༼རྩོམ་འདིའི་ཁ་བྱང་བཙན་སེ་འདུག་མོད་རྩོམ་མཁན་གྱིས་སྒེར་ལ་འཁོན་འཛིན་མེད་ཅེས་གསལ་བཤད་བྱས་འདུག་སྟབས་འདིར་བཀོད་པ་ཡིན། ཁ་བརྡས།༽
ཀུན་གསལ་ནས་་་་་
————————–
༡ དགེ་ཆོས་འུར་བསྟོད་པ་ཚོས་བསྟད་ནས་དགུང་ལ་འཇོགས་ཡ་མང་དྲགས་ཐལ། ཁོའི་བསམ་བློའི་ཉེས་སྐྱོན་ལ་རྨ་་ཁ་མེད་པའི་ཤ་གཅུས་རེ་རྒྱག་ན་འདོད་གི
༢ དུང་དཀར་བློ་འཕྲིན་ནི་དམར་ལྟའི་རྐྱལ་བ་ཁུར་བའི་དུག་རྒན་གཡོ་ཅན་ཞིག་རེད། ཁོས་འཇིགས་རྟེན་འདིའི་ཤན་པ་ཚོར་རླབས་ཆེན་ཞེས་པའི་ཆོ་ལོ་ཕུལ་ཡོད་པར་མ་ཟད། བོད་པ་ཚོར་ཡོ་རུབ་ཀྱི་དུས་རབས་བར་མའི་བཀས་བཀོད་རྒྱུད་འཛིན་དང་བྲན་གཡོག་ལམ་ལུགས་ཟེར་བ་དེ་མེད་བཞིན་དུ་བཙན་གྱིས་མགོར་བཞག་ཡོད། དེ་ཕྱིར་ཁོ་ལ་སྐྱ་བཤུས་དམར་བཤུས་ཡིད་ཚིམས་པ་ཞིག་བྱས་ཀི་ཡིན་ད།
༣ དོན་གྲུབ་རྒྱལ་དང་ཁོའི་དམག་མི་ཚོ།
ཁོ་ཚོའི་བསམ་བློ་རིགས་གནས་གསར་བརྗེ་ནང་རྩ་་བ་ཚུགས་ཤིང་ཏིན་གྱི་སྒོ་འབྱེད་ཕྲ་མོའི་ནང་རྩེ་མོ་འབུས་པ་ཡིན་པས་མྱིའི་རིན་ཐང་དང་རང་དབང་མི་ཤེས། ཁོ་ཚོའི་སློབ་གྲ་གཞུང་གཉེར་ཡིན་པས་སློབ་བདག་གི་ཆེད་ཁོ་ན་ཡིན་པ་ལས་ཁོ་ཚོའི་ཆེད་མིན་པས་ང་ཚོ་ལ་ཕན་པ་མེད།
ཁོ་ཚོའི་སློབ་གཞི་གྲལ་རིམ་འཐབ་རྩོད་དང་ལྷ་འདྲེ་གདོན་དགག་ཡིན་པས་རྩོལ་མེད་ཀྱི་འབྱོར་མེད་ལ་མ་རྩ་་སྒྲུབ་པ་ལས་མ་རྩ་ཅན་གྱི་མ་རྩ་ལ་རིན་ཐང་སྤྲོད་མི་ཤེས་དང་། རང་བྱུང་ཁམས་དང་ལྐོག་གྱུར་ལ་འབྲེལ་བ་ཆད་པའི་མི་སེམས་གདུག་རྩུབ་ཅན་ཞིག་ལས་ཅི་ཡང་ལྷག་མེད།
ཁོ་ཚོ་ཉིན་མཚན་དུས་དྲུག་ལ་བཙོན་ར(སློབ་གྲ་ལ་གོ་དགོས)ཆེ་ཆུང་གསུམ་གྱི་ནང་ཡུན་རིང་ཉར་བས། ཁོ་ཚོ་གཞན་ངོ་དང་རང་ངོ་མི་ཤེས་པའི་རང་གི་ཕ་མ་དང་སྤུན་ཟླ་ལ་ཡང་ཀླ་ཀློ་ཞེས་ངན་སྨྲས་བརྗོད་པའི་སེམས་ཁམས་མི་གཙང་བའི་སྨྱོན་པ་དག་དག་རེད།
རྒྱུ་མཚན་འདི་དག་གི་ཕྱིར་ ཁོ་ཚོའི་ཤ་དང་པགས་པ་སོ་སོར་ཕྲལ་ནས་དོན་ལྔ་སྣོད་དྲུག་ལ་གཤག་བཅོས་ཞིབ་མོ་ཞིག་མི་བྱེད་ཐབས་མེད་རེད། གཞན་སྡེ་ལྟ་ཚུལ་མཚོན་པའི་མི་སྣ་འདི་ཚོ་རྩོད་གཞི་ལ་བཟུང་ནས་ཁྱོ་ཤི་ང་གསོན་གྱི་དགག་བཞག་བྱས་ནས་ང་ཚོའི་མང་གཙོ་དང་རང་དབང་གི་རྐང་ལག་འཆིང་བྱེད་ཀྱི་ལྕགས་སྒྲོག་འདི་གཏོར་དགོས། གསལ་བཤད་དགོས་པ་ཞིག་ལ་མི་སྣ་འདི་རྣམས་ཀྱི་སྒེར་ངོས་ན་ཉེས་སྐྱོན་ཕྲ་མོ་ཙམ་ཡང་མེད་པ་ཤེས་པར་བྱོས།
ཁྱེད་ཀྱིས་སྔ་མ་དག་གི་བྱས་ཉེས་ཐེར་འདོན་བྱེད་རྒྱུའི་འགོ་འཛུགས་སྟངས་འདི་ནི་ནོར་སོང་བ་འདྲ། གལ་ཏེ་ཁྱེད་རང་གི་སྨྱུག་རྩེ་དེ་ནི་རྒྱ་ནག་སྲིད་གཞུང་གཡོ་སྒྱུའི་འཁྲབ་ཚན་དག་ལ་གཏད་ཡོད་རྒྱུ་ན་ཅི་མ་རུང་། ཁྱེད་རང་གི་ད་དུང་གསལ་བཤད་ཞིག་བྲིས་དེ་རང་ཉིད་ལ་བདེན་ཁ་ཞིག་སྔོན་དུ་བཏང་ནས་ངེད་ཅག་ལ་ཁ་བརྡ་སློབ་གསོ་རེ་ཐེབས་པར་སྟོང་བསམ་བཅིངས་པ་ནི་དངོས་ནས་སྐྱི་ཡ་བ་ཞིག་ལས་གང་ཡང་མ་རེད། དེ་ལས་ཁྱེད་རང་གིས་ངས་འདི་འདྲ་བྱེད་ཀྱི་ཡོད། ང་རང་ལ་འཇོན་ཐང་དང་ནུས་པ་འདི་ཙམ་ལས་མེད་ཀྱང་། ད་དུང་ངས་བོད་མི་དག་གི་ཆེད་དུ་གང་ཡང་བྱེད་ངེས་ཡིན། ང་རང་ལ་ཆགས་སྡང་རྨོངས་གསུམ་གྱི་ནད་ཚ་དེ་ལྕི་བས་ངས་དེ་དག་ལ་གཤེགས་བཅོས་བྱེད་དགོས་ཟེར་ནས་གླེང་གཞི་བཙུགས་ཡོད་རྒྱུ་ན། དངོས་ནས་བཤད་རིན་ཡོད་པ་ཞིག་འདུག་མོད། ད་ནི་ཁྱེད་རང་གི་སྐད་ཆ་བཤད་དགོས་སར་བཤད་མི་ཐུབ་པར་ཤི་བོ་དག་གི་བླ་འགུལ་སྟངས་ཀྱི་འགོ་བཙུགས་པ་ལ་བལྟས་ན། ཁྱེད་རང་ཡང་རྨོངས་ཞེན་ཆེ་བ་ནས་དེང་སྲོལ་ལས་ལྷག་པ་གང་ཡང་མེད་པར་འདོད་མཁན་གྱི་མི་མགོ་སྟོང་དེ་དག་དང་ཁྱད་པར་མེད་པ་ལྟ་བུ་ཞིག་གི་ཚོར་སྣང་སྟེར་གྱི་འདུག མི་རིགས་གཞན་དག་གིས་རང་རང་གི་མེས་པོ་དག་བླ་འགུལ་བ་ལས་དེ་དག་གི་བྱས་རྗེས་ལ་རྗེས་དྲན་བྱེད་ཀྱི་ཡོད་ལ། མི་རིགས་རང་ལུགས་ཀྱི་ལྟ་བ་ལ་བསྟོད་པ་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་གི་དེ་དག་གི་སྐྱོན་མ་གླེང་གོང་དུ་དེ་དག་གི་བོད་ལ་བཞག་པས་བྱས་རྗེས་ལ་ཞིབ་འཇུག་རེ་བྱེད་ཐུབ་ན་ཅི་མ་རུང་།
ཁྱེད་རང་གིས་དུས་ཚོད་ལ་བལྟ་ཤེས་མི་འདུག
ཁྱེད་རང་གིས་སྤྱི་ཚོགས་ལ་བལྟ་ཤེས་མི་འདུག
ཁྱེད་རང་གིས་རང་གིས་མཐོང་ན་སྐྱག་པ་འཆོར་སྲིད་པའི་གསར་བརྗེའི་ལས་འགུལ་ཛ་དྲག་དེ་ཁྱོན་ནས་མཐོང་ཁོ་རང་མི་འདུག
ཁྱེད་རང་གིས་མིག་ཅེར་རྒྱུ་མང་དྲགས་པའི་ཁོ་ཚོའི་སྐད་ཆ་དེ་ཚོའི་རྒྱབ་ལོགས་ན་འཇིགས་སྐྲག་དང་མུན་ནག་གི་ལོ་རྒྱུས་གྲངས་ལས་འདས་པ་མང་པོ་ཞིག་གི་གདོན་འདྲེའི་ཆོ་འཕྲུལ་ཡོད་པ་དེ་མ་མཐོང་བ་ཁྱོད་ཞར་ར་ཡིན་ནམ་ཅི།
ཕྱག་གཉིས་ཁྱེད་ནས་སུ་ལ་བཤད་པ་ཡིན། སྐད་ཆ་འདི་དག་ང་ལ་བཤད་པ་ཡིན་ནམ་ཡང་ན་གཞན་ཞིག་ལ་བཤད་པ་ཡིན། གསལ་བོ་གསུང་དང་། དེ་ནས་ལན་ག་རེ་གནང་དགོས་ས་རེད་བལྟས་ཆོག
རྩོམ་འདི་ལ་ནང་དོན་མི་འདུག ཀུན་གསལ་ར་བཟི་ནས་བྲིས་ཡིན་ས་རེད། ཁ་བརྡའི་དྲ་དཔོན་ཡང་ར་བཟི་ནས་བཀོད་པ་ཡིན་ས་རེད།
ཚང་མ་ར་བཟི་འདུག ཀི་ཀི་སོ་སོ་ལྷ་རྒྱལ་ལོ།
དེས་རྩོམ་པ་པོ་ཁོ་རང་གི་ལྟ་བ་དེ་མཚོན་གྱི་རེད། མི་རེ་རེའི་ལྟ་བ་མི་འདྲ་བ་རེད། ཡིན་ན་ཡང་ལྟ་བ་ལ་ལྟོས་འཇོག་གི་སྒོ་ནས་བཟང་ངན་བར་གསུམ་ཡོད་པ་རེད།
དྲ་བའི་ནང་གི་རྩོམ་པ་པོ་ཚོ་ལ།
ཀུན་གསལ་
———–
དྲ་ཚིགས་ནང་གི་མང་ཆེ་བ་ཏང་གི་དུག་ཆུ་འཐུང་མཁན་རེད། ་འདིའི་ནང་ན་གུང་ཁྲན་ཏང་གི་རྒྱུག་ཁྱི་ཡང་མང་པོ་ཡོད་པ་རེད། ངས་འདི་རྒྱུ་མཚན་མེད་པར་ལབས་པ་མིན། ལོ་འགའ་ཤས་སྔོན་རྒྱ་གཞུང་གིས་ང་ལ་ལས་ཀ་འདི་ལས་དགོས་ཟེར་ནས་བཀའ་བཏང་སོང། ཁོ་ཚོས་བཤད་ན་ཁོ་ཚོ་ལ་རྡ་ས་ན་མི་་མང་པོ་ཡོད་ཟེར། ཕྱི་རྒྱལ་ན་མི་མང་པོ་ཡོད་ཟེར། ང་ལ་རྡ་ས་ནས་བོད་གཞུང་གི་ལས་བྱེད་ཚོའི་བར་གྱི་འབྲེལ་བ་དང་ཁོ་ཚོ་རེེ་ཡི་ལོ་རྒྱུས་རང་ལྗོངས་ཀོ་ནན་ཐེན་ནང་གི་གསང་ལས་ཚན་པ་ལ་ལ་མཁོ་སྤྲོད་བྱེད་དགོས་ཟེར། ཕྱི་སྡོད་བོད་མིའི་སྤྱི་ཚོགས་ཐོག་གི་འགལ་བ་གཞི་ལ་བཞག་ནས་རྩོམ་ཡིག་སྤེལ་དགོས་ཟེར། གནས་ཚུལ་ཞིབ་ཕྲ་དགོས་ན་ད་དུང་བཤད་ཆོག ངས་ཁོ་ཚོ་ ངོ་ལོགས་བྱས་ནས་ཕྱི་་ལ་བྲོས་ཡོང་པ་ཡིན། དྲ་ཚིགས་ནང་གི་་མང་པོ་ཞིག་ནས་སྤྲུལ་སྐུ་མི་དགོས་ཟེར། དེ་་དོན་ནི་་རྒྱལ་བ་རིན་པོ་ཆེ་ཚུད་པའི་བོད་ཀྱི་བླ་མ་ཚོས་བོད་ཡུལ་ནས་སྐྱེས་བ་བླངས་མི་ཆོགས་ཟེར་གིན་ཡོད་ནི་རེད། དོན་དུ་་སྐྱེ་་སྔ་ཕྱི་མི་དགོས་ཟེར་གི་ ཡོད་པ་རེད། འདི་ཁ་སྔོན་གྱི་ཁ་བརྡ་རེད།
འདི་འཛོམས་པའི་བོད་ཡིག་ཤེས་མཁན་རྣམས་ལ་སྡུག་དམོད་བཤད་ཡོད།
ད་མཁས་དབང་དགེ་ཆོས་དང་དུང་དཀར་། དེང་རབས་མཁས་བ་དོན་གྲུབ་རྒྱལ་སོགས་ཀྱི་པགས་པ་བཤུ་ཡི་ཡིན་ཟེར། མི་འདི་ལ་ཅི་ཞིག་དགོས་བ་ཡིན་ནམ་། མི་འདིས་ཅི་ཞིག་གི་ཤིང་རྟའི་སྲོལ་འབྱེད་བསམ་པ་རེད་དམ།
ངས་ལྟོས་ན་ཁོ་རང་གི་སྤྲུལ་སྐུའི་གོ་ཐོབ་དེ་ཤོར་ཉེན་ལ་ཞེད་སྣང་ངང་འཚོ་བ་འདྲ།
དྲ་དཔོན་ལགས། ཀུན་གསལ་ལགས་ཀྱི་གཏམ་གླེང་འདི་ལྟ་བུ་མ་བཀོད་ན་ཇི་འདྲ་འདུག འདི་ནི་གནས་ལུགས་དང་རྒྱུ་མཚན་བཤད་དུ་ཡོང་བ་ཡང་མ་རེད། ཉན་དུ་ཡོང་བ་ཡང་མ་རེད། འདི་ནི་བསམ་གཟས་ནས་དྲ་གྲོགས་རྣམས་ལ་ཁྱད་གསོད་བྱེད་དུ་ཡོང་བ་རེད། ཁོང་ཁྲོ་སློང་དུ་ཡོང་བ་གསལ་པོ་རེད།
དྲ་གྲོགས་རྣམ་པ། ངས་བལྟས་ན། ཀུན་གསལ་ལྟ་བུ་ལ་རྒྱུ་མཚན་དང་གནས་ལུགས་ཀྱི་གཏམ་ལན་དགོས་ཀྱི་ཡོད་པ་མ་རེད། ཁོ་ལ་དགོས་པ་ནི་དྲ་གྲོགས་རྣམས་ཀྱི་ཁོང་ཁྲོ་དང་སྙིང་ལ་ཕོག་དགོས་པ་དེ་རེད། སྨྱོན་པའི་ལན་དུ་ཁྲོ་བ་ནི་སྨྱོན་པའོ་ཞེས་པ་ལྟར་དྲ་གྲོགས་རྣམས་མི་ཁྲོ་བ་དང་སྙིང་ལ་མི་ཕོག་པ་ནི་སྨོས་མེད་ཀྱང་། སྨྱོན་གཏམ་ཟློག་ཐབས་ནི་དེ་ལ་གཏམ་ལན་མི་སྟེར་བ་ཡིན་པ་དེ་ཡིན་པ་ཡང་དྲན་ཤེས་རེ་བསྟེན་འཚལ་ལོ།
ཕྱག་གཉིས་པ་ལགས། དུས་ཚོད་དང་སྤྱི་ཚོགས་ལ་བལྟས་ཡོད། མི་སྣ་འདི་དག་མང་ཆེ་བའི་རྩོམ་ཡིག་གསར་བརྗེ་ལས་འགུལ་གྱི་རྗེས་སུ་བྱུང་བ་རེད། ཁྱེད་ཀྱིས་འདི་ཚོའི་བྱས་ཉེས་་ཤེས་ཡོད་པ་བཟང་གི།
རབ་འབྱོར་ཟེར་བ་འདི་ཡང་རྩོད་གཞིའི་མི་སྣ་དེ་དག་གི་ཤ་སྣེ་ཁྲག་སྣེ་རེ་ཡིན་པ་འདྲ། གོང་གི་གནས་ཚུལ་འདི་གསལ་བརྡ་ཙམ་རེད། ཞིབ་ཕྲ་རྗེས་སུ་ཡོང་གི་རེད། རབ་འབྱོར་ལགས། གཤེག་བཅོས་ལ་མགོ་མགོ་ཏོག་ཙམ་ཚ་ནི་རེད། སྐྱོན་ཡོད་ནི་མ་རེད་ལོ།
མེ་རི་ལགས། རིག་བཟང་ཤེས་འདུག་ཨ་ ཨ །
ཀླུ་སྨྱོན་དང་མི་གཉིས་ནས་ཤེས་འདུག ངོ་མ་དགའ་བསུ་ཡོད།