དགེ་ཆོས་བསྡུས་གླེང་། Posted on 2012-12-222012-12-23 By ཡེ་ཤེས་ 9 Comments on དགེ་ཆོས་བསྡུས་གླེང་། ཀླུ་སྨྱོན། ཐོས་བསམ་སྒོམ་གསུམ་དགེ་ཆོས་ཡག་ཕྱོགས་ཡིན།། རྒྱོ་ཆང་དུ་གསུམ་དགེ་ཆོས་སྡུག་ཕྱོགས་ཡིན།། འཆད་རྩོད་རྩོམ་གསུམ་དགེ་ཆོས་རྐང་རྗེས་ཡིན།། འཁྱམ་འཚོལ་དཔྱོད་གསུམ་དགེ་ཆོས་མི་ཚེ་ཡིན།། སྙན་ངག
དགེ་ཆོས་ཀྱི་རྣམ་པར་རོལ་བ།། གསང་སྔགས་ཀྱི་འཕྲིན་ལས་འབར་བ།། འབྲུག་རྒྱོ་ལ་ཐུགས་བཞད་དགྱེས་བ།། ཀླུ་སྨྱོན་འདི་རྩོམ་སྨྱོན་ལ་ཤོར་རོ།། བླ་རྒན་ལ་རྩེད་མོ་རྩེས་ནི་ཡིན། ཐག་རིང་ཞིག་ནས་ཅིག་རིག་ནོ་མ་གཏོགས་ཆ་མེད་རྒྱུས་མེད་ཡིན། སྐུ་རྩེད་མི་འགྲོ་ས་ཞིག་ཡིན་ན་དགོངས་ཡངས་ཡོད་ནི་གནོངས།
དགེ་ཆོས་ལགས། ཐོས་བསམ་སྒོམ་གསུམ་དགེ་ཆོས་མ་བྱས་མེད། ། རྒྱོ་ཆང་དུད་གསུམ་དགེ་ཆོས་མ་མྱངས་མེད། ། འཆད་རྩོད་རྩོམ་གསུམ་དགེ་ཆོས་མ་གནང་མེད། ། འཁྱམ་ཉུལ་འབྲི་རྩོམ་དགེ་ཆོས་མ་བྲིས་མེད། །
རྒྱོ་ཆང་ལ་མི་དགའ་སུ་ཞིག་ཡོད།། རིག་པ་ངོས་ཟིན་གྱི་རང་རིག་རང་ངོ་ན།། བུད་མེད་ལ་དགའ་བ་སངས་རྒྱས་ལ་དད་པ།། ཕན་ཚུན་འགྲན་པ་བཞིན་འཕེལ་བ་རྣལ་འབྱོར་བདེ།།
ལ་ལས་འདོད་ཆགས་བཙན་གྱིས་བཀག་པ་དང་།། ལ་ལས་འདོད་ཆགས་ཉུང་དུ་ཉུང་དུ་བཏང་།། ལ་ལས་འདོད་ཆགས་སྐྱོན་དུ་མཐོང་བ་དང་།། ལ་ལས་འདོད་ཆགས་ཟད་པའི་ལམ་སྒོམ་མོ།། འདོད་ཆགས་སེམས་ལ་སྐྱེས་ན་སྐྱེ་རུ་ཆུག། རང་བབས་ཞོག་ཅིག་རང་གྲོལ་ཡོང་ངེས་ཡིན།། འདོད་ཆགས་དང་དུ་བླངས་ནས་རྒྱུགས་ཙ་ན།། ཞེ་སྡང་ཕྲག་དོག་ལ་སོགས་ཉོན་མོངས་རྣམས།། དེ་ཡི་ར་མདའ་འོངས་བས་གཟབ་པར་འཚལ།།
སྤྱིར་འཁྱམ་པ་དང་། ཉུལ་བ་གཉིས་དོན་གཅིག་ཀྱང་། འཁྱམ་པ་གཙོ་བོ་རྐང་པའི་བྱེད་ལས་དང་། ཉུལ་བ་གཙོ་བོ་ལག་པའི་བྱེད་ལས་ཡིན་དགོས།
ཀླུ་སྨྱོན་གྲྭ་སྨྱོན།
རྩོམ་འབྲི་མི་ཤེས་ན་མ་འབྲི།
ཀླུ་སྨྱོན་གྱིས་རྩོམ་འབྲི་མི་ཤེས་ཀི་ཟེར་མཁན་དེ་ཅང་མི་ཤེས་ནི་ཞིག་ཡིན་ཐག་ཆོད།
དགེ་ཆོས་ཀྱི་རྣམ་པར་རོལ་བ།།
གསང་སྔགས་ཀྱི་འཕྲིན་ལས་འབར་བ།།
འབྲུག་རྒྱོ་ལ་ཐུགས་བཞད་དགྱེས་བ།།
ཀླུ་སྨྱོན་འདི་རྩོམ་སྨྱོན་ལ་ཤོར་རོ།།
བླ་རྒན་ལ་རྩེད་མོ་རྩེས་ནི་ཡིན། ཐག་རིང་ཞིག་ནས་ཅིག་རིག་ནོ་མ་གཏོགས་ཆ་མེད་རྒྱུས་མེད་ཡིན། སྐུ་རྩེད་མི་འགྲོ་ས་ཞིག་ཡིན་ན་དགོངས་ཡངས་ཡོད་ནི་གནོངས།
དགེ་ཆོས་ལགས།
ཐོས་བསམ་སྒོམ་གསུམ་དགེ་ཆོས་མ་བྱས་མེད། །
རྒྱོ་ཆང་དུད་གསུམ་དགེ་ཆོས་མ་མྱངས་མེད། །
འཆད་རྩོད་རྩོམ་གསུམ་དགེ་ཆོས་མ་གནང་མེད། །
འཁྱམ་ཉུལ་འབྲི་རྩོམ་དགེ་ཆོས་མ་བྲིས་མེད། །
འཁྱམ་དང་ཉུལ་གཉིས་ལ་ཁྱད་པར་ག་རེ་ཡོད་རེད།
རྒྱོ་ཆང་ལ་མི་དགའ་སུ་ཞིག་ཡོད།།
རིག་པ་ངོས་ཟིན་གྱི་རང་རིག་རང་ངོ་ན།།
བུད་མེད་ལ་དགའ་བ་སངས་རྒྱས་ལ་དད་པ།།
ཕན་ཚུན་འགྲན་པ་བཞིན་འཕེལ་བ་རྣལ་འབྱོར་བདེ།།
ལ་ལས་འདོད་ཆགས་བཙན་གྱིས་བཀག་པ་དང་།།
ལ་ལས་འདོད་ཆགས་ཉུང་དུ་ཉུང་དུ་བཏང་།།
ལ་ལས་འདོད་ཆགས་སྐྱོན་དུ་མཐོང་བ་དང་།།
ལ་ལས་འདོད་ཆགས་ཟད་པའི་ལམ་སྒོམ་མོ།།
འདོད་ཆགས་སེམས་ལ་སྐྱེས་ན་སྐྱེ་རུ་ཆུག།
རང་བབས་ཞོག་ཅིག་རང་གྲོལ་ཡོང་ངེས་ཡིན།།
འདོད་ཆགས་དང་དུ་བླངས་ནས་རྒྱུགས་ཙ་ན།།
ཞེ་སྡང་ཕྲག་དོག་ལ་སོགས་ཉོན་མོངས་རྣམས།།
དེ་ཡི་ར་མདའ་འོངས་བས་གཟབ་པར་འཚལ།།
སྤྱིར་འཁྱམ་པ་དང་། ཉུལ་བ་གཉིས་དོན་གཅིག་ཀྱང་། འཁྱམ་པ་གཙོ་བོ་རྐང་པའི་བྱེད་ལས་དང་། ཉུལ་བ་གཙོ་བོ་ལག་པའི་བྱེད་ལས་ཡིན་དགོས།
གོང་འགྲེལ་དེ་ལ་རྒྱུ་མཚན་ཞིག་གསུངས་རོགས་གནང་།