ལུང་རྟོགས།
ཉེ་ཆར་བོད་མི་སྐོར་ཞིག་གིས་མིའི་སྐེ་ལ་རྐུན་མ་ཞེས་བྲིས་པའི་ཤོག་བྱང་བཏགས་པའི་པར་འགའ་ཞིག་དྲ་ཐོག་ལ་བཀྲམ་ནས། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཏན་འབེབས་གནང་བའི་དགེ་བཅུའི་ཁྲིམས་ལ་གཞི་མེད་སྐྱོན་བརྗོད་མང་པོ་ཞིག་བྱས་སོང་། ཁོང་ཚོས་སྐྱོན་བརྗོད་རྒྱུ་གཙོ་བོ་ནི་སྒེར་གཅོད་པའི་བྱེད་སྟངས་རེད་ཟེར་བ་དང་། རིག་གསར་རོ་ལང་རྒྱབ་སོང་ཟེར་བ་དང་། དགེ་བཅུའི་ཁྲིམས་ནི་སྔར་ནས་བོད་རང་ཉིད་ལ་ཡོད་སྡད་པ་ཞིག་ཡིན་པས་འདི་འདྲ་ཞིག་གསར་འཛུགས་བྱེད་པ་དགོས་མེད་ཡིན་པ་སོགས་རེད།
འོན་ཀྱང་ཉེ་ཆར་དྲ་ཐོག་ལ་ཐོན་པའི་པར་དེ་དག་དགེ་བཅུའི་ཁྲིམས་དང་འགལ་བའི་ཉེས་ཆད་ཡིན་པའི་ཁུངས་སྐྱེལ་ནི། “རྔ་བའི་ཁུལ་གྱི་ཚུལ་བློའི་དགེ་བཅུའི་ཁྲིམས་དང་འགལ་སོང་བ་ཚོ་རེད”ཅེས་པའི་ཡིག་འཁྱམས་ཞིག་ལས་གང་ཡང་མི་འདུག དེང་སྐབས་བོད་ནང་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཛད་འཕྲིན་ཧ་ཅང་རྒྱས་དང་རྒྱས་བཞིན་པ་ལ་རྟེན་ནས། ཕྱོགས་རིས་ཅན་དང་ཕྲག་དོག་ཅན། ད་དུང་དམར་པོའི་ལྟ་བ་ཅན་མང་པོ་ཞིག་གིས་ཁོང་ལ་མ་དགའ་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད་པས་ཡིག་འཁྱར་འདི་འདྲ་ཞིག་ལ་སུས་ཡིད་ཆེས་བྱེད། གཞན་ཡང་སྒེར་གཅོད་པའི་བྱེད་སྟངས་ཞེས་པ་ནི་མི་སྒེར་རེ་ཟུང་གིས་དབང་ཆ་བེད་སྤྱོད་ལོག་པ་བཏང་སྟེ། སུ་གང་ལ་མ་བསྟུན་པར་སོ་སོ་སྒེར་གྱི་འདོད་པ་བཞིན་མི་གཞན་ལ་སྡུག་གྱོང་མནར་གཅོད་གཏོང་བ་ལ་ཟེར།
མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ལ་མཚོན་ན་མི་མང་གི་འདོད་བློ་དང་མ་བསྟུན་པར་དགེ་འདུན་པས་བཙན་པོ་དབང་ཡོད་ཀྱིས། མི་མང་ལ་ཆོས་ཁྲིམས་གང་འདྲ་ཞིག་ཀྱང་ལག་བསྟར་མི་རུང་བ་མཁན་པོ་ཁོང་གིས་བཀའ་སློབ་དང་ཕྱག་དེབ་དག་ན་ཡང་ནས་བསྐྱར་དུ་གསུངས་ཡོད་པ་མ་ཟད། བོད་ནང་གི་ད་ལྟའི་གནས་སྟངས་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། རྒྱ་གཞུང་གི་སྟངས་འཛིན་གྱི་འོག་ནས་དགོན་པ་དང་དགེ་འདུན་པས་མི་མང་ལ་ཁྲིམས་འདྲ་མིན་བཙན་འགེལ་བྱེད་མི་ཆོག་པ་ཧ་ཅང་གསལ་པོ་རེད། གཉིས་ནས་རིག་གསར་རོ་ལང་ཞེས་པ་ནི་གཞི་རྩ་གང་ཡང་མེད་པའི་སྐད་ཆ་ཡིན་པས་ལན་འདེབས་ཀྱི་ངལ་བ་བརྟེན་དགོས་དོན་མ་མཐོང་།
གསུམ་ནས་དགེ་བཅུའི་ཁྲིམས་བོད་ལ་སྔར་ནས་དར་ཡོད་པས་དགོས་མེད་ལྷག་སྐྱོན་ཡིན་པར་བཤད་པ་ནི། མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ཞེས་པ་དེ་ཅི་ཡིན་མ་ཤེས་པའམ། ཡང་ན་བོད་ལ་སྔར་ནས་དར་བའི་ལྷ་ཆོས་དགེ་བ་བཅུ་ཞེས་པ་དེ་ཅི་ཡིན་མ་ཤེས་པའི་འཆལ་གཏམ་རེད། བོད་ལ་སྔར་ནས་དར་ཡོད་པའི་ལྷ་ཆོས་དགེ་བ་བཅུ་ནི་སངས་རྒྱས་ཀྱིས་གསུངས་པའི། ལུས་ཀྱི་སྒོ་ནས་སྲོག་གཅོད་མ་སྦྱིན་ལེན་འདོད་ལོག་སྤངས་པ་གསུམ་དང་། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སྤངས་པ་བཞི། ཡིད་ཀྱི་སྒོ་ནས་རྣལ་སེམས་གནོད་སེམས་ལོག་ལྟ་སྤངས་པ་སྟེ་བཅུ་པོ་དག་རེད་ལ། མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ནི། དང་པོ། བཤས་ཚོང་མི་བྱ་བ། གཉིས་པ། རྐུ་ཇག་མི་བྱ་བ། གསུམ་པ། མཚོན་འཛིང་མི་བྱ་བ། བཞི་པ། སྨད་ཚོང་མ་མི་བསྟེན་པ། ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། བདུན་པ། ཆང་མི་བཏུང་བ། བརྒྱད་པ། ཤོ་རྒྱན་མི་བསྐུག་པ། དགུ་པ། རྔོན་མི་བྱ་བ། བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ་བཅས་རེད།
དེས་ན་དགེ་བཅུ་ཞེས་པའི་མིང་ཙམ་གྱིས་གཅིག་ཏུ་འཁྲུལ་ནས་སྐྱོན་བརྗོད་བྱེད་པ་ནི། དཔྱད་ཞིབ་གང་ཡང་མེད་པར་སྐྱོན་བརྗོད་བྱེད་རྒྱུར་དགའ་བའི་བོད་མིའི་ངན་གཤིས་དེ་ཕྱིར་སྟན་པ་ཙམ་དུ་ཟད། གཞན་ཡང་དགེ་བཅུའི་ཁྲིམས་བོད་ལ་སྔར་ནས་ཡོད་པས་གསར་བཟོ་དགོས་དོན་མེད་པར་བཤད་པ་དང་། དགེ་བཅུའི་ཁྲིམས་ཀྱིས་མི་མང་ལ་གནོད་བསྐྱལ་གྱི་འདུག་ཅེས་སྐྱོན་བརྗོད་བྱེད་པའི་སྐད་ཆ་དེའི་ཤུགས་བསྟན་ནི། བོད་ཀྱི་དཔེ་ལ་བཤད་ས་བུ་མོར་བཤད་ཀྱང་གོ་རྒྱུ་མནའ་མས་གོ་དགོས་ཞེས་པ་ལྟར། མཁན་པོ་ཚུལ་བློ་ལ་སྐྱོན་བརྗོད་བྱེད་ཁུལ་བྱས་པ་ལས་དོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་བཅུའི་ཁྲིམས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཡིན་ནམ།
དགེ་བཅུའི་ཁྲིམས་དང་འགལ་ན་ཉེས་ཆད་གང་གཅོད་དམ།
ལུང་རྟོགས་མཆོག་ལ། ཁྱེད་ལ་རྔ་བའི་དཔར་དེ་མཁན་པོ་ཚུལ་ཁྲིམས་ཀྱི་དགེ་བཅུའི་ལས་འགུལ་མིན་པ་ཁུངས་འདིར་གསལ་པོ་མིན་འདུག ང་ལ་འདྲི་བ་གཅིག་ཡོད་པ་ནི། མཁན་པོ་དེས་རྒྱ་མི་ཚོ་ལ་སྙིང་རྗེ་དང་དམིགས་བསལ་གྱི་གཟིགས་པ་སྐྱང་ཐུབ་ཀྱི་འདུག བོད་མིའི་མགོ་ལ་བསླེབས་དུས། གཏུམ་སྤྱོད་ཚ་བ་སྙིང་རྗེ་མེད་པའི་ཁྲིམས་འདི་འདྲ་ལག་ལེན་བསྟར་ཐུབ་ཀྱི་འདུག དཔེར་ན། དགེ་བཅུའི་ཁྲིམས་དང་འགལ་བ་ཟེར་ནས་ས་གནས་ཀྱི་བོད་པ་ལ་ལར་ཁྱིམ་ལ་མི་ཤི་ཡང་དགོན་པར་མི་གཏོང་བ། དགེ་འདུན་པར་དེ་ཚོའི་ནང་ལ་གཤིན་པོར་ཆོས་འདོན་མི་ཆོག་པ་འདི་འདྲ་ལག་ལེན་བསྟར་ནས། མི་གསོན་པོར་བཅའ་འདྲི་བྱས་ནས་སེང་རྡོར་དང་བོད་ཀྱི་དྲ་རྒྱ་ཁག་ལ་བཀོད་འདུག ཁྱེད་འདི་ལ་ག་རེ་གསུང་རྒྱུ་ཡོད། སྐབས་དེ་དུས་བོད་མི་ཉམས་ཆུང་དེ་དག་གི་ནོར་འཁྲུལ་ནི་སེམས་ཅན་བཤས་པའི་དབང་གིས་རེད། ཁོང་ཚོ་ནི་འབྲོག་པ་རེད།
སྤྱི་ལོ་༢༠༡༡ལོར་བོད་ནས་གསར་འབྱོར་བ་ཚོས་རྡ་རམ་ས་ལར་གོང་ས་མཆོག་ལ་དཀའ་ངལ་དེ་དག་སྙན་གསེང་ཞུས་ནས། ༢༠༡༢ཟླ་བ་དང་པོའི་ནང་ལ་གོང་ས་མཆོག་གིས་རྡོ་རྗེ་གདན་ལ་དུས་དབང་གསུང་ཆོས་སྐབས་གསལ་བཤད་གནང་སོང་། གོང་ས་མཆོག་གིས་གསུང་རྒྱུར། ཉེ་འཆར་བོད་ནང་ལ་བོད་ཀྱི་འབྲོག་སྡེ་ཁུལ་ལ་ཤ་སྤོངས་དགོས་ཟེར་བའི་ཁྲིམས་གཏོང་བ་དེ་ནི་ཤིན་དུ་ནས་མ་རུང་བ་དང་། ང་ཚོ་བོད་པ་འབྲོག་པའི་འཚོ་བ་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་སོང་བས་ལས་འགུལ་འདི་རིགས་ཀྱིས་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་གནོད་སྐྱོན་ཆེན་པོ་ཡོང་བ་དང་། དེ་བཞིན་བོད་པ་རྣམས་ལ་སེམས་ཅན་བཤའ་རྒྱུར་དཀའ་ངལ་འཕྲད་སྟབས། སེམས་ཅན་གཞན་ལ་བཙོང་དགོས་པ་བྱུང་བ་དང་། སེམས་ཅན་ཉོ་མཁན་ཁ་ཆེ་ཚོས། དངུལ་ལ་གྲོན་ཆུང་ཡོང་ཆེད། སེམས་ཅན་ག་ཚོད་མང་མང་སྡེབ་གཅིག་ལ་རླངས་འཁོར་ནང་ལ་རྫངས་ཨེ་ཐུབ་བྱས་ནས། མཐའ་ན་སེམས་ཅན་གསོན་པོར་རྐང་ལག་བཅད་ནས་རླངས་འཁོར་ནང་ལ་རྫངས་པའི་གནས་ཚུལ་བྱུང་འདུག དཀའ་ངལ་དེ་ཚོ་ང་ཚོས་བཟོས་པ་རེད། གལ་ཏེ་བོད་ཀྱི་འབྲོག་པ་ཚོས་སེམས་ཅན་བཤས་པ་ཡིན་ན། འདི་ལྟ་བུའི་སྡུང་སྦྱོང་སྤྲོད་མི་སྲིད་ལ་མ་མཐར་ཡང་ཁ་ནས་མ་ནི་རེ་གཉིས་འདོན་གྱི་རེད་གསུངས་པ་དེ་གསར་འབྱོར་བ་ཚོས་མཁན་པོ་ཚུལ་ཁྲིམས་དང་ཁོང་གི་སེར་དམག་ཚོར་གསུངས་པ་རེད་ཟེར།
ངས་བལྟས་ནས། མཁན་པོ་ཚུལ་ཁྲིམས་འདི་མི་གཉིས་ཀྱི་གཤིས་ཀ་འདུག ཁོང་རྒྱ་ནག་ལ་འགྲོ་བ་དང་ཆོས་བཤད་སྐབས། སྙིང་རྗེ་དང་། བྱམས་པ། ཕན་ཚུལ་བརྩི་འཇོག་ལྟ་བུའི་ཚིག་ལས་མ་འདས། བོད་ཁུལ་ལ་ག་དུས་ཡིན་རུང་ཁྲིམས་འཁུར་དགོས་པ་དང་། སྡིག་པ་དང་དམྱལ་བ་དང་མི་དགེ་བའི་ལས་ཤ་སྟག་ལས། བྱམས་སྙིང་རྗེ་དང་ཕན་ཚུན་བརྩི་འཇོག་སོགས་ཀྱི་སྐད་ཆ་བཤད་ཀྱི་མིན་འདུག ས་གནས་བོད་པ་ཚོས་བཤད་རྒྱུར་མཁན་པོ་དེས་བཙན་དབང་གིས་ཉེ་འཁོར་གྱི་བོད་པ་ཚོར་དཀར་བཟས་སྐྱོང་འཇུག་པ་དེ་དམིགས་ཡུལ་གཞན་མིན་པར། ཁོ་པའི་སྦྱིན་བདག་རྒྱ་མི་དེ་ཚོའི་མིག་ལ་མཛེས་པོ་ཡོང་ཆེད་དང་། རྒྱ་མི་སློབ་མ་ཚོར་མཁན་པོ་ཁོ་རང་གི་དབང་ཐང་དང་སྟོབས་ཤུགས་ངོམས་ཆེད་རེད་ཟེར། དེ་བདེན་པ་ཡིན་ན་བླ་རྒན་འདི་རྒྱ་ནག་ལ་ཕེབས་ན་ས་གནས་ཀྱི་བོད་པ་ཚོར་རང་དབང་ཇེ་ཆེ་ཡོང་ངེས། ཁོང་བོད་ཀྱི་ས་ལ་བསྡད་ན། རྒྱ་མིའི་བདེ་སྐྱིད་དེ་བོད་པའི་སྡུག་བསྔལ་གྱི་ཕྲག་པའི་སྟེང་ནས་སྒྲུབ་མཁན་གྱི་མི་ཞིག་ལས་མ་འདས་སྙམས།
བོད་ནས་སྤེལ་བའི་བཅའ་འདྲི་གཅིག་གི་ནང་ལ་བཤད་རྒྱུར། མཁན་པོ་ཁོང་གི་རྒྱའི་སྦྱིན་བདག་ཤུགས་ཆེ་བ་འགའ་ཤས་དགོན་པའི་འཛིན་སྐྱོང་གི་ལས་སྣེའི་ནང་ལ་འཇུས་གཏོགས་བྱེད་ཤུགས་ཆེ་བས། རྒྱའི་སྦྱིན་བདག་ཚོའི་ལག་པ་དེ་དགོན་པའི་འཛིན་སྐྱོང་གི་ཐོག་ལ་བསླེབས་ནས། དགོན་པ་དང་མཁན་པོ་བརྒྱུད་ནས་རྒྱའི་སྦྱིན་བདག་དེ་ཚོའི་ཁྲིམས་བོད་པའི་མགོ་ཐོག་ལ་གནོན་གྱི་འདུག་ཟེར། དེ་བདེན་ཚོད་ལ་སྣང་། མཁན་པོ་དགོན་པ་དེར་བསླེབས་ནས་ལོ་མང་པོ་ཕྱིན་པ་དང་། སྔོན་མ་ཤ་ཟ་མི་ཆོག་པའི་སྐད་ཆ་མེད། ཁོང་ཡང་ཤ་ལ་མཉེས་ཐག་ཆོད་ཡིན་ཚོད། ཤ་ཟ་མ་ཆོག་པའི་སྐད་ཆ་དེ་རྒྱའི་སློབ་མ་ཇེ་མང་དུ་སོང་བ་ནས་འགོ་ཚུགས་པ་རེད། ད་དུང་ཞིབ་པར་དཔྱད་པ་མཛོད། ངས་ཀྱང་བཅར་འདྲི་འདི་དག་བཙལ་ནས་བྱུང་འགྱུར་ཁ་བརྡའི་ཐོག་ལ་གཟིགས་ཐུབ་པའི་རྩོལ་བ་བྱ་རྒྱུ་ཡིན།
ངས་ཀྱང་བཅར་འདྲི་འདི་དག་བཙལ་ནས་བྱུང་འགྱུར་ཁ་བརྡའི་ཐོག་ལ་གཟིགས་ཐུབ་པའི་རྩོལ་བ་བྱ་རྒྱུ་ཡིན།
ཟེར་་
མཁན་པོ་ཚུལ་བློ་ཟེར་ཡ་དེ། རྒྱ་རིགས་དང་འབྲེལ་འདྲིས་ཆེ་ལ་བོད་མི་རིགས་ཀྱི་ཆོས་ལུགས་ཁག་བར་གུས་བརྩི་མེད་པར་གཅིག་སྤེལ་གཅིག་བསྣུབ་ཀྱི་ལས་བྱ་ཁ་དོན་གཉིས་ཀར་ལག་ལེན་བྱེད་མཁན་ཞིག་ཡིན་ཚོད་འདུག ཁོ་པས་ཀྱང་ཆོས་ལུགས་འགའ་ཤས་ལ་སྐུར་འདེབས་བྱས་པའི་དེབ་ཀྱང་བྲིས་ཏེ་བོད་རྒྱ་གཉིས་ཀའི་ཡིག་རིགས་ཀྱི་ཐོག་ནས་འགྲེམས་སྤེལ་ཡང་བྱས་འདུག་ཟེར། རྗེས་སུ་དེ་ལ་ཆོས་རྒྱུད་གཞན་པའི་མི་སྣས་ཁོ་པ་ལ་ནན་བཙིར་འདྲི་བརྩད་བྱས་པས་ཁོ་པས་ལན་བཏབ་དོན་ལ་ཁོའི་སློབ་མ་ཡིག་སྒྱུར་ཚོས་བསྲེ་བསླད་བྱས་པ་ལྟ་བུར་བཤད་ཀྱི་འདུག་ཟེར།
༢༠༡༢ཟླ་བ་དང་པོའི་ནང་ལ་གོང་ས་མཆོག་གིས་རྡོ་རྗེ་གདན་ལ་དུས་དབང་གསུང་ཆོས་སྐབས་གསལ་བཤད་གནང་སོང་། གོང་ས་མཆོག་གིས་གསུང་རྒྱུར། ཉེ་འཆར་བོད་ནང་ལ་བོད་ཀྱི་འབྲོག་སྡེ་ཁུལ་ལ་ཤ་སྤོངས་དགོས་ཟེར་བའི་ཁྲིམས་གཏོང་བ་དེ་ནི་ཤིན་དུ་ནས་མ་རུང་བ་དང་། ང་ཚོ་བོད་པ་འབྲོག་པའི་འཚོ་བ་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་སོང་བས་ལས་འགུལ་འདི་རིགས་ཀྱིས་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་གནོད་སྐྱོན་ཆེན་པོ་ཡོང་བ་དང་། དེ་བཞིན་བོད་པ་རྣམས་ལ་སེམས་ཅན་བཤའ་རྒྱུར་དཀའ་ངལ་འཕྲད་སྟབས། སེམས་ཅན་གཞན་ལ་བཙོང་དགོས་པ་བྱུང་བ་དང་། སེམས་ཅན་ཉོ་མཁན་ཁ་ཆེ་ཚོས། དངུལ་ལ་གྲོན་ཆུང་ཡོང་ཆེད། སེམས་ཅན་ག་ཚོད་མང་མང་སྡེབ་གཅིག་ལ་རླངས་འཁོར་ནང་ལ་རྫངས་ཨེ་ཐུབ་བྱས་ནས། མཐའ་ན་སེམས་ཅན་གསོན་པོར་རྐང་ལག་བཅད་ནས་རླངས་འཁོར་ནང་ལ་རྫངས་པའི་གནས་ཚུལ་བྱུང་འདུག དཀའ་ངལ་དེ་ཚོ་ང་ཚོས་བཟོས་པ་རེད། གལ་ཏེ་བོད་ཀྱི་འབྲོག་པ་ཚོས་སེམས་ཅན་བཤས་པ་ཡིན་ན། འདི་ལྟ་བུའི་སྡུག་སྦྱོང་སྤྲོད་མི་སྲིད་ལ་མ་མཐར་ཡང་ཁ་ནས་མ་ནི་རེ་གཉིས་འདོན་གྱི་རེད་གསུངས་ཟེར།
མཁན་པོ་ཚུལ་བློའི་མཁྱེན་ཡོན་ལ་ཡི་རང་དང་གུས་བཀུར་ཡོད། ཡིན་ན་ཡང་། “བླུན་པོ་འཆུག་ན་མཐོ་གང་། མཁས་པ་འཆུག་ན་འདོམ་གང་”ལྟར་གྱི་ཕྱག་ལས་ཤིག་མཁན་པོ་ཁོང་གིས་གཙོ་བྱས་ཏེ་གནང་འདུག་པ་དྲང་བདེན་རེད། དེ་ལ་བརྟེན་ནས་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་ཞིག་གིས་ཁོང་གི་དགེ་བཅུའི་ཁྲིམས་ཐད་ལ་དགག་སྒྲུབ་སྣ་ཚོགས་ཤིག་བྱས་འདུག
འདིར་ཆེད་དྲངས་༼མཚོ་སྔོན་པོ་ཟིན་བྲིས་༽ཀྱི་འབྲེལ་ཐག་དེའི་ནང་དུ་དགེ་བཅུའི་ཁྲིམས་དང་འགལ་མཁན་སྐོར་ཞིག་ལ། རིག་གསར་སྐབས་དང་རྒྱ་ལུགས་ལྟར་གྱི་ཁྲིམས་ཆད་གཅོད་ཀྱིན་པའི་པར་རིས་ཁ་ཤས་འདུག་པ་དེར་གཟིགས་རོགས།
http://blog.amdotibet.cn/strayyak/archives/95656.aspx
མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ནི། དང་པོ། བཤས་ཚོང་མི་བྱ་བ། གཉིས་པ། རྐུ་ཇག་མི་བྱ་བ། གསུམ་པ། མཚོན་འཛིང་མི་བྱ་བ། བཞི་པ། སྨད་ཚོང་མ་མི་བསྟེན་པ། ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། བདུན་པ། ཆང་མི་བཏུང་བ། བརྒྱད་པ། ཤོ་རྒྱན་མི་བསྐུག་པ། དགུ་པ། རྔོན་མི་བྱ་བ། བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ་བཅས་རེད། ཟེར་བ་ལས་གཅན་གཟན་གྱི་པགས་པ་མི་གྱོན་པ་ཟེར་དོན་ལ་བསམ་ན་རྒྱལ་ཁབ་རིམ་པས་གྲངས་ཉུང་སྲོག་ཆགས་རིགས་རྒྱུན་མི་འཆད་པའི་ཕྱིར་དུ་སྲུང་སྐྱོབ་བྱེད་པ་ཙམ་ལས་དགེ་སྡིག་གི་བླང་འདོར་ལ་བསམ་པ་གཏན་ནས་མ་ཡིན་པ་འདྲ་མཚུངས་ཡིན་པ་རེད། དེ་ཡང་གཞན་ངོར་ལད་ཟློས་ཙམ་དུ་ཟད་པ་ལས་དེ་ལྟར་ན་ནང་ཆོས་ནང་དུ་སེམས་ཅན་གྱི་སྲོག་གཅོད་ཡ་ལ་འོས་མི་འོས་ཀྱི་རིགས་གཉིས་སུ་ཕྱེས་པ་འདྲ་བོ་ཆགས་བཞག
ལུང་རྟོགས་ཟེར་བས་བྱིས་པའི་ལབ་བརྡོལ་བག་མེད་གཏོར་གྱིན་གདའ།
དགེ་བཅུའི་ཁྲིམས་ཟེར་བ་ཕྱིས་ཀྱི་ཚུལ་ཁྲིམས་བློ་གྲོས་ཀླད་དམར་སོགས་དྲན་རྒྱུ་ལས་རྒྱུ་མང་བ་ཁག་ཅིག་གི་བྱས་ཉེས་ཡིན་པ་དང། དེའི་སྟེང་ས་གནས་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཆེ་མཐོང་བསྟོད་བསྔགས་བྱས་པ་དང། མདོ་རྩ་འབྲོག་པ་གནས་སྤོའི་སྲིད་བྱུས་ལ་རོགས་འདེགས་རང་བཞིན་གྱིས་ཡོང་གི་ཡོད་པར་བརྟེན། འཇིག་རྟེན་ཆོས་བརྒྱད་ཀྱིས་བཟི་བའི་དམར་གཟུགས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་སྣོག་ལས་པ་ཁག་ཅིག་གིས་བསམ་བཏང་དྲན་བསྐྱེད་བྱེད་པ་འདི་རིགས་ལ་ས་གནས་མི་མང་ཕར་ཟད། བོད་མི་ཡོངས་ཀྱིས་རྩ་བ་ཉིད་ནས་ངོས་ལེན་གནང་ཐུབ་ཀི་མ་རེད་ལ། མུ་མཐུད་ནས་ཁོ་པ་ཚོའི་བྱས་ཉེས་གསལ་རུ་འགྲོ་བ་དང་ཕམ་ཉེས་འགྲོ་གི་རེད། ཚུལ་བློ་ཁོ་པ་ཡག་པོ་བྱས་ཏེ་དཔེ་ཁྲིད་དང་ཚུལ་མཐུན་གྱིས་བཞུགས་ཡོད་ན་མཁན་པོ་བསོད་དར་རྒྱས་སོགས་དེང་སེར་སྐྱ་ཚང་མས་གུས་བས་འདུད་པ་ཞིག་ཡོང་མོད། ཁོ་པ་སྙོག་ལས་མང་སྟབས་གནས་སྟངས་འདིར་ཟགས་པ་རེད། སོང་ཙང། ཁོ་པ་ཚོའི་དགེ་བཅུའི་ཁྲིམས་ཟེར་བ་དེ་ཚོ་མེ་ལ་བསྲེགས་ནས་ཆུ་ལ་གཡུག་རོགས།།།
རྩོམ་ཡིག་གི་ཁ་བྱང་དང་ནང་དོན་ཏག་ཏག་བསྡད་དགོས་ན་མིང་འདི་ཐོགས།
དེང་དུས་ཀྱི་དཔེ་གསར་དགེ་བཅུའི་ཁྲིམས་ལ་རྒོལ་བའི་ལན་ལོག་རྟོག་ཝུ་ཚུགསཀྱི་ཚར་གཅོད།
མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ནི།
དང་པོ། བཤས་ཚོང་མི་བྱ་བ།
གཉིས་པ། རྐུ་ཇག་མི་བྱ་བ།
གསུམ་པ། མཚོན་འཛིང་མི་བྱ་བ།
བཞི་པ། སྨད་ཚོང་མ་མི་བསྟེན་པ།
ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ།
དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ།
བདུན་པ། ཆང་མི་བཏུང་བ།
བརྒྱད་པ། ཤོ་རྒྱན་མི་བསྐུག་པ།
དགུ་པ། རྔོན་མི་བྱ་བ།
བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ་བཅས་རེད།
བོའུ ་ཟེར་ན་ གང་རེད།
དགེ་བཅུའི་ཁྲིམས། ༼༡ བཤས་ཚོང་མི་བྱེད་པ་༽ཞེས་གསུངས་པ་ལས་སྒོ་བཤས་བཤའ་མི་ཆོག་དང་ཤ་ཟ་མི་ཆོག་ཅེས་གསུང་མེད་གི་ལྟོས་དང་། འདིའང་སྲུང་མི་དགོས་ན། ཟོག་ལུག་ཚང་མ་བཤས་ལ་ཕབ་ནས་དེའི་དངུལ་གྱིས་གྲོང་ཁྱེར་དུ་འཚོ་བ་རོལ་ནས་བསྡད་ན་མཇུག་མཐར་ཅི་ཡོང་མི་ཤེས་ཤིང་འབྲོག་སྡེ་སྟོང་བའི་ཉེན་ཁ་གཅིག་འདི་ནས་ཡོང་། ༼༢ ཇག་རྐུན་མི་བྱེད་པ།༽ འདིའང་སྲུང་མི་དགོས་ན། ཇག་རྐུན་ཅི་ཐུབ་བྱེད་དགོས་པ་ཡིན་ནམ། ཁྲིམས་འགལ་ཡང་རེད། ༼ ༣ མཚོན་འཛིང་མི་བྱེད་པ། ༽འདིའང་སྲུང་མི་དགོས་ན་ཕུ་ནུ་ནང་དམེ་བོད་ཁུལ་ནས་སྔར་མང་པོ་བྱས་པ་ནང་བཞིན་ད་དུང་བྱེད་དགོས་པ་ཡིན་ནམ། ༼ ༤ སྨན་ཚོང་མ་མི་བསྟེན་པ། ༽འདིའང་སྲུང་མི་དགོས་ན་བོད་ཁུལ་ལ་ཨེ་ཛིའི་ནད་ནང་འདྲེན་དགོས་པ་ཡིན་ནམ ། ༼༥ བོའུ་དང་ཉལ་ཐའི་ཚོང་མི་བྱེད་པ།༽ འདིའང་སྲུང་མི་དགོས་ན་ནག་ཚོང་འདིས་དཔལ་འབྱོར་གང་འཕེལ་བྱས་རྗེས་བཙོན་ཁང་དུ་ཤི་སྒུག་དགོས་པ་ཡིན་ནམ། ཁྲིམས་འགལ་ཡིན་པའི་ཕྱིར། ༼༦ ཉལ་ཐ་དང་ཐ་མ་མི་འཐེན་པ། ༽ འདིའང་སྲུང་མི་དགོས་ན་མི་རྣམས་ནད་པ་དང་རང་དབང་བྲལ་བའི་སྨྱོན་པ་བྱེད་འདོད་པ་ཡིན་ནམ། ༼༧ ཆང་ཚོད་མེད་དུ་མི་འཐུང་བ།༽ འདིའང་སྲུང་མི་དགོས་ན་སྤྱི་ཚོགས་ཀྱི་བདེ་འཇག་དང་རང་རང་གི་འཕྲོད་བསྟེན་ཡང་མི་དགོས་པ་ཡིན་ནམ། ༼༨ ཤྭ་རྒྱན་མི་སྐུག་པ། ༽འདིའང་སྲུང་མི་དགོས་ན་རྒྱུ་ནོར་དང་དུས་ཚོད་ཆུད་ཟོས་དགོས་པ་ཡིན་ནམ། ༼༩ རྔོན་མི་བྱ་བ།༽འདིའང་སྲུང་མི་དགོས་ན་འཁོར་ཡུག་སྲུང་སྐྱོབས་ལ་གཏོར་བཤིག་དང་ཁྲིམས་འགལ་གྱི་ལས་ལ་ཞུགས་དགོས་པ་ཡིན་ནམ། ༼༡༠ གཅན་གཟན་པགས་རིགས་མི་གྱོན་པ། ༽འདིའང་སྲུང་མི་དགོས་ན། བོད་མི་ཕལ་ཆེ་བས་སྔར་ནས་བཅད་ཚར་བས་ཁྱེད་རྣམས་ཁོ་ན་བོད་མིའི་ཁྱུ་ནས་བུད་འདོད་པ་ཡིན་ནམ། དགེ་བཅུའི་ལྡོག་ཕྱོགས་མི་དགེ་བ་བཅུ་པོ་ལ་འཛེམ་མེད་དཔྱད་ཀྱང་མི་གནོད་ན། རྐུན་ཇག་དང་ནང་དམེ་སྨད་ཚོང་དང་ཉལ་ཐ་སོགས་དང་དུ་ལེན་བྱ་ཡིན་ནམ། འདི་རྣམས་ཕལ་ཆེ་བ་རྒྱལ་ཁབ་ཀྱི་ཁྲིམས་དང་མི་མཐུན་པའང་རེད། དྲ་གྲོགས་རྣམས་པ་བློ་གཟུ་བོར་གནས་ནས་དཔྱད་པ་ཐོངས་ཤིག
བཤད་ཚད་མི་བདེན་ཚོ་ཙད་མི་བྱ་ཟེར་བ་ལྟར་རེད་
ཁ་བརྡའི་ནང་ལ་། རྐྱུག་བྲོ་བའི་འཆལ་གཏམ་དང་། ལྷང་འཇག་མིན་པའི་རྒྱུན་ལྡན་འདིས་། ཁབ་བརྡ་དྲྭ་བའི་མིང་བརྫད་འདུག་། འདིས་ནི་དྲྭ་ནང་རྒྱ་རྒན་སང་གི་མྱུལ་མའི་གང་འདུག་། ཞེས་གྲགས་པ་ལྟར་། གསར་བར་མཚོན་འདུག་ལ་། འདི་ལ་ཡ་ལན་བྱེད་མཁན་དང། ་ཆ་འཇོག་བྱེད་མཁན་ཡང། ཚོགས་པ་ཁྱོད་རང་མ་གཏོགས་། གཞན་ཉིན་མོའི་སྐར་མ་ཙམ་ཡིན་པ་ཤེས་པར་གྱིས། གླད་མེད་གླེན་པའི་སྨྱོ་བཤད་། སྤྱི་འགྲོའི་ཚིག་འཆལ་ཙམ་གྱིས། ང་རྒྱལ་བྲག་རི་མཐོ་ནོ། རང་གཞན་བའི་སྔ་ལྟའི་
རིན་ཆེན་དར་རྒྱས་ལགས་ཀྱིས་བདེན་པར་གསུངས་འདུག་། ཡིན་ན་འང་བྱང་ཁུའི་རྣ་བར་འགྲོ་མདོག་ཁ་པོ་འུ་ཡིན་ནམ་སྙམ་། ཡིན་ན་འང་དེ་འདྲེས་རིགས་ནི་། སྲང་ལམ་མྱུལ་བའི་རྐྱ་སྟོང་དང་། རང་རྟོ་མི་ཁེང་བ་རྣམས་ཡིན་པས་། ཐུགས་ཕམ་གནང་མི་དགོས་ལ་། ཡ་ལན་བྱེད་ཀྱང་དོན་སྙིང་མེད་
བསམ་ཤེས་ལགས། མཁན་པོ་ཚུལ་ཁྲིམས་བློ་གྲོས་མི་ཅི་འདྲ་ཞིག་ཡིན་བོད་མི་ཕལ་ཆེ་བའི་སེམས་ལ་གསལ་གསལ་ཐིང་ཐིང་ཡིན་པས་ཉི་ཤར་སྦར་མོས་བཀབ་ཐབས་བྱེད་པ་ནི་རང་ཉིད་ངལ་བའི་རྒྱུ་ཙམ་དུ་ཟད། མི་གསོན་པོར་བཅར་འདྲི་བྱས་ནས་སེང་རྡོར་དྲ་རྒྱ་སོགས་སུ་བཀོད་འདུག་ཟེར་ན་ཅི་ཟེར་བ་རེད། མི་གསོན་པོ་ལ་བཅར་འདྲི་མ་བྱས་ན་ཤི་པོ་ལ་བཅར་འདྲི་ཇི་ལྟར་བྱེད། གནས་ལུགས་བཤད་སྟངས་འདི་འདྲ་མ་རེད་གྲོགས་པོ། མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ནང་ལ་བཤས་ཚོང་མི་བྱ་བ་གསུང་པ་ལས་སྒོ་བཤས་མི་བྱ་བ་གསུང་མེད།
ཁ་ཆེ་ཚོས་སེམས་ཅན་གསོན་པོ་རྐང་ལག་བཅག་ནས་རླང་འཁོར་ནང་ལ་རྫངས་པའི་གནས་ཚུལ་དེ་ཡང་བཤས་ཚོང་བྱས་པ་ལ་རྟེན་ནས་བྱུང་བ་ཞིག་རེད། གཞན་ཁྱོད་རང་གི་སྐད་ཆ་ལ་ཁུང་ལུང་རྒྱུ་མཚན་ཡོད་པ་གང་ཡང་མི་འདུག་པས་ལན་འདེབས་ཀྱི་ངལ་བ་བརྟེན་འདོད་མ་བྱུང་།
མདོར་ན་མཁས་དབང་དགེ་ཆོས་ཀྱིས། མངོན་འགྱུར་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། །ངམ་གནག་བཞིན་གྱི་གཉེར་མ་མི་སང་བ། །མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་འདིས། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།། ཅེས་པ་དེ་ཧ་ཅང་བདེན་པའི་གཏམ་དུ་འཁུམ།
ད་དུང་བཤད་དགོས་པ་ཞིག་ལ་གོང་ས་མཆོག་གིས་བོད་པས་ནོར་ལུག་མེད་པ་བཟོས་ན་མི་འགྲིག་པའི་བཀའ་སློབ་གནང་བ་ངས་ཀྱང་གོ་མྱོང་། འོན་ཀྱང་དེ་ནི་ཕྱོགས་ཞན་དང་ཕྲག་དོག་ཅན་གྱི་མི་ངན་ཞིག་གིས་གོང་ས་མཆོག་ལ་སྙན་ཕྲ་ཞུས་ཡོད་པ་གསལ་པོ་རེད། མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ནང་ལ་བཤས་ཚོང་མི་བྱ་བར་གསུང་པ་ལས་སྒོ་བཤས་མི་བྱ་བ་དང་ནོར་ལུག་མེད་པ་བཟོ་དགོས་པ་ཞིག་གང་དུ་ཡང་གསུང་མེད།
བོའུ་ཟེར་བ་དེ་་མེ་མདའ་ལ་ཟེར་གྱི་ཡོད་རེད།
ཀརྡོ་གཉེར་ཕྱག་ལགས་ཀྱིས་དྲིས་ལན་དུ་ཕུལ།།
ཀྲུང་དབྱང་ཏང་དང་ལག་འབྲེལ་བྱས་ནས་བོད་མིའི་སྙིང་སྟོབས་ལ་ནུས་མེད་ཟུངས་ཟད་གཏོང་མཁས་ཀྱིས་ཚུལ་བློ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ཆོས་པ་ཡིན་ན་དགོན་པ་ནས་མི་བཞུགས་པར་སྤྱི་ཚོགས་ནང་འཚངས་སྟེ་དཔལ་འབྱོར་གོས་ཁ་ཞན་པའི་བོད་མི་ཉམས་ཆུང་ཚོའི་སྟེང་ལས་འགུལ་སྣ་ཚོགས་ཤིག་སྤེལ་བ་དེར་ངོ་རྒོལ་ཡོད། ཁྱེད་ཚོ་ཀོར་ཟས་ཀོར་ཆུ་ཡིས་རྒྱགས་པ་མ་ཟད་རྒྱ་གཞུང་རྒྱ་མིས་སྒོར་དང་འབྱོར་བས་བཟི་ཡོད་ན་ཡང་། བོད་མི་རིགས་འཇིག་རྟེན་པ་བཞིན་འཚོལ་དགོའ་ངེས། ད་ནི་ཆོས་པ་ཚོས་འཇིག་རྟེན་སྤྱི་ཚོགས་ནང་ཁྱོ་ཏོ་མ་བྱེད་རོགས
༡༦༽ ནག་ཆུ་ཀུན་དགའ་ལགས། སྐུ་དྲིན་ཆེ།
དགེ་བཅུའི་ཁྲིམས་ཞེས་ཁར་འཁྱེར་ནས་མཁན་ཆེན་ཚུལ་བློ་ལ་སྨད་པ་ནི་གཞི་མེད་ཀྱིས་ཧམ་བཤད་དམ། ཕྱོགས་ལྷུང་དང་རྨོངས་ཞེན་གྱིས་སྤྱི་ཚོགས་སུ་གླེང་ཕྱོགས་བཟོ་བ་ལས་ཡིན་ལུགས་གི་རྒྱུ་མཚན་གཏི་འབྲུ་ཙམ་ཡང་བཤད་རྒྱུ་མེད་པས་རྨོངས་རྒན་དེ་ཚོའི་སྤྱོད་ངན་ཇི་ཙམ་སྤེལ་ཡང་དེ་དག་ནི་རང་ཉིད་ཆུང་ནས་ཆུང་དུ་བཟོ་རྒྱུ་ལས་མེད་དོ།
བཙན་བྱོལ་ནང་གི་དྲ་འབུ་ཁྱོད་ཚོས་རང་གི་རྒྱབ་མ་འཁྱག། མདུན་མ་ལྟོགས་ཙམ་ཞིག་གི་དོན་ལས་བོད་མི་རིགས་དང་། མི་རིགས་འདིའི་རིགས་གཞུང་ལ་ཕན་པའི་བྱས་རྗེས་སྣེ་གཅིག་ཅི་སྟོན་རྒྱུ་ཡོད།
དགེ་བཅུའི་ཁྲིམས་ལག་ལྟར་བྱེད་སའི་ས་གནས་ཁ་ཤས་དང་། ས་གནས་དེའི་དགོན་པའི་བླ་གྲྭ་ཁ་ཤས་ཀྱིས་བྱ་སྤྱོད་མ་འཚམ་པར། ཚུལ་ཁྲིམས་བློ་གྲོས་ལ་བསྐུར་བ་འདེབས་དོན་ཅི་རེད། གནས་ཚུལ་ཆ་ཚང་མ་རྟོགས་པར་འཕྲག་དོག་དང་ངན་སེམས་མ་འཆང་། ཉག་རོང་དགེ་འདུན་མཐུན་ཚོགས་བགྲོ་གླེང་སྐབས། YouTube དགོན་པའི་གློབ་གསོ་གླེང་བ། 3 དང་།༽ ༢༠༡༢ ལོའི་བླ་རུང་བདེ་ཅན་ཞིང་སྒྲུབ་ཆེན་མོ། བཅས་ལ་ལྟོས་དང་། དགེ་བཅུའི་ཁྲིམས་ཀྱི་གནས་ཚུལ་ངོ་མ་གོ་ཡོང་།
དགོན་པའི་གློབ་གསོ་གླེང་བ། 3
༢༠༡༢ ལོའི་བླ་རུང་བདེ་ཅན་ཞིང་སྒྲུབ་ཆེན་མོ།
གོང་འདི་གཉིས་YouTube ནང་ཐད་ཀར་བོད་ཡིག་བྲིས་ན་ལྟ་ཐུབ།
མགོ་ལོག་ལུང་རྟོགས་སྐྱ་མིན་སེར་མིན་ཁྱོད།
མགོ་ལོག་འབྲོག་པའི་སྐྱིད་སྡུག་མ་མཐོང་བར།
མགོ་ལོག་གཡག་རྒན་ཚེ་ཐར་གཏོང་འདོད་འདི།
མགོ་ལོག་ཨ་མའི་འཚོ་རྟེན་གཏོར་འདོད་རེད།
འཚོ་བ་རང་སྐྱོང་ཐུབ་པའི་བོད་འབྲོོག་ཚོའི།
འཚོ་རྟེན་གཡག་རྒན་བེད་མེད་མ་བཟོས་ན།
འབྲོག་པའི་འཚོ་བ་རི་ལ་སྐྱེལ་ངེས་པས།
རྒྱ་སྒྱུར་སྲིད་ཇུས་འགྲུབ་ཐབས་ག་ན་ཡོད།།
ཡ་ད་ང་ཚོས་དགེ་བཅུའི་ཁྲིམས་ལ་ཞིབ་འཇུག་བྱེད། དགག་སྒྲུབ་བྱེད།
༡ ཁྱེད་ཚོས་འདིར་དྲངས་ཡོད་པའི་དགེ་བཅུའི་ཁྲིམས་ཟེར་བ་དེ་ལ་སྐྱོན་ཞིག་མི་འདུག ལྷག་པར་ངའི་སེམས་ལ་འཕྲོད་ཤོས་དེ་ནི་བོད་མཐོ་སྒང་གི་འབྲི་གཡག་སྲུང་སྐྱོབ་ཀྱི་ཀྲིམས་དེ་རེད། མཐོ་སྒང་གི་འབྲི་གཡག་རྩ་སྟོང་ལ་འགྲོ་རན་པ་རེད། དེ་སྐྱོབ་ཐབས་ཤིག་བྱེད་མཁན་ཡོད་ན་ང་ཚོ་ཚང་མས་སྲིད་གཞུང་ལ་སྙན་ཞུ་འབུལ་བ་ཡན་ཆོད་བྱས་ནས་རྒྱབ་སྐྱོར་འོས་པ་ཞིག་རེད་བསམ། མ་མཐའ་ཡང་ཁྲོམ་རར་འབྲི་གཡག་གི་ཤ་བཙོང་མི་ཆོག་པ་ཞིག་བྱེད་པར་ང་ཚོ་ཚང་མས་ཤུགས་རྒྱག་དགོས་པ་འདུག
༢ དྲ་མཆན་པ་ཁ་ཅིག་གིས་ཚུལ་ཁྲིམས་བློ་གྲོས་ཟེར་བ་དེ་རྒྱ་དམར་དང་འབྲེལ་བ་ཡོད་ཚུལ་ཞིག་བཤད་འདུག རྒྱ་དམར་གྱི་རྒྱུགས་ཁྱི་བླ་རྒན་ཚོར་རྒྱ་དམར་གཞུང་གི་གོ་གནས་སྤྲོད་གི་འདུག གངས་ཅན་བླ་མ་ཡང་ཕྱི་སྡོད་བོད་མིའི་སྐུ་ཚབ་ལ་བསྐོས་འདུག ཚུལ་ཁྲིམས་བློ་གྲོས་ལ་རྒྱ་དམར་གཞུང་ཕྱོགས་ནས་གོ་གནས་ག་རེ་སྤྲད་ཡོད་པ་རེད།
༣ ངས་གོང་དུ་དགེ་བཅུའི་ཁྲིམས་དང་འགལ་ན་ཉེས་ཆད་ག་རེ་གཅོག་གི་རེད་ཟེར་ནས་དྲིས་ཡོད། ཡིན་ན་ཡང་ལན་གསལ་པོ་བྱུང་མ་སོང་། གནའ་སྔ་མོའི་རང་རེའི་དགོན་སྡེ་ཚོ་ནང་བཞིན་ལྕག་ཚན་གཏོང་གི་རེད་དམ། དེ་མིན་པར་ཆོས་ཚོགས་རང་རང་གི་ཚོགས་མིའི་ཁེ་ཕན་མེད་པར་བཟོས་པ་སོགས་ནི་འགྲིགས་པ་ཞིག་རེད་བསམ། ངས་ངོ་མ་དེ་ཚོ་ཤེས་འདོད་འདུག
བོད་མི་ཞིག་ལ་མཚོན་ན་འབྲི་གཡག་ནི་རང་རང་གི་ཕ་མ་ལས་ཀྱང་དྲིན་ཆེན་རེད། ཕ་མ་གསོད་མི་རུང་ན་འབྲི་གཡག་གསོད་རུང་བའི་རྒྱུ་མཚན་ཁྱེར་ཤོག
འབྲི་གཡག་ནི་བོད་མི་རིགས་ཀྱི་བླ་ཟོག་དང་མཚོན་རྟགས་རེད། འདི་གསོད་དགོས་ཟེར་མཁན་ཞིག་ཡིན་ན་དེའི་ཡ་རབ་བཟང་སྤྱོད་དང་མི་རིགས་ཀྱི་ཞེན་པ་ཟེར་བ་དེ་ངས་ཤེས་ས་མ་རེད།
འབྲི་གཡག་བཤས་ནས་ཕྱུག་པོ་བཟོ་མཁན་དེ་ཚོ་རྒྱ་ཁ་ཆེ་རྐུན་མ་ཚོ་རེད། བོད་མིས་འབྲི་གཡག་བཤས་ཚོང་བྱས་ནས་ཕྱུག་པོར་གྱུར་པ་མཐོང་མ་མྱོང་། གལ་སྲིད་འབྲི་གཡག་གི་ཤ་ཁྲོམ་རར་བཙོང་མི་ཆོག་པ་ཞིག་ཁྲིམས་ཐོག་ནས་ཡོང་བར་བོད་པའི་གཞན་སྐྱེས་ཚང་མས་ཤུགས་བརྒྱབ་ན་འབྲི་གཡག་བོ་དམིའི་སྒོ་ཁར་རང་ཤུགས་ཀྱིས་འདུག་གི་རེད་བསམ། བོ་དཡུལ་སྟོད་སྨད་བར་གསུམ་ན་འཕྲུལ་ཆས་ལ་བརྟེན་ནས་འབྲི་གཡག་གི་བཤས་ར་འཛུགས་མཁན་ཚང་མ་རྒྱ་ཁ་ཆེ་རེད། བཤས་ཚོང་གི་དངུལ་ཁོ་ཚོའི་ལག་ལ་འགྲོ་གི་འདུག
ངོ་དེབ་ཏུ་མཆན་འདི་འདྲ་ཞིག་བྲིས་འདུག གོ་རྒྱུ་ཆེན་པོ་མི་འདུག་གམ།
དཔེར་ན་དགེ་བཅུའི་ཁྲིམས་ཀྱི་ལྡོག་ཕྱོགས་ནས་བསམ་བློ་བཏང་ན། དགེ་བཅུའི་ཁྲིམས་ཀྱི་ལྡོག་ཕྱོགས་ནི་རྐུ་ཇག་བྱ་བ། སྨད་ཚོང་མ་བརྟེན་པ། མཚོན་འཛིང་བྱ་བ། ཤོ་རྒྱན་སྐུག་པ་སོགས་རེད། འདི་ཙམ་ཞིག་ངོ་མི་འཕྲོད་པའི་མི་ཞིག་ག་ལ་ཡོད། འོན་ཀྱང་རིགས་ཞེན་མེད་ཅིང་ཕྲག་དོག་གིས་འཚོ་བའི་མི་རྣམས་ལ་གོ་བརྡ་སྤྲོད་པ་ནི་རྒྱག་རེས་ཀྱི་རྒྱུ་ལས་མ་འདས་པས་སྡིག་གྲོགས་རྣམས་ཁོ་རང་ཚོའི་ས་ནས་གཟེར་རྒྱུག་ཏུ་ཆུགས་ནས་ཞོགས་དང་དེ་དགའ་གི་རེད་ལགས། དཔྱོད་ཤེས་ཀྱི་མིག་དང་ལྡན་པ་ཚོས་བླངས་དོར་བྱེད་བཞིན་པ་རེད། འདི་ཚོ་ལ་དངོས་གནས་ཐབས་ཤེས་ཡོད་མ་རེད། སྔོན་བདག་ཅན་སྟོན་པས་ཆོས་འཁོར་བསྐོར་བའི་སྐབས་སུ་ཡང་ཉེ་འཁོར་ཀྱི་གྲོང་གསེབ་པ་མང་པོས་ཁ་གཏོང་ནས་ཤི་གྲབ་བྱེད་ཀྱིན་ཡོད་པ་རེད། ཐ་ན་སྟོན་པའི་ཞལ་དང་ལྷུང་བཟེད་ནང་ལ་གཤེ་ཞོར་དུ་ས་གཏོར་མཁན་ཡང་བྱུང་ཡོད་རེད།ཉི་འོད་མཐོང་ས་མེད་པ་དེ་འུག་པའི་ལས་རེད། འུག་པའི་ལུས་རྟེན་མ་བརྗེས་བར་དུ་ཐབས་ཤེས་ཡོད་ནི་མ་རེད་ལགས།
ཕག་པ་བཤའ་མི་ཆོག་པའི་ཡུལ་ལུང་ནང་དུ་ཕག་པ་མེད་པ་རེད།་་་དེ་ཙམ་ཤེས་ན་འགྲིག་ས་རེད། འབྲི་གཡག་ཕ་མ་ལས་དྲིན་ཆེ་བ་བརྩི་མཁན་ཚོས་རང་གི་ཕ་མ་དུད་འགྲོ་ལས་རིན་ཐང་ཆེ་ཙམ་ངོས་འཛིན་ཐུབ་ན་འགྲིག་ས་རེད།་་་་ཨ་མ་མུ་གེ་གསོད་མཁན་ཐེག་ཆེན་སེམས་དཔའ་འདི་དག་ནི་འགྲོ་བ་མི་རིགས་ཀྱི་གད་སྙིགས་འདྲ་པོ་རེད།་་་ཡུལ་ལུང་ཕུང་སྦྱོར་མ་ཐུབ་ནས་སྡོད་ཡོད་རེད་།
བོད་པའི་མི་ཡིས་གཡག་བཤའ་ཆོག་ན་རྒྱ་ཁ་ཆེ་ལག་ཏུ་འགྲོ་གི་མ་རེད་བ།་་་་་མི་ལོ་སྟོང་ཕྲག་མང་པོའི་རིང་དུ་བོད་པའི་གཡག་བོད་པས་བཤའ་ནས་འཚོ་བ་བསྐྱེལ་ནས་བསླེབས་པ་རེད།་་་དེང་སང་རྒྱ་ཁ་ཆེ་ཚོས་བོད་གཡག་བཤའ་གི་ཡོད་པ་རེད།་་་བོད་པས་བཤའ་མི་ཆོག་པ་རེད།་་་་དེ་ཙམ་ཤེས་ན་ཡང་ཨོ་ཙམ་རེད།
༼ཀྲུང་དབྱང་ཏང་དང་ལག་འབྲེལ་བྱས་ནས་བོད་མིའི་སྙིང་སྟོབས་ལ་ནུས་མེད་ཟུངས་ཟད་གཏོང་མཁས་ཀྱིས་ཚུལ་བློ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ཆོས་པ་ཡིན་ན་དགོན་པ་ནས་མི་བཞུགས་པར་སྤྱི་ཚོགས་ནང་འཚངས་སྟེ་དཔལ་འབྱོར་གོས་ཁ་ཞན་པའི་བོད་མི་ཉམས་ཆུང་ཚོའི་སྟེང་ལས་འགུལ་སྣ་ཚོགས་ཤིག་སྤེལ་བ་དེར་ངོ་རྒོལ་ཡོད། ཁྱེད་ཚོ་ཀོར་ཟས་ཀོར་ཆུ་ཡིས་རྒྱགས་པ་མ་ཟད་རྒྱ་གཞུང་རྒྱ་མིས་སྒོར་དང་འབྱོར་བས་བཟི་ཡོད་ན་ཡང་། བོད་མི་རིགས་འཇིག་རྟེན་པ་བཞིན་འཚོལ་དགོའ་ངེས། ད་ནི་ཆོས་པ་ཚོས་འཇིག་རྟེན་སྤྱི་ཚོགས་ནང་ཁྱོ་ཏོ་མ་བྱེད་རོགས༽ཟེར་བ་འདི་ལ་རྒྱབ་སྐྱོར་ཡོད།
རིན་ཆེན་དར་རྒྱས་ནས་ཡག་པོ་གསུང་འདུག བསམ་ཤེས་དང་ཀོང་རྗེ་ནས་༧གོང་ས་མཆོག་གི་གསུངས་དྲངས་ནས་སྒྲུབ་བྱེད་བཏང་གིན་འདུག འདི་ཏོག་ཙམ་མགོ་མ་ཚོས་པའི་རྟགས་འདུག འབྲོག་པས་ཤ་མ་སྤོང་ན་དགེ་བཅུའི་ཁྲིམས་དང་འགལ་སོང་བ་ཡང་མ་རེད། སྐེ་ལ་བཏགས་པའི་བྱང་ལེབ་དེ་ཚོའི་སྟེང་ཤ་ཟོས་པའི་ཉེས་མིང་དེ་འདྲ་བྲིས་མི་འདུག་ག འབྲོག་པས་ཤ་ཟོས་པ་ལ་ཆད་པ་བཏང་གིན་ཡོད་ན་ཏག་ཏག་བདེ་བོ་རང་མཐོང་གིན་མི་འདུག ཚུལ་བློའི་ལས་ཀ་༧གོང་ས་མཆོག་གི་གསུངས་དང་འགལ་བ་ཁྱོན་ནས་མི་འདུག བཤོས་ཚོང་ལ་བརྟེན་ན་འབྲོག་པས་ཁུངས་འཁྱོལ་ཁག་པོ་རེད། བཤས་ཚོང་བྱེད་དགོས་ཀྱིན་ཡོད། ༧གོང་ས་མཆོག་གིས་གསུངས་མི་འདུག ངའི་ལྟར་ན་ར་མ་འཕྲོད་པའི་རྩོད་པ་རེད་འདུག་ག
མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་ནི། དང་པོ། བཤས་ཚོང་མི་བྱ་བ། གཉིས་པ། རྐུ་ཇག་མི་བྱ་བ། གསུམ་པ། མཚོན་འཛིང་མི་བྱ་བ། བཞི་པ། སྨད་ཚོང་མ་མི་བསྟེན་པ། ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། བདུན་པ། ཆང་མི་བཏུང་བ། བརྒྱད་པ། ཤོ་རྒྱན་མི་བསྐུག་པ། དགུ་པ། རྔོན་མི་བྱ་བ། བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ་བཅས་རེད། ཟེར།
བདེན་པ་ཡིན་ན་དངོས་གནས་ཡག་པོ་རེད་བསམ་སོང་།
ཁྱི་ཕྲུག་ཅོ་རི་རིགས་པས་ཕངས་པ་ན།
ཁྱི་སྐད་ལྷང་ལྷང་ངོ་ཐུག་རེ་བར་བྱེད།
ངོ་ཐུག་མཚན་ཉིད་རྒན་ལ་འདྲ་ཙམ་སྲིད།
འདྲེ་ལ་ངོ་ཐུག་མི་ཡིས་ག་ལ་བྱེད།
ཡང་ན་འདྲེ་ཡིས་སྤྱོད་པས་བོད་ཕངས་ཕྱིར།
དྲན་དཀར་སེམས་ཀྱིས་བདེན་པ་བསྟན་ཙམ་ལས།
ལྷ་དཔང་བཙུགས་ནས་ཟིང་ཟིང་འགོག་པས་ན།
ཅོ་ངོར་ཐུག་པ་རྨི་ལམ་ཙམ་དུའང་དཀའ།
འབྲོག་པས། དང་པོ། བཤས་ཚོང་མི་བྱ་བ། དང་། བཤས་མི་ཆོག་གཉིས་ཁྱད་པར་ས་དང་གནམ་གྱི་ཁྱད་པར་ཡོད་རེད། འབྲོག་པས་འབྲོག་ས། ར་ལུག་གཡག་སོགས་ཤ་པགས་ཀྱི་ཆེད་དུ་བཤས་ཆོག་ཀྱང་། གཞན་བཤན་པར་སྡེབ་ཚོང་བྱ་མི་རིགས་ཞེས་པའི་སློབ་སྟོན་གནང་བ་རེད་སྙམ་ལགས།
དེ་རེད། ཀ་རྡོས་དེ་རིང་དབྱེ་འབྱེད་ཡག་པོ་བྱས་སོང་། དེང་སང་བོད་དུ་འབྲི་གཡག་བཤས་རས་སྐྱེལ་མཁན་གཙོ་བོ་ནི་རྒྱ་ཁ་ཆེ་དེ་ཚོ་དང་བོད་ནང་གི་རྐུན་མ་དེ་ཚོ་བསྡོངས་ནས་བཤས་རར་སྐྱེལ་གྱིན་ཡོད་པ་མ་གཏོགས་བོད་མི་མང་གིས་གཡག་རྒྱ་བཤས་ལ་ཚོང་མཁན་ཟེར་དུས་ཡག་པོ་ཞིག་ལ་ཅི་ཡང་བརྩི་གི་མ་རེད། ལྷག་པར་ཡང་ཁ་ཆེ་དེ་ཚོས་སྡུག་གསོད་བྱེད་ཀྱིན་ཡོད་པ་རེད། དེ་རིགས་ལ་བོད་མི་ཚོས་སེམས་ཁྲལ་བྱེད་ཀྱིན་ཡོད་པས་བཤས་ཚོང་ཟེར་གྱིན་ཡོད་པ་རེད། བོད་དུ་འཕྲུལ་ཆས་ཀྱི་བཤས་ར་ཁ་སས་བཙུགས་ཡོད་པ་རེད། དེ་ཚོའི་ཚོང་དཔོན་ཚང་མ་རྒྱ་ཁ་ཆེ་རེད། འབོར་ཆེན་འཚོང་མཁན་དེ་ཚོའི་ཁྱིམ་ཚང་གིས་ལོ་ཁ་ཤས་ལས་མི་འདངས་བར་འབྲི་གཡག་གཅིག་ཀྱང་མེད་པ་ཆགས་འགྲོ་གི་ཡོད་རེད། དེ་ལུགས་ངའི་རྩོམ་དུ་གཟིགས་རོགས།
དེ་སྔོན་མ་ནས་སྡེ་བ་ཡ་རབ་ཚོར་ཁྲིམས་དེ་ཡོད་ཡོད་པ་རེད། དཔེར་ན་ལི་ཐང་གི་སྡེ་གཞུང་མ་ལྟ་བུ་ཡིན་ན་ས་སྐྱ་པའི་ཆོས་ལུགས་གཙོ་བོར་དར་ས་ཞིག་རེད། ཁམས་ཕྱོགས་ཙམ་ན་འབྲོག་སྡེ་ཡང་ཆེ་གྲས་ཤིག་རེད། ཕྱུག་པོ་ཡང་རེད། ཁོང་ཚོས་ལོ་བཤས་ཟེར་ནས་རང་རང་ལ་འདངས་ཚོད་ཀྱི་སེམས་ཅན་ཁ་ཤས་རེ་བཤའ་བ་མ་གཏོགས་ཁྲོམ་རར་བཙོང་མི་ཆོག་པ་དེ་སྡེ་བའི་ནང་ཁྲིམས་རེད། དེ་ལས་འགལ་ཚར་དུས་སྡེ་བའི་སྐྱིད་སྡུག་གི་ནང་ནས་ཐོན་དགོས་པ་རེད། གསོད་པ་དང་རྡུང་བ་སོགས་བྱེད་ཀྱི་མ་རེད།
ཕྲག་དོག་དང་མི་ཁོག་བདོན་གྱིས་ཟིན་པའི་མི་བུ་དེ་ཚོས་དགེ་བཅུའི་འཕྲིན་དང་མཁན་པོ་ལ་ཉེས་མེད་ཉེས་འཛུག་བྱས་ཀྱང་དུས་ནམ་ཡང་འདོད་དོན་འགྲུབ་མི་སྲིད།
གོང་དུ་སྤོབས་པ་མཐའ་ཡས་མཆོག་གིས་ཡང་ཡང་གསུངས་པ་ལྟར་སྒོ་ཟོག་སྲུང་སྐྱོབས་ཀྱི་གོ་རྟོགས་མ་སྐྱེ་བ་སྐྱེས་པ་དང་སྐྱེས་པ་གོང་འཕེལ་གྱི་ཆེད་དུ་ལས་གང་ཞིག་ཡིན་གྱང་ང་ཚོས་སྒྲུབ་འོས་པ་ཙམ་དུ་མ་ཟད་དུས་ཚོད་ཕྱི་དྲག་པའི་སྐྱོན་ཡོད་པའི་སྡུག་བསྔལ་བྱེད་དགོས་ཀྱིན་འདུག བཀུར་འོས་པའི་དྲ་ཉུལ་བ་ཡོངས་ཀྱིས་ཐུགས་བསམ་རྣལ་མ་བཞེས་རོགས། འདིས་ཐད་དོགས་པ་ཡོད་ན་དབྱེ་ཞིབ་ནན་མོ་བྱེད་དགོས་པ་འདྲ།
དགེ་བཅུའི་ཁྲིམས་དང་འགལ་ན་དགོན་པའི་ཆོས་སྒོ་རྒྱག ངའི་ངོ་ཤེས་ཤིག་ཕ་ཡུལ་དུ་ཕྱིན་ནས་ནང་མི་ཉེ་འབྲེལ་འགའ་ཁྲིད་ནས་གནས་སྐོར་ལ་སོང་། གསེར་ཐ་བླ་མ་རུང་ནས་འདས་གསོན་ཚོར་བསྔོ་རྟེན་སྐྱབས་རྟེན་སོགས་འབུལ་དུས། ཁྱོད་གང་ནས་ཡིན་ དགེ་ཁྲིམས་ལ་འགལ་མེད་མྱོང་མེད་དམ། དཔང་བོ་སུ་ཡོད། འགལ་ཡོད་ཚེ་བསྔོ་རྟེན་སོགས་ལེན་གི་མིན་ཟེར་བཤད་འདུག ཁོས་ང་ཕྱི་ཕྱོགས་སུ་སྡོད་མཁན་ཡིན། ཕ་ཡུལ་མཚོ་སྔོན་ཕྱོགས་ནས་ཡིན། དགེ་ཁྲིམས་ཟེར་བ་ཅི་ཡིན་མི་ཤེས་མོད་ངས་ཀྱང་སྟོན་པའི་ན་བཟའ་ཞིག་གོན་ཁུལ་བྱས་ཡོད་པ་འདི་རེད། འདིས་མ་འགྲིག་ན་གཞན་དཔང་བོ་སོགས་ཁྲིད་ཡོང་རྒྱུ་མེད་ཅེས་བཤད་པས་ཐ་མ་དེར་བླངས་སོང་ཟེར། འདི་ངོ་མ་ཡིན། རང་ལ་དངོས་སུ་གྲོགས་པས་བཤད་བྱུང་།། དེ་འགྲིག་ཡོད་མེད་གང་ཡིན་ཚང་མས་ལྟོས།
ཨ་དཀར་པོ་ལགས། ཁྱེད་ཀྱིས་བསམ་ཚུལ་དང་འགལ་སོང་ན་རྩོད་ལན་གནང་རོགས།
དགེ་ཁྲིམས་ཟེར་བ་གོང་དུ་དྲ་མཆན་པ་དག་གིས་བཀོད་པའི་བཅུ་བོ་འདི་རང་ཟེར་གྱིན་ཡོད་པ་འདྲ་མོ་འདུག་པས།
ངའི་ལྟར་ན་འདི་ནི་བོད་ཀྱི་སྡུག་བསྔལ་སེལ་བའི་ཐབས་མཆོག་ཏུ་མཐོང་གིན་འདུག་པས་གོང་བཀུར་ཞུ་ངོས་ཡིན། དངོས་བྱུང་གི་ཚོར་སྣང་ཅན་གྱིས་ཡི་གེ་སྤེལ་བར་བཀའ་དྲིན་ཆེ།
གོང་གི་མཆན་རྣམས་ཕལ་ཆེར་ཁ་གཅིག་གྲགས་ཀྱིས་མཁན་པོ་ཚུལ་བློས་ཕྱག་ལས་ལ་ནོར་འཁྲུལ་བརྩི་མཁན་རྐྱང་ཡིན་པ་དེས་གང་ཞིག་མཚོན་ནམ་ཞེ་ན། ཁ་བརྡའི་ནང་དུ་ཆོས་ལུགས་ཀྱིས་གསོ་སྐྱོང་བྱས་པའི་དགེ་འདུན་པ་གྲངས་འབོར་མང་ཤོས་ཡིན་པ་རྟོགས་ནུས། དེ་འདྲ་ཡིན་ཙང་གནས་ལུགས་བཤད་ནའང་རང་ཕྱོགས་དང་མི་མཐུན་པ། རང་ཕྱོགས་དང་མཐོ་བ་དག་ལ་རང་བཞིན་གླེང་སློང་བཟོ་བ་དང་། སྨ་འབེབས་བྱེད་པ། བཤེ་སྐུར་བྱེད་པ་ནི་ཆོས་པ་ཆོས་བཞིན་མི་བྱེད་པར་ཆོས་པས་ཆབ་སྲིད་ཀྱིས་སངས་རྒྱས་པར་འདོད་པའི་མི་བུ་སེར་གཟུགས་ཅན་པོ་དག་ཡིན་པ་རེད། གང་ལྟར་མཁན་ཚུལ་བློ་ནི་དེང་སང་འཛམ་གླིང་ན་མཁས་སྙན་ཧ་ཅང་ཆེ་བའི་གཞིས་བཞུགས་ཀྱི་བླ་མ་གཅིག་པོ་དེ་རེད་ཅེས་བཤད་ན་མི་ཆོག་པ་མེད། དེས་ན་དེ་ལ་ཐུགས་འཁྲལ་ཆེན་པོས་ནམ་ཞིག་གང་ཆགས་ཡོང་བསམ་པའི་ཆོས་གཟུགས་མང་པོ་ཞིག་བཙན་བྱོལ་ནང་ཉིན་མཚན་མི་འཁྱོལ་ཚད་དུ་སྣང་། འོན་ཀྱང་ཉི་མ་ཤར་ཟིན་པས་སྦར་མོས་འགེབ་ཐབས་བྲལ་ཚར་ན་བྱེད་ཐབས་ཨེ་ཡོད། ད་དུང་༧གོང་ས་མཆོག་གི་གསུང་ལུང་འདྲེན་ཁ་ཤས་བྱས་འདུག་པ་ནི་ཞབས་འདྲེན་རེད། དེ་འདྲ་ཞིག་༧གོང་ས་མཆོག་གི་གསུང་མེད་ཐག་ཆོད། ཤ་ཟ་བ་ནི་གནའ་ནས་འབྲོག་པའི་འཚོ་ཐབས་ཡིན་པས་བཀག་མི་འོས་གསུངས་ཡོད་ན། པགས་རིགས་གི་རྒྱན་དང་གོས་བྱེད་པའང་གནའ་བོའི་བོད་མིས་འཚོ་ཐབས་ཀྱི་བྱེ་བྲག་པ་ཞིག་མིན་ཟེར་ས་ཨེ་ཡོད། གང་ལྟར་རྒྱལ་བའི་བཀའ་ལ་ལོག་འགྲེལ་བྱེད་པ་ནི་བསྟོད་མི་ཤེས་པས་བསྟོད་པ་ལས་ཀྱང་སྨད་མི་ཤེས་པས་སྨད་པ་དགའ་ཟེར་བ་དེ་བདེན་པར་འདུག།
གདོན་གྱིས་ཟིན་པ་ལྟ་བུའི་དྲ་འབུ་འདི་དག་ལ་བཤད་མ་བཤད་མི་འདུག་ཀྱང་ངས་ཡང་སྐྱར་ཚར་གཅིག་བཤད། མཁན་པོ་ཚུལ་བློས་བཤས་ཚོང་མི་བྱ་བར་གསུང་པ་ལས་སྒོ་བཤས་མི་བྱ་བར་གསུང་མེད་གོང་དུ་བཀོད་པའི་དགེ་བཅུའི་ཁྲིམས་ནང་ལ་ལྟོས་དང་གསལ་པོ་རེད། འབྲི་གཡག་རྩ་མེད་འགྲོ་བའི་རྒྱུ་ངོ་མ་ནི་བཤས་ཚོང་རེད། དེ་བཞིན་འབྲི་གཡག་ལ་མི་ཆོས་ལས་འདས་པའི་སྡུག་གྱོང་གཏོང་བའི་གཞི་རྩ་ཡང་བཤས་ཚོང་ལ་ཐུག་ཡོད། བཤས་ཚོང་བྱེད་མཁན་ཕལ་མོ་ཆེས་ནོར་ལུག་བཤས་རྭ་ལ་བཙོང་གི་ཡོད་པ་རེད་ལ། བཤས་རྭའི་བདག་པོ་ནི་རྒྱ་མི་ཚོ་རེད། ནོར་ལུག་ལ་སྡུག་གྱོང་མནར་གཅོད་ཚད་ལས་རྒལ་བ་གཏོང་མཁན་ཡང་རྒྱ་མི་ཚོ་རེད། འདི་ལྟར་བསམ་བློ་གཏོང་ན་བཤས་ཚོར་གི་དགེ་སྐྱོན་ཅུང་ཟད་ཤེས་ན་ཐང་། དེ་མིན་གཞི་རྩ་མེད་པའི་སྐྱོན་བརྗོད་བྱེད་པ་ནི་ཕྱོགས་རིས་གདོན་གྱིས་མྱོས་པའི་རང་གཟུགས་ཕྱིར་བསྟན་པ་ཙམ་རེད་ལ། རྒྱུ་མཚན་མེད་པའི་ཚིག་ངན་ཁ་ནས་གང་ཐོན་བཤད་པ་ཡང་ཁྱི་ལྟ་བུའི་རང་ཉིད་ཀྱི་མི་གཞི་གཤམ་སྟོན་བྱེས་པ་ཙམ་ལས་ཅི་ཡང་མེད་པ་ཤེས་པར་གྱིས།
དྲ་འབུ་སྤོབས་པ་མཐའ་ཡས་ལགས། བོད་ནང་གི་རྒྱ་དམར་གྱིརྒྱུགས་ཁྱི་སུ་ལ་གི་གནས་སྤྲད་འདུག དེ་གསལ་བོ་ཤེས་འདོད། རྒྱ་ནག་དམར་བོས་བོད་ཀྱི་༧ གོང་ས་མཆོག་དང་། པཎ་ཆེན་རིན་པོ་ཆེ། འཕགས་པ་་ལྷ། ཀུན་མཁྱེན་འཇམ་དབྱངས་བཞད་པ། ཨ་ཀྱཱ་རིན་པོ་ཆེ་སོགས་ལ་གོ་གནས་སྤྲད་རེད། དེ་ཚོ་རྒྱ་དམར་གྱི་རྒྱུགས་ཁྱི་རེ་ཟེར་གི་ཡོད་དམ། གསལ་བོ་བཟོས་རོགས།
༧ གོང་ས་མཆོག་དང་། པཎ་ཆེན་རིན་པོ་ཆེ། ཨ་ཀྱཱ་རིན་པོ་ཆེ་རྣམས་ནི་མི་རིགས་ཀྱི་དཔའ་བོ་རེད། གཞན་དག་ལ་ཅང་ཟེར་མི་ཤེས།
དགེ་བཅུའི་སྲོལ་གྱི་རྣམ་གཞག་བཞུགས་སོ། །
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
༄། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
རང་རེ་བོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་མ་དར་བའི་གོང་རོལ་དུ་རང་ཅག་གི་མི་རིགས་འདི་གཏུམ་དྲག་ཅན་གྱི་མི་རིགས་ཤིག་ཡིན་པར་བཤད། དམ་པའི་ཆོས་དར་བ་ནས་བཟུང་ལས་རྒྱུ་འབྲས་ཀྱི་རྣམ་དབྱེ་ཤེས། བྱམས་སྙིང་རྗེས་སེམས་རྩ་བརླན། བློ་ཕུགས་དམ་པའི་ཆོས་ལ་གཏོད་པའི་ཡ་རབས་ཀྱི་མི་རིགས་ཤིག་ཏུ་གྱུར། དེ་ཡང་ཆོས་རྒྱལ་སྲོང་བཙན་གྱི་སྐབས་ནས་རིག་གནས་གསར་པ་མང་པོ་དར། ལུགས་སྲོལ་གསར་པའང་མང་པོ་ཞིག་བཙུགས། དེ་རྣམས་ཀྱི་ཁྲོད་ནས་འདིར་དགེ་བ་བཅུའི་སྲོལ་ཞེས་པ་དེ་བསྐྱར་གསོ་བྱ་བའི་སྐོར་ཅུང་ཟད་ཅིག་འཆད་པར་འདོད་དོ། །
འདི་ལ་དོན་ཚན་བརྒྱད་ཡོད་དེ།
དང་པོ་དགེ་བཅུའི་སྲོལ་གྱི་བྱུང་བ་བཤད་པ་ནི།
ལྷ་ཆོས་དགེ་བ་བཅུའི་སྲོལ་འདི་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་རྒྱ་ཁྱབ་ཆེན་པོའི་སྒོ་ནས་དར་བར་མཛད་པ་ཞིག་སྟེ། བཀའ་ཆེམས་ཀ་ཁོལ་མ་ལས། ད་དགེ་བ་བཅུའི་ཁྲིམས་བཅའ་དགོས། སྔོན་ཡང་ཁྲིམས་མེད་པས་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་མཐར་ཡན། ད་ཡང་ཁྲིམས་མེད་ན་ཉེས་པ་སྣ་ཚོགས་ཀུན་བྱེད་པས། ངའི་དབོན་སྲས་ཞངབློན་རྣམས་སྡུག་བསྔལ་བར་འགྱུར་བས། ངའི་རྒྱལ་ཁམས་སུ་གཏོགས་པའི་མི་རྣམས་ཀྱིས། སྲོག་མ་གཅོད་ཅིག །བཅད་ན་སྟོང་འདོད། མ་རྐུ། བརྐུས་ན་འཇལ་འདོད། མ་རྡུང་མ་འཕྲོག་ཅིག །འཕྲོག་ན་འཇལ་འདོད། བྱི་བྱས་ན་བྱི་རིན་འདོད། རྫུན་དང་ཕྲ་མ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ། ཁྲིམས་དང་འགལ་བའི་ལས་རྣམས་གང་བྱས་ལ། དེ་རྣམས་ཀུན་ལ་ཆད་པ་གང་ཐོབ་གཅོད་བྱ་བ་ལ་སོགས་པ་གསུངས་པས། ཞེས་དང་། མ་ཎི་བཀའ་འབུམ་ལས། སྔོན་གྱི་དུས་ན་བོད་ཀྱི་ཡུལ་འདིར་རྒྱལ་ཕྲན་བཅུ་གཉིས་ཀྱིས་ཁྲིམས་བཅས་པ་མི་དགེ་བར་སོང་ནས་བོད་ཡུལ་དུ་བདེ་བ་མ་བྱུང་བ་ཡིན་ནོ། ང་ནི་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས་བོད་ཁམས་ཐམས་ཅད་དགེ་བ་ལ་འགོད་པར་བྱའོ། ཆོས་ཁྲིམས་མེད་ན་མི་དགེ་བའི་དབང་དུ་གྱུར་ནས་སྡུག་བསྔལ་བའི་རྒྱུ་འབའ་ཞིག་ལ་སྤྱད་པས། འབྲས་བུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ། ཞེས་དང་། མདོར་ན་མི་དགེ་བ་བཅུ་པོ་དེ་ངའི་བཀའ་དང་འཁོར་དུ་གཏོགས་པ་རྣམས་ཀྱིས་སྤོངས་ཤིག །ཅེས་གསུངས་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། སྲོང་བཙན་གྱི་ལོ་རྒྱུས་སྐབས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར། དགེ་བཅུའི་ཁྲིམས་བཙན་བདེ་སྐྱིད་ལྷ་དང་མཉམ་པ་ཡིན་ནོ། དེ་ལྟར་འདི་ཕྱི་ཀུན་ཏུ་ཕན་པ་ཡི། བཟང་པོའི་བཙན་ཁྲིམས་གཉའ་ཤིང་དམ་པར་བསྡམས། རི་དྭགས་རྣམས་ནི་རྒྱལ་པོའི་དཀོར་ནོར་མཛོད། ར་ལུག་བེའུ་ལ་སོགས་རང་ཡན་གཏོང་། ཞེས་སོགས་གསུངས་པའི་ཕྱིར་རོ།
དེའི་རྗེས་སུ་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་སྔ་མ་དེ་དག་ཀྱང་དེ་བས་ཇེ་ཟབ་ཏུ་བཏང་བར་མངོན་ཏེ། རྦ་བཞེད་ལས། དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ། ཆོས་ཁྲིམས་བཅས། སླན་ཆད་ཆབ་འོག་གི་འབངས་ལས་ཕོ་མིག་མི་འབྱུང་། མོ་སྣ་མི་གཅོད། མཚང་ཅན་མི་དགུམ་པར་གནང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཞིང་རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་བྱས་ནས་ཕྱག་དང་མཆོད་པ་དང་བཀུར་སྟིར་བྱ་བ་སོགས་ཆོས་ཀྱི་བཀའ་ཁྲིམས་ཆེན་མོ་སྩལ་བར་བཀར་བཏགས། ཞེས་གསུངས་པའི་ཕྱིར་རོ། བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་པའི་རྗེས་སུའང་ཡུལ་གྲུ་སོ་སོ་ན་དགེ་བ་བཅུའི་སྲོལ་ཆ་ཚང་བའམ་ཐོར་བུ་རིམ་པ་མི་འདྲ་བ་སྣ་ཚོགས་ཡོད་པ་སྔོན་གྱི་ཡིག་ཆ་རྣམས་ན་མང་དུ་མཐོང་རྒྱུ་ཡོད། དེ་ལྟར་ལྷ་ཆོས་དགེ་བ་བཅུ་པོ་འདི་ལ་ལོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པས་བོད་མི་ཡོངས་རྫོགས་ཀྱི་སེམས་ལ་བག་ཆགས་ཤིན་ཏུ་ཟབ་མོ་ཐེབས་པར་གྱུར་ཏེ། སྔོན་ཆོས་རྒྱལ་རྣམས་ཀྱི་སྐུ་རིང་ལ་འདི་རྣམས་ཁྲིམས་ཀྱི་རྣམ་པར་ཡོད་ཀྱང་ཕྱིས་རིམ་གྱིས་བོད་ཀྱི་དམངས་ཁྲོད་དུ་ཁྲིམས་ཀྱི་རྣམ་པར་མེད་ཀྱང་། ལུགས་སྲོལ་ལམ་ཀུན་སྤྱོད་ཀྱི་ཚད་གཞི་འཛིན་བྱེད་ལྟ་བུ་ཞིག་ཏུ་གྱུར། འོན་ཀྱང་ཟིང་འཁྲུག་ལོ་བཅུ་སོགས་ཀྱི་ཚེ་ན་སྲོལ་རྒྱུན་རིག་གནས་ཐམས་ཅད་ལ་གཏོར་བཤིག་རྒྱ་ཆེན་པོ་ཕོག་པ་བཞིན་དུ་ཡུལ་སོ་སོའི་དགེ་བཅུའི་སྲོལ་རྣམས་ཀྱང་གཞི་མེད་དུ་གྱུར་ཏོ། །
གཉིས་པ་དགེ་བ་བཅུའི་སྲོལ་གྱི་ངོ་བོ།
དགེ་བཅུའི་སྲོལ་ཞེས་པ་དེ་གང་དག་ཡིན་ཞེ་ན། བཀའ་ཆེམས་ཀ་ཁོལ་མ་ལས། མི་དགེ་བ་བཅུའི་ནང་ནས་ཚིག་རྩུབ་མ་གཏོགས་གཞན་ཐམས་ཅད་དངོས་སུ་གསུངས་ཤིང་། ཚིག་རྩུབ་ཀྱང་དོན་གྱིས་འཐོབ་པས་ཤུགས་ལ་བསྟན་པ་དེ་རྣམས་ཡིན། དེ་ཡང་འཇམ་མགོན་མི་ཕམ་རྒྱ་མཚོའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མི་དགེ་བཅུ་པོ་དུག་འདྲ་སྟེ། འདིར་གནོད་ཕྱི་མ་སྡུག་བསྔལ་ཀྱང་། ཞེ་འདོད་ལག་ལེན་འགལ་རྣམས་ལ། ཆོས་རྒྱལ་རྣམས་ཀྱིས་ཁྲིམས་སུ་མཛད། མི་གསོད་པ་དང་ནོར་རྐུ་དང་། ཆུང་མ་འཕྲོག་དང་བྱི་བྱེད་དང་། རྫུན་གྱིས་བསླུ་དང་ཕྲ་མས་འབྱེད། དོན་མེད་རྩུབ་མོའི་ཚིག་གིས་གཅོད། འདི་དག་གནོད་ཚབས་ཆེ་ཆུང་དང་། སྔར་གྱི་ལན་སྐྱོན་ཡོད་མེད་སོགས། ཉེས་པའི་འོས་དང་བསྟུན་ནས་སུ། ཆད་པའི་ལུས་ཀྱིས་བཀག་པར་བྱ། རགས་པའི་ཉེས་པ་རྣམས་བཀག་པས། ཕྲ་བ་ཡིད་ཀྱི་ཉེས་པ་རྣམས། ཤུགས་ཀྱིས་མཐུ་ནི་མེད་བྱས་པས། དགེ་བཅུའི་ཁྲིམས་སུ་བཅས་ཞེས་བྱ། ཞེས་གསུངས་པ་ལྟར་སྤྱིར་མི་དགེ་བ་བཅུ་དང་དེའི་ནང་ནས་ཀྱང་གཙོ་བོ་ལུས་ངག་གི་མི་དགེ་བ་བདུན་པོ་དེ་མི་བྱེད་པ་ཡིན་ཏེ། ལུས་ཀྱི་སྒོ་ནས་སེམས་ཅན་གྱི་སྲོག་གཅོད་པ་དང་། རྐུ་འཕྲོག་བྱེད་པ་དང་། གཞན་གྱི་ཆུང་མ་འཕྲོག་པ་གསུམ་དང་། ངག་གི་སྒོ་ནས་རྫུན་ཚིག་འདྲ་མིན་སྣ་ཚོགས་ཀྱིས་གཞན་བསླུ་བ་དང་། མཐུན་པ་རྣམས་ཀྱི་བར་དུ་དབྱེན་ནམ་ཕྲ་མ་བྱས་ཏེ། མཐུན་སྒྲིལ་ལ་གཏོར་བཤིག་བྱེད་པ་དང་། གཞན་གྱི་མཚང་འདྲུ་བ་སོགས་བརྗོད་བྱ་ངན་པ་ཅན་ནམ་ཡ་རབས་ཀྱི་ལུགས་སྲོལ་དང་འགལ་བའི་ཚིག་རྩུབ་མོ་སྨྲས་ཏེ། གཞན་གྱི་སེམས་མི་དགའ་བར་བྱེད་པ་དང་། དོན་མེད་ཀྱི་གཏམ་འཁྱལ་མང་པོས་གཞན་སེམས་ཆགས་སྡང་གིས་འཁྲུག་པར་བྱེད་པ་སྟེ། བདུན་པོ་འདི་ལུས་ངག་གི་མི་དགེ་བ་བདུན་ཡིན་ལ། འདི་རྣམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་སྡུག་བསྔལ་ཆེ་ཆུང་སྣ་ཚོགས་པ་སྒྲུབ་པའི་རྒྱུ་དངོས་ཡིན་པས་མི་དགེ་བ་ཞེས་བྱ་བ་ཡིན། ཡིད་ཀྱི་མི་དགེ་བ་གསུམ་སྟེ། གཞན་གྱི་ནོར་རྫས་ལ་སྲེད་ནས་དེ་ཚུལ་དང་མི་མཐུན་པའི་ཐབས་ཀྱིས་ལེན་པར་འདོད་པ་བརྣབ་སེམས་དང་། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་འཛིན་པའི་ལོག་ལྟ་སྟེ། འདི་དག་ལུས་ངག་གི་མི་དགེ་བ་རྣམས་བསྐྱེད་པའི་རྒྱུ་ཡིན་པས་གནོད་ཚབས་ཤིན་ཏུ་ཆེ་བ་ཡིན་ཡང་དངོས་སུ་འགོག་དཀའ། འོན་ཀྱང་ལུས་ངག་གི་མི་དགེ་བ་རྣམས་དངོས་སུ་བཀག་ན་དེའི་ཤུགས་ཀྱིས་དེ་དག་སྟོབས་ཞན་པར་འགྱུར་བས་དགེ་བཅུའི་སྲོལ་བཙུགས་ཞེས་བརྗོད་ན་ཆོག་པ་ཡིན། དངོས་སུ་འགོག་དགོས་རྒྱུ་ནི་སྤྱིར་ལུས་ངག་གི་བདུན་པོ་དང་དེའི་ནང་ནས་ཀྱང་། གོང་དུ། འདི་དག་གནོད་ཚབས་ཆེ་ཆུང་དང་། ཞེས་གསུངས་པ་བཞིན་དུ་གནོད་ཚབས་ཆེ་ཤོས་རྣམས་ཡིན་ནོ། །
གསུམ་པ་དགེ་བཅུའི་སྲོལ་གྱི་གལ་ཆེ་བའི་རང་བཞིན་ནི།
སྲོག་མི་གཅོད་པ་དང་རྐུ་མི་བྱེད་པ་སོགས་འདི་རྣམས་གསད་བྱ་སེམས་ཅན་དང་རྒྱུ་ནོར་གྱི་བདག་པོ་དེ་རྣམས་ཀྱི་ཆེད་རྐྱང་པ་ཙམ་ཞིག་ཡིན་པར་མི་བསམ་སྟེ། འདི་རང་ཅག་གི་མི་རིགས་འདིའི་རིན་ཐང་གི་ལྟ་བ་ཡིན། མི་རིགས་ཀྱི་གཤིས་རྒྱུད་མཚོན་བྱེད་ཀྱི་མཚོན་རྟགས་ཡིན། མི་རིགས་ཧྲིལ་པོའི་ཀུན་སྤྱོད་བཟང་ངན་གྱི་ཚད་འཛིན་བྱེད་ཀྱི་ཚད་གཞི་ཡིན། མི་རིགས་གཞན་པ་རྣམས་ཀྱི་གདེང་འཇོག་འཐོབ་བྱེད་ཀྱི་ཡོན་ཏན་ཡིན། ལོ་ཆིག་སྟོང་ལྷག་གི་རིང་ལ་མི་རབས་ནས་མི་རབས་བརྒྱུད་དེ་བྱུང་བའི་རིག་གནས་ཡིན། དེང་སང་རིག་གནས་ཞེས་པ་དེ་གླེག་བམ་ནང་དུ་ཡོད་པའི་ཡིག་ཚོགས་ཙམ་ཞིག་ལ་ངོས་འཛིན་མི་བྱེད་དེ། མི་རིགས་དེའི་བསམ་བློ་དང་ཀུན་སྤྱོད་དང་ཡུལ་སྲོལ་དང་གོམས་གཤིས་ཐམས་ཅད་རིག་གནས་ཞེས་བྱ། གཞན་འཚེ་བ་སྤང་བ་དང་གཞན་ཕན་སྒྲུབ་པའི་མི་རིགས་ཀྱི་བསམ་བློའི་ཕུག་ནོར་ཡིན། མི་རིགས་ཧྲིལ་པོའི་མིའི་གཞི་སྤུས་ཇེ་བཟང་དུ་གཏོང་བར་བྱེད་པའི་བསམ་སྦྱོར་ཡིན། གལ་ཏེ་འདི་འདྲ་བའི་བསམ་པ་དང་སྤྱོད་པ་ཁྱད་པར་བ་དང་ལྡན་ན་མིའི་ལུས་སེམས་ལས་ཕྱི་རོལ་དུ་གྱུར་པའི་ལོངས་སྤྱོད་དེ་ཙམ་མ་འབྱོར་ནའང་འཛམ་གླིང་མི་རིགས་ཀྱི་ཁྲོད་ནས་མི་རིགས་ལེགས་པོར་རྩི། གལ་ཏེ་ཡོན་ཏན་འདི་རྣམས་མེད་ན་ཕྱིའི་ལོངས་སྤྱོད་དང་ལག་སྩལ་བཟང་པོ་ཡོད་ཀྱང་མི་རིགས་དེའི་ལོངས་སྤྱོད་དང་ལག་སྩལ་ལ་ཡིད་སྨོན་ནམ་དགའ་ཞེན་བྱེད་མཁན་ཡོད་ཀྱི། མི་རིགས་དེ་ཉིད་ལ་ཡིད་སྨོན་དང་དགའ་ཞེན་བྱེད་མཁན་མེད་དེ། ཤན་པ་དང་རྔོན་པ་དང་རྐུན་མ་དང་ཁྲམ་པའི་མི་རིགས་ཤིག་ཏུ་གྱུར་ན། དེ་འཛམ་བུ་གླིང་གི་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཇི་ལྟར་ཚུད། ཆབ་སྲིད་ཀྱི་དབང་ཤུགས་ཇི་འདྲ་ཞིག་གི་འོག་ཏུ་གནས་ཀྱང་འདྲ། དཔལ་འབྱོར་གྱི་དབུལ་ཕྱུག་ཇི་ལྟ་བུ་ཞིག་ཡིན་ཡང་རུང་། དུས་ནམ་ཡང་མི་རིགས་རང་གི་ཡ་རབས་ཀྱི་གཤིས་ཀ་བཟང་པོ་མི་འདོར་བ་འདི་ལས་གལ་ཆེ་བ་མེད་དེ། དཔེར་ན། མི་ཞིག་ལ་མཚོན་ན། གཟུགས་བྱད་མཛེས་པ་དང་། རིག་གནས་ཀྱི་ཡོན་ཚད་མཐོ་བ་དང་། འབྱོར་བ་རྒྱས་པ་སོགས་ཀྱང་དགོས་མོད། གཙོ་བོ་མི་གཞི་བཟང་བ་ཁོ་ན་གལ་ཆེ་བ་ཡིན། གལ་ཏེ་མི་གཞི་མ་བཟང་ན། གཞན་པ་དེ་རྣམས་ཐམས་ཅད་ཚང་ཡང་། མི་དེ་ལ་སེམས་གཏིང་ནས་གྲོགས་པོ་བྱེད་འདོད་མཁན་མེད། གལ་ཏེ་མི་གཞི་བཟང་ན་དེ་རྣམས་ཐམས་ཅད་མེད་ཀྱང་མི་རྣམས་ཀྱིས་གདེང་འཇོག་དང་སེམས་ཁུར་བྱེད་པ་མངོན་སུམ་ཡིན། མི་རིགས་ཤིག་ལ་མཚོན་ནའང་དེ་འདྲ་བ་ཡིན་པ་ཅེས་ཀྱང་ཤེས་དགོས། གལ་ཏེ་མི་རིགས་རང་གི་གཤིས་ཀ་དེ་མ་བརླག་པར་གྱུར་ན། དེ་ནས་བྱ་སྤྱོད་ཐམས་ཅད་རིམ་གྱིས་འཕྱུགས་ནས་འགྲོ་བ་ཆོས་ཉིད་ཡིན། མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་ངང་དུ་གནས་པ་འདི་བོད་མི་རིགས་སྤྱིའི་ཡ་རབས་ཀྱི་གཤིས་ཀ་ཡིན། མ་འོངས་པར་བོད་མི་རིགས་ཀྱི་རིན་ཐང་ལྟ་བ་དང་གཤིས་ཀ་བཟང་ངན་གང་དུ་འགྱུར་བ་ལ། ད་ལྟ་ཡར་འགྲོ་མར་འགྲོའི་ས་འཚམས་ལྟ་བུ་ལ་སླེབས་ནས་འདུག །ཕྱི་ལོ་༢༠༢༥ཙམ་་ ནས་བོད་ཀྱི་མི་རབས་རྙིང་པ་རྣམས་ལས་རེ་ཟུང་མ་གཏོགས་མཇུག་རྫོགས་པར་འགྱུར། མི་རབས་གསར་པ་འདིའི་གཤིས་ཀ་ཅི་འདྲ་ཞིག་ཏུ་འགྱུར་མི་རིགས་ཀྱི་རིན་ཐང་ལྟ་བའི་སློབ་གསོ་དང་ལག་ལེན་ལ་རག་ལས། མིའི་གཤིས་ཀ་འདི་ལྷན་སྐྱེས་སུ་བྱུང་བའང་ཡོད་མོད། ཕལ་ཆེར་སློབ་གསོ་དང་ཁོར་ཡུག་གི་དབང་དུ་འགྲོ །སློབ་གསོ་ཞེས་པ་འདི་ཁ་ནས་བཤད་རྒྱུ་རྐྱང་བ་མིན། ལུས་ཀྱི་སློབ་གསོ་ཞེས་པ་ཁ་ནས་མ་བཤད་ཀྱང་ལུས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གཞན་གྱི་རྒྱུད་ལ་ཤུགས་རྐྱེན་བཟང་པོའམ་ངན་པ་ཐེབས་པར་འགྱུར་བ་དེའང་སློབ་གསོ་ཡིན། འདི་ཁྱད་པར་དུ་བྱིས་པ་རྣམས་ལ་ཤུགས་རྐྱེན་ཤིན་ཏུ་ཆེ། དེས་ན་བོད་ཀྱི་ཕ་མ་རྣམས་ཀྱིས་ཤན་པ་དང་རྔོན་པ་དང་ཁྲམ་པ་སོགས་ཀྱི་བྱ་བ་བསྒྲུབས་ནས་འཚོ་ཐབས་བྱས་ན་བ
བཞི་པ་དགེ་བཅུའི་སྲོལ་གྱི་དམིགས་བསལ་ནུས་པ་ནི།
འདི་ལ་བཞི་སྟེ། ལུས་ངག་གི་མི་དགེ་བ་བདུན་པོ་འདི་རྣམས་ཅི་རིགས་པ་ཞིག་ནི་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་ཀྱང་འགོག་པ་ཡིན་མོད། འོན་ཀྱང་ལས་འབྲས་རྒྱུས་དང་ཚེ་སྔ་ཕྱི་ལ་ཡིད་ཆེས་པའི་མི་རིགས་ཤིག་ལ་མཚོན་ན། འདི་གཉིས་ལ་ནུས་པ་ཐོན་ཚུལ་མི་འདྲ་བ་ཡོད་དེ། དང་པོ་སྔོན་འགོག་གི་ནུས་པ། འཇིག་རྟེན་པའི་ཁྲིམས་གང་ཡིན་ཡང་ཁྲིམས་དང་འགལ་བ་བྱས་ཟིན་པའི་རྗེས་སུ་ཁྲིམས་ཆད་ཀྱི་ཕྱིར་དུ་ནོར་འཕྲོག་པ་དང་བཙོན་དུ་འཇུག་པ་དང་སྲོག་གཅོད་པ་སོགས་བྱེད་མོད། འོན་ཀྱང་དེའི་ཚེ་བྱ་བ་ངན་པ་དེ་དག་བྱས་ནས་རང་གཞན་གཉིས་ཀ་ལ་གནོད་པ་བསྒྲུབས་ཟིན་པས་མང་པོ་ཞིག་ལ་ཕྱིར་བཅོས་སུ་མེད། གང་ཟག་དེས་ཀྱང་ཁྲིམས་འགལ་བྱས་ཟིན་པས་འགྱོད་པ་སྐྱེས་ཀྱང་བྱ་ཐབས་བྲལ། དགེ་བཅུའི་སྲོལ་དེ་དང་མི་འདྲ་སྟེ། སྲོག་མི་གཅོད་པ་དང་རྐུ་མི་བྱེད་པ་སོགས་སྔོན་དུ་དམ་བཅའ་བའམ་སྡོམ་པ་བླངས་ནས་སྔོན་འགོག་བྱེད་པ་ཡིན་ཏེ། འཇིག་རྟེན་པའི་གཏམ་དཔེ་ལ་ཆུ་མ་བྱུང་གོང་ནས་ཆུ་རགས་དང་རླུང་མ་བྱུང་གོང་ནས་རླུང་རགས་ཞེས་པ་ལྟ་བུ་ཡིན་པས་གཞན་གྱིས་འདོན་ཐབས་མེད་པའི་ནུས་པ་ཞིག་འདིས་ཐོན་པ་ཡིན་ནོ། །
གཉིས་པ་མངོན་ལྐོག་གིནུས་པ་ནི། རྒྱལ་ཁབ་གྱི་ཁྲིམས་དང་འགལ་བ་ནི་ཚེ་འདིར་གཞན་གྱིས་ཤེས་ན་ཆད་པ་འོང་གིས། མ་ཤེས་ན་ཁྲིམས་འགལ་གྱི་ཉེས་པ་ཇི་འདྲའི་ཆེན་པོ་ཞིག་བྱས་ཀྱང་ཚེ་ཕྱི་མ་ལ་རྒྱལ་ཁྲིམས་ཀྱི་ཆད་པ་འཕོག་ཐབས་མེད་པས་མངོན་ལྐོག་གཉིས་ཀ་ལ་སྲུང་བའི་ངེས་པ་མེད། དགེ་བཅུའི་སྲོལ་དང་འགལ་ན་ནི་ཚེ་འདིར་གཏན་ནས་མ་ཤེས་ཀྱང་ཚེ་ཕྱི་མར་ཆད་པ་འཕོག་ངེས་ཡིན་པས་མངོན་ལྐོག་གཉིས་ཀའི་དུས་སུ་སྲུང་བར་བྱེད་དོ། །
གསུམ་པ་ཁྲིམས་འཛིན་པ་ལ་འབྲེལ་བ་གཞག་ས་ཡོད་མེད་ཀྱིས་མི་འདྲ་བ་ནི། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་བྱས་ཀྱང་སྐབས་འགར་ཁྲིམས་འཛིན་མི་སྣ་དག་གི་འབྲེལ་བ་སྣ་ཚོགས་པ་ལ་བརྟེན་ནས་ཆད་པ་མི་གཅོད་པའམ་བཅད་ཀྱང་ཅུང་ཟད་ཙམ་ལས་མི་གཅོད་པ་ཤིན་ཏུ་མང་པོ་ཡོད། ལས་རྒྱུ་འབྲས་དང་འགལ་ན་ནི་དེ་འདྲའི་འབྲེལ་བ་བཙལ་ས་ཅི་ཡང་མེད་པས་དང་པོ་ནས་གཟབ་པར་བྱེད་པ་ཡིན་ནོ། །
བཞི་པ་ཁྲིམས་ཆད་ལྕི་ཡང་མི་འདྲ་བ་ནི། རྒྱལ་ཁབ་ཀྱི་ཁྲིམས་ལ་མི་ཞིག་བསད་ནའང་སྤྱིར་བཏང་ལ་ལོ་ཁ་ཤས་ལ་བཙོན་ཁང་དུ་སོང་ནས་ངལ་རྩོལ་བྱ་དགོས་པ་ཙམ་ཞིག་ཡིན། རྒྱུ་འབྲས་ཀྱི་ལུགས་ལ་སྲོག་བཅད་ན་དམྱལ་བར་སྐྱེས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱང་དགོས་པས་ལྷག་པར་གཟབ་པ་ཡིན་ནོ། །དེས་ན་ལས་རྒྱུས་འབྲས་ལ་ཡིད་ཆེས་པའི་མི་ཕལ་མོ་ཆེ་ཞིག་ལ་དགེ་བཅུའི་སྲོལ་འདི་ཧ་ཅང་གཉན་པས་ཉེས་སྤྱོད་འགོག་པ་ལ་ཕན་ཐོག་ཤིན་ཏུ་ཆེ། འོན་ཀྱང་མི་རེ་ཟུང་ལ་ནི་རྒྱལ་བའི་བཀའ་ལས་ཀྱང་དབྱུག་པ་བཙན་པ་ཡོད་པས་དེ་དག་ལ་བྱ་ཐབས་མི་འདུག་གོ ། །
ལྔ་པ་དགེ་བཅུའི་སྲོལ་མེད་པའི་སྐྱོན་ནི།
དེང་སང་མདོ་ཁམས་ཕྱོགས་ཀྱི་འབྲོག་སྡེར་དགེ་བཅུའི་སྲོལ་མེད་པའམ་ཡོད་ཀྱང་ལག་ལེན་ཡག་པོ་མ་བྱུང་བ་རྣམས་ཀྱི་ནང་དུ། ལོ་གཅིག་གི་རིང་ལ་ཚོ་བ་་ཆུང་ངུ་ཞིག་གི་ནང་དུ་མི་གསུམ་བཞི་ཙམ་རེ་ནང་གསོད་བྱེད་པ་ཧ་ཅང་མང་། འདི་རྣམས་ཀྱི་རྒྱུ་རྐྱེན་རྐུ་བྱས་པ་ལ་བརྟེན་ནས་བྱུང་བ་མང་སྡེ། གཞིས་ནངས་ལོ་གཡག་འགའ་རེ་བརྐུས་པ་ལ་བརྟེན་ནས་མི་གསུམ་བསད། ད་ལོ་གཡག་བརྐུས་པ་ལ་བརྟེན་ནས་ཚོ་བ་གཉིས་ཀྱིས་ཕན་ཚུན་མི་བསད། དམག་དྲངས་ནས་དེའུ་བར་དབྱེ་མི་ཐུབ་རྒྱུ་ཞིག་བྱུང་བ་ལྟ་བུ་རེད། ཡང་དོན་ཆུང་ངུ་རེའི་ཕྱིར་དུའང་མཚོན་གྱིས་འཐབ་མོ་བྱས་ནས་མི་མང་པོ་གསོད་དེ། ད་ལོའི་སྟོན་དུས་སུ་ཚོ་བ་གཉིས་འཐབ་ནས་ཕན་ཚུན་མི་བདུན་བསད་པ་དང་། མི་བསད་པའི་རྗེས་སུ་མི་གསོད་མཁན་ཚང་མ་རི་མགོར་བྲོས། ཤ་ལན་རྩོད་པ་དང་གྱོད་བཤད་པ་དང་སྟོང་མཇལ་བ་སོགས་འཐབ་རྩོད་དང་མི་བདེ་བ་འབའ་ཞིག་གི་ངང་དུ་དུས་འདའ། ཚོ་བ་ཕན་ཚུན་བར་དུ་རྐུ་བ་དང་མཚོན་ཆ་མང་པོ་ཉོ་སྒྲུབ་བྱེད། བོད་པ་ཁ་ཤས་རྒྱ་ནག་གི་གྲོང་ཁྱེར་འགའ་རེའི་ནང་དུ་སོང་ནས་རྐུ་འཕྲོག་མང་པོ་བྱས་པ་དང་། བོད་ཡུལ་གྱི་ཡུལ་སྐོར་ལྗོངས་གནས་རྣམས་ནས་ཡུལ་སྐོར་དུ་འོང་མཁན་རྣམས་གནས་ལུགས་མི་བཤད་པར་སྒོར་མོ་གཡོ་ལེན་བྱེད། ཐ་ན་མགྲོན་འཁོར་ཁ་ལོ་པ་ཡན་ཆད་གཏམ་ཐོག་ཚིག་ཐོག་ནས་མི་འདུག་པར་འཁོར་གླ་གཡོ་འཕྲོག་བྱེད། དབྱར་རྩྭ་དགུན་འབུ་རྫུན་མ་དང་མར་རྫུན་མ་སོགས་བཟོས་ཏེ་བཙོང་པས། ད་ལྟ་མི་རིགས་གཞན་པའི་མི་མང་པོ་ཞིག་གིས་བོད་ཅེས་པ་རྐུན་མ་ཁྲམ་པ་ཤ་སྟག་རེད་སྙམ་སྟེ། བརྙས་སྨོད་བྱ་བའི་ཡུལ་དུ་གྱུར། བྱ་བ་དེ་ཚོ་ཐམས་ཅད་མི་ཤིན་ཏུ་ཉུང་ཤོས་ཤིག་གིས་བྱས་པ་ཡིན་མོད། འོན་ཀྱང་སྐྱོན་དེ་དག་མི་རིགས་ཧྲིལ་པོའི་མགོ་ལ་རྩི་བར་འདུག །དེ་བཞིན་དུ་ཡུལ་ཕལ་མོ་ཆེ་ཞིག་ཏུ་སྒོ་ཟོག་མང་པོ་བཤས་ཚོང་བྱེད་པ་ལ་ཚོད་འཛིན་རྩ་བ་ནས་མེད་པ་འདིས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་དངོས་སམ་བརྒྱུད་ནས་གཏོར་བཤིག་ཧ་ཅང་ཚབ་ཆེན་ཐེབས་ཀྱིན་འདུག་སྟེ། རྐུན་མ་རྣམས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་གཞན་གྱི་རྟ་ནོར་རླུང་འཁོར་མང་པོ་བརྐུས་ནས་བཤས་ཁང་རྣམས་ལ་འཚོང་བས་རྐུན་ཇག་ཇེ་མང་དུ་སོང་། ད་ལོའི་ལོ་གཅིག་པོ་འདིའི་རིང་ལ་ས་ཆ་འགའ་ཤས་ལ་འདི་འདྲའི་དོན་རྐྱེན་མང་པོ་བྱུང་། གོང་དུ་བཤད་པ་བཞིན་མེ་མདའམ་བོའུ་རིང་ཐུང་དང་དེའི་མདེའུ་མང་པོ་ཉོ་སྒྲུབ་བྱེད་པ་དེའང་སེམས་ཅན་མང་པོ་བཤས་སུ་ཕབས་ནས་དེའི་རིན་གྱིས་ཉོ་བ་ཡིན་ཏེ། ལོ་འགའ་ཞིག་གི་སྔོན་དུ་འབྲོག་པ་འགའ་རེས་མེ་མདའ་གཅིག་གི་རིན་དུ་གཡག་ཉི་ཤུ་ལྷག་ཙམ་རེ་བྱིན་པ་ཡོད་ཅིང་། ད་ལོ་མཚོ་སྔོན་ཕྱོགས་ཀྱི་མི་འགའ་ཞིག་ཁམས་ཕྱོགས་ཀྱི་འབྲོག་པའི་ནང་དུ་འོངས་ནས་ཟོག་རླངས་འཁོར་འགའ་ཞིག་ཉོས་ནས་རིན་དུ་མེ་མདའ་རིང་ཐུང་དང་མདེའུ་ཤ་སྟག་སྤྲད་པ་དང་། ད་ལོ་དབྱར་དུས་སུ་འབྲོག་པ་རྒད་པོ་ཞིག་གིས། ཁོ་ལ་མེ་མདའ་བཟང་པོ་གཉིས་ཡོད། ཁོང་ཅག་ཉེ་སྐོར་ཁྱིམ་ཚང་གསུམ་ཡོད་དེ། གསུམ་པོའི་ད་ཡོད་ཀྱི་རྒྱུ་རྫས་ཡོངས་རྫོགས་བསྡམས་ཀྱང་མེ་མདའ་གཉིས་པོ་དེའི་རིན་ཙམ་མེད་ཅེས་ཟེར་བ་ལྟ་བུ་སྟེ། དེ་དག་ཐམས་ཅད་གཡག་བཙོང་ནས་དེའི་རིན་གྱིས་ཉོས་པ་རེད། མེ་མདའ་འདི་རྣམས་ཐམས་ཅད་བོད་པ་ནང་འཐབ་ཀྱི་ཆེད་ཁོ་ནར་དམིགས་ནས་ཉོ་བ་ཡིན་ཏེ། ཚོ་བ་གཉིས་ཀྱི་བར་དུ་གྱོད་གཞི་ཅུང་ཙམ་ཞིག་བྱུང་ཚེ། འཕྲལ་དུ་ཕྱོགས་གཉིས་ཀས་མེ་མདའ་མང་པོ་ཉོ། དེ་ཉོ་བྱེད་ཐམས་ཅད་བཤས་ཚོང་བྱས་པ་ལས་བྱུང་བ་ཡིན་པ་འབྲོག་པའི་ནང་དུ་སོང་ནས་བལྟས་ན་ཤེས། གཞན་ཡང་ཟོག་ལུག་གི་རིན་གྱིས་ཤྭ་རྒྱལ་སྐུག་པར་བྱེད་དེ། ལོ་འགའ་ཞིག་གི་སྔོན་དུ་རྒྱལ་སྐུག་པ་ཧ་ཅང་དགའ་མཁན་གྱི་འབྲོག་པ་ན་གཞོན་ཞིག་གིས། ཁོས་རྒྱལ་བསྐུག་རྒྱུ་ཁོ་ནའི་དོན་དུ་ནོར་གནག་ཉིས་བརྒྱ་ལྷག་ཅ
ིག་བཤས་ཁང་ལ་བཙོང་པ་ཡིན་ཞེས་ཟེར་བ་ལྟ་བུ་རེད། མདོར་ན། བཤས་ཚོང་བྱས་པའི་རིན་གྱིས་སྔ་སོར་གཅན་གཟན་གྱི་པགས་པ་འབོར་ཆེན་ཉོ། ད་ལྟ་རྒྱལ་སྐུགས་པ་དང་མཚོན་ཆ་ཉོ། འགའ་རེས་གྲོང་ཁྱེར་རྣམས་སུ་སོང་ནས་ཉིན་འགའི་རིང་ལ་འཁྱམས་ཏེ། བཤས་རིན་ཐམས་ཅད་དོན་མེད་འཕྲོ་བརླག་ཏུ་གཏོང་གིན་འདུག་སྟེ། དགོས་ངེས་ཀྱི་འཚོ་བའི་ནང་དུ་འགྲོ་བ་ཤིན་ཏུ་ཉུང་ཉུང་ཡིན་པ་ཞིབ་ཏུ་བལྟས་པས་གསལ། འབྲོག་པ་ཁ་ཤས་ཀྱིས་འབྲི་གཡག་བེའུ་དང་བཅས་པ་སྒོ་ན་ཡོད་ཚད་ཐམས་ཅད་བཤས་ཚོང་བྱས་ནས་གྲོང་བརྡལ་དག་གི་མཐར་སོང་ནས་བསྡད། དེ་ནས་ལྟོ་མ་ཕྱིད་ནས་སླར་ཡང་འབྲོག་པའི་ནང་དུ་ལོག་དགོས་བྱུང་བ་མང་པོ་འདུག །དུད་འགྲོའི་ཚེ་སྲོག་ལ་གཅེས་སྤྲས་མི་བྱེད་པ་འདིའི་བག་ཆགས་རིམ་གྱིས་གོམས་པས་མཐར་མིའི་ཚེ་སྲོག་ལའང་གཅེས་སྤྲས་མི་ཤེས་པ་འདི་འབྱུང་བ་ཡིན་ཏེ། ཨ་མེ་རི་ཁའི་བཙོན་ཁང་ཞིག་གི་ནང་དུ་བརྟག་དཔྱད་བྱས་པས། མི་གསོད་པ་སོགས་ནག་ཉེས་ཧ་ཅང་ཚབས་ཆེན་བྱེད་མཁན་རྣམས་ལས་བརྒྱ་ཆ་བདུན་ཅུ་དེ་སྔར་དུད་འགྲོ་རྣམས་ལ་མནར་གཅོད་གཏོང་མཁན་ཡིན་པ་ལྟ་བུ་རེད། དེས་ན་དུད་འགྲོའི་ཚེ་སྲོག་ལ་ཤ་ཚ་མི་བྱེད་པ་འདིས་མ་ཤེས་མ་ཚོར་བཞིན་དུ་མི་རྣམས་ཀྱི་ནང་ཕན་ཚུན་དུའང་འཐབ་འཛིང་དང་གསོད་གཅོད་སྣ་ཚོགས་པ་བྱུང་བའི་རྒྱུ་བྱེད་པ་ཡིན། དེས་ན་འབྲོག་པ་ཚོས་གཡག་ལུག་གསོད་པ་དང་པགས་པ་བཤུ་བ་དང་ལྟོ་བ་ཕྲལ་བ་སོགས་ལ་བྱིས་པ་རྣམས་ལ་ལྟད་མོ་བལྟར་མི་འཇུག་པ་འདིས་བྱིས་པ་ཚོ་ལ་བག་ཆགས་ངན་པ་ཐེབས་པར་འགྱུར་བས་ཅིས་ཀྱང་གཟབ་པར་བྱ། མདོར་ན་བོད་གངས་ཅན་གྱི་ཕ་མྱེས་རྣམས་ཀྱིས་བཞག་པའི་ལུགས་སྲོལ་བཟང་པོ་དེ་རྣམས་གཞན་གྱིས་གཏོར་བཤིག་བཏང་བ་དང་། རང་གིས་སྣང་མེད་དུ་དོར་བ་ལ་བརྟེན་ནས་ད་ལྟ་བྱ་སྤྱོད་ངན་པ་མང་པོ་ཞིག་འབྱུང་བཞིན་འདུག་སྟེ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ནང་དུ་ཞུགས་ནས་བརྟགས་ན་ཤེས་སླ། འདི་དག་གིས་བོད་མི་རིགས་ཀྱི་ཡ་རབས་ཀྱི་གཤིས་ཀ་དང་ཞི་བདེའི་ཁོར་ཡུག་གཉིས་ཀ་གཞི་ནས་བརླག་པར་འགྱུར་བ་ལས་ཕན་པ་ཅི་ཡང་མི་འདུག་པའི་བོད་པ་རྣམས་ཀྱིས་བསམ་བློ་ཞིབ་ཏུ་གཏོང་དགོས་པར་སྣང་ངོ་། །
དྲུག་པ་དགེ་བཅུའི་སྲོལ་གྱི་ཕན་འབྲས་ནི།
ཐོག་མར་སྲོག་མི་གཅོད་པའི་སྲོལ་དེ་ལེགས་པོ་ཞིག་ཚུགས་ན། ཚོ་བ་ཕན་ཚུན་བར་དང་ཉེ་སྐོར་ཕན་ཚུན་བར་དང་མི་སྒེར་ཕན་ཚུན་བར་མི་གསོད་པ་འདི་མེད་པའམ་ཤིན་ཏུ་ཉུང་བར་འགྱུར། དེ་ཉུང་བས་མི་གསོད་མཁན་རྣམས་རི་མགོར་བྲོས་ཏེ། རྐུན་ཇག་སོགས་མུ་མཐུད་ནས་སྤྱི་ཚོགས་མི་བདེ་བའི་བྱ་བ་བྱེད་པ་དང་། བྱིས་པ་དང་བུད་མེད་རྣམས་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་ཐབས་མེད་པར་སྡུག་བསྔལ་ངང་དུ་དུས་འདའ་བ་དང་། མི་བསད་པ་ལ་སྟོང་འཇལ་བ་དང་། ཡང་ན་མཚོན་ཆ་མང་པོ་ཉོ་བའི་ཕྱིར་དུ་ཁྱིམ་ཚང་གཅིག་པོ་ལ་ཡོད་པའི་དཔལ་འབྱོར་ཡོངས་རྫོགས་འཕྲོ་བརླག་ཏུ་གཏོང་བ་དང་། སྡིག་པ་དང་སྡུག་བསྔལ་གྱི་ཕུང་པོ་རྒྱ་ཆེན་པོ་ཞིག་གཅིག་ལ་གཅིག་འབྲེལ་ནས་ཡོད་པས། དེ་རྣམས་ཀྱིས་གཅིག་གིས་གཅིག་ཁྲིད་ནས་མི་མང་པོ་ཞིག་གི་མི་ཚེ་སྡིག་སྡུག་ལ་གཟད་པའི་ཡིད་སྐྱོ་བའི་བྱ་སྤྱོད་འདི་རྣམས་རྒྱུན་འཆད་པར་འགྱུར་ཏེ། དེང་སང་དགེ་བཅུའི་སྲོལ་ལེགས་པོ་ཡོད་པའི་ས་གནས་འགའ་རེ་ན། མཚོན་ཆ་མི་ཉོ་བའམ་མི་འདོགས་པ་དང་། རྐུ་མི་བྱེད་པ་འཐབ་མོ་མི་བྱེད་པ་འདི་དག་གིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་འབྲས་བཟང་པོ་ཐོན་པ་མངོན་སུམ་ཡིན་ལ། དགེ་བཅུའི་སྲོལ་ཁོ་ན་ལ་བསམ་བློ་བཏང་སྟེ། འཐབ་མོ་མི་བྱེད་པ་དང་བྱས་པ་རྣམས་ཀྱང་ལས་སླ་མོའི་སྒོ་ནས་ཞི་བར་གྱུར་པ་མང་པོ་ཡོད། སྔར་གྲོང་ཚོ་གཅིག་གི་ནང་དུ་ལོ་རེ་ལ་བསད་པའི་མིའི་གྲངས་ཀ་ད་ལྟ་རྫོང་གཅིག་གི་ནང་དུའང་མེད་པ་ལྟ་བུ་བྱུང་ཞིང་། ས་གནས་མང་པོར་རྐུན་མ་ཇེ་ཉུང་དུ་སོང་བ་དང་། མཚོན་ཆ་མི་འདོགས་པ་སོགས་སྤྱི་ཚོགས་བདེ་འཇགས་ཀྱི་ཐད་ལ་ཕན་འབྲས་ལེགས་པོ་ཐོབ། དེའི་ཕྱིར་དགེ་བཅུའི་སྲོལ་འདི་མུ་མཐུད་ནས་འཛུགས་ཐུབ་ན་ཕན་པ་བཟང་པོ་འདུག་ཅེས་དགའ་བསུ་བྱེད་མཁན་གྱི་མང་ཚོགས་ཤིན་ཏུ་མང་པོ་འདུག་གོ །
དེ་བཞིན་དུ་སྒོ་ཕྱུགས་མང་པོ་བཤས་ཚོང་མི་བྱེད་པ་འདི་ལ་བརྟེན་ནས་དེའི་རིན་གྱིས་རྒྱལ་སྐུག་པ་དང་མཚོན་ཆ་ཉོ་བ་དང་ཕན་ཚུན་བར་ལ་རྐུ་འཕྲོག་བྱེད་པ་སོགས་འདི་རྣམས་ཀྱང་མེད་པར་འགྱུར་ཞིང་། རྐུན་ཇག་བྱེད་པ་འདི་ཁེགས་ན་དེ་ལ་བརྟེན་ནས་དམག་འབུད་པ་དང་མི་གསོད་པ་དང་དཔལ་འབྱོར་འཕྲོ་བརླག་ཏུ་གཏོང་བ་ཐམས་ཅད་ངང་ངམ་ཤུགས་ཀྱིས་ཁེགས་པས། རོང་འབྲོག་མང་ཚོགས་དང་བཟོ་ཚོང་གི་བྱ་བ་གཉེར་མཁན་སུ་ཡིན་ཡང་བདེ་འཇགས་ཀྱི་ངང་དུ་གནས་ཆོག་པ་དང་། བག་ཡངས་ཀྱི་སྒོ་ནས་རྒྱུ་ཆོག་པར་འགྱུར། དེར་མ་ཟད་དགེ་བཅུའི་སྲོལ་ཡོད་པའི་གནས་རྣམས་སུ་དུད་འགྲོ་རྣམས་ལའང་བདེ་བ་ཅུང་ཟད་ཐོབ་པར་འགྱུར་ཏེ། རི་དྭགས་ལ་མཚོན་ན་སྔོན་གྱི་དུས་སུ་བོད་ན་རྐྱང་དང་འབྲོང་དང་ཤྭ་བ་དང་གླ་བ་སོགས་རི་དྭགས་ཀྱི་རིགས་ཤིན་ཏུ་མང་པོས་གང་སར་ཁྱབ་ནས་ཡོད་མཆི། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དགུ་བཅུ་ཙམ་ན་རྐྱང་འབྲོང་གི་རིགས་རྒྱུད་འཆད་ལ་ཁད་དུ་གྱུར་བར་མ་ཟད། ཐ་ན་ཤྭ་བ་དང་གླ་བ་སོགས་ཀྱང་ཧ་ཅང་དཀོན་པོར་གྱུར། དུས་ཕྱིས་སུ་ས་གནས་ཅི་རིགས་པ་ཞིག་གི་དགེ་བཅུའི་སྲོལ་ཅུང་ཟད་སླར་སོས་བྱུང་བས། ད་ལྟ་ས་གནས་དེ་རྣམས་སུ་ཤྭ་བ་དང་གླ་བ་སོགས་རི་དྭགས་རྣམས་གང་སར་མཐོང་ཐུབ་པར་གྱུར་པ་ལྟ་བུའོ། །
མདོར་ན་དགེ་བཅུའི་སྲོལ་འདི་ལེགས་པོ་ཞིག་ཚུགས་ན། བོད་གངས་ཅན་གྱི་ལྗོངས་འདི་ཞི་བདེ་དང་བག་ཡངས་ཉམས་དགའི་ཁོར་ཡུག་ཅིག་ཏུ་འགྱུར་ཞིང་། འཛམ་བུ་གླིང་གི་མི་སུ་ཞིག་གནས་འདིར་ཕེབས་ཡང་ཐམས་ཅད་ཀྱིས་བོད་མི་རིགས་ཀྱི་རིག་གནས་ཀྱིས་བསྐྲུན་པའི་ཞི་བདེ་དང་སོས་དལ་དང་གུ་ཡངས་ཀྱི་ཁོར་ཡུག་འདི་ཉམས་སུ་མྱོང་ཐུབ་ཅིང་། བོད་མིའི་གཤིས་ཀ་ལས་བྱུང་བའི་དྲང་བདེན་དང་ཕན་སེམས་སོགས་ཀྱི་བསམ་སྦྱོར་བཟང་པོས་ཀུན་གྱི་ཡིད་ལ་དགའ་བདེའི་ཚོར་བ་སྟེར་ཐུབ་པ་ཞིག་འོང་ཞིང་། གནས་འདི་ན་འཁོད་པའི་སྲོག་ཆགས་ཐམས་ཅད་ལའང་འདྲ་མཉམ་གྱི་རང་དབང་དང་ཞི་བདེའི་སྣང་བ་ལོངས་སུ་སྤྱད་དུ་ཡོད་པ་དང་། འཛམ་གླིང་གི་མི་རིགས་གཞན་པ་རྣམས་ཀྱིས་ཀྱང་བོད་མི་རིགས་ལ་གདེང་འཇོག་ལེགས་པོ་བྱེད་པ་དང་། བོད་ཀྱི་རིག་གནས་ལའང་གཙིགས་ཆེན་བྱེད་མཁན་ཇེ་བས་ཇེ་མང་དུ་འགྲོ་བ་གོར་མ་ཆག་གོ །
བདུན་པ་སྲོལ་འདི་འཛུགས་ཚུལ་ནི།
སྲོལ་འདི་མེད་པའི་ས་ཕྱོགས་སུ་དང་པོ་སློབ་གསོ་ལ་བརྟེན་ནས་མི་རིགས་ཀྱི་རིན་ཐང་གི་ལྟ་བ་ཉམས་གསོ་དང་བསྐྱར་བསྐྲུན་བྱ་དགོས། དེ་ཙ་ན་མི་རྣམས་ཀྱི་གཞི་སྤུས་ཇེ་བཟང་དུ་འགྲོ །གོ་བརྡ་འཕྲོད་ཅིང་གཞི་སྤུས་ཀྱི་ཚད་ངེས་ཅན་ཞིག་སླེབས་པ་ན། སྲོལ་འདི་རྣམས་ལག་ལེན་དུ་བཏབ་ན་གདོད་ལེགས་གྲུབ་འོང་། དེ་ཡང་ཐོག་མ་ནས་ཆད་པ་སྤྱི་དང་ཁྱད་པར་དུ་དཔལ་འབྱོར་གྱི་ཆད་པ་སོགས་བཙན་ཤུགས་ཀྱིས་གཅུན་ན་དོན་དུ་འགྱུར་དཀའ་བས་དེ་ལྟར་མི་བྱ། སྤྱིར་བྱ་བ་འདི་ཡུལ་ཁམས་དེ་ན་གནས་པའི་སྐྱེ་འགྲོ་ཡོངས་ལ་ཕན་འདོགས་པར་བྱེད་པའི་ཐབས་ཡིན་ཡང་། དེ་ལྟར་དུ་གོ་བ་ལེན་མཁན་དཀོན། དེས་ན་དགོན་པ་སོ་སོའི་བླ་སྤྲུལ་མཁན་སློབ་བམ་གྲྭ་པ་དཀྱུས་མ་ཡན་ཆད་དང་། ཡུལ་མི་ཤེས་ཡོན་ཅན་རྣམས་ཀྱིས་དགུན་དུས་སོགས་ཁོམ་སྐབས་དང་བསྟུན་ནས་མང་ཚོགས་རྣམས་ལ་ཆོས་ཚོགས་ཀྱི་རྣམ་པའམ་སྦྱོང་བརྡར་འཛིན་གྲྭའི་རྣམ་པ་གང་རུང་གི་སྒོ་ནས་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་སོགས་ཡ་རབས་ཀྱི་བསམ་བློ་དང་ཡུལ་སྲོལ་རྣམས་དང་། ཁོར་ཡུག་སྲུང་སྐྱོབ་དང་ནད་འགོག་འཕྲོད་བསྟེན་དང་གཙང་སྦྲ་སོགས་དང་། གཞན་ཡང་དུས་རབས་གསར་བའི་འཚོ་བའི་རྒྱུན་ཤེས་དགོས་ངེས་ཅན་རྣམས་རིན་མེད་ཀྱི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས། རང་ཅག་གི་ཕ་མེས་ཀྱི་རིང་གི་འདུ་ཤེས་ཕལ་མོ་ཆེ་ཞིག་ནི་དུས་རབས་གསར་བའི་ནང་དུའང་ཤིན་ཏུ་རིན་ཐང་དང་ལྡན་པ་ཡིན་ཏེ། ལས་དགེ་སྡིག་གི་རྒྱུ་འབྲས་ཀྱི་འདུ་ཤེས་ལ་བརྟེན་ནས་དྲང་བདེན་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱང་བདེ་སྡུག་གི་ཚོར་བ་ཅན་གྱི་ཚེ་སྲོག་ཡིན་པ་ལ་བསམ་བློ་བཏང་ནས་འདྲ་མཉམ་བྱ་བ་དང་། སྔོན་རང་གི་ཕ་མ་བྱས་པ་དང་ད་ལྟའང་དྲིན་ཆེ་བ་ལ་བསམ་ནས་སྒོ་ཕྱུགས་རྣམས་ཀྱང་བྱམས་པ་དང་སྙིང་རྗེའི་དམིགས་ཡུལ་དུ་བྱ་དགོས་པ་སོགས་ཀྱི་སློབ་གསོ་འཕྲོད་ངེས་བྱའོ། །
དེ་ནས་དགེ་བཅུའི་སྲོལ་དེའང་ཧ་ཅང་དམ་ཆེས་ནས་མི་ཐེགས་པའི་ཁུར་དུ་སོང་བ་ཞིག་བྱས་ན་བསྲུང་དཀའ་བས། དེ་ཙམ་གྱིས་དམ་པའང་མ་ཡིན་ལ། ཧ་ཅང་ལྷོད་ཆེས་ནས་གསོད་གཅོད་རྐུ་འཕྲོག་སོགས་ཅི་ཙམ་བྱས་ཀྱང་མི་སྒེར་རམ་དགོན་པའམ་བླ་བྲང་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པ་མ་བྱུང་ཚེ་ཅི་མི་སྙམ་དུ་འཇོག་པ་ཞིག་ཀྱང་མ་ཡིན་པར་སྲོལ་ལེགས་པོ་འཛུགས་པར་བྱ། དེ་ཡང་མང་གཙོ་བྱས་ནས་འཛུགས་དགོས་ཀྱི། བླ་མ་དང་སྤྲུལ་སྐུ་སོགས་མི་འགའ་ཞིག་གིས་ཐག་བཅད་ན་མི་འགྲིག་པས། ཡུལ་དེའི་མང་ཚོགས་ལ་དྲིས་ནས། བརྒྱ་ཆ་དྲུག་ཅུ་བདུན་ཅུ་ཙམ་གྱིས་འཛུགས་པར་མོས་པའི་ཚེ་ན་གཟོད་འཛུགས་དགོས། བཙུགས་ཟིན་པའི་རྗེས་སུ་དུས་གང་འཚམ་ཞིག་སོང་བའི་ཚེ། མང་སེམས་བརྟག་དཔྱད་བྱས་ནས་མང་ཚོགས་ཀྱི་འཚོ་བ་དང་བདེ་འཇགས་དང་ཀུན་སྤྱོད་སོགས་ལ་ཕན་པའམ་གནོད་པ་ཇི་ཙམ་བྱུང་ཡོད་མེད་རྒྱུས་ལོན་བྱ། སྲོལ་དེ་དམ་ལྷོད་ཇི་ལྟར་བྱ་བ་དང་རྒྱུན་འཁྱོངས་བྱེད་དང་མི་བྱེད་ཐམས་ཅད་མང་གཙོའི་ལམ་ལུགས་ལ་བརྟེན་ནས་ཐག་གཅོད་བྱ་དགོས་ཏེ། དགེ་བཅུའི་སྲོལ་འདི་མཐར་གཏུགས་ན་བོད་མང་ཚོགས་ཀྱི་ཚེ་འདི་ཕྱིའི་དོན་ཡིན་གྱི། བླ་མ་དང་དགོན་པ་སུའི་དོན་ཡང་མ་ཡིན་པའི་ཕྱིར་རོ། །
དེ་ལྟར་མང་ཚོགས་ཀྱིས་སྲོལ་དེ་དགོས་ངེས་སུ་མཐོང་ནས་དང་ལེན་བྱེད་ཀྱང་། གང་ཟག་རེ་ཟུང་ཙམ་གྱིས་སྲོག་གཅོད་པ་དང་རྐུ་བྱེད་པ་སོགས་ཀྱིས་སྲོལ་དེ་ལ་གཏོར་བཤིག་གཏོང་བ་བྱུང་ན། དགོན་པའི་བླ་སྤྲུལ་སོགས་ཀྱིས་ཀྱང་སྙིང་རྗེའི་བསམ་པས་མ་དོར་བའི་ངང་ནས་ཐོག་མར་སློབ་གསོ་བྱ་བ་དང་། དེས་ཀྱང་མི་གཏོང་ན་ཁྲིམས་ལུགས་དང་ཆོས་ལུགས་ལ་མི་འགལ་བའི་སྒོ་ནས་ངན་སྤྱོད་ལས་བཟློགས་ཏེ། དགེ་བཅུའི་སྲོལ་ལ་གནས་པའི་ཐབས་གང་དྲག་བྱ་དགོས། དེ་ལྟར་བྱས་པ་ལ་ཉེས་པ་མེད་དེ། འདི་མི་རིགས་ཀྱི་ཤ་ཞེན་དང་སྤྱི་ཚོགས་ཀྱི་བདེ་འཇགས་དང་སེམས་ཅན་ཐམས་ཅད་ཀྱི་འདི་བདེ་ཕྱི་སྐྱིད་ཀྱི་དོན་ལ་བརྩོན་པར་བྱས་པ་ཡིན་གྱི། དགོན་པ་དང་བླ་མ་དང་གྲྭ་པ་སོགས་ཀྱི་སྒེར་དོན་སྒྲུབ་པ་མ་ཡིན་པ་ཤིན་ཏུ་གསལ་བའི་ཕྱིར་རོ། །
བརྒྱད་པ་དགེ་བཅུའི་སྲོལ་ལ་དོགས་པ་བསལ་བ་ནི།
འགའ་ཞིག་གིས་མི་མི་གསོད་པ་དང་རྐུ་མི་བྱེད་པ་དང་རྫུན་མི་སྨྲ་བ་འདི་དག་དགོས་ཀྱང་། རི་དྭགས་དང་སྒོ་ཕྱུགས་མི་གསོད་པ་འདི་ལ་དགོས་པ་མེད་དོ་སྙམ་ན། སྒོ་ཕྱུགས་བཤས་ཚོང་བྱེད་པ་ལ་བརྟེན་ནས་དེ་དང་འབྲེལ་ནས་བྱུང་བའི་བྱ་བ་ངན་པ་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་རྐྱེན་མང་པོ་འབྱུང་བ་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། དེ་ལས་གཞན་ཡང་དང་པོ་མི་རིགས་རང་ཉིད་ཀྱི་ངོས་ནས་བཤད་ན། རང་རེ་བོད་གངས་ཅན་པ་ཞེས་པ་འདི་གཤིས་རྒྱུད་དྲང་ཞིང་བྱམས་སྙིང་རྗེ་དང་ལྡན་པའི་ཡ་རབས་ཀྱི་མི་རིགས་ཤིག་ཡིན་པར་རང་གཞན་ཀུན་གྱིས་བྱེད་ལ། དེའི་ཆ་ནས་འཛམ་བུ་གླིང་འདི་ན་རང་རེའི་མི་རིགས་འདི་ལ་དགའ་ཞེན་བྱེད་པའི་མི་ཤིན་ཏུ་མང་པོ་ཞིག་འདུག །འོན་ཀྱང་རང་ཅག་གིས་སྒོ་ཁ་ན་ཡོད་པའི་ཟོག་ལུག་དང་རི་མགོ་ན་ཡོད་པའི་རི་དྭགས་ཐམས་ཅད་ཀྱི་སྲོག་བཅད་དེ། དེའི་རིན་གྱིས་ཕྱིན་ཅི་ལོག་གི་བྱ་བ་ཁོ་ན་བསྒྲུབ་ནས་བསྡད་ན། སེམས་ཅན་གྱི་ཚེ་སྲོག་ལ་རྡོག་རྫི་བྱེད་ཅིང་གནས་ལུགས་མི་བཤད་པའི་དམུ་རྒོད་ཀྱི་མི་རིགས་ཐ་ཆད་པ་ཞིག་ཡིན་པར་ཤིན་ཏུ་གསལ་བས། ལས་རྒྱུ་འབྲས་ལ་རྩི་སྲུང་བྱེད་པའི་དྲང་བདེན་ཅན་དང་བྱམས་སྙིང་རྗེ་ཅན་ཡིན་ཞེས་པ་དེའི་རྫུན་ཕུགས་རྡིབ་པ་ཡིན། ལར་མི་རིགས་གང་ཞིག་ཡིན་ཡང་རུང་མི་རིགས་དེ་བྱམས་སྙིང་རྗེ་ཅན་དང་གནས་ལུགས་སམ་དྲང་བདེན་ལ་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་དང་རང་དབང་ལ་གཙིགས་ཆེན་ཡིན་མིན་ནི། ཁ་ནས་མང་པོ་བཤད་པས་དགོས་པ་ཅི་ཡང་མེད། དོན་གྱི་ཐོག་ནས་མི་རིགས་དེས་རང་ལས་ཉམ་ཆུང་བའི་དུད་འགྲོ་རྣམས་ལ་བྱ་བ་ཇི་འདྲ་ཞིག་བྱེད་ཀྱིན་འདུག་བལྟས་པས་གསལ་པོར་ཤེས་ཐུབ་པ་ཡིན། དུད་འགྲོ་རྣམས་ལ་འཚོ་གནས་ཀྱི་རང་དབང་ཙམ་ཡང་མི་སྤྲོད་པའི་མི་རིགས་དེས་གལ་ཏེ་ཐུབ་ན། མིའི་རིགས་ཀྱི་ནང་ལའང་དེ་ལྟར་དུ་ལག་ལེན་བྱེད་པ་གསལ་བར་མཚོན་ནུས་པས། དེ་འདྲའི་མི་རིགས་དེ་གདུག་རྩུབ་ཅན་དང་མ་རུངས་པའི་མི་རིགས་ཤིག་ཏུ་ངོས་འཛིན་པར་འགྱུར་གྱི། ཞི་བདེ་དང་གཞན་ཕན་ལ་དགའ་བའི་སྔོན་ཐོན་གྱི་མི་རིགས་སུ་ཚུད་ཐབས་ག་ལ་ཡོད། དེས་ན་དུད་འགྲོ་བྱམས་སྐྱོང་བྱེད་པ་འདི་བོད་མི་རིགས་ཀྱིས་སྲོག་ཆགས་མཐའ་དག་གི་འཚོ་གནས་ཀྱི་རང་དབང་དང་འདྲ་མཉམ་དང་བདེ་སྐྱིད་སོགས་ལ་ངེས་པ་དོན་གྱི་ཐོག་ནས་མཐོང་ཆེན་བྱེད་པའི་བླ་ན་མེད་པའི་རིན་ཐང་གི་ལྟ་བ་དང་། ཀུན་སྤྱོད་ཀྱི་ཚད་གཞི་མཚོན་བྱེད་ཡིན་པས་ཤིན་ཏུ་གལ་ཆེ་སྙམ་དུ་སེམས་སོ། །
གཉིས་པ་དུད་འགྲོ་རྣམས་ཀྱི་ངོས་ནས་བཤད་ན། དུད་འགྲོ་འདི་རྣམས་ཤ་དང་ཁྲག་དང་རྣམ་ཤེས་དང་ཚོར་བ་ཡོད་ཅིང་། བདེ་བ་ལ་དགའ་ཞིང་སྡུག་བསྔལ་ལ་སྐྲག་པའི་སེམས་ཅན་རང་ཅག་དང་འདྲ་བ་ཤ་སྟག་རེད། དེས་ན་མ་མཐར་ཡང་ཉམ་ཆུང་གི་དུད་འགྲོ་འདི་རྣམས་ལ་འཚོ་གནས་ཀྱི་རང་དབང་ཙམ་ཞིག་སྦྱིན་ན། དེ་ཙམ་ལ་མི་འོས་རྒྱུ་ཅི་ཡང་མི་འདུག་སྟེ། སེམས་ཅན་འདི་རྣམས་རང་ཅག་ལ་ཤིན་ཏུ་དྲིན་ཆེ་བ་ཡིན། འབྲོག་པ་རྒན་པོ་རྣམས་ཀྱིས་ཀྱང་སྒོ་ཟོག་དྲིན་ཅན་རྣམས་ཞེས་མ་ཎི་ལྡོག་པོ་གཅིག་ལས་མ་བཏོན་ཀྱང་བསྔོ་བ་བྱེད་པ་དེས་རྟོགས་པ་ཡིན་ནོ། །
ཡང་འགའ་ཞིག་གིས་སེམས་ཅན་གྱི་སྲོག་མ་བཅད་ན་འབྲོག་པའི་འཚོ་བ་ལ་གནོད་ཟེར། དེ་འབྲོག་པའི་ད་ལྟའི་འཚོ་བ་ལ་ཞིབ་འཇུག་དང་མ་འོངས་པའི་མདུན་ལམ་ལ་མནོ་བསམ་ཞིབ་མོ་མ་བཏང་བའི་སྐད་ཆ་ཁོ་ན་ཡིན། དེ་ཇི་ལྟར་ཞེ་ན། འབྲོག་པ་རྣམས་ཀྱི་འཚོ་བ་ཡར་རྒྱས་སུ་མི་འགྲོ་བ་འདི་སེམས་ཅན་གྱི་སྲོག་མི་གཅོད་པ་ལ་གཏན་ནས་ཐུག་མེད། གལ་ཏེ་འབྲོག་པ་ཁྱིམ་ཚང་ཞིག་གི་སྒོ་ན་ཡོད་པའི་ཟོག་ལུག་ཡོད་ཚད་བཤས་ཚོང་བྱས་ཀྱང་དེས་ཕྱུགས་པོ་འགྱུར་མི་ཐུབ། གང་གི་ཕྱིར་ཞེ་ན། ཁམས་ཕྱོགས་ཀྱི་འབྲོག་པ་རྣམས་ཀྱི་ནང་དུ་སྒོ་ན་ཟོག་ལུག་ཧ་ཅང་མང་པོ་ཡོད་པའི་ཁྱིམ་ཚང་ཤིན་ཏུ་ཉུང་ཉུང་ཡིན། ཕལ་ཆེ་བ་ཞིག་ལ་བཅུ་ཕྲག་འགའ་རེ་ནས་བརྒྱ་ཕྲག་འགའ་རེའི་བར་ཙམ་ལས་མེད། དེ་རྣམས་ཡོངས་རྫོགས་བཤས་རར་ཕབ་པའི་དབང་དུ་བྱས་ཀྱང་སྒོར་ཁྲི་ཚོ་འགའ་ཞིག་གི་རིན་ཙམ་ལས་མེད་པས། དེས་ཁྱིམ་ཚང་ཞིག་གི་གཟའ་མི་ཡོངས་རྫོགས་ཀྱི་མི་ཚེ་གཅིག་གི་ཁ་སོས་ཐབས་གཏན་ནས་མི་འོང་བའི་ཕྱིར་རོ། འོ་ན་གང་ཡིན་ཞེ་ན། གཙོ་བོ་འབྲོག་པ་ཡོངས་རྫོགས་ཀྱི་སྐྱེས་པ་རྣམས་ལ་གོམས་སྲོལ་ཤིན་ཏུ་ཐ་ཆད་ཅིག་ཡོད་པ་ནི། ནམ་རྒྱུན་ངལ་རྩོལ་མི་བྱེད་པ་དང་རིག་གནས་དང་ལག་རྩལ་མི་སློབ་པར་རང་དགར་ཉི་མ་འཕུལ་ནས་འདུག་པ་འདི་ལ་ཐུག་ཡོད། འདི་གནའ་སྔ་མོའི་དུས་ནས་བྱུང་བའི་བག་ཆགས་ཤིག་སྟེ། སྔོན་དུས་འབྲོག་པ་དཀྱུས་མ་ཞིག་གི་འཚོ་བ་སྐྱེལ་བ་ལ་རིག་གནས་དང་ལག་རྩལ་མང་པོ་མི་དགོས། ཤེས་ཀྱང་བཀོལ་སྤྱོད་བྱ་ས་མེད། ངལ་རྩོལ་ཡང་ཕྱུགས་ལས་གཅིག་པོ་མ་གཏོགས་གཞན་པ་བསྒྲུབ་རྒྱུ་མེད་པས་ཁག་མེད། ད་ལྟ་དེ་དང་མི་འདྲ་བས་དུས་རབས་གསར་བ་འདིའི་ནང་དུ་འཚོ་ཐབས་གསར་བ་བཙལ་དགོས་ཀྱི། སྔར་མུས་ཁོ་ན་བཞིན་དུ་བསྡད་པས་དཔལ་འབྱོར་ཡར་རྒྱས་སུ་མི་འགྲོ་བ་ཐག་ཆོད་རེད། འཛམ་བུ་གླིང་གི་དཔལ་འབྱོར་ཡར་རྒྱས་སུ་བཏང་བ་ཕལ་ཆེ་བ་བཟོ་ལས་ལག་རྩལ་ལམ་ཚོང་ལས་རིག་གནས་ལ་བརྟེན་ནས་ཡར་རྒྱས་སུ་བཏང་བ་ལས། སེམས་ཅན་གྱི་སྲོག་གཅོད་པ་དང་རྐུ་འཕྲོག་ལ་བརྟེན་ནས་བཏང་བ་མིན། རང་ཅག་གིས་སྲོག་གཅོད་པ་གཅིག་པོ་འཚོ་ཐབས་ཀྱི་རྩ་བར་བཟུང་སྟེ། ད་དུང་མུ་མཐུད་ནས་འདི་བཞིན་བསྡད་ན་ཕ་དང་མེས་པོའི་རིང་ལའང་སྲོག་གཅོད་པ་ལས་འཚོ་ཐབས་གཞན་པ་མི་ཤེས་ཤིང་། བུ་དང་ཚ་བོའི་རིང་ལའང་དེ་ལས་གཞན་པ་མི་ཤེས། མི་རབས་ནས་མི་རབས་ཀྱི་བར་དུ་སྲོག་གཅོད་པ་ལས་གཞན་ཅི་ཡང་མི་ཤེས་པས་ཡར་རྒྱས་རྩ་བ་ནས་འགྲོ་རྒྱུ་མེད། གལ་ཏེ་རང་གི་ངལ་རྩོལ་མི་བྱེད་ཅིང་འཚོ་ཐབས་ཐམས་ཅད་སེམས་ཅན་གྱི་སྲོག་གཅོད་པ་ལ་བརྟེན་ནས་བསྡད་ན། འདི་གཅན་གཟན་རྣམས་ཀྱི་འཚོ་བ་སྐྱེལ་ཚུལ་ཡིན་གྱི། མིའི་འཚོ་བ་སྐྱེལ་སྟངས་ག་ལ་ཡིན། རང་གི་ཡུལ་ན་ཡོད་པའི་བཟོ་ལས་དང་ཚོང་ལས་སོགས་དཔལ་འབྱོར་ཡར་རྒྱས་གཏོང་བྱེད་ཀྱི་ཐབས་ཤེས་བཟང་པོ་ཐམས་ཅད་གཞན་གྱི་ལག་ཏུ་བཅུག་ནས་རང་ཉིད་ཀྱིས་ལུག་འགའ་རེའི་སྲོག་ལ་བརྟེན་ནས་འཚོ་ཐབས་བྱེད་པ་འདི་ཆེས་ཡིད་ཕམ་དགོས་པ་ཞིག་ཡིན་པ་ཁྱོད་ཅག་གིས་ད་དུང་རྩ་བ་ནས་ཤེས་མེད་པ་འདྲ། འདི་ལྟར་བྱས་མཐར་རང་ཡུལ་གྱི་བཟོ་ཚོང་སོགས་ལག་ཏུ་མི་འོངས་པར་མ་ཟད་ཐ་ན་སྡོད་གནས་ཀྱི་ས་ཆ་ཅུང་ཟད་བཟང་པོ་ཙམ་ཡང་མི་རྙེད་པ་ཞིག་འོང་ཐག་ཆོད་རེད། དེས་ན་འབྲོག་པ་རྣམས་ཀྱིས་ཀྱང་ཕྱུགས་ལས་བསྒྲུབ་པ་གཞིར་བཞག་གི་ཐོག་ནས་ཡོང་སྒོ་གཞན་པ་ཅི་རིགས་པ་ལ་འབད་ན་ད་གཟོད་འཚོ་བ་ལ་དཀའ་ངལ་མེད་པ་ཞིག་འོང་བར་འདུག་གོ །འོ་ན་ཇི་ལྟར་འབད་དགོས་ཞེ་ན། འདི་ལ་དོན་གསུམ་སྟེ། དང་པོ་ནི། རིག་པའི་གནས་གང་རུང་ལ་སྦྱངས་ནས་འཚོ་ཐབས་སྒྲུབ་པ་སྟེ། རང་རེ་བོད་པ་རྣམས་ད་ལྟའི་བར་དུ་ཕལ་མོ་ཆེ་ཞིག་ཡིག་རྨོངས་ཁོ་ན་ཡིན། རིག་གནས་ཡོད་པའི་མི་ཤིན་ཏུ་ཉུང་། ད་ཕན་ཆད་ཅེས་ཀྱང་རིག་གནས་སྦྱོང་བ་ལ་མཐོང་ཆེན་བྱ་དགོས། རིག་གནས་སྦྱང་བ་ནི་བྱིས་པ་ཆུང་ངུའ
རིན་ཐང་ཅན་གྱི་གསུང་འདི་འདྲ་འདུག་ཀྱང་བོང་བུའི་རྣ་ལ་གསེར་བླུག་པ་ལྟ་བུར་སོང་ན་བྱ་ཐབས་མེད་དོ།
རིན་ཐང་ཅང་མི་འདུག མི་རིགས་དང་རྒྱལ་ཁབ་བསམ་ན་དེ་བས་རིན་ཐང་མི་འདུག ཀྲུང་དབྱང་སྲིད་གཞུང་ལ་ད་ལྟ་བོད་རྩ་མེད་གཏོང་ཐབས་འཆར་གཞི་འདི་ལས་གཞན་རྙེད་རྒྱུ་མེད་རེད།
ཀྲུང་དབྱང་སྲིད་གཞུང་ལ་འདི་འདྲའི་འཆར་གཞི་ཡོད་ན་དགའ་འོས་པའི་གནས་གྱུར་པ་ལས་ཅི་ཡོད། ཅིག་ན་ཁྱོད་ལ་ཡོད་ཚད་ལོག་པར་མཐོང་པའི་དབང་པོ་ཁྱད་མཚར་ཅན་ཞིག་ཡོད་པ་འདྲ། ཉི་འོད་མཐོང་ས་མེད་པ་དེ་འུག་པའི་ལས་རེད། འུག་པའི་ལུས་རྟེན་མ་བརྗེས་བར་དུ་ཐབས་ཤེས་ཡོད་ནི་མ་རེད་ལགས། ཟེར་བ་དེ་འདྲ་མིན་པར་སྨོན།
ཧཧཧ་་་བསྟན་པ་ཞེས་པ་དེ་ཁ་བྱང་སྟན་གྱི་ཕུག་པ་རེད། ཁ་བྱང་སྟན་གྱི་ཕུག་པའི་ནང་ལ་ཉི་འོད་ཕོག་མི་སྲིད་པ་རེད། དགེ་ཆོས་ཀྱིས། མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།། ཅེས་པ་དེ་ཡང་མི་འདི་འདྲ་ལ་ཟེར་བ་རེད།
སྤྱི་ཚོགས་བདེ་འཇགས་དང་ཡར་རྒྱས་ལ་སྨན་པའི་ཁྲིམས་བཅས་ན་བཟང་མོད། ཕྱོགས་ཡོངས་ལ་བསམ་བློ་གཏོང་དགོས་པ་ལས་གནད་དོན་ཆུང་ཚགས་ཤིག་ལ་འགལ་ན་ཐལ་དྲགས་པའི་ཁྲིམས་ཆད་ཆོས་སྒོ་རྒྱག་གི་ཡིན་ཟེར་བ་ལྟ་བུའི་འཇིགས་སྐུལ་བྱས་ན་ཡག་པོར་མཐོང་གི་མི་འདུག
འཇིག་སྐུལ་གང་དུ་བྱས་འདུག་གྲོགས་པོ་གསལ་པོ་གཅིག་གསུང་དང་།
ཡང་གཅིག་བཤད་འདོད་བྱུང། གང་ཡིན་ཟེར་ན། མདུན་རྒྱབ་ངོ་མི་ཤེས་ཤིང་ལག་པ་ས་ལ་བཙུག་ནས་འགྲོ་མཁན་ཁ་ཤེས་གྱི་། བོད་མི་རིགས་རིགས་གཞུང་དང་བཅས་པ་སྲུང་བསྐྱོབས་གྱི་ཆེད་དུ་སྤེལ་བའི་དགེ་བཅུའི་ཁྲུམས་དེས་བོད་གྱི་ཆབ་སྲིད་ལ་གནོད་རབ་གྱིས་ཚིག་ཅིག་ཐོན་ཡོང་ཁི་འདུག་། དེ་ནི་ངོ་མ་ནང་རལ་བ་ཁྱོད་རང་ཚོས་། ཁ་ནས་བཤད་མ་ཤེས་པར་རྐུབ་ནས་ཁ་གྲག་པ་ཡིན་པའི་ངོ་ལེན་བྱས་འདུག་། གང་ཡིན་ཟེར་ན་། དེས་གནོད་ན་དེས་བཟློག་ཕྱོགས་གྱི་ཕན་དགོས་པ་ལ་། ད་འོ་ན་། ཁྱེད་དང་ཁྱེད་ཕྱོགས་པ་ཚོས་བོད་ལ་རྒོ་ཕྱུགས་ཐམས་ཅད་རྒྱ་ལག་དུ་བཞག། ཕོ་ཐམས་ཅད་གྱི་ནང་དམེ་བྱས། མོ་ཐམས་ཅད་གྱིས་སྨད་བཙོང། རྐུ་འཕྲོག་བྱས་། དུད་ཆང་དང་། ཤོ་རྒྱན་སོགས་བག་མེད་སྤྱད་ནས། ་ཉིན་མཚན་འདས་ནས་བསྡད་དགོས་པའི་ལས་མགུལ་སྤེལ་ནས་སྡོད་དང་། ༧གོང་མཆོག་དང། བོད་གཞོན་ནུ་ཚོགས་ཆུང་ནས་ཅི་ཟེར་ཤེས་ཡོང། དེ་དུས་ཁྱེད་རང་ཕ་ཡུལ་ལ་ལོག་པའི་དུས་ཚོད་རེག་པ་རེད་།
མི་ཆེན་བླ་ཆེན་མཐོང་དུས་སུག་བཞི་ས་བཙུགས་པའི་དུད་འགྲོ་ཟོལ་ལྟ་ཅན་ཁྱོད་ཚོས་ཉོན་བྱོས། ཁྱོད་ཚོ་ལ་མི་རིགས་ཀྱི་ལ་རྒྱ་མེད་ལ་ཉམ་ཆུང་མི་ཡི་གཉའ་གནོན་བྱེད་དགོས་ན་ཨང་དང་པོ་ཡིན། ཁྱོད་ཚོ་ལ་ཕུགས་བསམ་མེད་ལ་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཕན་ཐོགས་པའི་བྱ་བ་སྣ་གཅིག་སྒྲུབ་མྱངས་མེད། ༢༠༠༨་ལོར་བོད་ས་ཡོངས་རྫོགས་ནས་བོད་ཀྱི་རང་དབང་རང་བཙན་གྱི་ཆེད་དུ་གྱེན་ལངས་བྱས་དུས་ཁྱི་སྐད་ཙམ་ཡང་བརྒྱབ་ཕོད་མེད་པའི་མི་ཁྱོད་ཚོས་གྲལ་ལ་བོད་མི་རིགས་ཐོགས་ཏུ་སྐད་ཆ་བཤད་པའི་ཐོབ་ཐང་མེད། དེར་ཤེས་པ་བྱོས། ཁྱོད་ཚོས་ཁྱི་སྐྱག་ཟོ།།
ཅོར་ཉིས་ཉེ་སྔོན་རྫིགས་པོ་འབྲི་གི་ཡོད་ཟེར་བ་དེ་ཚར་ན་ཁྱེར་ཤོག་དང་ང་ཚོས་བགྲོ་གླེང་བྱེད
སྤོབས་མཐའ་་་་བཤད་དང་མ་བཤད་་ཁྱད་པ་འདྲ་ཅང་མཐོང་གི་མི་འདུག བཙན་བྱོལ་བོད་གཞུང་གི་སྤྱི་རྒྱུ་ལྐོག་ཟ་བྱེད་མཁན་ཚོའི་ཐོག་ཏུ་དགག་ཚིོག་ཞིག་ཀྱང་འབྲི་གི་མི་འདུག་ག ངས་འབྲི་བཞིན་པ་དེ་ནི་ལྟ་བ་ཁ་འཐོར་དང་སྤྱོད་པ་རུལ་སུངས་གཉིས་ཀྱི་སྐྱོན་འབྲི་གི་ཡོད། སྤྱོད་པ་རུལ་སུངས་ཟེར་དུས་ལྐོག་ཟ་རུལ་སུངས་ལ་དགག་པ་བརྒྱབ་ཀིན་ཡོད། ཁྱོད་ཚོས་སྣང་བ་ཅང་འགྲོ་མདོག་མི་འདུག་པས་་་་བཏོན་འདོད་མེད་ནས་བསྡད་ཡོད།།
ཅོར་ཉི་ལགས། བློ་བཟང་སེང་གེ་ཁྲིམས་ལུགས་མཁས་པའི་བཀའ་དྲིན་ལས་ཁ་ཤས་རེའི་མིང་འདོན་ཕོད་གི་འདུག་ག
ཁྱེད་ལ་གཞན་གྱིས་གོ་མེད་པ་འདྲ་འདོན་རྒྱུ་ཡོད་ན་དེ་རེད། དེ་མིན་ན་མི་ཤེས།
ཅོར་ཉི། གྲུང་དབྱང་གི་ཕོགས་ཟན་སྐྱབས་མགོན་གྱི་མིང་ཁུར་མཁན་དཀར་མཛེས་བྲག་འགོ་བ་ཁ་ཤས་ཡོད་པ་དེ་ཚོ་ལ་སྐྱོན་རྗོད་ཅིག་འབྲི་ཨེ་ཐབ།
རི་མཐོ་པོའི་འགོ་ནས་ཀྭི་བརྒྱབ་ན་མ་གོ་ཟེར་མཁན་དེ་འོན་པ་དང་།
ཐང་བདེ་མོའི་སྐྱིད་ལ་རྟ་རྒྱུགས་ན་མ་མཐོང་ཟེར་མཁན་དེ་ལོང་བ་རེད་ཅེས་པ་ལྟར་བཙན་བྱོལ་ནང་གི་ལྐོག་ཟ་རུལ་སུངས་ཧ་མི་གོ་ཟེར་ན་བདེན་ཁ་སྤྲོད་ཐུབ་ས་མ་རེད། ཨ་རོགས། འབྲི་གཡག་ལ་ཤ་ཚ་བ་ལས་བོད་མི་ཉམ་ཆུང་རྣམས་ལ་ཤ་ཚ་རེ་བྱོས་དང་། དཔོན་ངན་ལྐོག་ཟ་རུལ་སུངས་ཀྱིས་ཁེངས་བའི་ཡུལ་ལུང་ནང་དུ་ཉམ་ཐག་མི་དམངས་ཀྱི་ཐོབ་ཐང་མི་རེག་པར་ཤེས་ཀི་རེད་་་པ།
བློ་བཟང་སེང་གེས་ལྐོག་ཟ་རུལ་སུངས་ཕྱིར་བསྒྲགས་བྱས་པ་འདི་ཡག་པོ་རེད། དོན་ངོ་མའི་ཐོག་ནས་དགའ་པོ་བྱུང་། རང་ཉིད་ལྐོག་ཟ་བ་ཞིག་མིན་པས་གནད་ལུགས་ཤུགས་བསྟན་བྱས་པ་རེད། ཁོང་ལ་ཐུགས་རྗེ་ཆེ་་་་ཞུ་དང་ཞུ།་་
དཀར་མཛེས་བྲག་འགོ་བ་སྐྱབས་མགོན་གྱི་མིང་ཁུར་ནས་ཏང་གི་ཕོགས་ཟ་འདུག་མཁན་དེ་ཚོ་ལ་བལྟས་བཙན་བྱོལ་ནང་གི་ལྐོག་ཟ་ད་ཅི་གང་ཡང་མ་རེད། ཁྱེད་ལ་ཆ་རྒྱུས་ཡོད་པའི་ཆ་ནས་སྐྱབས་མགོན་ཏང་གཡོག་དེ་ཚོར་དགག་པ་ཞིག་རྒྱག་ནུས་ན་ཕན་རླབསདེ་ལས་ཆེ་ས་རེད
བྲག་འགོ་བ་ལ་སྐྱབས་མགོན་ཟེར་བ་དེ་འདྲ་མེད། དར་རྒྱས་པ་ལ་སྐྱབས་མགོན་ཟེར་བ་ཞིག་ཡོད། ཁོང་གིས་སློབ་གྲྭ་དང་ལག་ཤེས་སློབ་གྲྭ་སོགས་བོད་མི་རིགས་ལ་ཕན་པའི་བྱ་བ་གང་མང་སྒྲུབ་ཡོད་པར་གོ་མྱངས་ཡོད། ཞིབ་ཕྲ་གླེང་འདོད་མེད། ལས་དོན་ལ་བར་ཆད་བྱུང་ན་ཡག་པོ་མ་རེད་བ། དེར་ཤེས་པར་བྱོས། རྒྱལ་བཙོང་བ་དེ་འདྲ་མ་རེད།
དྲང་པོར་ཞུས་ན་ཆོས་ལུགས་ཀྱི་ཕྱོགས་ཞེན་རྒྱུ་མཚན་དུ་བྱས་ནས། མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་གནས་ལུགས་ཀྱི་ཆ་ནས་མིན་པར་དོན་མེད་མི་གཞི་ཁྱད་གསོད་བྱེད་མཁན་མང་པོ་ཞིག་འདུག་པ་ནི་དངོས་གནས་ཡ་ང་དགོས་པའི་གནས་ཚུལ་ཞིག་རེད། དེ་མིན་དགེ་བཅུའི་ཁྲིམས་རང་ངོས་ནས་དཔྱད་པ་བྱེད་རྒྱུ་ཏན་ཏན་ཡོད་དེ། དེར་ལེགས་ཆ་ཡོད་པ་མ་ཟད་ཉེས་ཆ་ཡང་ཡོད་ངེས། ལྷག་པར་དུ་ཁྲིམས་དེའི་བསམ་བློའི་གཞི་འཛིན་ས་གང་ཡིན་མིན་དང་ཁྲིམས་དེའི་ལག་བསྟར་བྱེད་ཕྱོགས། ཁྲིམས་དེའི་གྲུབ་འབྲས་སོགས་ལ་བརྟག་སྟེ་དབྱེ་ཞིབ་བྱས་ན་ནི་དངོས་གནས་སྐྱོན་ཡོན་ཚུལ་བཞིན་དུ་སྲང་ལ་འཇལ་ཐུབ་སྙམ། དེ་མིན་མི་འགའ་ཞིག་གིས་ཁུངས་མེད་རྒྱུ་མཚན་གྱི་ལམ་ནས་༧གོང་ས་མཆོག་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་གཉིས་འགལ་བ་གཏུགས་ཐབས་བྱེད་པ་ནི། དངོས་གནས་དོན་གྱིས་ཕུང་དཀྲུགས་སློང་བྱེད་ཀྱི་སྦྱོར་བ་ཞིག་ཡིན་པས་བོད་མི་ཚོས་གནས་ཚུལ་ལ་རྒྱུས་ལོན་ཡག་པོ་བྱེད་དགོས་ཀྱི་འདུག་སྙམ། རྒྱུ་མཚན་ནི་བོད་མི་མང་ཤོས་ཆོས་དད་པ་ཡིན་པས་གལ་སྲིད་ཆོས་ལུགས་དབུ་ཁྲིད་དག་གི་བར་ལ་འགལ་བ་རྫ་དྲག་པོ་གཏུགས་སོང་ན། ལོ་རྒྱུས་ནང་གི་ནང་འཁྲུགས་སྐྱི་གཡའ་བ་དེ་འདྲ་མི་བྱུང་བའི་ངེས་པ་མེད་པས་གང་ལྟར་གཟབ་དགོས་གལ་འདུག་སྙམ།
ཅོར་ཉི། ནག་ཚང་གིས་པེ་ཅིང་ན་ཅི་བྱེད་གི་ཡོད་རེད། ཁང་སར། ཞལ་ལུ། ལམ་གྲགས། ད་དུང་རྒྨིན་བོད་མིན་སྐྱ་མིན་སེར་མིན་མང་པོ་དེ་ཚོ་ཤེས་གི་མེད་པས
ང་ཅོ་རི་ཆུང་དུས་ནས་བཙན་བྱོལ་བ་ཆགས་ཙང་རྒྱུས་མེད། ཁྱོད་ཀྱིས་འབོད་པའི་མིང་དེ་ཚོ་ཡང་ཤེས་ཀྱི་མེད།
ཅོར་ཉི་ལགས། ང་སྐྱབས་བཅོལ་ལ་ཡོང་དུས་ལོ་ཆེན་པོ་ཡིན་སྟབས་་ཏྲེ་ཧོར་ལ་ཆ་རྒྱུས་ང་ཆེ། ངས་ཁྱོད་ལ་བཤད།
ཁྱེད་ཚོ་ཏྲེ་ཧོར་བའི་སྐྱབས་མགོན་ཕལ་ཆེ་བ་རྒྱ་གཞུང་གི་གསོ་ཕག་རེད། ཏྲེ་ཧོར་བའི་སྐྱབས་མགོན་གྱི་མིང་ཁུར་མཁན་དེ་ཚོས་རྒྱལ་ཁབ་བཙོང་གི་ཡོད་དང་མེད་ནི་ངས་ལབ་མི་ཤེས། ལམ་གྲགས་སྐྱབས་མགོན་གྱིས་རྒྱལ་གཅེས་ཚུར་ལོག་བོད་རིགས་ཚུར་ལོག་ཀྱི་མིང་ཐོག་ནས་སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྣེ་ལེན་སྐྱོབ་གསོ་བླངས་ནས་དཀར་མཛེས་གྲོང་བརྡལ་ན་ཁང་པ་ཆེན་པོ་བརྒྱབ། སྐྱེ་དམན་སྔ་གཞུག་ཐེངས་གཉིས་བླངས་ནས་བསྡད་ཡོད་མཁན་འདི་རེད།
ནག་ཚང་སྐྱབས་མགོན་ནི་གྲུང་དབྱང་གི་ཕོག་ལེན་མཁན་དང་ཁ་བྲལ་ལ་ངོ་རྒོལ་རྒྱག་མཁན་ཟེར་མཁན་གཙོ་བོ་ཞིག་རེད། ཐ་ན་ང་ཚོས་འདི་ནས་ལྟ་ཐུབ་པའི་གྲུང་དབྱང་དབུས་གཞུང་གི་ཆབ་སྲིད་ཁྱབ་བསྒྲགས་དུས་དེབ་སྟེང་ལ་ཡང་ཐོན་མྱོང་བ་རེད།
ཐ་ན་ལྷ་ས་ན་ཡོད་པའི་བྲག་དཀར་སྤྲུལ་སྐུ་ཟེར་བའི་རྒད་པོ་དེ་ཡང་སྲིད་གཞུང་གི་ཕོག་ཟན་རེད། བྲག་འགོའི་རྫོང་ཐོག་གི་ཚོང་པ་ཁང་གསར་ཡང་ལས་བྱེད་ཀྱི་གྲས་སུ་ཡོད་པ་རེད། དེ་ཚོས་གྲུང་དབྱང་སྲིད་གཞུང་དམག་དོན་དང་ཚན་རིག་གི་ལས་དོན་ནི་མི་འཇོན་པ་བརྒྱ་ཆ་བརྒྱ་རེད། སྲིད་དོན་གྱི་གཡོག་པོ་རེ་མིན་ན་གྲུང་དབྱང་གིས་ཕག་གསོ་གསོ་བྱས་ནས་ཉར་དགོས་དོན་མེད་གི་ཨ། ད་དུང་མང་ཨ།
སྤོབས་མཐའ་ལགས། རེ་སྟོང་མ་བྱེད་སྐུ་ཞབས་ཅོ་རི་འདི་ལ་རྒྱ་ཅན་གྱི་མི་ཞིག་རེད་ད། ཕ་ཡུལ་གཅིག་པས་ལས་ངན་ག་རེ་བྱས་ཀྱང་ཁོང་གིས་སྐྱོན་བརྗོད་གཏན་ནས་བྱེད་ཀྱི་མ་རེད། ཁོང་གིས་སྐྱོན་བརྗོད་བྱེད་ས་ནི་ཕ་ཡུལ་མི་ཅིག་པ་དང་། ཆོལ་ཁ་མི་ཅིག་པ་དེ་དག་རེད། དེའི་ནང་ནས་ཀྱང་བཙན་བྱོལ་བའི་དབུ་ཁྲིད་དེ་དག་རེད།
རྔ་བ་དང་མཛོ་དགེའི་ཚོང་བ་དང་ཚོ་དང་། ཁམས་ཀྱི་རྐུན་མ་ཚོས་ནང་འབྲེལ་གྱིས་འབྲི་གཡག་རླངས་འཁོར་མང་པོ་ཁ་ཆེའི་བཤས་ཁང་དུ་བཙོང་གི་ཡོད་པ་ནི་དངོས་ཡོད་རེད་འདུག དགེ་བཅུའི་ཁྲིམས་ལ་མི་བརྩི་བའི་གསར་བུ་སྐྱལ་སྟོང་དེ་ཚོ་རེད་ཟེར།
རྣམ་པ་ཚོས་བགྲོ་གླེང་ཡག་པོ་གནང་སོང་། སྤོབས་པ་དང་ཅོ་ཉི་སོགས་ལ་མཁས་པའི་ཉམས་ཡོད་གི་ཡ།
བསླབ་བྱ་དང་སློབ་གསོ་ཉན་རྒྱུ་དང་ལེན་རྒྱུ་མང་བོ་འདུག
དགའ་བོ་བྱུང་ཞུས་པ་ཡིན།
མིག་གིས་བལྟ་ཤེས་པ་དང་རྣ་བས་གོ་ཤེས་པ་མ་བྱས་ན། གཡང་ལ་ལྷུང་ཉེན་ཆེའོ།
ཅོ་རི་ལ་ཨུ་ཚུག་འདུག་ཟེར་ན་ཡིན་འགྲོ། རྣམ་དཔྱོད་འདུག་ཟེར་ན་ངོ་མ་གད་མོ་ཤོར།