྗེས། ཁྱེད་ལ་མཆན་རིང་པོ་འབྲི་དགོས་པའི་དགོས་པ་རྒྱུ་མཚན་མི་འདུག་སྙམ།
ཁྱེད་ཀྱིས་དགེ་ཆོས་ཀྱི་‘‘སྔོན་གྱི་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟགས་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས། རིལ་རིལ་ཡིན་བྱ་བ་ཡེ་མེད། ཡུལ་སོ་སོའི་ཆོས་ལུགས་རྙིང་བ་ཐམས་ཅད་ན་ཡང་། འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས། རིལ་རིལ་ཡིན་བྱ་བ་ཡེ་མེད། དེའི་ཕྱིར་དང་པོར་རིག་པ་ཙན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ། གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས། འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗེད་མ་བཟོད་པར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང་’’ཞེས་པའི་གསུང་འདི་ལས་འཕྲོས་ཏེ་དཔྱད་ཞིབ་ཀྱིས་བདེན་པ་མིན་པ་བཤད་པ་རེད། བདེན་པ་མ་རེད་ཅེས་བཤད་ན་དེ་ནི་ཆད་མཐའ་རེད་ཅེས་ཞུ་གི་ཡིན། སྔོན་ཡུ་རོབ་ཀྱི་མི་རྣམས་ཀྱིས་སའི་གོ་ལ་ནི་ལེབ་ལེབ་སྡེར་མ་འདྲ་པོ་ཞིག་ལ་ངོས་འཛིན་བྱས་འདུག ཁོང་ཚོའི་བསམ་པར་ལེབ་ལེབ་སྡེར་མའི་དཀྱིལ་དུ་རི་ར་བ་ཁང་ཁྱིམ་སོགས་དང་། ལེབ་ལེབ་སྡེར་མའི་མཐའ་བཞིར་རྒྱ་མཚོ་ཆགས་ཡོད་པའི་ལྟ་བ་ཡོད་པ་རེད། དེ་ཙམ་མ་ཟད་རྒྱ་མཚོའི་འགྲམ་ནས་ཕར་མཚོ་གྲུ་ཞིག་བཏང་ཚེ་ནམ་ཞིག་མཚོ་གྲུ་རྒྱ་མཚོའི་མཐའ་ན་སླེབས་ཉིན་མར་ཟགས་འགྲོ་བའི་འཇིག་རྟེན་ལྟ་ཚུལ་ཞིག་ཡོད་པ་རེད། འདི་ནི་ཡུ་རོབ་ཀྱི་གནའ་བོའི་རིག་གནས་ཤིག་ཀྱང་ཡིན་པ་རེད། གནའ་བོའི་རིག་གནས་འདི་ནི་དེང་སང་གི་ཡུ་རོབ་ཀྱི་མི་རྣམས་ཀྱི་སེམས་ངོགས་ན་དྲོད་མ་ཡལ་བར་བསྡད་འདུག ཁྱེད་ཀྱིས་ཡུ་རོབ་ཀྱི་མི་རྣམས་ཀྱིས་འཇིག་རྟེན་ལེབ་ལེབ་ཡིན་པའི་སྒྲུབ་བྱེད་དགོས་ཟེར་ན། ངེད་ཀྱི་ལན་དྲ་ཚིགས་http://philo.pourtous.free.fr/Articles/Patrice/terreplate.htmའདིའི་ངོས་ཀྱི་རྩོམ་ཡིག་འདི་ཡིན། འོ་ན་ཁྱེད་ཀྱིས་ངས་ལུང་དྲངས་པའི་མཚན་ཉིད་སྨྲ་བ་དང་དེ་ཚོས་རྙེད་པའི་མཚན་རིག་གི་ལྟ་བ་དེ་ཚོ་གང་དུ་ཕྱིན་པ་རེད་ཟེར་ན། དེ་ཚོ་གོང་དུ་བཤད་མ་ཐག་པའི་གནའ་བོའི་རིག་གནས་འདིའི་རྗེས་རེད་ཅེས་ཞུ་བ་ཡིན། ད་དུང་། ‘‘ཡུལ་སོ་སོའི་ཆོས་ལུགས་རྙིང་བ་ཐམས་ཅད་ན་ཡང་། འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས། རིལ་རིལ་ཡིན་བྱ་བ་ཡེ་མེད། དེའི་ཕྱིར་དང་པོར་རིག་པ་ཙན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ། གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས། འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗེད་མ་བཟོད་པར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང་ ’’ཞེས་པ་འདི་ཡང་བདེན་པར་སྙམ། གནའ་རབས་ཀྱི་རྒི་རག་གི་གནའ་བོའི་ཆོས་ལུགས་སམ་ལྷ་སྒྲུང་ཆོས་ལུགས་ཀྱི་ནང་དུ་འཇིག་རྟེན་ལེབ་ལེབ་ཏུ་འདོད་པ་ལས། འཇིག་རྟེན་རིལ་རིལ་གྱི་ལྟ་བ་ཡོད་པ་མ་རེད། ལོ་རྒྱུས་གང་ལ་བལྟས་ཀྱང་མ་རྙེད། ‘‘གསོན་པོར་མེ་ལ་བསྲེགས་པའི་’’གནས་ཚུལ་བྱུང་ཡོད་པ་༼༼གནའ་རབས་ཀྱི་དགེ་སློང་དང་ཚན་རིག་པའི་དམག་འཁྲུག་༽༽ཅེས་པའི་དེབ་འདིའི་ནང་དུ་གསལ་པོར་འཁོད་ཡོད་པས། དུས་ཁོམ་བྱུང་ཚེ་ལུང་འདྲེན་གྱིས་རྗེས་སུ་འགོད་ངེས་ཡིན། ཁྱེད་ཀྱིས་རྒ་ལིས་ལེ་ཁྲིམས་བཅད་ཀྱིས་ཤི་བ་ནི་འཇིག་རྟེན་རིལ་རིལ་ལས་མིན་པ་བཤད་འདུག་སྟེ། ཡུ་རོབ་ཀྱི་མཁས་པ་རྣམས་ལ་འདིའི་ཐད་ད་དུང་རྩོད་པ་ཡོད་པ་རེད། འདི་དོན་ཚན་གཅིག་ཡིན།
དོན་ཚན་གཞན་པ་རྣམས་རྗེས་སུ་འབྲི་ངེས།
འོས་ལངས་ལགས་།་
ཁྱོད་ཀྱིས་ག་རེ་བཤད་ཡང་འགྲིག་པ་རེད་།་དེ་ལ་སྐྱོན་མི་འདུག་་།་ངས་དང་པོ་ཁྱེད་ཚོ་ལ་ལབ་ཟིན་པ་ཡིན་།
་
གཅིག་།་ང་བོད་པའང་ཨར་བོད་ཟེར་བ་དེ་མིན་།་ངས་དོན་རྒྱལ་དང་།་དུང་དཀར་རིན་པོ་ཆེའི་སྐོར་ལ་ད་བར་སྐད་ཆ་གཅིག་ཀྱང་བྲིས་མེད་།་ང་དུང་དཀར་རིན་པོ་ཆེ་ལ་བླ་ལྷག་ཏུ་བསྟོད་བསྔགས་དང་།་དགའ་སྣང་ཡོད་།་དེའི་སྐོར་ལ་ཨར་བོད་དམ་བོད་པ་ངེད་གཉིས་ལྟ་ཚུལ་མི་མཐུན་པ་རེད་།་བོད་པ་ཨར་བོད་ངེད་གཉིས་ངོ་ཤེས་ཀྱིན་མ་ཟད་།་དུས་རྒྱུན་ཁ་བརྡ་ཡང་བྱེད་ཀྱིན་ཡོད་།་ཁོ་ཡང་མིག་རྒྱ་ཐོས་རྒྱ་ཡོད་མཁན་།་ཕྱི་ནང་གི་གནས་ཚུལ་ཚང་མ་ཧ་གོ་མཁན་།་དངོས་གནས་དྲང་གནས་ཀྱི་བོད་ཀྱི་རིག་གནས་ལ་ཤ་ཚ་བ་ཤིག་དང་།་ཕྱིའི་བལྟས་ན་མི་ཉམས་ཆུང་གཅིག་རེད་།་་ངས་ཁོ་ལ་མིང་གསལ་བོ་བཏོན་ནས་།་ཁོང་དང་ང་རྡོ་སྤིས་བློ་བཟང་ཡོན་ཏན་གཉིས་ཀྱིས་ཁྱད་པར་གསལ་བོ་བཏོན་ན་ཞེས་རེ་བ་མང་པོ་ཞུས་ཀྱང་།་ད་དུང་སྔ་ཐལ་ཞེས་ཨུ་ཚུགས་བྱེད་ཀྱིན་འདུག་།་དེ་ན་ངེད་ཀྱིས་ཀྱང་ཁོང་གིས་རང་ངོས་ནས་གསལ་བསྒྲགས་མ་བྱེད་བར་ཏུ་ངས་བཤད་ཀྱིན་མེད་ཅེས་དམ་བཅས་བ་ཡིན་།་་ཁྱེད་དམར་སྲུང་དམག་རྣམས་དང་མི་འདྲ་བར་ང་རྡོ་སྤིས་བློ་བཟང་ཡོན་ཏན་བླ་མ་དང་།་ཆོས་ལ་དད་པ་ཡོད་མཁན་ཤིག་ཡིན་པས།་་ཨར་བོད་དམ་བོད་པ་ང་མིན་ཞེས་དམ་ཆོས་ཆོས་རྒྱལ་དང་།་དཔལ་ལྡན་ལྷ་མོ་དཔང་དུ་བཞག་ནས་གནའ་སྒྱེལ་བྱས་ཆོག་།་དེ་བས་ཀྱང་ཡིད་མི་ཆེས་ན་།་ང་ལབ་ཙེ་དཔེ་མཛོད་ཁང་ལྟ་བུ་ཤིག་ལ་འགྲོ་།་པད་མ་འབུམ་ལྟ་བུ་ཞིག་གི་མདུན་ནས་བསྡད་་དེ་ཡི་བར་ལ་བོད་པ་འམ་ཨར་བོད་ཀྱིས་ཁྱེད་ཅག་ལ་རྩོད་པ་འདྲ་བྱས་ན་ང་ཡིན་མིན་གྱི་དོགས་པ་དེ་སེལ་འགྲོ་བས་།་ངས་ཁྱེད་རྣམས་ཀྱི་སྒྲོ་གདོགས་སེལ་བའི་ཕྱིར་ཏུ་དེ་ལྟར་ཡང་བྱས་ཆོག་།་སྤྱིར་བཏང་ངའི་འདི་འདྲ་བྱེད་དགོས་བའི་རྒྱུ་མཚན་ཅི་ཡང་མེད་།ཁྱེད་ཚོ་་རང་གིས་རང་ལ་གསར་བརྗེ་བའི་མིང་་སུས་ཀྱང་མི་ཤེས་བ་ཞིག་བཏགས་།་དེ་ནས་གཞན་ལ་འཛུབ་མོ་བཙུགས་ཏེ་་ཁྱོད་སུ་ཡིན་ནམ།་སུ་རེད་།་གང་དུ་ཡོད་།་ཕ་མའི་མིང་ལ་ག་རེད་ཟེར་གྱིན་རེད་ཅེས་་དྲི་བ་བཀོད་བཞིན་པ་དེས་ངས་བཤད་བཞིན་པའི་དམར་སྲུང་དམག་ཤིག་གིས་སྤྱོད་པ་ལས་གཞན་ཅི་ཡང་མ་རེད་།་་ངས་ཐོག་དང་པོ་ང་སུ་ཡིན་པ་ས་བཙལ་རྡོ་བཙལ་བྱས་།་དེ་ནས་ངའི་མགོ་ལ་ཞ་མོ་བསྐོན་རྒྱུ་ཡིན་པ་ཤེས་ནས་ངས་རྡོ་སྤིས་བློ་བཟང་ཡོན་ཏན་ཞེས་མིང་ཆ་ཚང་ལ་བཀོད་པ་ཡིན་།་ངས་ཚིག་གང་བེད་སྤྱོད་བྱས་ཀྱང་ང་རང་གིས་འགན་འཁུར་ངེས་ཡིན་།་
གཉིས་།་ཁྱེད་ཚོས་ང་ལ་སྔོན་གྱི་མཁས་བ་རྣམས་ལ་བརྩི་བཀུར་ཟེར་བའི་སྐད་ཆ་དེ་ལབ་མ་ཡོང་།་ག་རེར་ཡིན་ནམ་།་དགེ་ཆོས་དང་དོན་རྒྱལ་གཉིས་ཀྱིས་མཁས་བ་ཐམས་ཅད་ལ་མཐོང་ཆུང་བྱས་།་འཕྱ་སྨོད་བཏང་།་ཟུར་ཟ་བྱས་།་དེ་རྣམས་ལ་ཁྱོད་ཚོས་ཁོང་གཉིས་མཁས་བ་ཡིན་པའི་སྒྲུབ་བྱེད་དུའང་དྲངས།་ད་ལྟ་ཁྱོད་ཚོ་གློ་བུར་ཏུ་ཡ་རབས་དང་།་སྤྱོད་བཟང་།་བསྟོད་བསྔགས་ཟེར་བ་སོགས་དྲན་ཡོང་གིན་འདུག་གམ་།་མ་ཤེས་ན་།་དེ་ནི་དམར་སྲུང་དམག་གི་ལྟ་བ་རེད་།་སེམས་པའི་མཁྱེར་སྲོལ་རེད་།་དོན་རྒྱལ་གྱི་ད་དུང་སྐད་ཆ་ཅིག་ཀྱང་བྲིས་མེད་།་རྗེས་སུ་ག་ལེར་བྲི་གིན་ཡིན་།་དུང་དཀར་རིན་པ་ཆེ་ལ་བསྟོད་བསྔགས་ཡོད་།་རྗེས་སུ་ཡིད་རངས་ཡོད་།་་དོན་རྒྱལ་དང་བསྟུར་ཐབས་ཡོད་པ་མ་རེད་།་
གསུམ་།་ཐོས་བ་དགའ་དང་ཨེ་མ་ཧོ་ཟེར་དེ་གཉིས་ང་མིན་།་ཨེ་མ་ཧོ་ངོ་ཡང་ཤེས་ཀྱིན་མེད་།་་ཐོས་བ་དགའ་ཟེར་བ་དེ་ངས་་ཤེས་ཀྱིན་ཡོད།་ངའི་མིང་ཐོག་ནས་ཧུ་གཟུགས་དྲ་བ་ཞིག་བཟོ་རྒྱུ་ཡིན་ཞེས་ལབ་སོང་།་དེ་དེ་བཞིན་དུ་བྱས་ཞེས་ལབ་པ་ཡིན་།་སྔོན་དུ་མཆན་མང་པོ་ཤིག་ཀྱང་བཀོད་འདུག་།་རྗེས་སུ་དེ་ལྟར་མ་བྱེད་ཅེས་ལབ་པ་ཡིན་།་མཚམས་བཞག་པ་ཡིན་ཞེས་ལབ་།་དེ་ལྟར་བྱས་ཡོད་མེད་མ་ཤེས་།་་དེ་ལ་སྐད་ཆ་གསར་བ་ཅི་ཡང་བཤད་མི་འདུག་སྙམ་ཡོད་།་བཤད་འདུག་གམ་།་་
བཞི་།་ཉམ་ཆུང་འདས་བོ་འདས་བོ་ཞེས་སྐད་ཆ་དེ་འདྲ་མ་བཤད་།་་དེ་ནི་ངོ་ཚ་མེད་པའི་སྐད་ཆ་རེད་།་ཁོང་ཚོའི་རྒྱབ་ན་མི་ག་འདྲ་འདུག་།་་ཁྱེད་ཚོ་ཚང་མ་ཉམ་ཆུང་དེ་དག་གི་རྒྱབ་སྐྱོར་པ་རེད་།་་མཐའ་མ་ཁྱེད་སུ་ཡིན་ནམ་།་མིང་དང་བཅས་ཐོན་ཤོག་དང་།་ད་ང་འགྲིག་མེད་ཀྱི་སྐད་ཆ་བཤད་ཡོང་།་་
གསར་བརྗེ་འོས་ལངས་བ་།་ཁྱོད་སུ་ཡིན་ནམ?
བློ་ཡོན་ཟེར་བ་དེར། ཀུ་ཅོ་མང་པོ་མ་འདོན། ད་འགྲིག་པ་བྱོས། ཁ་བརྡ་དྲ་ཁང་འདི་ཁྱོད་ཀྱི་གུང་ཁྲན་གྱི་མིང་ཚིག་སྤྱོད་ས་མ་རེད། མགོན་པོ་དང་ངེད་གཉིས་ཀྱིས་ཁྱེད་ཀྱི་རྩོམ་ལ་འབྲེལ་བའི་དྲི་བ་བཏང་ཡོད། ངས་མཐར་གཏུགས་ན་ཁྱོད་ཀྱི་རྩོམ་འདི་ནི། ཁྱོད་ཀྱིས་”ང་དགེ་ཆོས་ལ་མི་དགའ་ཟེར་བ་ལས་གཞན་གང་ཡང་མ་རེད་”ཅེས་ལན་བཏབ་ཡོད། ད་དུང་ཉོན་ཅིག དགེ་ཆོས་ནོར་མ་ཆོག་པ་མ་རེད། དགེ་ཆོས་ཀྱི་སྐབས་ལ་མ་ནོར་བ་ཞིག་ད་ལྟའི་ཆ་ལ་ནོར་བ་དེ་འདྲ་གང་མང་མང་རེད། ནོར་བ་གཅིག་ཙམ་གྱིས་ཁོང་བླུན་པོ་སྒྲུབ་ནུས་སམ། ནུས་ན། ཁྱོད་ཀྱི་གོང་གི་མཆན་འདི་གཅིག་བུའི་ནང་ག་ཚོད་ནོར་འདུག དག་ཆ་གཅིག་པུའི་ཆ་ནས་ག་ཚོད་ནོར་འདུག དེས་ན་ཁྱོད་ཀྱང་དགེ་ཆོས་ལས་ལྡབ་སྟོང་དང་ཁྲི་ཕྲག་གིས་བླུན་པ་ཞིག་ཡིན་ནམ། དེས་ན། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ལ་ལྟ་བའི་མེ་ལོང་དགོས་ཞེས་པ་དེ་ཁ་ཏོན་དུ་སྐྱོར། ཡང་ན་བོད་ཡིག་སློབ་སྦྱོང་བྱེད་དུ་རྒྱུགས། ཡང་མིན་ན་བོད་ཡིག་གི་སྐད་བསྒྱུར་རམ་ཡང་ན་ཡི་གེ་བ་ཞིག་འཁྲིད་ནས་ཤོག
དགེ་རབ་ལགས་།་འོ་ལགས་སོ་ཟེར་བ་ལས་སྐད་ཆ་གཞན་མེད་།་ཐོག་མ་ཉིད་ནས་ངའི་ཁ་གཅོད་བསམ་ཡོད་གིན་།་དེས་ན་ཁྱོད་ཀྱིས་དགོངས་དོན་ལྟར་མཚམས་མཇོག་གིན་ཡིན་།་་སྤྱིར་ན་ཁྱོད་རྩོམ་སྒྲིག་པ་ཤིག་དང་།་དྲ་བའི་བདག་པོ་།་སློབ་ཆེན་ཤིག་གི་དགེ་རྒན་ཡིན་པའི་ཆ་ནས་སྐད་ཆ་དེ་འདྲ་གསུང་རྒྱུ་མ་རེད་བསམ་་ཀྱང་།་ད་ཁྱོད་ཀྱི་ཁ་ནས་ཐོན་ཐལ་།་་ང་ད་ལྟ་མཚམས་མཇོག་གིན་ཡིན་།་ཁྱེད་ཚང་གི་དྲ་རྒྱ་སྟེང་ནས་སྒོ་ལ་བུད་པ་ཡིན་།་་དེ་མིན་གཞན་ཅི་ཡང་མེད་།་་བཀྲ་ཤིས་བདེ་ལེགས་།་
བློ་བཟང་ཡོན་ཏན་ལགས།
བཀྲ་ཤིས་བདེ་ལེགས་ཞུ།
འབྲས་བུས་རྒྱུ་དཔོག་ན་བོད་ལས་ངན་བསག་པ་མ་རེད་དམ།
དངོས་གནས་བཤད་ན་འདོད་ཆགས་སོགས་ངོས་ཟུང་ནས་ཐོས་བསམ་ལུང་རིག་དྲི་མ་མེད་
པ་བཅས་སྐྱོན་སྤང་དགོས་བ་དམ་པའི་ཆོས་སམ་འཆོས་ཡིན་ན་ཡང། དངོས་ཡོད་བཤད་མཁན་རིག་ལམ་དགེ་རྒན་དངོས་བྱུང་ལ་བསམ་ནས་བཤོད་ནུས་སམ། བརྐྱོན་བཤད་མི་ཆོག་པ་བློ་མཐུན་གུང་ཁྲན་ཏང་གི་ལམ་ལུགས་ངན་གོམས་ཆགས་བ་འདྲ། ངའི་གྲྭ་ས་ཡོངས་རྫོགས་ཞེས་སྐྱོན་འབྱིན་བྱས་མེད་གང་དུ་ཡོད་བསྟོན་དང་། ང་རང་ལ་གདན་སའི་གྲྭ་རྒན་ཞིག་གིས་འགོ་བསྐོར་ཐོག་དང་པོ་ཁ་ཟས་མགྲོན་འབོད་ཐེངས་ཁ་ཤས་རྗེས་ཉིན་གཅིག་ཧོབ་ཏེ་སྒོ་རྒྱབ་ནས་ཁ་སྦྱོར་མཐར་བསམ་ཡུལ་ལས་འདས་པ་དངོས་མྱོངས་ལགས། དེ་ནས་ཟུང་གྲྭ་རྒན་མགོ་དཀར་ཞིག་དང་སྐད་ཆ་ཉེ་བོ་གཤད་ན་འཇིག་སྣང་ཡོང་གི་འདུག
ཧ་ཧ་་་་་ངས་དགེ་འདུན་རབ་གསལ་འདི་ཤེས་ཡོན་ཅན་དགའ་སེ་ཞིག་ཡིན་བསམ་ཡོད། འདི་ཁོག་རྒྱ་དོག་མོ་ཤིག་གི་ཁོག་པ་འདྲ་མོ་ཞིག་ལས་མེད་མཁན་ཞིག་རེད། ངོ་མ་མྱིག་རྫོད་རེད་ཡ། བློ་ཡོན་ལ་ལན་མ་རྙེད་ནས་་་་་འུ་ཐུག་ནས་བཙན་གྱིས་སྒོར་དེད་འདུག་ཀ ཁ་སང་ནས་བཟུང་ཁོའི་སྙིང་ན་གི་ཟེར་གིན་འདུག འདིས་བློ་ཡོན་གྱི་ཐག་ཉེ་ན་ཡོད་བགྱི་ན་གསོད་ས་རེད། ངོ་མ་སྐྱོ་བོ་རེད་ཡ། སྐྱོ་བོ་རེད།
འོ་ཡ། ད་ཚང་མ་ཚ་བ་འཕར་བསྡད་འདུག ལྷོད་ལ་བོབས་དང་། ཚང་མ་ལོ་བགྲོ་གླེང་བྱེད་པའི་ཆུ་ཚད་ལ་སླེབས་མི་འདུག བགྲོ་གླེང་བྱས་ནས་འགྲོ་གི་ཡིན་ཡང་བསྐྱར་མི་ཡོང་སོགས་ཟེར་སྲོལ་གང་ན་ཡོད་ནས། ཁྱོད་ཚོས་ཁ་སྔོན་ཅིག་ལ་སྤྱི་འཐུས་རྒྱགས་རེ་རྒྱབ་ནས་ཕྱི་ལ་ཐོན་པར་སྐྱོན་ག་ཚོད་ཅིག་བརྗོད་ཀི་ཡོད། དེ་འདྲས་མ་རེད། བགྲོ་གླེང་བྱས། བགྲོ་གླེང་བྱས་པ་ལ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་དགོས་པ་རེད། ངས་ཁ་སྔོན་ནས་བཤད་ཀྱི་ཡོད། ང་ཚོ་བོད་པའི་ངོས་ནས་འགལ་འབྲེལ་སྐོར་སློབ་སྦྱོང་བྱེད་དགོས་གི་འདུག་ཟེར་བ་དེ་འདི་འདྲ་ལ་ཟེར་བ་ཡིན། ཚང་མས་འགལ་འགྲེལ་ཟེར་ན་དེ་སྔོན་བསྡུས་ར་ནང་གི་འགལ་འབྲེལ་ཆེ་ཆུང་མ་གཏོགས་སློབ་སྦྱོང་བྱེད་མ་ཐུབ་པ་རེད། དེའི་རྐྱེན་གྱིས་འདི་འདྲིའི་སྐབས་སུ་འགལ་འབྲེལ་བེད་སྤྱོད་བྱེད་ཤེས་ཀི་ཡོད་པ་མ་རེད།
ད་བགྲོ་གླེང་དེ་ཅུང་ཟད་མཚམས་འཇོག་བྱས། འདི་ན་མགོན་པོ་ཟེར་བ་ཅིག་གིས་ཁོ་རང་བརླ་བཙོང་དང་བཤང་བཙོང་ཡིན་པར་ཁྱབ་བསྒྲགས་བྱེད་ཀྱི་འདུག ང་ཚོའི་ནང་ན ཧཧཧཧཧཧ
ཁོ་རང་ཁ་བརྡ་དྲ་རྒྱ་ནས་བརླ་དང་བཤང་བཙོང་མ་ཐུབ་ན། ནེའུ་ཡོག་གི་ gay street ལ་སོང་ན་ཁོ་འདྲ་བོ་མང་པོ་ཡོད་པ་རེད། ཉོ་མཁན་ཡང་ཡོད་པ་རེད། ཁོ་རང་ལ་སྒོར་མོའི་དཀའ་ངལ་ཕྲད་པ་ནི་ཡིན་མི་སྲིད། འོན་ཀྱང་མི་སོ་སོའི་གཤིས་ཀ་ལ་དེ་ལྟར་ཡོད་པ་རེད། རང་ཉིད་ཀྱི་དགའ་ཕྱོགས་དེ་འདྲ་ཡོད་པ་རེད། ད་བཙོངས་ཤི་མ་ཤི་བཙོངས།
བློ་ཡོན་ལགས་དང་རབ་གསལ་ལགས་གཉིས་ལ། ཁྱོད་གཉིས་ཆ་ལོ་སློབ་སྦྱོང་གི་ཉམས་མྱོང་མ་གཏོགས་འཛིན་སྐྱོང་གི་ཉམས་མྱོང་མེད་ཚོད་དུ་སྣང་། གནའ་སྔོན་མ་ང་ཚོ་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་བྱས་ནས་གཅིག་གྱུར་བྱུང་མི་འདུག་ཅེས་ང་ཚོ་མི་རབས་ཕྱི་མ་རྣམས་ཀྱིས་ཁེངས་ར་བྱེད་ཀྱི་ཡོད་པ་རེད། དེ་ན་ང་ཚོ་ཕྱི་རབས་རྣམས་ཀྱིས་དེ་ལས་ལྷག་པའི་ནུས་པ་འདོན་དགོས་ཀྱི་ཡོད་པ་རེད། བགྲོ་གླེང་བྱེད་པ་དེ་རང་རང་གི་གང་ཤེས་ངོམ་པ་གཅིག་བུས་མི་ཕན། སྤྱི་ཚོགས་ལ་འགན་ཁས་དགོས་ཀི་ཡོད་པ་རེད། རང་ཉིད་ལ་འགན་ཁས་དགོས་ཀི་ཡོད་པ་རེད། འདི་ན་ཁྱོད་གཉིས་ཀྱི་འདི་ལྟར་བགྲོ་གླེང་དེ་ཡང་མཐའ་ཆོད་པ་ཞིག་བྱེད་ལོངས་མ་བྱུང་པར་ཕྱོགས་སོ་སོར་འཐོར་སོང་ན། སྤྱི་ཚོགས་ཀྱི་གཅིག་གྱུར་ལ་ཅི་ལྟར་འགྲེལ་བཤད་བསྐྱོན་རྒྱུ་ཡིན།
ད་མང་པོ་བཤད་གི་མིན། བཤད་ནས་ཕན་ཐོགས་མི་འདུག
༡ ལོ་རྒྱུས་ཀྱི་ཤོག་རྙིགས་ཁྲོད་ནས་མ་གཏོགས་རྙེད་ཐབས་དཀའ་བའི་ ་་དམར་སྲུང་དམག་་ གི་ཚིག་འདི་ད་རུང་ཁ་ནང་ལ་ཁྱི་རྒན་རུས་བཟུང་བྱས་བསྡད་ཡོད་མཁན་ཕྱི་ལོགས་སུ་ཕལ་ཆེར་བློ་ཡོན་གཅིག་པོ་རེད།
༢ དམར་པོའི་ལས་ལུགས་དང་མཉམ་དུ་བོད་ལ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པའི་ཐ་སྙད ་་བློ་མཐུན་་ ཟེར་བ་འདི་ཤ་ཁྲག་རུས་པའི་གཏིང་དུ་ཐིམ་ནས་སྲ་འཐས་སུ་གྱུར་ཏེ་ད་རུང་བེད་སྤྱོད་གཏོང་བཞིན་པའང་བློ་ཡོན་རེད།
༣ བློ་ཡོན་གྱིས་དགེ་ཆོས་ལ་སྐྱོན་བརྗོད་བྱེད་སྟངས་འདིས་་དམར་སྲུང་དམག་གི་ཁ་གཡང་དང་འཐབ་རྩོད་བྱེད་སྐབས་ཀྱི་ཚིག་མཚོན་འདེབས་སྟངས་དེ་ཚོ་སེམས་ལ་ཤར་བཅུག་གི་འདུག ཁོའི་ཁ་དང་ལས་སྟངས་བྱེད་སྟངས་ཚང་མའི་ནང་དམར་སྲུང་དམག་གི་ཤུགས་རྐྱེན་རི་མོ་བཞིན་མཐོང་རྒྱུ་འདུག
༤ སའི་གོ་ལ་རིལ་རིལ་ཡིན་པར་སྨྲས་པ་ལ་བརྟེན་ནས་གསོན་བསྲེགས་བྱས་པ་ཞིག་རང་ཉིད་ཀྱིས་མ་རྙེད་པ་གཞི་ལ་བཞག་ནས་དེ་འདྲ་མེད་པར་བརྗོད་པ་འདིས། གུང་གཞུང་གི་ཚན་རིག་པ་ཚོས་རང་ཉིད་ཀྱིས་མ་མཐོང་བའི་རྒྱུ་མཚན་གྱིས་ལྷ་མེད་སྨྲ་བ་ཁྱབ་སྤེལ་བྱས་པ་དེ་ཚོ་ཡང་སེམས་ངོར་ཡོངས་སུ་ཤར་ཡོང་གི་འདུག
༥ བློ་ཡོན་ཟེར་བ་འདི་གང་ན་ཡོད་ན་གུང་ཁྲན་གྱི་བརྗོད་ཚིག་མང་པོ་ཞིག་གིས་བསྐོར་ནས་འགྲོ་གི་འདུག
དོན་དངོས་སུ་སུ་དམར་སྲུང་དམག་ཡིན་མིན་ཡང་བློ་ཡོན་གྱི་གཞི་མེད་འུར་ཤོབ་བྱས་པ་ལྟར་མིན་པར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་གསལ་བོར་ངོ་འཆར་རྒྱུ་ཡོད་པ་རེད།
ད་དེ་འདྲ་རེད། ངས་མཆན་དང་པོ་ནང་མྱི་རྩ་མི་ཚང་བའི་ཁ་མ་ཀློང་ཟེར་ནས་བཤད་པ་ཡིན་ཏེ་ད་མྱི་མང་གི་ཁ་སུས་ཆོད། ཁ་ཀློང་ཚར་ཕྱིན་ཁ་གྲག་རྒྱུ་འགུལ་རྒྱུ་མེད་པ་ཞིག་བྱེད་དགོས་པ་མ་རེད་དམ།
ཁ་སང་ཚེ་རིང་གི་བུས་ འདིའི་སྐོར་གྱི་མཆན་གསལ་པོ་ཞིག་བཏབ་འདུག མུ་མཐུད་རོགས།
དེ་ནས། བློ་ཡོན་གྱིས་ མགོན་ཕྱག་གི་དྲི་བ་བཏང་བ་དེ་རེ་རེ་ལ་ཡང་ལན་ཞིག་ཡོང་དགོས་པ་རེད། དེ་ཚོ་མ་ཡོང་བའི་ཁར། ད་དུང་ དགེ་ཆོས་ལ་ རྨོངས་པ་དང་སླུ་བྲིད་གཏོང་མཁན་ དམར་པོ་སོགས་ཀྱི་ཚིག་སྤྱད་ཡོང་དུས། ངས་ བློ་ཡོན་གྱི་སྟེང་ལ་ བསམ་གཟས་ནས་ མཆན་གོང་མའི་འཁོད་པ་ལྟར་་ཚིག་བཙན་པོའི་ཕྲེང་བ་ཞིག་བཏང་བ་ཡིན། རང་སྟེང་ལ་ཚིག་བཙན་པོ་འགའ་ཞིག་གཡུགས་སྐབས་སྐད་ཤོར་གི་འདུག་ག
ད་དོན་དག་འགའ་ཞིག་བཤད། དགེ་ཆོས་ཀྱིས་ཀྱང་ནུབ་ཕྱོགས་པའི་ཟས་སྤྱོད་འགྲོ་ལུགས་སོགས་བོད་མི་ལ་རོབ་ཙམ་ངོ་སྤྲོད་བྱས་པ་རེད། དེ་རྗེས་སུ་ང་ཚོར་འགན་ཞིག་ཡོད་རེད། ནུབ་ཕྱོགས་པའི་ཤེས་ཡོན་སྐོར་བོད་ཡིག་ནང་འཇོག་རྒྱུའི་འགན་ཞིག་ཡོད་པ་རེད། མགོན་པོས་བཤད་པ་ལྟར། སྔ་མའི་བསྟན་བཅོས་ལ་ཕྱི་མའི་བཅོས་བྱེད་བཞིན་འགྲོ་དགོས་པ་རེད། བློ་ཡོན་གྱིས་ཀྱང་ ཚན་རིག་གི་ལོ་རྒྱུས་ཤིག་སྒྲིག་བཞིན་ཡོད་ཟེར། དེའི་ནང་དགེ་ཆོས་ལ་སྨོད་པ་སོགས་ཚོར་བའི་སྐད་ཆ་མ་བཤད་པར་བོད་ལ་ཕན་པའི་ལོ་རྒྱུས་ཤིག་ཡོང་བའི་རེ་བ་ཡོད། དེ་ཀློག་རྒྱུ་ལ་ཡང་སྒུག་གི་ཡིན།
དེ་ནས་ ང་ལ་ཉིན་བཅུ་གྲངས་རིང་གུང་གསེང་ཡོད། དེབ་དེ་ཚོ་ཕར་ཀློག་ཚུར་ཀློག་ཅིག་བྱེད་གི་ཡིན། དེ་ནས་བསམ་ཚུལ་གསར་པ་དང་ཤེས་བྱ་གསར་པ་འདྲ་རེ་རྙེད་ན་ཕུལ་ཆོག ཐུགས་རྗེ་ཆེའོ།།
གཅིག༽ ཁ་བརྡ་ནི་ཁ་བརྡ་རང་ཡིན་པས་ག་རེ་ཡིན་ན་ཡང་ཁ་བརྡ་བྱེད་ཆོག་གི་རེད།
གཉིས༽ བགྲོ་གླེང་ནི་བགྲོ་གླེང་རང་ཡིན་སྟབས་ག་རེའི་སྐོར་ལ་ཡང་བགྲོ་གླེང་བྱེད་འོས་པ་་རེད།
གནད་དོན་འདི་གཉིས་སེམས་སུ་ངེས་པ་གཞིར་བཟུང་ཐོག་གནས་ལུགས་དང་རྒྱུ་མཚན་ཤོད་རྒྱུ་གང་མང་མང་བརྟེན་ན་མཁས་དབང་ཚོར་མཁས་ཉམས་ཤིག་ཐོན་ཡོང་གི་རེད།
དེ་མིན་་་་ཁྱེད་ཁ་དང་ངའི་སྣ། ཁྱོད་ནོར་ང་འགྲིག ཁྱེད་ཀྱི་མཚན་དང་ངའི་མིང་ཞེས་པའི་རྩོད་གཞི་འདི་དག་ནི་སེམས་རྒྱ་ཅན་གྱི་ཁ་བརྡ་ཞིག་མ་ཡིན།
ཁ་སང་དེ་རིང་ཨ་རི་དང་ཡུ་རོབ་སོགས་ལ་གངས་བབས་ཏེ་ནམ་ཟླ་ཧ་ཅང་གི་གྲང་མོ་ཆགས་བཞིན་པའི་སྐབས་འདིར་ཁ་བརྡ་དྲ་ཁང་ལ་འཛུལ་ནས་མེ་ཚ་བོ་རེ་གཏོང་བཞིན་ཕྱོགས་འདྲ་མིན་སྐོར་ཅི་ཁྲོལ་མོལ་ཁྲོལ་ལ་ཉན་རྒྱུ་བྱུང་བ་འདི་ཡང་ས་མཐའི་ཁེར་རྐྱང་བ་ཚོའི་སྐྱིད་ཅིག་རེད་ཡ།
ཁར་སང་ཉིན་གཉིས་ཀྱི་རིང་འགྲུལ་བཞུད་བྱས་པས་དྲ་རྒྱ་ལ་བལྟ་རྒྱུ་མ་བྱུང་། དེ་རྗེས་ནང་ལ་སླེབས་ནས་དྲ་སྒོ་ཕྱེས་དུས། དགེ་ཞེན་གྱིས་རང་ཤི་རྒྱག་གྲབས་བྱེད་བཞིན་པའི་གཞོན་ནུ་ཟླ་མེད་གཅིག་པོ་མ་གཏོགས། (བོད་པ་ནི་བློ་ཡོན་རང་གི་ཆོ་འཕྲུལ་ཡིན་པས་མི་གཞན་ལ་བརྩིས་མེད་)གཞན་མི་ཡོངས་ཀྱིས་བློ་གཡོན་ལ་ཁ་རྡུང་གཏོང་གི་འདུག་པ་ནི་འགྲོ་བ་མི་ལ་ལྷན་སྐྱེས་ཀྱི་བླངས་དོར་འབྱེད་པའི་ཤེས་རབ་ཡོད་པ་གསལ་སྟོན་བྱས་པ་ཞིག་རེད། བློ་ཡོན་གྱིས་ཁྱི་རོ་ལྟར་རུལ་དྲི་ཁ་བའི་ཀུན་སློང་གིས་དགེ་ཆོས་ལ་ཅིག་འབྲི་ཁུལ་བྱས་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་ནི་དགེ་ཆོས་ཀློག་བྱེད་དུ་མ་གྱུར་བར་བློ་ཡོན་རང་ཀློག་བྱེད་དུ་གྱུར་སོང་བ་དགོད་བྲོ་ཞིང་སྙིང་ཚིམས་པ་ཞིག་རེད། གཅིག་ཐང་ན་ལས་རྒྱུ་འབྲས་འཁོར་བ་ཡིན་སྲིད། ད་དུང་བློ་ཡོན་གྱིས་རང་གི་རང་མཚངས་རྣམས་རེ་རེ་བཞིན་ལྷང་ལ་འབུད་གྲབས་བྱེད་དུས་ངོ་གནོང་ཐག་ཆོད་ནས་ད་དྲ་ཁང་ལས་ཕྱིར་བུད་པ་ཡིན་ཟེར། ཧ་ཧ་ཧ་ཧ་ཧ། ལྟད་མོ་འདི་ལས་ཆེ་བ་འོང་དཀའ། དེ་བས་ཀྱང་འོས་ལངས་ཀྱིས་དཔྱད་བརྗོད་དེས་བློ་ཡོན་གྱི་དོན་ལྔ་སྣོད་དྲུག་ཡོངས་རྫོགས་ཐལ་དོང་དུ་བྲུལ་འདུག་པས། མིག་གསར་བ་རེ་ཡོད་ན་འོག་གི་འོས་ལངས་ཀྱི་མཆན་དེ་གཅིག་ཀློག་དང་། དེ་ནས་བློ་ཡོན་དང་། བློ་ཡོན་གྱི་མི་གཤིས། བློ་ཡོན་གྱི་ཀུན་སློང་། བློ་ཡོན་གྱི་ཕུགས་བསམ། བློ་ཡོན་གྱི་རིང་ཐང་། བློ་ཡོན་ཀྱི་རེ་བ། བློ་ཡོན་གྱི་དྲང་བདེན་ཡོངས་རྫོགས་ལག་ནང་དུ་བླངས་པ་ལྟར་ཤེས་ཐུབ་ཀྱི་འདུག ངོ་མས་མི་དགོད་ཁ་ཤོར་སྤྱད་དང་། རང་ངུ་ཁ་ལུག་སྤྱད་ཟེར་བ་དེ་ཡིན་ས་རེད།
༡༣༤༽ འོས་ལངས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༩ གི་ཆུ་ཚོད་ ༢༣ སྐར་མ་ ༢༦
དྲ་གྲོགས་ཚོ། དགོངས་དག ཅི་ཞིག་གི་སྟབས་ཀྱིས་གོང་གི་མཆན་ནང་དཔེ་མིང་དང་། རྩོམ་མིང་རྣམས་ཤར་ཐུབ་མི་འདུག་པས་འདིར་བསྐྱར་འགོད་བྱེད་དགོས་བྱུང་སོང་ལགས།
མིང་གི་རྣམ་གྲངས་དུ་མ་ཡོད་པའི་དྲ་གྲོགས་བློ་ཡོན་ལགས། དེ་རིང་ཁ་བརྡ་དྲ་རྒྱ་ལ་རོབ་ཙམ་ལྟ་དུས་ཁྱེད་ཀྱི་མཆན་བུ་ངེས་མེད་སྣ་ཚོགས་ཤིག་མཐོང་སོང་། དེར་བརྟེན་ང་ཡིས་གསལ་བཤད་ཐུང་ཐུང་ཞིག་མི་ཞུ་ཐབས་མེད་བྱུང་སོང་བས་དགོངས་པ་མ་ཚོམ་ཞེས་སྔོན་ནས་ཞུ། སྤྱིར་བཏང་ཁྱེད་ཀྱི་ཤེས་ཡོན་གྱི་ཆུ་ཚད་དང་རྣམ་དཔྱོད་ཀྱི་རྩལ་ལ་ང་རང་དགའ་གུས་དང་ཡི་རངས་ཡོད། ཁྱེད་ཀྱི་རྩོམ་ཡིག་༼བོད་འགྱུར་ཚན་རིག་གི་གཞུང་ལུགས་ཤིག་གླེང་བ་༽བཀླགས་པའི་མྱོང་ཚོར་གྱི་དགའ་སྣང་ནི་ད་ལྟའང་ཡལ་མི་འདུག ཡིན་ན་ཡང་། ཅི་ཞིག་གི་སྟབས་ཀྱིས་ད་ལྟའི་ཁྱེད་ཀྱི་རྩོམ་ལས་ཀྱི་ཁ་ཕྱོགས་དང་བེད་སྤྱོད་གཏོང་སྟངས་བཅས་ནི་ཆེས་ཐབས་སྡུག་ཅིག་རེད་ཨང་། འདོར་མི་ནུས་པའི་ཁྱེད་ཀྱི་ཐུན་མིན་གྱི་གཤིས་ཀའི་དབང་གིས་ད་དུང་ཁྱེད་ཀྱིས་ཨུ་ཚུགས་ཆེན་པོ་ཞིག་མུ་མཐུད་བྱེད་ཀྱིན་གདའ་ལ། དེ་ནི་ཁྱེད་ཀྱིས་སྐད་ཆ་དྲང་མོ་བཤད་ཀྱི་ཡོད་སྙམ་གྱི་བཟོ་འདྲ་སྟོན་གྱིན་ཡོད་པ་དེ་དག་རེད། གོང་གསལ་ཁྱེད་ཀྱི་མཆན་བུ་ཁག་གི་ནང་འགལ་ཆེན་པོའི་རྫུན་མཚང་རྣམས་རིམ་གྱིས་མཐོང་དུས་དངོས་གནས་ཁྱེད་ཀྱིས་སྐད་ཆ་དྲང་མོ་བཤད་ཀྱི་མི་འདུག རང་ཉིད་ཤེས་ཡོན་པར་རློམ་མཁན་ཞིག་གི་ངོས་ནས་འདི་འདྲའི་བློ་ཡོན་པོར་ཕྱོགས་པ་ནི་ཧ་ཅང་སྐྱུག་བྲོ་གཞི་ཞིག་རེད། དེང་སྐབས་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་ལེགས་གྲས་ཚོས་ཀྱང་ཞེ་མུར་ཡིད་ཆད་དང་བཅས་ཁྱེད་ཀྱི་མིང་དོན་གཉིས་མཐུན་གྱི་བློ་ཡོན་ཕྱོགས་དེར་ཁ་རྡུང་བཏང་དང་གཏོང་བཞིན་འདུག་པ་ལ་ཐུགས་ཁག་གཏན་ནས་མི་འདུག་བསམ། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་དུ་བཀུར་བའི་སངས་རྒྱས་ལ་ཡང་འཁྲུལ་སྐྱོན་ཡོད་པར་འདོད་མཁན་མང་པོ་བྱུང་འདུག་ན། ཉམ་ཆུང་འདས་པོ་དགེ་ཆོས་ཀྱིས་གཙོས་པའི་དུང་དཀར་བློ་འཕྲིན་དང་། དོན་གྲུབ་རྒྱལ་ལྟ་བུའི་མཁས་དབང་ཚོ་ལ་འཁྲུལ་སྐྱོན་འབྱུང་ངེས་པ་ནི་འཆར་ཅན་ཞིག་ཏུ་བརྩིས་ཆོག་ཆོག་རེད། དེ་ནི་ཡ་མཚར་དགོས་པའི་དོན་དག་གང་ཡང་མ་རེད་ལ། ཁྱེད་ཀྱི་རྣམ་དཔྱོད་གསར་བ་དང་རིག་རྩལ་གསར་བར་རློམ་དགོས་པ་ནི་དེ་བས་ཀྱང་མ་རེད། མིག་སེར་གྱི་དབང་གིས་བོད་ཀྱི་མཁས་དབང་དེ་ཚོའི་སྐྱོན་སྣེ་རེ་ཟུང་ལ་བརྟེན་ནས་ཁྱེད་ཀྱིས་ཅི་ཞིག་མཐོང་ཁུལ་ཚུལ་གྱིས་༼དགེ་ཆོས་སྨྱོན་པ་དང་བོད་དར་ཚན་རིག༽ ༼དོན་གྲུབ་རྒྱལ་གྱི་ནག་ཉེས་༽བཅས་སུ་ཤེས་པ་རང་བཞིན་དུ་མི་གནས་པའི་སྨྱོན་པའི་ཚོགས་ཀྱིས་ཀྱང་ཁ་ནས་ཐོན་དཀའ་བའི་ཚིག་མཚོན་འདེབས་སྟངས་དང་། བཟོད་དཀའི་ཁ་རྡུང་གཏོང་སྟངས་དེ་འདྲ་འབྱུང་དགོས་དོན་ག་རེ་ཡིན་ནམ། སུ་ཞིག་གིས་ཀྱང་བདེན་རྫུན་ཚད་མའི་ཁྲིམས་ཐག་གཅོད་མི་ནུས་པ་ལྟར་ཁྱེད་ཀྱི་རྨོངས་གཏམ་དེ་དག་གིས་བདེན་རྫུན་གྱི་དབྱེ་མཚམས་འབྱེད་རེ་ནི་གུད་ནའང་མ་མཆིས། དོན་དངོས་སུ་ཁྱེད་ཀྱི་བཤད་སྟངས་དེ་དག་གིས་ཁྱེད་རང་གཡོན་ལྷུང་གི་ལྟ་བ་མཁྲེགས་འཛིན་ཅན་གྱི་མགོ་སེར་ཁག་ཅིག་ལ་རྨོངས་དད་ཆེ་དྲགས་པ་དང་ལྷན་དུ་ཁྱེད་ལ་ཨ་འཐས་ཀྱི་ཨུ་ཚུགས་གཞན་ལས་ཆེ་བ་ཞིག་ཡོད་པ་གསལ་སྟོན་བྱེད་ཀྱི་འདུག འདི་འབྲེལ་གྱི་ཞུ་བྱ་མང་ཡང་ཕན་མེད་གནོད་འགྱུར་དུ་མཐོང་ནས་དེ་སྐོར་ནས་ཞུ་མཚམས་འཇོག་རྒྱུ་ཡིན།
དེ་མིན་ཞུ་དགོས་པའི་སྐབས་དོན་གཞན་དེ་ནི། མཚམས་རེར་ཧི་གཟུགས་ཟིན་བྲིས་ནང་ཤར་ཡོང་བའི་༼ཨ་རིའི་བོད་པའི་ཟིན་བྲིས་༽ཀྱི་ཟིན་ཐོ་གསར་བའམ་དཔྱད་གཏམ་གསར་བའི་སྐབས་སུ། གོང་གི་མཆན་གྲངས་ ༩ པའི་ནང་གསལ་བའི་ཁྱེད་ཀྱི་རྩོམ་ཡིག་དེ་ཚོ་ཡོད་དོན་ཅི་ཡིན་ནམ་ཞེས་བརྗོད་འདོད་སྐྱེས། དེས་ཀྱང་མི་ཚད་པར་ཉེ་སྔོན་༼ཧི་གཟུགས་ཟིན་བྲིས་༽ནང་དུ་ཟིན་བྲིས་ཀྱི་ཁ་བྱང་ལ་༼བློ་བཟང་ལགས་ཀྱི་ཟིན་བྲིས་༽ཞེས་ཟིན་བྲིས་ཀྱི་མིང་གཅིག་མཚུངས་ཅན་གསར་བ་གཉིས་སྔ་རྗེས་སུ་བཟོས་འདུག་པ་གང་ཞིག་ལ། ཟིན་བྲིས་གཅིག་གི་ཟིན་ཐོའམ་རྩོམ་འབྲི་མཁན་གྱི་མིང་ལ་(ཐོས་པ་དགའ་)དང་། ཅིག་ཤོས་དེར་(lobsangy)ཞེས་མི་འདྲ་བ་གཉིས་བཏགས་འདུག དེ་གཉིས་སོ་སོའི་དཔྱད་གཏམ་གསར་བའི་སྐབས་སུ་ཡང་ཁྱེད་ཀྱི་རྫུན་རྐུབ་བརྡོལ་བྱེད་ཀྱི་དཔང་རྟགས་༼དགེ་ཆོས་ཀྱིས་གཞན་གྱི་རྩོམ་བརྐུས་པ་༽ཞེས་པ་དེ་བཀོད་འདུག་པ་དང་། ཨ་རིའི་བོད་པའི་ཟིན་བྲིས་ནང་དུ་དེ་ལ་༼དགེ་ཆོས་སྐོར་གནས་ཚུལ་གསར་བ་༽ཞེས་རྩོམ་མིང་གཞན་ཞིག་བཏགས་ནས་བཀོད་འདུག དེ་ལྟར་རྩོམ་ཡིག་གཅིག་ལ་མིང་མི་འདྲ་བ་གཉིས་བཏགས་འདུག་པ་དང་། རྩོམ་ཡིག་དེ་ཐེངས་དང་པོར་ཕྱི་ཟླ་ ༡༡ པའི་ཁ་བརྡའི་ནང་གི་རྩོམ་ཡིག་༼དགེ་ཆོས་ཀྱི་མི་ཚེའི་ནང་གི་གཡུ་སྒྲོན་གཉིས་༽ཞེས་པ་དེར་ཁྱེད་ཀྱིས་མཆན་བུ་བརྒྱབ་པ་ཞིག་རེད། མཆན་བུ་དེ་ནི་དེའི་མཆན་གྲངས་ ༡༡ པ་རེད་ལ། ཁྱེད་ཀྱིས་ཅི་ཞིག་བྱ་བསམ་པ་ལྟར་མཆན་ཡིག་དེ་ཡང་རང་ས་ནས་བདེ་བར་བཞུགས་མ་བཅུག་པར་མིང་ཡིག་མི་འདྲ་བའི་ཐོག་ནས་ཁྱེད་ཀྱི་ཟིན་བྲིས་གསུམ་ཀའི་ནང་དུ་བཀོད་འདུག་ག ད་དུང་ཁྱེད་རང་ལ་རྒྱབ་དཔུང་དང་བདེན་པ་ཡོད་མདོག་མདོག་སྟོན་ཆེད། ཁ་བརྡའི་དྲ་བདག་ལ་ཆོག་མཆན་ཡང་མ་ཞུས་པར་༼དགེ་ཆོས་ཀྱི་མི་ཚེའི་ནང་གི་གཡུ་སྒྲོན་གཉིས་༽ཐད་ལ་བཀོད་པའི་མཆན་བུ་ཕལ་ཆེ་བ་(ཐོས་པ་དགའ་)ཡི་མིང་ཅན་གྱི་༼བློ་བཟང་ལགས་ཀྱི་ཟིན་བྲིས་༽ནང་དུ་ལེབ་བཤུས་བྱས་འདུག་པ་དང་། ལེབ་བཤུས་དེའི་མིང་ལ་ཡང་༼དགེ་ཆོས་དང་འཛམ་གླིང་རྒྱས་བཤད་སྐོར་གྱི་གླེང་མོ་༽ཞེས་བཏགས་ནས་ཧི་གཟུགས་ཟིན་བྲིས་ཐོག་བཀོད་འདུག་ག དེ་མཚུངས་ཁྱེད་ཀྱི་༼ཨ་རིའི་བོད་པའི་ཟིན་བྲིས་༽ཀྱི་ནང་ཡོད་༼བོད་ཀྱི་ཉེས་ཅན་པ་ཚོར་སྔོན་བརྡ་༽ཞེས་པ་དང་། ༼དགེ་ཆོས་དང་དུང་དཀར། དོན་རྒྱལ་སོགས་ཀྱི་པགས་པ་བཤུ་གི་ཡིན་༽ཞེས་པ་གཉིས་ཀྱང་རྩོམ་ཡིག་གཅིག་ལ་མིང་མི་འདྲ་བ་གཉིས་བཏགས་པ་ཞིག་རེད་འདུག དེ་དག་ནི་མིག་སྔར་གསལ་བའི་དངོས་དོན་འབའ་ཞིག་ཡིན་པ་ལས་བསམ་བཞིན་ཁྱེད་ལ་ཉེས་འགེལ་དང་རྫུན་གཏམ་རིགས་བྱས་པ་གང་ཡང་གཏན་ནས་མིན་ཚུལ་དྲ་གྲོགས་ཚང་མས་༼ཧི་གཟུགས་ཟིན་བྲིས་༽དང་། ༼ཁ་བརྡ་༽གཉིས་བསྔོག་ནས་བསྡུར་ན་གསལ་མཐོང་ཡོང་བ་ཞིག་རེད། ད་ནི་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་ལྟར་མང་དུ་བརྗོད་མི་དགོས་པས་རེ་ཞིག་དེ་ཙམ་ཡིན།
འ་ཁ་ཁ། ཡང་སྨྱིག་རྫོབ་འདི་ལ་ན་ཚ་རྙིང་པ་དེ་འཕར་ཡོང་གི་འདུག མི་གཞན་གྱི་མཆན་རྣམས་པར་གློག་བརྒྱབ་ཡོང་གི་བསྡད་འདུག ད་ཡང་འདིའི་ཁ་ནང་ནས་འདྲ་མི་འདྲ་བཤད་ཡོང་གི་རེད། ཕར་ཕྱོགས་ཀྱི་རབ་འབྱོར་ཟེར་བའི་རྩོམ་ཡིག་དེའི་མཆན་གྱི་ནང་དུ་ཡང་འདིས་འདྲ་མི་འདྲ་བྲིས་ཡོང་གི་འདུག ད་ཁྱོད་ལ་སྨྱོ་སྨན་ཅིག་དགོས་ན་ངས་འདིའི་ནང་ནས་ཁྱོད་ལ་སྤྲོད་ཡ། འཚམ་འཚམ་ལ་ཤེས་པ་ཐང་ཐང་འདྲ་བོ་ཡོད་པ་རེད། ད་དེ་ལོས་ཡིན་སྨྱོན་པ་ཚང་མ་གནམ་གཤིས་ལ་ཡང་རག་ལས་ཡོད་པ་རེད་མོ།
ཁ་སང་ཟིག་ཀ་འདིས་ངའི་གྲོགས་པོ་ཡིན་ལ་ཟེར་གི་ཡོད་ཀི ང་འདི་ལྟར་གྲོགས་པོ་སྨྱོན་པ་ཟིག་གིས་མི་གཏོང་ནོ་འདི་ངའི་ལས་དབང་ཅིག་རེད། གྲྭ་ས་ན་ཡོད་དུས་ཡང་སྨྱོན་པ་ཅིག་ལ་རོགས་པ་བྱས་ནས། དེས་ང་དཀའ་ལས་ཅིག་སྤྲད་དང་ནོ་དཀོན་མཆོག་གསུམ། སྨན་ཁང་ལ་བསྐྱལ་ན་སྨན་ཡག་པོ་ཟ་གི་མ་རེད། སྨྱོ་སྨན་ཆུ་མངར་མོ་ཀོག་ལྟ་བུའི་ནང་དུ་བླུག་ནས་བླུད་ན་ཡག་པོ་འཐུང་གི་རེད།
ཧ་ཧ་ཧ། ཟླ་མེད་ལོ་ལོ། ངས་ཁྱོད་ཞེ་སྡང་ཆེ་བ་དྲན་ནས་རྐང་བཙུགས་སྟེ་ས་མིག་གཉིས་ལ་མཆན་བཏབས་ནས་ཁོང་ཁྲོ་བསླངས་པ་ཡིན། ད་དུང་སྐར་མ་རེ་རེ་བཞིན་ཁྱོད་སླེབས་ཨེ་ཡོད་བལྟས་པ་ཡིན། གལ་ཏེ་མ་སླེབས་ན་ད་དུང་ཁོང་ཁོ་བསླངས་དགོས་བསམ་ཡོད། ཁོང་ཁྲོ་བསླངས་པ་བཞིན་ཁོང་ཁྲོ་འབར་སོང་ང་། ངས་OHO YES ཟེར་བཞིན་བརླ་ལ་ཐལ་ལྕགས་རྡེབ་ཞོར་དང་གད་མོ་དགོད་ཞོར་ལ་ཀློག་པ་ཡིན། ངའི་རེ་བར་མ་འོངས་པར་ཁྱོད་ཀྱི་ཞེ་སྡང་ཅུང་ཆུང་དུ་འགྲོ་བར་སྨོན། དགེ་བླུགས་སང་ལ་དོལ་རྒྱལ་གྱིས་ཐུབ་ཀྱི་འདུག་མ་གཏོགས། དགེ་ཆོས་ཀྱིས་ཐུབ་ཀྱི་མི་འདུག གལ་ཏེ་ཐུབ་ཀྱང་ཁྲི་བྱང་དང་རྡོ་ཤེར་སོགས་ཀྱིས་ཕར་ཚུར་བྱས་ནས་ཆོ་འཕྲུལ་བཏོན་ཏེ་བསད་ཚར་བ་རེད། ད་ཤི་བོའི་རོ་ལ་འཐབ་རྩོད་མ་བྱེད། ལམ་རིམ་ལ་ལྟོས། ལམ་རིམ་ལ་ལྟོས།
འ་རོགས། ཁྲི་བྱང་མི་ཤེས་མ་གཏོགས་རྡོ་ཤེར་དེ་དགེ་ཆོས་ལ་བཀའ་དྲིན་ཆེན་པོ་ཡིན་རབ་ཡོད་ད། ཆོས་ཕྱོགས་ནས་མ་བཤད། འཇིག་རྟེན་ཕྱོགས་ནས་བཤད་ན་ཡང་ཁོང་བཙོན་ཁང་ནས་བཏོན་པ་དེ་རྡོ་ཤེར་གྱི་བཀའ་དྲིན་ཡིན་རབས་ཡོད་ད། སྤྱིར་བཏང་བཤད་ན་ཀླུ་འབུམ་ཁམས་ཚན་ནས་བཏོན་པ་རེད་ཟེར་གི་ཡོད་པ་རེད། དེ་ལ་སྐུ་དྲག་དེ་ཚོས་ཟེར་ན་ཁྲི་བྱང་ནས་ཀླུ་འབུམ་ཁམས་ཚན་ལ་སྐུལ་མ་བྱས་ཏེ་བཏོན་ཟེར། ཡང་ཁ་ཤས་ཀྱིས་བཤད་ན་སྐུ་དྲག་ཅིག་ཅིག་ཅིག་གིས་ཀླུ་འབུམ་ཁམས་ཚན་ལ་སྐུལ་མ་བྱས་ནས་བཏོན་ཟེར། དེ་ཚོ་ཚང་མ་ཚིག་གི་རི་མོ་རེད། ངས་ཚིག་གི་རི་མོ་འབྲི་མི་ཤེས་པའི་ཀླུ་འབུམ་ཁམས་ཚན་གྱི་བླ་རྒན་དེ་འདྲ་ལ་རྒྱུས་ཡོད་མཁན་ཅིག་ལ་དྲིས་པ་ཡིན། དེའི་སྐབས་སུ་ཀླུ་འབུམ་ཁམས་ཚན་གང་བྱས་རྡོ་ཤེར་གྱི་ལག་ན་ཡོད་ནི་རེད། ད་ཁྱོད་ཀྱིས་དྲང་མོར་ཕྱོགས་ནས་ཤོད། ག་དུས་ཡིན་ན་ཡང་ཤོག་སྦུབས་རླུངས་འཚང་མ་བྱེད། དེ་བྱས་ནས་རྗེས་ནས་ཁྱོད་རང་གི་སྐད་ཆ་ལ་ཆ་འཇོག་བྱེད་མཁན་ཡོང་ནི་རེད། དེ་མིན་བོང་བུ་སྟོན་ཁ་རང་གི་འོག་རླུང་ལ་འདྲོགས་པ་ལྟར་བྱས་ན་ཆོ་ཁོ་རང་ཡོད་ནི་མ་རེད།
ཟླ་མེད་དྲིན་ཅན། རྡོ་ཤེར་དམ་ཉམ་དེ་དགེ་ཆོས་ལ་བཀའ་དྲིན་ཆེ་བའི་ལོ་རྒྱུས་སྣ་གཅིག་ཀྱང་ག་ལ་ཡོད། དེ་ལས་ལོག་ནས་ཁྲི་བྱང་གིས་ཆེ་ཚུགས་དོར་ཏེ་ལྐོག་ནས་ཀླུ་དགོངས་ལ་དགག་པ་རྒྱག་རོགས་ཀྱི་འཐེ་བོང་བསྟན་པར། རྡོ་ཤེར་གྱིས་ཡུག་ས་མའི་དམོད་མོ་ལྟ་བུའི་དགག་ཡིག་ཅིག་འབྲི་ཁུལ་བྱས་ཤིང་། དེའི་མཇུག་ཏུ་བྱང་ཆུབ་སྙིང་པོ་ལ་དཀྱིལ་མོ་ཀྲུང་མ་བཅས་བར་ཏུ་ཁྲི་བྱང་དང་གསང་འབྲེལ་ཡོད་པ་སྤྱིར་བཏོན་རྒྱུ་མིན་པའི་དམ་བཅའ་བཞག་ཀྱང་། དེང་སང་ཇག་རྐུན་གྱི་ནང་གྲོས་ལྟ་བུ་དེ་ཚོ་ཕྱི་ལོགས་ལ་ཐོན་ཚར་བ་རེད། དེར་བརྟེན་རྡོ་ཤེར་གྱི་དམ་བཅའ་ཉམ་པས་ངས་རྡོ་ཤེར་དམ་ཉམ་ཟེར་ནས་འབོད་ཀྱི་ཡོད། དམ་བཅའ་ཉམ་ན་དམ་ཉམ་རེད་པ། སྤྱིར་གནའ་ནས་ད་བར་གཅིག་གིས་གཅིག་ལ་རྩོམ་སྐུལ་བྱེད་པའི་ལུགས་སྲོལ་ཡོད་ཀྱང་། སྐུལ་མཁན་གྱིས་གསང་བ་དགོས་པའི་ཐ་ཚིག་གིས་མནན་ཅིང་། རྩོམ་མཁན་གྱིས་གསང་བ་བྱེད་རྒྱུར་མནའ་ཚིག་གིས་ཁས་བླངས་པ་དེ་ཁྲི་རྡོ་གཉིས་ཀྱི་དམིགས་བསལ་ཞིག་ཡིན་པས་གང་ནས་བསམ་རུང་ཡིད་ཆེས་ཐབས་མེད།
ཀླུ་དགོངས་འདི་དགེ་ཆོས་རང་གིས་མཛད་པ་ཡིན་ན་ཡང་རེད། ཟླ་བཟང་གིས་ཟིན་བྲིས་ཡིན་རེད། གང་ལྟར་རྩོམ་ཁ་ནག་འདིས་ཁོང་ཁྲིམས་ཁང་དུ་བསྐྱལ་ཞིང་། གསང་ཉུལ་དང་དངུལ་ལོ་རྫུན་མ་བཟོས་པ་སོགས་ཀྱི་ཁག་འདོགས་རྐྱེན་དུ་གྱུར། མཐར་གཅེས་སྲོག་ཀྱང་ཆུད་ཟོས་སུ་གྱུར་བའི་རྐྱེན་བྱས། མཐའ་ད་དུང་དགེ་བླུགས་ཚང་གིས་དམ་སྲི་ཁོག་ཞུགས་ཚོས་ཁོང་གི་རོ་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད།
ཟླ་མེད་དྲིན་ཅན། ཁྱོད་ཚོས་ཀླུ་དགོངས་འབའ་ཞིག་ལ་བརྟེན་ནས་ཁོང་གི་སྐུ་སྲོག་འཕྲོག་རུང་ད་དུང་ཁོང་ཁྲོ་མ་ཞི་ན། ཡང་བསྐྱར་དོལ་རྒྱལ་གཉིས་པ་ཞིག་གི་ལུས་ལེན་པའི་སྨོན་ལམ་འདེབས་ཞོར་རང་ཤི་རྒྱོབ་ལ་ཁོང་གི་སྐུ་སྐྱེ་ཕྱི་མ་དེ་གནས་རིས་མཐོ་དམན་གང་དུ་ཡོད་ཀྱང་། ཅིག་འདེད་ཨེ་ཐུབ་བལྟས་ན་མི་དགའ་འམ།
དངོས་གནས་ཡིན། བྱམས་པ་ཚད་མེད་དང་། སྙིང་རྗེ་ཚད་མེད་ཟེར་བ་ཞིག་ཡོད་པར་གསུངས་པ་བཞིན་དགེ་བླུགས་ཚང་གི་རྗེས་འཇུག་ཁག་ཅིག་ལ་ཞེ་སྡང་ཚད་མེད་ཟེར་བ་ཞིག་གི་བློ་སྦྱོང་ཡོད་ས་རེད།
ཨ་ཧ་བོ་ཡིན་ན། སྙིང་རྗེ། གྲྭ་བ་ཡིན་མདོག་གིས་རས་གཟན་དམར་པོ་ཞིག་གོན་པ་ལ་འབྲས་བུ་དེ་ལས་མེད་ན་མའོ་ཙེ་ཏུང་ནས་ཞོགས་དུང་གི་བར་གྱི་ཆོས་དགག་ཚོ་ལ་ཡང་བདེན་ཁ་རེ་ཡོད་ན་ཐང་གི
མྱིག་རྫོབ། ཁྱོད་རང་གིས་སྲང་ལམ་ནས་བཏུས་པའི་ངག་འཁྱལ་དེ་ཚོ་ལ་བདག་པོ་རྒྱག་རིན་མེད་ན་ཡང་། མ་བརྒྱབ་ན་ང་ལ་ཡང་དེང་སང་ཁ་བ་བབས་ནས་སྒོ་ལ་ཡང་འགྲོ་ཐབས་མེད་ཀི ད་དུས་ཚོད་བསྐྱལ་བའི་ཞོར་ལ་ཁྱོད་ལ་ལན་རྒྱག རྡོ་ཤེར་ནི་ཁྱོད་རང་གི་སེམས་ངོ་ན་ཡོད་པ་དེ་འདྲ་ཅིག་ཡིན་ས་མ་རེད་དྲན། ཁོང་ཆབ་སྲིད་ཕྱོགས་ནས་གང་ཡང་མི་ཤེས་པའི་བླ་རྒན་དྲང་མོ་དྲང་རྐྱང་ཅིག་རེད་བསམ། ཁོ་རང་ལ་ཡང་ཆབ་སྲིད་ཀྱི་ཕམ་ཁ་བོད་རྒྱ་ཕྱོགས་གཉིས་ཀ་ནས་མྱང་ཡོད་ནི་རེད། དང་པོ་བོད་ཕྱོགས་ནས་བཀའ་འགྱུར་ལ་ཞུ་དག་བཏང་འདུག་ཅེས་ལྷ་ས་ནས་བསྡད་མ་ཐུབ་པ་བཟོས་འདུག
དེ་ནས་རང་གི་ཕ་ཡུལ་ལ་ཕེབས་པ་རེད། ཡང་རྒྱ་ནག་ཚང་གིས་བེད་སྤྱོད་བཏང་འདུག ཐ་མ་རྒྱ་རྒན་ཚང་གིས་འཐབ་རྩོད་བྱས་ནས་བསད་འདུག དེ་འདྲ་རེད། ཆབ་སྲིད་ཟེར་བ་དེ་མི་མཁྱེན་པ་རེད། ཨ་མདོ་བ་རེད། མི་མཁྱེན་ན་ཡང་མི་མཁྱེན་པའི་ས་ནས་སྡོད་ཀྱི་མ་རེད། དགེ་ཆོས་དང་གཅིག་པ་རེད། མཁྱེན་མདོག་སྟོན་གྱི་རེད། དེ་ནས་རང་གི་སྲོག་ལ་ཡང་བདག་པོ་རྒྱག་ཐུབ་ཀྱི་མ་རེད།
དེ་འདྲས་རྐྱེན་གྱིས་ངས་ཟེར་གི་ཡོད། བསྟོད་པ་གཏོང་གི་ཡོད་པ་དེ་ཡག་རྟགས་ཅིག་ཡིན་མིན་གང་ཤེས་ཟེར་གི་ཡོད། དགེ་ཆོས་ལ་ཐོག་མར་རྒྱ་གར་ནས་ལྷ་སར་ཕེབས་སྐབས་བསྟོད་པ་འཐེན་པ་རེད། རྡོ་ཤེར་ལ་ཡང་ཐོག་མར་མཁས་པ་རེད་། བཀའ་འགྱུར་གསར་བརྐོ་ལ་ཞུ་དག་ཁྱོད་མ་གཏོགས་སུ་ཀྱང་འཇོན་གི་མ་རེད་སོགས་ཟེར་བ་རེད། མཐའ་མ་དེར་རང་རང་གི་ལམ་ཁ་དེ་རང་རང་གི་ཡོན་ཏན་གྱིས་བཀག་པ་རེད། དེའི་རྐྱེན་གྱིས་ཁ་ནས་བཤད་ཤེས་པ་གཅིག་བུ་ལ་འཇིག་རྟེན་ན་མཁས་པ་ཟེར་གི་ཡོད་ས་མ་རེད། འཇིག་རྟེན་ན་འདི་འདྲ་ཟེར་གི་ཡོད་པ་རེད། ༼ མཁས་པ་ཡིན་ན་རྗེས་རིག་དགོས། མིག་ལྡན་ཡིན་ན་སྔོན་རིག་དགོས༽ ཟེར་སྲོལ་ཡོད་ནི་རེད། དགེ་ཆོས་ལ་མཁས་པ་མ་རེད་ཟེར་ན་འགྲིག་གི་མ་རེད། ཡིན་ན་ཡང་རང་གི་རྗེས་ཕྱོགས་རིག་ཡོད་པ་མ་རེད། དེའི་རྐྱེན་གྱིས་ འོ་ད་གཡུག་ཞོག ཁྱོད་ལ་དེའི་སྐོར་མང་པོ་བཤད་ནས་གོ་བ་ཅང་ཡོད་ནི་མ་རེད། ཕན་ཐོག་ལ་ཡོད་ནི་མ་རེད།
རེད། དགེ་ཆོས་ཀྱིས་རང་གི་རྗེས་ཕྱོགས་རིག་ཡོད་པ་མ་རེད། དེའི་རྐྱེན་གྱིས་རི་པིན་བཙན་རྒྱལ་རིང་ལུགས་ཀྱི་དམག་དཔོན་ལས་ཀྱང་ཞེ་སྡང་ཆེ་བའི་དགེ་ལུགས་ཀྱི་བླ་དཔོན་ཚོའི་མིག་སྔོན་ནས་ཀླུ་དགོངས་བྲིས་པ་རེད། ཨ་ཤུ་རེ། ཁོང་གིས་དགག་དགོས་ན་ས་སྐྱ་དང་རྙིང་མ་བཀའ་བརྒྱུད་ཚོ་ལ་དགག་ཡོད་ན་སྐུ་སྲོག་ཤོར་ནི་མ་རེད།
འོ་ད་གཡུག་ཞོག ཁྱོད་ལ་དེའི་སྐོར་མང་པོ་བཤད་ནས་གོ་བ་ཅང་ཡོད་ནི་མ་རེད། ཕན་ཐོག་ལ་ཡོད་ནི་མ་རེད།
གང་ཡིན་ཟེར་ན། ཁྱོད་ཚོ་རང་སྐྱོན་མཐོང་མཁན་གྱི་མི་མ་རེད།
དེ་ལས། ངས་གོང་དུ་བཤད་པ་བཞིན། དགེ་ཆོས་ཀྱི་སྐྱེ་མ་རྗེས་མ་ཚོ་ལ་སྙིང་ནད་རྩོད་ཆེད་ཡང་འདྲེ་རུ་སྐྱེས་པའི་སྨོན་ལམ་ཐོབ་ལ་སྐེ་ཐག་པས་བསྡམས་ནས་རང་ཤི་བརྒྱབ་ན་དགའ་ནི་རེད། ཁྱེད་སང་འདྲེ་རུ་སྐྱེ་བའི་ལས་དང་སྨོན་ལམ་ནི་ཡོད་ནི་རེད། གྲོགས་པོ་ཟླ་མེད། ད་སྙིང་ཨི་ན་གི གལ་ཏེ་ན་ན་རྗེས་ཕྱོགས་མི་བསད་པའི་མ་ཚད་རོ་ལ་འཐབ་རྩོད་བྱེད་རྒྱུ་མཚམས་བཞག་ན་ཡག་གི་རེད། ངའི་སྡིག་པའི་གྲོགས་པོ་ཡག་ཤོས་ཟླ་མེད་ལགས།
དགེ་ལུགས་པར་མི་དགའ་མཁན་སྐོར་ཞིག་དང་དགེ་ཆོས་ལ་མི་དགའ་མཁན་སྐོར་ཞིག་ལས་ཅང་མཐོང་མ་སོང་། ཁྱད་པར་མི་འདུག ཆོས་ལུགས་གང་ལ་དད་མིན་དང་མི་སུ་ལ་དད་མིན་རང་མོས་རེད། མི་ངོ་མ་སུ་ཡིན་ཞེ་དྲགས་མི་ཤེས་ཀྱང་ཕྱོགས་གཉིས་ཀ་ནས་རྣམ་དཔྱོད་ཅན་སྐོར་ཞིག་རྙེད་བྱུང་། ཞིབ་ཏུ་བསམས་ན་རིག་གནས་ཆེ་ཆུང་ལྔའི་ནང་དུ་མི་འདུག་པའི་དེང་སང་གི་རྩོད་པའི་རིག་གནས་འདི་ཡང་མཐོང་ཆུང་བྱེད་རྒྱུ་ཞིག་རེད་མི་འདུག རྩོད་ཡིག་འདི་དག་གི་ནང་ནས་མིའི་ཆགས་སྡང་གི་འགྱུར་འགྲོས་དང་རྣམ་དཔྱོད་རེ་རེ་བཞིན་མེ་ལོང་ནང་གི་གཟུགས་བརྙན་བཞིན་མཐོང་ཐུབ་ཀི་འདུག རྩོད་གྲྭ་འདིར་ཞུགས་མཁན་མང་ཤོས་ཨ་རི་དང་ཁེ་ན་སྒྲར་སྡོད་མཁན་ཡིན་པས། རབ་ཡིན་ན་ལ་རྩེ་ཚང་ལྟ་བུ་ནས་རྩོད་ཚོགས་རེ་བཙུགས་ནས་མི་དང་མི་གདོང་གཏུགས་ཀྱིས་བརྩད་ན་འདི་ལས་ལྷག་པའི་ལྟད་མོ་ཡོད་རྒྱུ་རེད།
མྱིག་རྫོབ་འདིའི་ཁ་ནང་ང་ད་མཇེ་རླུག་གསུམ་པོ་མཉམ་དུ་རྫོང་རྒྱུ་ཟིག་རེད། འདི་ཅིའི་ཕྱིར་རང་ཤི་རྒྱག་རྒྱུ་དང་། དོལ་འདྲེ་སོགས་གླེང་ཡོང་གི་ཡོད་པ་རེད།
གྲོགས་པོ་ཞིག་གིས་ཁ་པར་ནས་དེང་སང་ཁ་བརྡ་དྲ་རྒྱའི་ནང་དུ་བློ་ཡོན་ཟེར་བ་ཞིག་གིས་མཁས་དབང་དགེ་ཆོས་ལ་དགག་ཡིག་གཅིག་བྲིས་འདུག་ཟེར། འོ་ཛི་མཁས་དབང་ཁོང་ལྟ་བུ་ལའང་དགག་པ་བྱེད་ནུས་པའི་སྐྱེས་བུ་བློ་སྤོབས་ཅན་ཞིག་དང་དེས་བྲིས་པའི་རྩོམ་ཡིག་དེ་ཅི་ལྟ་བུ་ཞིག་ཡོད་དམ་སྙམ་ནས་བལྟ་འདོད་ཀྱི་ཀུན་སློང་ནན་མོས་གློག་ཀླད་མགྱོགས་མྱུར་སྒོ་ཕྱེས་ནས་ཅུང་ཟད་མིག་འགྲིམ་གྱིས་བམ་ཀློག་བྱས་པས་བྱིས་བསམ་མེད་གཅིག་གི་ངུ་སྐད་ལས་དགག་ཡིག་གཅིག་མཐོང་མ་སོང་དཔེར་མཚོན་ཙམ་ཞིག་ཞུས་ན་བྱིས་ཕྲུ་དེས་ཐན་སྐད་ཀྱི་སྔོན་བརྗོད་དུ་ཁ་ཅིག་མང་པོ་ཞིག་བཀོད་པའི་ནང་དུ་འདི་ལྟར་བྲིས་འདུག་་་་་་ཁ་ཅིག་གི་དགེ་ཆོས་ནི་བོད་དུ་སའི་གོ་ལ་རིལ་རིལ་ཞེས་བཤད་མཁན་དང་པོ་རེད་ཟེར་བ་དང་།་་ཁ་ཅིག་གིས་དགེ་ཆོས་ཀྱི་སྔོན་དུ་བོད་དུ་སའི་གོ་ལ་རིལ་རིལ་ཟེར་ཡིན་མཁན་མེད་ཟེར་བ་དང་། དེས་ན་བོད་དུ་དགེ་ཆོས་ཀྱི་སྔོན་དུ་གོ་ལ་རིལ་པོ་ཡིན་པ་བཤད་མཁན་མེད་པ་དང་གོ་ལ་རིལ་རིལ་བཤད་མཁན་བོད་དུ་དགེ་ཆོས་དང་པོ་ཡིན་པ་གཉིས་ཁ་ཅིག་གཉིས་འཇོག་པ་འདི་ཙམ་ཁོ་ཡིས་རང་མདོག་མཐོང་སོང་བས་འདིས་དགེ་ཆོས་ལ་གཅིག་བཤད་སྟངས་བྱེད་སྙམ་ནས་ཁྲེལ་དགོད་ཅིག་གིས་ཐན་སྐད་ཀློག་འཇུག་བསྡུས་ཡིན། དེ་ནས་མཆན་བུ་དག་ལ་མིག་གཤེར་བྱས་པས་དགེ་རབ་ཀྱིས་ ཁྱེད་ཀྱིས་དགེ་ཆོས་དེ་དགེ་ཆོས་ཀྱི་དུས་སྐབས་ཀྱི་མི་སྣ་དག་དང་བསྡུར་ནས་མ་བཤད་པར། ཡང་ན་སྔོན་དང་ཡང་ན་ཕྱིས་ཀྱི་མི་དག་དང་བསྡུར་ནས་བཤད་ཀྱིན་འདུག་བསམས་པ་ཡིན། ཞེས་བྲིས་པ་འདི་ཉིད་གནས་ལུགས་དང་མཐུན་པའི་གཏན་ཚིགས་ཤིག་རེད་བོད་མཛང་བློན་བདུན་པོ་མཛང་མི་འཇོག་བྱེད་ཀྱིས་བློ་རྩལ་དེ་དག་ད་ལྟའི་དུས་སུ་བྱིས་པས་ཀྱང་ཤེས་ནུས་པའི་བྱ་བ་དག་རེད།
གཞོིན་ནུ་ཁྱོད་ཕྱོགས་མང་པོ་ནས་རྩེ་ཕུད་ཅིག་རེད། རྒྱུ་མཚན་དེར་བརྟེན་ཁྱོད་ལ་ཅོ་འདྲི་མཁན་ཡོང་གིན་ཡོད་པ་རེད། རྙིང་མ་དགེ་ལུགས་ཟེར་བ་དེ་ཚོར་བཟོད་སྒོམ་བཏང་སྙོམས་བྱས་ཏེ་ཐེངས་ཁ་ཤས་གཡུག་ཞོག་དང་དེ་ནས་ཐང་ཆད་ནས་ཡོང་གི་མ་རེད།
ཨ་ཨ། གསར་འགྱུར་ཡག་པོ། སྤོབས་པ་མཐའ་ཡས་གཤིན་ཡུལ་ནས་ཕྱིར་ལོག་པ་ངོ་མས་ཅན་གི་དགའ་ནི་ཡིན། གཞོན་ནུ་ངེད་གཉིས་ཀྱིས་སོ་དགེ་ལུགས་མ་བླུགས་ཀྱི་ཞེན་ཁོག་གིས་ཤི་གྲབ་བྱེད་རྒྱུ་ཙམ་མ་གཏོགས་ཅི་ཡང་ཤེས་ནི་མ་རེད་དེ། ཁྱོད་ངོ་མས་ཕྱོགས་མང་པོ་ནས་རྩེ་ཕུད་ཅིག་ཡིན། འོན་ཀྱང་ཁྱོད་ལ་གསར་འགྱུར་ངན་པ་གཅིག་ཞུ་རྒྱུ་ཡོད། དེ་ནི་དུས་བབས་ནང་གི་ཁྱོད་ཀྱི་ཟིན་བྲིས་དེ་ཁྱོད་ཕྱིར་ཐོན་དུས་མི་ལ་རས་པ་ཕ་ཡུལ་དུ་སླེབས་པ་འདྲ་བོ་ཞིག་མ་གཏོགས་བལྟ་ས་བསྡད་མ་སོང་། ངས་སེམས་ཁྲལ་བྱེད་མྱོང་། ད་གསར་དུ་ཟིན་བྲིས་སྒོ་ཕྱེ་རྒྱུ་ཡིན་ནམ།
ལུང་རིགས་མེད་པའི་ལྕགས་ཚན་རྣོ་མེད་དེས། །
བློ་ཡོན་ཅང་ཤེས་ངར་མ་སྒུལ་མི་ནུས། །
ཕྲག་དོག་ལམ་ཕྲང་དོག་མོའི་འཇིགས་ས་ནས། །
མདའ་མདུང་སྒྲེང་བའི་རྟུལ་ཞུགས་སྐྱུག་རེ་བྲོ། །
རྩོམ་ཡིག་འདི་དག་བཀླགས་པ་ཡིན། དོན་ལུང་རིགས་ཀྱི་སྟེང་ནས་བློ་ཡོན་ལ་གནོད་པ་ཐོགས་འདྲ་བ་ཞིག་སུས་ཀྱང་བསྟན་ཐུབ་པ་བྱུང་མི་འདུག ཕྱོགས་རིས་དང་དགའ་མི་དགའི་སྐད་རྒྱག་གི་ཡོད་པའི་སྐྱོན་ཆ་ཞིག་ཕར་འགེལ་ཚུར་འགེལ་བྱེད་ཀྱིན་འདུག འོན་ཀྱང་མང་དག་གི་ཁོག་ནང་ན་འདུ་ཤེས་མི་གཙང་བ་འདི་བརྒྱ་ཆ་བསྐོར་ན་ཆ་མཉམ་ལྟ་བུར་ཡོད་པའི་སྣང་ཚུལ་ཞིག་གོང་གི་མཆན་འདི་དག་གི་སྟེང་ནས་གསལ་པོར་མངོན་གྱིན་འདུག དེར་བརྟེན་སྐྱོན་ཆ་འདི་ཕར་འགེལ་ཚུར་འགེལ་བྱེད་རིན་ཞིག་མེད་པར་ཁ་སུ་སྔ་ཙམ་ཞིག་གི་ཁྱད་པར་ལས་མི་འདུག
དགེ་ཆོས་ཁོང་སེམས་གཏིང་ནས་ཡིད་སྨོན་དང་བསྟོད་བཀུར་བྱེད་མཁན་གྱི་ཁོ་བོར་བློ་ཡོན་གྱིས་རྩོམ་ཡིག་འདིས་མི་བ་བདེ་བ་ཞིག་མ་བཟོས་ཤིང་ངའི་སྣང་ངོའི་དགེ་ཆོས་ཁོང་ཆུང་དུ་མ་སོང་བའི་ཐོག་བཅོས་མིན་གྱི་སྤྲོ་སྣང་ཞིག་གིས་བློ་ཡོན་གྱི་རྩོམ་ཡིག་འདི་ལམ་སེང་དཔར་སློག་བྱེད་དགོས་པ་ཞིག་བྱུང་།
གང་ལྟར་ཡང་གནའ་དེང་གི་རིག་པའི་གནས་གང་ལའང་དཔག་ཚོད་ཀྱིས་སྨྲ་ལྕེ་ཐོགས་མི་དགོས་པའི་མི་འགའ་ཞིག་ལ་སེམས་གཏིང་ནས་ཡིད་རངས་ཡོད། བོད་པའི་འབྱུང་འགྱུར་ལ་ཐུགས་འཁུར་བཞེས་རོགས། ད་དུང་བློ་ཡོན་ལགས་ཀྱིས་རྕོམ་ཡིག་ཅིག་དཔར་འདེབས་ཀྱི་སྐོར་གསུངས་སོང་། ངེས་པར་དུ་རྙེད་ཐབས་ཀྱིས་བཀླག་རྒྱུ་ཡིན།
བཀྲ་ཤིས་བདེ་ལེགས།
ཨ་རིའི་རྒྱལ་སར་ཁང་ཆགས་དེ་ལྷུང་རྗེས། ངེད་ཀྱང་ནང་ལ་འཛུལ་ནས་ཁུ་སིམ་སིམ་ངང་ཁྱེད་ཚོའི་མཆན་བུ་དག་ྐློག་བཞིན་ཡོད།
མཆན་བུ་དག་ྐློག་གིན་ྐློག་གིན་ངེད་ཀྱི་ལུས་སེམས་གཉིས་ཀྱང་ཚ་སོབ་སོབ་འདྲ་ཆགས་སོང་། མུ་མཐུད་དུ་རྩོད་རོགས་གནང་།
བསམ་བློ་དཀྱེལ་ཡངས་བའི་སྒོ་ནས་རྩོད་རོགས་གནང་། རྒྱུ་མཚན་དང་གནས་ལུགས་མདུན་ལ་བཞག་ནས་རྩོད་རོགས་གནང་།
སྒེར་གྱི་འཁོན་སེམས་དང་སྡང་ཟུག་མེད་པར་རྩོད་རོགས་གནང་། མུ་མཐུད་དུ་རྩོད་རོགས་གནང་།
མྱིག་རྫོད་ལགས་ཀྱིས་ང་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ། དུས་བབ་ནང་གི་ངའི་ཟིན་བྲིས་སྐོར་ལ་ཐུགས་ཁྲལ་མ་གནང་། དེ་འདྲ་ག་དུས་ཡིན་ན་གང་དུ་ཡང་བཟོ་ཆོག་ཆོག་རེད། དངོས་གནས་བྱས་ན་དྲ་བདག་གིས་དེ་ལུགས་སྔོན་བརྡ་ཞིག་གཏོང་དགོས་པ་འདྲ་ཞིག་ཡོད་མོད་དེ་འདྲ་མ་གནང་བ་རེད། དེ་གང་ཡིན་ཡང་གང་ཡིན། དེ་འདྲ་མང་པོ་ཡོང་གིན་ཡོད་པ་རེད།
སྤོབས་པ་མཐའ་ཡས། མཐེ་བོང་བསྟན་པ་ལ་ཐུགས་རྗེ་ཆེ། ང་འདི་ཆུང་ཆུང་སྐབས་ནས་མཐེ་བོང་བསྟན་ན་དགའ་ནི་ཟིག་ཡིན། ད་རུང་ཡང་དེ་ག་རེད། གྲྭ་ས་ན་ཡོད་དུས་བསྟོད་ན་དགའ་བ་དང་སྨད་ན་མི་དགའ་བོ་སོགས་འཇིག་རྟེན་ཆོས་བརྒྱད་རེད་ཟེར་ནས་བསྟོད་ན་མི་དགའ་མདོག་མདོག་སྟོན་མཁན་ཡང་འདུག་མོད། འོན་ཀྱང་བྱམས་བསྟོད་ཚངས་པའི་ཅོད་པན། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་དེ་ཚོ་ལ་ལྟོས་དང་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་དེ་ཚོ་ལ་བསྟོད་པ་བྱས་ན་དགའ་གི་ཡོད་པའི་བཟོ་འདྲ།
ཡང་བསྟོད་པ་དེ་ཚོ་ལ་ཆོད་ཡོད་པ་མ་རེད། རྙིང་པ་རེད། རྨོངས་དད་རེད་ཟེར་མཁན་གྱི་གསར་བརྗེ་བ་དེ་ཚོ་ཡང་རང་རང་གི་དགའ་ས་དེར་བསྟོད་པ་རྐྱང་རྐྱང་བྱས་ན་མ་གཏོགས་མི་དགའ་བ་མཐོང་དུས་ད་ཡིན་ན་འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་ངོ་ནས་སུས་ཀྱང་དམོད་ན་ཡང་། སུ་ཡིན་ན་ཡང་དགའ་ས་ཅིག་རེད་བསམ་གི་འདུག
ཟླ་མེད་ལགས་ཀྱིས་བྱམས་བསྟོད་ཚངས་པའི་ཅོད་པན་དང་། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་གཉིས་ལས་འཕགས་བོད་གཉིས་ཀྱི་བསྟོད་པ་གཅིག་ཀྱང་རིག་ཡོད་ས་མ་རེད། རྩེད་མོ་ཡིན་ལོ། ཁྱོད་ཞེ་སྡང་ཆེ་ཆེ་ཉིག་ཀས་ངས་སྣེ་བཏོག་ནི་ཡིན།
ཟླ་མེད་ལགས། ལོས་ཡིན། ཆོས་བརྒྱད་དཀར་པོ་ས་བརྒྱད་ཡན་ན་ཡོད། །ཅེས་པ་ཞིག་སྔོན་ཆད་ཡོངས་འཛིན་རྡོ་རྗེག་འཆང་ཚང་གི་ཞལ་སྔ་ནས་ཡང་ཡང་གོ་མྱོང་། ཇི་སྲིད་དགའ་སྡུག་གི་ཚོར་བ་འདི་མ་འགག་དེ་སྲིད་དུ་བསྟོད་སྨད་ལས་བྱུང་བའི་ཚོར་བ་འདི་ས་ཐོབ་སེམས་དཔའ་ཡན་ཆད་ལ་ཡོད་ཁོ་ཐག་རེད། ཡིན་ན་ཡང་ཚོར་བ་འདི་ལ་བསྟེན་ནས་སྤྱི་ཚོགས་ནང་རྙོག་དྲ་བཟོ་དང་མི་བཟོ་དེ་རང་རང་གི་ལག་ན་ཡོད་པ་ཞིག་རེད་སྙམ།
རྗེད། རྗེ་་་་་་་
བསྟེན་་་་་བརྟེན་་་་་་་་
འོ་འ་ལགས་དེ་བ་ཚང་གི་ཞལ་ནས་ད་འདི་མོ་གསུང་ནི་རེད་ཡ། གོ་རྒྱུ་ཡོད་ནོ། ཆོས་ཀྱི་ནང་དོན་ཡོད་ནོ། སྙན་ཆ་ལྡན་ནོ། མེ་ལོང་མའི་ཚིག་འདྲ་ཡིན་ནོ། ཆོས་བརྒྱད་དཀར་བོ་ས་བརྒྱད་ཡན་ན་ཡོད། འ་རོགས་ཀླུ་སྨྱོན། འདི་ང་མ་གསུང་པར་ཁྱོད་གསུང་དོན་ཅི་རེད་ཀོ།
དེ་གསུངས་དོན་ད་ངའི་སྙན་ངག་དེའི་མཆན་འོག་མ་དེར་ལྟོས་དང་གསལ་བོ་ཞིག་དེ་ན་ཡོད།
ཀླུ་སྨྱོན་ཟེ་ནེ་ཡ། མྱིག་རྫོབ་སྨྱོན་པ་འདིས་ང་ལ་བསྟོད་པ་བྱེད་ཀོ་ནི་འདྲ་ཟིག་རེད། འདི་འདྲའི་མིའི་རིགས་ཅིག་ཡོད་པ་རེད། སྔོན་མ་ངའི་སྲིང་མོ་ཆུང་བ་དེས་ཆུང་ཆུང་སྐབས་སུ་ཕྱིན་ཅི་ལོག་རྐྱང་རྐྱང་བྱས་པས་ཕ་མ་གཉིས་ནས་མོ་རང་གང་ལ་ཡང་བཀོལ་ཀྱི་མ་རེད། ཐ་ན་སྒོ་རྒྱག་དགོས་ན་ཡང་ང་བཀོལ་དགོས་ཀྱི་རེད། དེ་ནས་ཉིན་གཅིག་ངས་མོ་རང་གི་ལས་སྟངས་ཧ་གོ་སོང་། སྒོ་རྒྱག་དགོས་ན་འོ་སུ་ཡིས་སྒོ་འབྱེད་ཐུབ་ཀྱི་རེད། ཅེས་ལབ་ན་མོ་རང་རྒྱུགས་ནས་སོང་དེ་སྒོ་རྒྱག་རྒྱུ་རེད། ངས་བལྟས་ན་སྨྱིག་རྫོབ་སྨྱོན་པ་འདི་ར་དེ་མོ་ཕྱིན་ཅི་ལོག་ཟིག་རེད། འདིས་ཕྱིན་ཇི་ལོག་གི་སྒོ་ནས་ང་ལ་བསྟོད་པ་འཐེན་གི་བསྡད་ཡོད་ཁ་ཟིག་རེད།
ད་སྨད་པའི་སྒོ་ནས་བསྟོད་པ་ཟོ་ར་ཟེར་ར་ཟེ། དེ་མོ་ཟིག་ད་ཡིན་ཁ་ཟིག་རེད།
དང་པོ་ཀི་སྒྲ་དྲག་པོ་ལན་གསུམ་བཏབས། །
བར་དུ་རྣོ་མེད་རལ་གྲི་མཁའ་ལ་འཕྱར། །
མཐའ་མ་བློ་བསྐྱེད་མེད་པའི་ཆལ་ཆོལ་གྱི། །
ཚིག་གི་ལོ་མས་རྩོད་འདི་རྫོགས་པར་བྱས། །
འདི་འདྲའི་སྐྱོ་མདོག་ལཱ། ཡང་ན་དང་པོ་ནས་བློ་ཡོན་གྱི་ཐོག་ལ་སེང་གེ་ངར་ངར་འདི་མ་བྱས་ཀྱང་ཆོག་པ་ཡོད།
i would like to reading this website…
ཉིན་འགའི་སྔོན། སྐུ་ཞབས་བློ་ཡོན་གྱིས་རྩོམ་ཡིག་རིལ་རིལ་མིན་པ། རྩོམ་ཡིག་ལེབ་ལེབ་ཅིག་ཀྱང་མིན་པའི་རྩོམ་ཡིག་ཅིག་བྲིས་ཏེ་དྲ་རྒྱ་འདིར་དྲངས་མ་ཐག དྲ་གྲོགས་མང་པོས་དཔྱད་བསྡུར་གྱིས་མཆན་གང་མང་བཏབ་འདུག ངས་ཀྱང་མཆན་གཉིས་བཏབ་པ་ཡིན། དེ་རིང་། དྲ་རྒྱར་ལྟ་དུས། སྐུ་ཞབས་བློ་ཡོན་གྱིས་ང་རང་ཐེ་བའི་དྲ་གྲོགས་ཚོའི་དྲི་བ་དང་བསམ་ཚུལ་འགའ་ལ་ལན་ཅི་ཡང་མ་བཏབ་པར་ཕྱི་ནུར་བྱས་འདུག ད་ཡིན་ན་ངས་ཀྱང་རྩོད་གླེང་འདི་ལས་འཕྲོས་ཏེ་མཆན་མུ་མཐུད་འབྲི་གི་མིན། མདའ་མོ་སྟོང་འཕེན་རེད། ཡིན་ན་ཡང་སྐུ་ཞབས་བློ་ཡོན་གྱིས་ཡང་བསྐྱར་མཁས་དབང་དགེ་ཆོས་ཀྱི་འཇིག་རྟེན་རིལ་མོའམ་ཟླུམ་པོ་ཞེས་པའི་རྩོམ་ཐུང་དེར་མཇལ་རོགས། ལྷག་པར་དུ་རྩོམ་ཐུང་འདིའི་‘‘བློ་ལྡན་འགའ་རེས་ཁོང་དུ་ཆུད་ཀྱང་གཞན་གྱིས་ཁ་ཟེར་བ་ལ་འཇིགས་ནས་ཁ་ནས་བཤད་མི་མི་ནུས་པར་སྡོད་པ་ཡང་མཐོང་། ཞེས་པ་ནས། དེ་ནས་རང་རེ་ཀུན་གྱིས་ཡི་གེ་ལས་མཐོང་བའི་འཇིག་རྟེན་དེ་ལས་མིག་གིས་མཐོང་བའི་འཇིག་རྟེན་འདི་ལ་ཡིད་ཆེས་ན་ལེགས་སོ།’’ཞེས་པའི་བར་གཟབ་གནན་གྱིས་ྐློག་རོགས་ཞེས་ཞུ་བ་ཡིན།
གོང་དུ་དྲ་གྲོགས་རེ་ཟུང་གིས་དགེ་ཆོས་ཀྱི་མི་གཞི་ལས་འཕྲོས་ཏེ་དགེ་ཆོས་ཁོང་ལ་སྐྱོན་བརྗོད་བྱས་པ་དེ་ནི་ཤིན་ཏུ་མ་རུང་བ་རེད་དྲན། ཤིན་ཏུ་མ་རབས་རེད་ཅེས་བརྗོད་འདོད་སྐྱེས།
གཞུང་བཀའ་པོད་ལྔ་སོགས་འཆད་ཁྲིད་ལ་ཉན་འདོད་ན་འོག་ཏུ་གཟིགས་རོགས་ཞུ།
http://karmagelck.spaces.live.com/
མཆན་༡༦༥་་་་འི་ནང་་་་་་ཚོར་བ་འདི་ས་ཐོབ་བྱང་ཆུབ་སེམས་དཔའ་ཡན་ཆད་ལ་ཡོད་ཁོ་ཐག་རེད།
ཟེར་བ་ཡིན་ནམ། དེ་ལྟར་ན་ས་མ་ཐོབ་པ་ལ་ཚོར་བ་དེ་མེད་པ་འེ་རེད།