རྡོ་མེ་འབུད།
ན་ནིང་ད་ལོ་གསེར་རྟ་གཙོས་བོད་གྱི་ཡུལ་གྲུ་འགའ་ཤས་ཤིག་ན་དགེ་བཅུའི་ཁྲིམས་འདི་ཤིན་ཏུ་རྒྱུགས་ཆེ་ཞིང་དར་སྲོལ་ཆེན་པོ་རེད། འདི་ལ་བརྟེན་ནས་མང་ཚོགས་དང་ཤེས་ཡོན་པའི་སྡེ་ཁག་དག་ན་ཁྲིམས་འདིའི་སྐྱོན་ཡོན་ཉིས་ཆའི་ཕྱོགས་ལ་གླེང་བརྗོད་ཀྱང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་འདུག རྒྱུགས་ཆེ་བའི་དགེ་བཅུའི་ཁྲིམས་འདིའི་ཡོངས་ཁུངས་གཙོ་བོ་ནི་ཐོག་མར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ནས་ཡིན་འདུག་ལ། ཁོང་གིས་བརྩམས་པའི་དགེ་བཅུའི་སྲོལ་གྱི་རྣམ་བཞག་ཅེས་པ་ལས་ད་སྐབས་རྒྱུགས་ཆེ་བའི་བྱུང་ཉེས་འདི་དག་ཐོན་པ་རེད།
ངས་འདིར་གླེང་འདོད་པ་ནི་ཉེ་ཆར་མཁན་པོ་མཆོག་གི་དགེ་བཅུའི་ཁྲིམས་ལ་བརྟེན་ནས་མང་ཚོགས་གང་མང་ཞིག་ལ་ཕྱི་ནང་གཉིས་ཀའི་དཀའ་ངལ་རབ་དང་རིམ་པར་འཕྲད་ཀྱིན་པ་དེ་ཡིན། ལ་ཤས་ཤིག་གིས་དགེ་བཅུའི་ཁྲིམས་ནི་སོ་སོའི་འདོད་མོས་ཡོད་མེད་ཀྱི་དབང་གིས་བྱས་ཆོག་པ་ཞིག་བཤད་ཀྱི་ཡོད། གལ་སྲིད་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན་མཁན་པོ་ཚུལ་བློས་དགེ་བཅུའི་ཁྲིམས་ཟེར་ནས་ཡང་བསྐྱར་འདི་འདྲ་ཞིག་འཛུགས་དོན་མེད་ལ་དགེ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྔ་མོ་ནས་བོད་རང་ཉིད་ལ་ཡོད་བསྡད་འདུག དེ་ལ་ཁོང་གིས་གསར་འཛུགས་མ་བྱས་རུང་སྔར་ཡོད་དེ་ཉིད་སོ་སོས་འདོད་མོས་བཞིན་བྱས་ཆོག་གི་རེད། རྐུ་བྱེད་དང་འཕྲོག་བཅོམ་བཤས་བཤའ་བ་སོགས་ཆོས་འཇིག་རྟེན་གང་དང་ཡང་མི་མཐུན་པ་མངོན་གསལ་རེད། ཡིན་རུང་། མང་ཚོགས་ནི་བྱ་བཏང་བ་མ་ཡིན་ཕྱིན་ཁོ་ཚོའི་སྤྱི་ཚོགས་དེ་ནི་ཁྲ་ཁྲ་ཞིག་ཏུ་གྲུབ་འོང་བ་རང་བཞིན་ཡིན།
ཐ་ན་གྲྭ་བའི་སྤྱི་ཚོགས་ལ་མཚོན་ནས་གླེང་ཡང་དེའི་ཁྲོད་ནས་བྱ་བ་འདྲ་མིན་དང་གླེང་བརྗོད་སྣ་ཚོགས་ཤིག་བྱུང་འབྱུང་སོགས་ལ་གཞིག་ན་ནང་ཆོས་དང་ཤེས་ཡོན་གྱི་སློབ་གསོ་མ་ཐོབ་པའི་མང་ཚོགས་དེ་དག་ལ་ཅི་ཁག དགེ་བཅུའི་ཁྲིམས་ཀྱིས་སྐྱེ་བ་འདི་ཕྱིའི་དོན་དག་ཅི་འབྱུང་སོགས་ཀྱི་སྐད་ཆ་བཤད་ཀྱི་འདུག མང་ཚོགས་ཀྱི་གནས་སྐབས་དེའི་དཀའ་ངལ་སེལ་མི་ཐུབ་ན་སྐྱེ་བ་སྔ་ཕྱི་ཞིག་ལ་ཕན་ཚུལ་ནི་ཁོ་ཚོ་ལ་ལྐོག་གྱུར་ལས་ཀྱང་ལྐོག་གྱུར་རེད། སྤྱིར་ན་དེ་དག་བརྩི་ཐུབ་ནས་སྲུང་ཐུབ་ན་ཕན་པ་གདོན་མི་ཟ་མོད། དེང་སྐབས་ཀྱི་མང་ཚོགས་འཚོ་བའི་གནས་སྟངས་དང་བསམ་བློའི་ཆུ་ཚད་སོགས་ཀྱི་དབང་གིས་ཐན་པའི་ལོ་ལ་ཟླ་ལྷག་བཞིན་དགེ་བཅུའི་ཁྲིམས་ནི་ཁོ་ཚོའི་འཚོ་བའིི་དཀའ་ངལ་ལྷག་མ་ཞིག་ལས་མ་འདས།
ཁ་སང་དེ་རིང་སྔ་གཞུག་གང་ལའང་བསམ་མ་མྱོང་པའི་གྲྭ་རྒྱག་ཁ་ཤས་ཀྱིས་སོ་སོའི་ལྟོ་རྒྱབ་གཞན་ལ་བརྟེན་ནས་ཕུན་སུམ་ཚོགས་པ་ཞིག་ཏུ་བཏང་ནས་དེ་ལྟ་བུའི་ཁྲིམས་དགོས་ཞེས་འུར་སྒྲོགས་བྱེད་པ་ནི་དངོས་ནས་དགོད་བྲོ་བོ་དང་ཐབས་སྐྱོ་བོ་རེད། མང་ཚོགས་ཀྱི་འཚོ་བ་དངོས་ནི་མང་ཚོགས་ཀྱིས་མྱོང་བཞིན་ཡོད་རེད། དེ་ནི་ཁྱེད་ཚོ་ལྟར་རང་ཉིད་ཀྱི་ལྟོ་རྒྱབ་གཅིག་པོ་མ་གཏོགས་བསམ་རྒྱུ་མེད་པ་ཞིག་ག་ལ་ཡིན། ད་དུང་། སངས་རྒྱས་ཀྱི་བཅོས་ཁྲིམས་ཕར་ཞོག་རང་ངོས་ནས་དགེ་བཅུའི་ཁྲིམས་ལས་ག་ཚད་སྲུང་ཐུབ་མིན་ལ་སོམས་དང་། རང་ངོས་ནས་མི་འཇོན་པ་ཞིག་མང་ཚོགས་ཀྱི་ཕྲག་ལ་འགེལ་དགོས་ཟེར་ན་གང་ཡིན།
ཉེ་ཆར་དྲྭ་ལམ་ཁག་ན་ཁྱབ་བརྡལ་ལ་འགྲོ་བཞིན་པའི་པར་དེ་དག་ལས་གྲྭ་བ་ཁྲིམས་དཔོན་དེ་ཚོའི་ཉམས་དང་བཟོ་ལྟར་ལྟོས་དང་། དགེ་བཅུའི་ཁྲིམས་དང་འགལ་སོང་བ་དེ་ཚོས་ཁོ་ཚོའི་ཕ་མ་གསད་པ་བཞིན་དེ་དག་གི་ཐོག་ལ་སྙིང་ནད་ཡོད་ཚུལ་ལ་ལྟོས། དེ་ནི་གྲྭ་བའི་བྱ་སྤྱོད་ཅིག་ཡིན་ནམ། བོད་ལ་ཆ་མཚོན་ན་གྲྭ་བའི་སྤྱི་ཚོགས་ནི་ཤེས་ཡོན་པའི་སྡེ་མཐོ་གྲས་ཤིག་རེད། དེ་དག་ཁྲོད་ཀྱི་མི་སྣས་གཞན་གྱི་མི་གཞི་ལ་ཁྱད་གསོད་དང་མཐོང་ཆུང་བྱས་ན་གཞན་ལ་ལྟ་ཅི་སྨོས། མདོར་ན་ཁོ་ཚོ་དགེ་བཅུའི་ཁྲིམས་དང་འགལ་བ་དང་ཁྱེད་ཚོས་ཆད་པ་གཅོད་སྟངས་ལ་བཟང་ངན་གྱི་ཁྱད་པར་གང་ཡོད།
ད་དུང་དགོད་བྲོ་བ་ཞིག་ལ་ཁ་ཤས་ཀྱིས་དེ་ནི་ཆོས་དང་མཐུན་ཚུལ་སོགས་བཤད་ཀྱི་འདུག མི་ཆོས་དང་མི་མཐུན་པ་ཞིག་ཆོས་དང་མཐུན་ཚུལ་ཞིག་གང་ན་ཡོད། རྐུན་མ་དང་རྒྱལ་འཇོག་ཡིན་རུང་དེའི་མི་གཞི་ལ་བརྩི་མཐོང་བྱེད་ལོས་དགོས། ད་དུང་གྲྭ་བ་ཁྲིམས་དཔོན་དེ་ཚོར་ཐབས་དེ་མ་གཏོགས་ཁོ་ཚོར་སློབ་གསོ་སྤྲོད་སྟངས་མེད་པ་འུ་རེད། ཁྲིམས་དཔོན་དེ་ཚོའི་བྱ་སྤྱོད་ལས་ཀྱང་ཁོ་ཚོའི་བསམ་པའི་འཁྱེར་སོ་དང་རང་ཉིད་ཀྱི་ལྕི་ཡང་ཤེས་ཐུབ། བྱུང་ཡིན་ན་མང་ཚོགས་ཀྱིས་སྤྱོད་ངན་ལས་རུང་དེ་ནི་གྲྭ་རྒན་འཇོན་མདོག་མགོ་རིལ་ཁྱེད་ཚོས་ཇུས་གཏོགས་བྱེད་དགོས་དོན་ཅི་ཡོད། དེ་ལ་སྡེ་བ་དང་འཚོ་བ་ཁག་གི་སྒྲིག་འཛུགས་དང་ཁྲིམས་ལ་བརྟེན་ནས་དོན་དེ་ཐག་གཅོད་བྱས་ཆག་གི་རེད།
ཡིན་རུང་ཁྱེད་ཚོས་དགེ་བཅུའི་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་དང་བྱ་སྤྱོད་སོགས་ཡར་རྒྱས་སུ་གཏོང་ཀྱིན་ཡོད་ཟེར་མོད། ཁྱེད་ཚོའི་སྐྱུག་བྲོ་བའི་སྒྲུབ་སྟངས་དེ་ནི་མི་རིགས་གཞན་གྱི་བག་ཆགས་ངན་པ་ཞིག་འཇོག་གིན་ཡོད་ལ། ལྷག་པར་དེ་དག་ལས་བོད་ན་རིག་གནས་གསར་བརྗེ་རོ་ལངས་དང་ཀུན་གྱི་སེམས་ནས་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་གྱི་གྲྭ་བ་ནི་དྲག་སྤྱོད་པ་ལྟ་བུ་ཞིག་ཏུ་གཏོང་ཉེན་འདུག་པས་ཁྱེད་ཚོས་རང་ཚོད་བཟུང་ན་ཡག་འདུག དོན་ལ་བརྗོད་ན་ཁྱེད་ཚོས་བྱེད་སྟངས་ནི་དྲག་སྤྱོད་པའི་བྱེད་སྟངས་དང་ཆ་འདྲ་བོ་ཡང་རེ་འདུག དེ་ནི་ཉེ་ཆར་དྲྭ་ལམ་ཁག་ན་སློབ་གསོ་དང་ཤེས་ཡོན་གྱི་དབུལ་བའི་ཀླ་ཀློའི་ས་ཁུལ་ཁ་ཤས་ན་དེ་ལྟ་བུའི་བྱ་སྤྱོད་འབྱུང་བཞིན་པ་ལྟར་གཅིག་མཚུངས་རེད།
སྔོན་སངས་རྒྱས་ཀྱིས་ཀྱང་ཐབས་ཀྱིས་གདུལ་བྱ་བཏུལ་བ་མ་གཏོགས་བཙན་གྱིས་གདུལ་བྱ་བཏུལ་བ་མ་རེད། དེ་བས་དོན་གང་ཞིག་སྒྲུབ་རུང་ཐབས་དེ་གཙོའོ། དྲང་མོར་བཤད་ན་གཞི་རིམ་མང་ཚོགས་ཀྱི་ཁྲོད་ལ་ནང་ཆོས་ངོ་སྤྲོད་ཡག་པོ་ཞིག་ཀྱང་མ་བྱས་པར་ཁ་ཐུག་ངང་དེ་ལྟ་བུའི་ཁྲིམས་བཙུགས་ན་སུས་ཀྱང་སྲུང་ཁག་པོ་རེད། གལ་སྲིད། མཁན་པོ་གཙོས་གྲྭ་བ་ཁྲིམས་དཔོན་ཁྱོད་ཚོར་རྒྱུ་འཇོན་སོགས་ཡོད་ན་མང་ཚོགས་ཀྱི་ཁྲོད་ལ་ཤེས་ཡོན་སྤེལ། རྒྱུ་དངོས་ནས་སློབ་གསོའི་མཐུན་སྦྱོར་བྱོས། དེ་ནས་རིམ་བཞིན་གོམ་པ་གཉིས་པ་སྤོས་ཆོག་གི་རེད།
གཞན་གྱིས་གཉན་གནོན་དང་བཙན་ཤུགས་ཐེབས་པའི་བོད་པ་ཚོར་རྒྱ་ཁྲིམས་ཀྱི་ཐོག་ལ་དེ་འདྲའི་ཁྲིམས་ཤིག་དགོས་དོན་མེད། ད་ནི་ཁྲིམས་ཟེར་བ་ང་ཚོ་ལ་མང་མེད་ན་ཉུང་མེད་ཚོད་འདུག དེ་བས་རང་སར་རང་ཁྲིམས་སྲུང་སྡོད་དང་གཞན་ལ་ནི་སྐལ་མེད་སར་སྐེ་རེད།
འགའ་ཤས་ཀྱིས་མཁན་པོ་ཁོང་ནི་མི་ཤེས་ཡོན་ཅན་ཡིན་པས་ཁོས་ཅི་བྱས་དང་ཅི་སྒྲུབ་ཡོད་ཚད་བདེན་པར་མཐོང་འདུག མཁན་པོ་ཚུལ་བློ་ཐམས་ཅད་མཁྱེན་པ་མིན་པས་སྐྱོན་ཡོན་ཉིས་འཛོམས་ཡིན་ཆོག་གི་རེད། ཡིན་རུང་ཁོའི་ཡོན་ཏན་ལ་སུས་ཀྱང་གོང་བཀུར་བྱེད་ངེས། བཤད་ཚུལ་ལ་དེང་གི་རྒྱུགས་ཆེ་བའི་དགེ་བཅུའི་ཁྲིམས་འདི་ཁོའི་འདོད་པ་མིན་ཟེར་གྱི་འདུག འདི་ཁོའི་འདོད་པ་མིན་རུང་རྣག་དང་ཁྲག་གི་ཡོང་ཁུངས་མཁན་པོ་ཁོ་ལ་ཐུག་འདུག་པས་དེ་བཤད་ལོས་དགོས། ངེས་པར་ཏུ་བཤད་དགོས་པ་ཞིག་རེད།
ཁ་ཚ་དགོས་གཏུག་གི་དོན་དག་ཅིག་བཤད་འདུག དེ་བས་ཁ་གསལ་བོར་བརྗོད་ན་མི་སྐད་གསོན་པོ་ཞིག་བཤད་འདུག རང་རེའི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་བླ་གྲྭ་ཕལ་ཆེར་དེ་འདྲ་རེད། དོན་དངོས་ཀྱི་ཆོས་པ་ཞིག་བྱ་འདོད་ན་སོ་སོའི་རང་རྒྱུད་གཅིག་པོ་འདུལ་ཐུབ་ཙམ་བྱུང་ན་དེ་གས་འགྲིག་པ་རེད། སྐལ་མེད་སར་ཚང་མར་སྐེ་བསྲིངས་དགོས་དོན་མི་འདུག སྲིད་སྒྲུབ་སར་ཆོས་བཤད་བྱེད། ཆོས་སྒྲུབ་སར་སྲིད་དོན་སྨྲ། འགལ་བ་ལྟག་སྤྲོད་ཡིན་པའི་ཆོས་སྲིད་གཉིས་མཉམ་བསྲེས་བྱས། དེས་སྟབས་ཀྱིས་བོད་དུ་ཆོས་སྲིད་གཉིས་ཀ་རང་རྐྱ་འཕེར་བ་གང་ཡང་མ་བྱུང་། མཐར་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་པ་ལྟར་གཉིས་ཀ་ཤོར་བཅུག
ད་ཆ་བོད་དོན་གྱི་ཐད་ནས་ཀྱང་སྐྱ་མིན་སེར་མིན་ལྟ་བུ་ཞིག་ཏུ་གྱུར་འདུག་པ་དེ་དཔེར་མཚོན་གསལ་ཤོས་སུ་བཞག་ཆོག
མཁན་པོ་ཁོང་གིས་བོད་ནང་མཛད་རྗེས་གང་འདྲ་བཞག་ཡོད་མེད་གཟུར་གནས་ཚང་མས་ཤེས་གསལ་རེད། ཡིན་ནའང་ཕྱོགས་རིས་དང་ཕྲག་དོག་གི་སྨྱོས་པའི་མི་དེ་ཚོས་སྐད་ཆ་དེ་འདྲ་བཤད་པ་ནི་ངོ་མ་ཤ་ཚ་མོ་རེད།
སྐེ་ལ་རྒྱ་མིས་ལྕགས་ལེབ་མ་བཏགས་སྔོན། ཤོག་བུས་བྱང་ལེབ་རེ་བཏགས་ཏེ་བོད་པ་ནང་ཁུལ་དུ་ཐག་བཅད་ན་ལེགས་པར་བསམ།
སྐད་ཆའི་སྒྱུ་རྩལ་ཡོད་མེད་ལ་མི་ལྟ་བར་ཐུགས་བསམ་རྣལ་མ་རེ་བཞེས་ན་འགྲིག་ག གྲྭ་བས་བྱས་པ་མི་ལེགས་པར་མཐོང་ན་ཁྱིམ་པས་བྱས་ན་ལོས་ཆོག་མོད། སྐུ་ཞབས་གཡག་གིས་སྐུ་ཞབས་འབྲོང་ཁས་མ་བླངས་ན་སྐུ་ཞབས་གཡག་དེ་ལས་ཀྱང་ཁས་ལེན་དཀའ།
ཤུགས་རྒྱབ་ན་རེ་བ་ལོས་ཡོད། གཙོ་བོར་བོད་པ་ནང་ཁུལ་དུ་ཐག་གཅོད་ཐུབ་ན་རྒྱ་ནག་གི་ཁྲིམས་སྒོ་ལས་བཟང་གི་རེད་འདོད།
བརྟགས་ཅིང་དཔྱད་ནས་རྩོམ་སྤེལ་ན་དོན་བཟང་ལོས་འགྲུབ།
གྲྭ་པས་མི་དམངས་ཀྱི་འཚོ་བར་ཐེ་བྱུས་གང་འདྲ་བྱེད་ཀྱིན་ཡོད་དམ། དེ་དག་སུས་བཀོད་པ་རེད། དང་བླངས་རེད་དམ་མི་དམངས་ཀྱིས་འདམས་པ་རེད་དམ། ཡང་ན་གོང་ནས་བཀོད་པ་མི་དམངས་ཀྱིས་ཁས་བླངས་པ་རེད། ཡང་མིན་ན་ཁས་མ་བླངས་རང་བླངས་འཁེལ་བ་རེད།
ད་དུང་མི་དམངས་ལ་དཀའ་ངལ་གང་དང་གང་འཕྲད་ཀྱིན་ཡོད་པའང་གསལ་པོ་ཞིག་མ་རྩོམ་ནང་མིན་འདུག དཀའ་ངལ་གང་དང་གང་འཕྲད་བཞིན་པ་རེད། ཤེས་འདོད་འདུག
ཧ་ཧ་ཧ་རྡོ་མེ་འབུད་ན་ནིང་ད་ལོ་བོད་མའི་ལས་འགུལ་མང་གི་ནང་། འདི་ལ་བརྟེན་ནས་མང་ཚོགས་དང་ཤེས་ཡོན་པའི་སྡེ་ཁག་རྡོ་མེ་འབུད། ཤེས་སོང་ངམ་༢༠༡༣ ༠༨ ༢༨ ཉིན་རྡོ་མེ་འབུད་ཁྱེད་རང་གངན་ཡོད། གླེང་བརྗོད་ཀྱང་མི་ཉོང་བ་ཞིག་བྱུང་དང་འབྱུང་བཞིན་འདུག། རེད་་་་་ཆ་མཐུན་གྲུག་པའི་དྲ་འབུ་ངོ་གདོངསྦེད་ནས་བཤད་མཁས་སོ། ངས་འདིར་གླིང་འདོད་པ་ནི་ཉེས་མེད་སྒྲོལ་མ་སྐྱབས་གང་ཡོད་མ་ཤེས་བའི་་་དེ་་་གང་ན་འདུག་་་་དེས་སྐོར་རེད་གླང་ན་བསམ། ཙག་ཙིག་རེད་བཤད་ནས་ལ་རྒྱལ་ཡོད་འདོག་འདོག་གི་མི་རིགས་གི་ལས་དོན་འགྲུབ་ཐུབ་ཡོད་བསམ་ནས། སྙོན་པའི་བཟི་བཤད་རེད་འབྲི་ནས་དགོས་དོན་ཀྱི་ཡང་མེད་པའི་་་་་་་་་ངོ་གདོང་ཕྱི་ལ་ཐོན་ནས་ཁ་ཡོད་ལག་ཡོད་གི་མ་འོངས་བའི་མདུན་སྐྱོད་དང་ལང་ཕྱོགས་ལམ་སྟོན་རེད་ཡོད་ཚེ་ཕེབས་རོག། རྒྱ་ཡིས་རྒྱུག་ཁྱིའི་དང་དོར་རྒྱར་བའི་ལག་རྡོ་བྱེས་ནས་སྐད་ཆ་བཤད་དགོས་དོན་མེད།
རྡོ་མེ་འབུད་མིང་དོན་མཚུངས་འདུག། ཚ་བ་མདའ་སྨྱུག་གསུང་སྐད་ཤོར་བ་ཅི་ཁག།
དཔྱོད་ལྡན་རྩོམ་པ་པོ་འདིས་རྩོམ་ཡིག་གི་གནད་འགག་ངོ་མའི་ཐད་ལ་གསལ་ཁ་འདོན་དགོས་ས་འདུག དཔེར་ན། བླ་གྲྭ་ཁ་ཤས་ཀྱིས་སྡུག་པོ་བྱས་སོང་ཟེར་བ་ཙམ་ལས་བླ་གྲྭ་སུས་སྡུག་པོ་ཅི་བྱས་གསལ་པོར་བྲིས་ན་ལེགས། ཚུལ་ཁྲིམས་བློ་གྲོས་ཀྱི་ལམ་སྟོན་དེའི་སྐྱོན་རེད་དམ་དེ་ལག་ལེན་དུ་ཚུལ་བཞིན་མ་བསྟར་བའི་སྐྱོན་རེད་ཅེས་གསལ་ཁ་མེད་ན་ཡོ་བསྲངས་བྱེད་མི་ཐུབ།
ཉེ་ཆར་རང་རེའི་ཤེས་ལྡན་པའི་ནང་ན་འབྲི་གཡག་རྩ་སྟོང་དུ་འགྲོ་སྲིད་པའི་སེམས་ཁྲལ་བྱེད་མཁན་མང་། ཨ་ཧྥི་རི་ཁའི་ཡུལ་ན་མི་མུ་གེས་ཤི་གིན་ཡོད་ན་ཡང་གཅན་གཟན་རི་དྭགས་གསོད་མི་ཆོག་པའི་ཁྲིམས་འཇོག་གིན་ཡོད་རེད། མི་ལ་རང་རང་གིས་འབད་ན་འཚོ་བའི་བདམ་ཁ་ཡོད་རེད། སྲོག་ཆགས་འདི་རིགས་བསད་བཅུག་ན་ལོ་ཁ་ཤས་ལས་མི་འགོར་བར་རྩ་སྟོང་ལ་འགྲོ་རྒྱུ་རེད། སྲོག་ཆགས་དུད་འགྲོ་ཡིན་ན་ཡང་རྩ་སྟོང་དུ་འགྲོ་མི་རུང་བ་དེ་མིའི་རིགས་ཀྱི་འགན་རེད། འབྲི་གཡག་གི་ཤ་ཁྲོམ་རར་མི་བཙོང་བ་དེ་གཞུང་གི་ཁྲིམས་ཐོག་ནས་ཀྱང་བཀག་མི་འོས་དོན་མི་འདུག དེ་ཆོས་ལུགས་ཁོ་ནའི་གནད་དོན་མ་རེད། ང་ཚོའི་ཤེས་ཡོན་ཅན་ཚོས་འདི་རིགས་ཀྱི་སྐོར་ན་ཐོག་མ་ནས་བསམ་བློ་གཏོང་ཐུབ་དགོས་པ་གལ་ཆེན་རེད། བོད་མཐོ་སྒང་གི་འབྲི་གཡག་རྩ་སྟོང་དུ་གྱུར་ནས་ཕྱིར་ཁྲིད་ཡོང་ཐབས་མེད་དུས་འགྱོད་ཀྱང་ཕྱི་དྲགས་པ་རེད།
སྔོན་མ་རང་རེའི་དགོན་པ་ཚོ་ཁྲིམས་དམ་པོ་རེད། སྡེ་ཚོ་བའི་ནང་གི་མི་སྐྱ་བོ་ཞིག་ཡིན་རུང་དགོན་པའི་ལོ་ཤས་རིང་གི་སྤྱི་གཉེར་ཟེར་བ་དེར་བསྐོས་སྐབས་དེ་མ་ཁུར་ན་སྡེ་དགོན་དེའི་ཁོངས་ནས་ལས་སླ་བོར་མི་འཇོག་པ་ལྟ་བུ་རེད། དེང་སང་ཡང་དེའི་རྒྱུན་བསྐྱངས་པ་ཉམས་ཆག་མ་སོང་བ་མང་པོ་རེད། ཕྱོགས་གཅིག་ནས་དེ་ཆོས་ཚོགས་ཀྱི་ཁྲིམས་ཡིན་དུས་དེའི་ཁོངས་མི་ཚོས་ཁྲིམས་དེ་སྲུང་དགོས་པ་ལུགས་མཐུན་ལྟ་བུ་རེད། དགེ་བཅུའི་ཁྲིམས་ཟེར་བ་དེ་བླ་བྲང་རང་རང་གི་ཡོང་སྒོ་སྒྲུབ་སྤྱད་ཁོ་ནར་བཀོལ་ན་མི་འགྲིགས་མོད། ཆོས་ཚོགས་དེའི་ཁོངས་མི་རྣམས་དགེ་སྒྲུབ་སྡིག་སྤོང་གི་ཆོས་ཁྲིམས་ལ་འཇུག་སྤྱད་ཅིག་ཡིན་ན་དམ་པོ་ཡོད་པ་ཙམ་གྱིས་སྐྱོན་རྗོད་བྱེད་མི་ཐུབ་སྙམ། དགེ་བཅུའི་ཁྲིམས་མ་ཁུར་ན་ཚུར་བཟུངས་ནས་ལྕག་ཚན་གཏོང་གི་འདུག་གམ། དེ་འདྲ་བྱས་ན་ཡུལ་ཁྲིམས་དང་འགལ་བ་རེད། ཐབས་སྐྱོ་བ་ཞིག་ལ་ངས་ནི་ད་དུང་ཡང་བོད་ཀྱི་དགོན་པ་ཚོའི་ནང་ན་ལྕག་ཚན་གཏོང་མཁན་ཡང་མང་པོ་མཐོང་ཐོས་བྱུང་། དེ་མིན་པར་ཆོས་ཚོགས་ཀྱི་སྤྱི་ཁྲིམས་མི་ཁུར་མཁན་ཚོར་ཆོས་ཚོགས་དེའི་ཚོགས་མིའི་ཁེ་ཕན་མེད་པར་བཟོས་པ་སོགས་ནི་འགྲིགས་པ་ཞིག་རེད་བསམ།
ཡོ་རུབ་ཀྱི་ཡེ་ཤུའི་ཆོས་ཚོགས་ཆེན་པོ་ཞིག་གིས་རང་གི་ཆོས་ཚོགས་ཀྱི་ཁོངས་མི་ཚོར་དངུལ་ཁྲལ་ཅུང་ཆེན་པོ་ལེན་བཞིན་འདུག ཁྲལ་དེ་བསྡུས་པའི་སྟེང་ལ་དད་ལྡན་འབྱོར་ལྡན་ཚོའི་ཞལ་འདེབས་ལ་བརྟེན་ནས་ཆོས་ཚོགས་ཀྱི་བྱེད་སྒོ་རྣམས་རྒྱུན་སྐྱོང་ཐུབ་ཟེར་ནས་ཚོགས་མི་ཚོས་དགའ་སྤོབས་བྱེད་ཀྱིན་མཆིས།
འོ་་་ད་དགེ་བཅུའི་ཁྲིམས་ནི་བོད་པ་ཚོར་དགོས་ཀྱི་མེད་པ་འདྲ། ད་འོ་ན་མི་དགེ་བཅུའི་ཁྲིམས་ཤིག་བཞག་ན་ཅི་འདྲ་འདུག དྲ་གྲོགས་རྣམ་པ་གཅིག་གསུང་དང་། ཧཧཧ
དགེ་བཅུའི་འཁྲིམས་སྔར་སྟོན་པ་བཀའ་དྲིན་ཅན་གྱི་བཞག་ཟིན་ད་ལྟ་མཁན་པོས་གསར་བཟོ་དགོས་དོན་མེད་མི་དགོས་ས་གསར་པ་བཟོ་མང་ན་ཡག་རྟགས་ཞིག་མ་རེད་ལགས་།
སྤོབས་པ་མཐའ་ཡས་ཀྱིས་གནས་ལུགས་གསོན་པོ་ཞིག་བཤད་འདུག
རྙོགས་དྲྭ་ལ་ཞེད་ན་ཡར་རྒྱས་ཀྱི་འདུན་ལམ་མེད། མཁན་རིན་པོ་མཆོག་གིས་ཕན་ངེས་གྱི་མཛད་པ། ཀུན་ལ་དགོས་ངེས་ཀྱི་བསླབས་བྱ། སྤྱི་སྒེར་གཉིས་ལ་ཕན་པའི་ཕྱག་ལས་གང་ཞིག་དགོས་པ། བསམ་ཕོད་ལ། ལས་ཕོད་པ། ཕྱག་ལས་བསྟར་བའི་ཚེ་གྲུབ་འབྲས་མངོན་གསལ་དུ་གྱུར་བའི་གཟི་བརྗིད་ལ། གུ་ར་རྒོག་ལས་དོག སེམས་ལག་མཐིལ་ལས་ཆུང་། དོག་པ་རྒྱལ་གཙན་ལས་ཚ་བ་དག་མི་བཟོད་པ་ཆོས་ཉིད་རེད་ལ། ཁོ་ཅག་ལ་ཕོག་ཐུག་ཕྱིན་པར་ཐུག་ཁག་ལར་ནས་མེད། ནད་པའི་ན་ཚའི་རིམ་པ་ལྟར་སྨན་པ་མཁས་པས་སྨན་བཅོས་བྱེད་པ་ནང་བཞིན། བཅོས་ཀ་ཁ་ཤས་གཟེར་ཟུགས་ཆེ་ཙམ་ཡོད་ཀྱང་། མ་བྱས་ན་འཆི་རྐྱེན་འགྲོ་སྲིད་པ་ལྟར། གང་འདུལ་གྱི་མཛད་པ་ལ་ངོ་མ་དགའ་ནས་སྡད་ཡོད།
སྐེ་ལ་རྐུན་མ་སོགས་མིང་ངན་བཀལ་ནས་ཁྲོམ་ལང་བྱེད་བཅུག་པ་དེ། བཟང་དང་ངན་ཞེས་གུས་དམན་ཕྲན་གྱིས་ཁ་ཚོན་མི་ཆོད་མོད།
གསལ་བཤད་བྱེད་འདོད་པ་ཞིག་ནི།བླ་རོང་ཆོས་སྒར་ནས་དབུ་བཙུག་པའི་དགེ་བཅུའི་ལུགས་སྲོལ་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད། ས་གནས་ཆོས་བརྒྱུད་སོགས་སྐྲ་ཁ་ཁ།གཡུ་སོ་སོ་རེད་ཞུ་རྒྱུ་ཡིན།
མགོ་ལོག་ཟླ་བྷེ་བྱོན་ལེགས། ལས་སྣེ་ཚོས་གཟབ་ནན་མ་བྱས་ན་རྐུན་མ་ནོར་ཉེན་ཆེ། འོན་གྱང་རྐུན་མའི་སྐེ་ལ་རྐུན་མིང་བཀལ་ན་མིང་ངན་བཀལ་བ་མ་རེད་ལགས། འདི་ལ་ཐེ་ཚོམ་གནང་དགོས་མི་དགོས།
མགོ་ལོག་ཟླ་བྷེ་གསུང་པ་བདེན་།ཟླ་བྷེ་ལགས་ཀྱིས་འཕྲིན་འཕྲན་ཁ་བྱང་སྤྲོད་རོག་ཞུ
ངས་ལྟས་ན་རྐུན་མ་འཛིན་བཟུང་དང་ཁྲིམས་གཅོད་བྱེད་པའི་པར་ལ་ཕྱོགས་ཞེན་གྱིས་བཟི་ཞིང་ཕྲག་དོག་གིས་སྨྱོ་སོང་བའི་མི་འགའ་རེས་ལོག་འགྲེལ་བྱས་ནས་དྲ་ཐོག་ལ་བཀྲམ་པ་འདྲ། ཤོག་བྱང་དེ་ཚོའི་སྟེང་ན་རྐུན་མ་ཞེས་བྲིས་འདུག དགེ་བཅུའི་ཁྲིམས་དང་འགལ་བའི་ཉེས་ཆད་ཡིན་ན་རྐུན་མ་ཞེས་འབྲི་དོན་མེད།
ངོ་མ་བཤད་ན་རྩོམ་པ་པོས་དགེ་བཅུའི་ཁྲིམས་གང་ཡིན་ཙམ་ཡང་ཤེས་མི་འདུག་པས་ད་དུང་དགེ་བཅུའི་ཁྲིམས་ལ་སྐྱོན་བརྗོད་བྱེད་པ་ནི་ཡ་ཆ། བླ་རུང་གི་དགེ་བཅུའི་ཁྲིམས་ནི་གཤམ་གསལ་འདི་དག་རེད།
གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུགས་སྲོལ།
དང་པོ། བཤས་ཚོང་མི་བྱ་བ། རྟ་ཟོག་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་ཉོ་ཚོང་མི་བྱ་བའོ།།
གཉིས་པ། རྐུ་ཇག་མི་བྱ་བ། ཕྱི་ནང་སུ་ལའང་འཇབ་བུའི་རྐུ་དང་བཙན་པོའི་ཇག་མི་བྱ་བའོ།།
གསུམ་པ། མཚོན་འཛིང་མི་བྱ་བ། གྲི་དང་མེ་མདའ་ལ་བརྟེན་ནས་འཛིང་མོ་མི་བྱ་བའོ།།
བཞི་པ། སྨད་ཚོང་མ་མི་བསྟེན་པ། འདིས་ནད་འཇིགས་སུ་རུང་བ་མང་པོ་བསྐྱེད་ནས་ད་ལྟ་བོད་ཡུལ་ན་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་རིགས་སོགས་སྨད་འཚོང་མ་བསྟེན་པར་མི་བྱའོ།།
ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། མེ་མདའ་རིང་ཐུང་མང་པོ་གཞན་གྱི་ས་ནས་ཚུར་ཉོ་ཞིང་བོད་ཀྱི་ནང་དུ་ཕར་འཚོང་བ་དང་། ཉལ་ཐ་ཉོ་ཚོང་མི་བྱ་བའོ།།
དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། ཉལ་དུད་དང་ཐ་མག་གི་རིགས་འཐེན་པར་མི་བྱ་བའོ།།
བདུན་པ། ཆང་མི་བཏུང་བ། ཆང་གི་རིགས་གང་ཡང་བཏུང་བར་མི་བྱ་བའོ།།
བརྒྱད་པ། ཤོ་རྒྱན་མི་བསྐུག་པ། སྒོར་མོའམ་དངོས་རྫས་མང་པོ་བསྐུག་ཏུ་བཞག་ནས་ཤོ་རྒྱན་གཞག་པར་མི་བྱ་བའོ།།
དགུ་པ། རྔོན་མི་བྱ་བ། རི་དྭགས་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསོད་པར་མི་བྱ་བའོ།།
བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ། གཟིག་དང་སྲམ་དང་ཝ་སོགས་གཅན་གཟན་གྱི་པགས་པ་གྱོན་པར་མི་བྱ་བའོ།།
བཤས་ཚོང་སོགས་བྱ་བ་བཅུ་པོ་འདི་རྣམས་ཀྱིས་རང་རེ་ཚེ་འདི་ཕྱི་གཉིས་ཀར་འཕོངས་པར་བྱེད་ལ། བཤས་ཚོང་མི་བྱེད་པར་དམ་བཅའ་བ་སོགས་བཅུ་པོ་འདི་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀར་ཕན་པ་དང་བདེ་བར་བྱེད་ཅིང་། མི་ཙམ་དུ་མ་ཟད་དུད་འགྲོ་ཡན་ཆད་བདེ་བའི་ངང་དུ་གནས་པར་འགྱུར་བས་དད་ལྡན་སྐྱེ་བོ་རྣམས་ཀྱིས་བླང་དོར་ཚུལ་བཞིན་བྱེད་པ་ཤིན་ཏུ་གལ་ཆེ་བས་འབད་པ་བྱེད་པར་ཞུ་ཞུ།།
གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་བོད་རབ་གནས་ས་བྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལ་སྤྲིངས་པའོ།།
ལུང་རྟོགས་ཁྱོད་ཁ་དྲོ། དགེ་ཁྲིམས་བཅུ་པོ་འདིས་མང་ཚོགས་ཀྱི་དབུགས་གཅོད་སྟངས་ཤིག་གསལ་པོ་བཤད་རྒྱུ་ཡོད་ན་ཤོད། དེ་མིན་རང་མ་དགའ་བ་དང་རང་དོན་མ་གྲུབ་པ་རྒྱུ་མཚན་སྙིང་ལ་བཅངས་ནས་གྲ་ཆགས་པོ་བཤད་པ་ནི། སུ་གང་ལ་ཡང་ཕན་མེད་གནོད་བསྐྱེལ་གྱི་ལས་ལས་མ་འདས་སོ།།
དབྱངས་ཅན་འབངས་ཁྱོད་ཁ་དྲོ། གནས་ལུགས་དང་བདེན་དབང་ཡོད་པ་ཞིག་གི་སྒོ་ནས་དགེ་བཅུ་བོ་འདིས་མང་ཚོགས་ཀྱི་སྲོག་དབུག་གཅོད་སྟངས་ཞིག་བཤད་དགོས་ན་བཤད་རྒྱུ་མེད་ངེས་རེད། དེ་མིན་མིན་པ་ལ་ཡིན་པར་སྒྲོ་བཏགས་བྱས་པ་རེ་དགོས་ན་གོང་གི་རྩོམས་པ་པོ་རྡོ་མེ་འབུད་ལགས་ནས་གསུང་བ་དེས་མཐུས་སོ།
དེ་སང་རྐུན་མ་ཐག་པས་མ་སྡམ་པར་མནའ་ཚིག་གིས་བསྡམས་ནས། བར་སྐབས་ཤིག་ནས་འབྲོག་པའི་མྱི་ཁྱི་ཚང་མ་ནུབ་མོར་གཉིད་སྐྱིད་སེམས་དལ་འདྲ་ཞིག་ཆགས་འདུག་ཟེར། འདི་དད་སེམས་ཆེན་པོ་ཞིག་ནས་ཡོང་གི་ཡོད་ནི་ན། སྐྱག་ཁྲིམས་བཙན་པོ་ཞིག་གིས་འགག་གི་ཡོད་ནི་ན། གསལ་བོ་ཟིག་མ་གོ་ཐལ། ཡིན་ན་ར། རྐུན་མ་མེད་ན་སྲལ་ནི་རེད། ཨ་ཁུ་སྨན་བླས་བཤད་ནོ་བདེན་ན། ཨ་ཡས་ལུ་གུ་སྐྱིད་ཀི་ལུ་གུ་ཁེར་མོ་རྐུས་འགྱོ་ཐལ་མོ། ངོ་རྫོགས་རྒྱོ་དེ་ཚོས། ཧ་ཧ།