ཁམས་གསེར་རྟ་བ་ཡེ་ཤེས་དོན་རྟོགས་ཀྱིས་བརྩམས། རྫ་ཚེ་རིང་བཀྲ ་ཤིས་ཀྱིས་འོས་སྦྱོར་བྱས།
༡༽ སྒོ་ཕྱུགས་བཤས་འཚོང་གི་མཇུག་འབྲས།
སྤྱིར་བོད་གངས་ཅན་གྱི་ལྗོངས་འདིར་རོང་འབྲི་དྲུག་གི་ཞིང་ས་དང་། འབྲོག་རྟ་ནོར་ལུག་སུམ་གྱི་འཚོ་བ་བཅས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་འཚོ་བ་བསྐྱལ་བ་ཞིག་ཡིན་མོད། ད་ལྟའི་ཆར་འབྲོག་པ་རྣམས་ལ་བསམ་ན། རྟ་ནོར་ལུག་གསུམ་བཙོངས་ནས་ལོ་རེ་བས་ལོ་རེ་ཇེ་ཉུང་དུ་འགྱུར་བཞིན་པ་མཐོང་ཆོས་རེད། འདི་ལྟར་རང་གར་བཞག་ན་ང་ཚོ་བོད་ཡུལ་གྱི་ནོར་ལུག་ཐམས་ཅད་ཟད་ནས་མ་འོངས་པར་འུ་ཅག་ལ་ནང་ན་རིག་གནས་ཞན། ཕྱི་ན་ནོར་ལུག་ཟད་དེ། ཐམས་ཅད་ཅི་ཡང་མེད་པར་འགྱུར་ཞིང་། བོད་ཅེས་པའི་རིག་གནས་དང་སྲོལ་རྒྱུན་ཐམས་ཅད་ཀྱང་ནུབ་པར་འགྱུར།
དེ་ལྟར་རྩ་ཆེའི་གཡུང་དྭགས་འདི་དག་གི་རིགས་རྒྱུན་རྩ་སྟོངས་སུ་གྱུར་ན་བོད་ཙམ་དུ་མ་ཟད། འཛམ་བུ་གླིང་ལ་ཡང་གྱོང་ཆེ་སྟེ། འབྲི་གཡག་ཅེས་པའི་སྒོ་ཕྱུགས་འདི་ནི་འཛམ་བུ་གླིང་ན་ཡང་བོད་མ་གཏོགས་གཞན་གྱི་ས་ཆར་ཕལ་ཆེར་མེད་ཅིང་། གྲངས་ཀའི་ཆ་ནས་ཀྱང་ཁྲི་གཅིག་སྟོང་སུམ་བརྒྱ་ཡས་མས་ལས་མེད་པར་བཤད།
ཡིན་ན་ཡང་། དེང་སང་བོད་ཀྱི་ས་ཁུལ་གྱི་ནོར་མནག་བརྒྱ་ཆ་ལྔ་བཅུ་ལྷག་བཤས་ཚོང་བྱས་ནས་མེད་པ་བྱས་ཚར།
དེ་ནི་གནའ་སྔ་མོ་བོད་ཡུལ་འདིར་རི་དྭགས་གཙོད་དང་། ཤྭ་བ། རྣ་བ། འབྲོང་། རྐྱང་། གླ་བ་སོགས་འབོར་ཆེན་ཡོད་ཀྱང་ད་ལྟ་ཕར་ཆེར་མཐོང་མེད་དུ་གྱུར་དང་འགྱུར་བཞིན་པ། དཔེར་ན།་གསེར་རྟའི་ས་ཆ་ན་སྔོན་རྐྱང་དང་། འབྲོང་། ཤྭ་བ་སོགས་རྩྭ་ཐང་གི་ནོར་ལུག་དང་འདྲེས་ནས་བག་ཡངས་སུ་རྒྱུ་བ་ཡིན་ན་ཡང་། ད་ཆ་རྫ་མགོ་རེ་གཉིས་ན་འབྲོང་གི་མགོ་རུས་དང་། ནགས་ཀློང་དག་ན་ཤྭ་བའི་རྭ་ཆག་རུལ་པ་མགའ་ལས་གཞན་ཕལ་ཆེར་མཐོང་མེད་དུ་གྱུར་ཟིན་པ་དང་འདྲ། དེས་ན་འབྲི་གཡག་ནོར་ལུག་གི་རིགས་རྒྱུན་འདི་ཡང་འདི་ལྟར་འགྱུར་ལ་ཉེ་བ་ཞིག་ཏུ་གྱུར་ཡོད།
དེ་ཡང་། སྤྱིར་དཀར་མཛེས་ཁུལ་ཧྲིལ་པོར་མཚོན་ན་སྔོན་འབྲི་གཡག་ཁྲི་སུམ་བརྒྱ་ཡོད་པ་ད་ལྟ་ཁྲི་བརྒྱ་ལྷག་ཙམ་ལས་མེད་པར་གྱུར་ཡོད།
དེ་བཞིན། རྫ་ཆུ་ཁའི་འཇུ་ཉུང་སྡེ་པར་རུ་ཁག་གཉིས་ཡོད་པའི་དང་པོ་ཚང་ལ་སྔོན་ཐོན་སྐྱེད་སྒེར་སྤྲད་གྱི་སྐབས་སུ་རུ་ཁག་དང་པོ་ཚང་ལ་ནོར་སྟོང་ཕྲག་བདུན་དང་གཉིས་པ་ཚང་ལ་སྟོང་ཕྲག་དྲུག་བགོས་ཡོད་ན་ཡང་། ད་ལྟ་རུ་ཁག་དང་པོ་གཉིས་པ་གཉིས་ཀར་ཡང་འབྲི་གཡག་སྟོང་ཕྲག་དྲུག་མི་ཟིན་ཟེར། འདི་ཐམས་ཅད་ཀྱི་གཙོ་བོའི་རྒྱུ་རྐྱེན་ནི་བཤས་འཚོང་ཕོན་ཆེན་བྱས་པའི་མཇུག་འབྲས་ཁོ་ན་རེད།
སྔོན་ནགས་ཚལ་ཕངས་མེད་དུ་བཅད་པས་རི་བོ་ཐམས་ཅད་སྐྱ་ཐེར་ཐེར་ཞིག་ཏུ་བསྒྱུར་ཏེ། ནགས་ཚལ་སྟོང་ལ་ཉེ་བ་ཞིག་བཟོས་ཤིང་། དེ་རྗེས་འབྲི་ཆུ་སྨད་རྒྱུད་ཀྱི་རྒྱ་ཡུལ་དུ་ཆུའི་འཇིགས་པ་ཆེན་པོ་བྱུང་བའི་རྐྱེན་གྱིས་ཤིང་སྡོང་གཅིག་ཀྱང་གཅོད་མི་ཆོག་པའི་ཁྲིམས་བཅའ་དགོས་བྱུང་རྗེས་གཏེར་ཁ་དང་ནོར་ལུག་འཁྱེར་མཁན་གྱི་རླངས་འཁོར་གྱི་གྲངས་ཚད་དེ། སྔར་བོད་ཡུལ་གྱི་ཤིང་སྡོང་རྒྱ་ཡུལ་དུ་དབོར་འདྲེན་བྱེད་པའི་གྲངས་ཀ་དང་མཉམ་པ་ཞིག་ཆགས་ཡོད། གནས་སྟངས་འདི་མཐོང་ན་ལྷག་བསམ་ཅན་ཞིག་ཡིན་ན་མིག་གིས་བལྟ་མི་བཟོད་པ་དང་། སྙིང་ལ་གཟན་པ་ཞིག་ཏུ་གྱུར་ཡོད།
མ་གཞི། མ་འོངས་པར་ནོར་ལུག་ཐམས་ཅད་ཟད་ན་ང་ཚོ་འབྲོག་པའི་ལུགས་སྲོལ་དང་རིག་གནས་ཐམས་ཅད་ནུབ་ནས་འཚོ་བ་སྐྱེལ་ཐབས་མེད་ཅིང་། ཐམས་ཅད་རྒྱ་གྲོང་དུ་བབས་ན་སྐད་དང་ལུགས་སྲོལ་ཐམས་ཅད་ཆ་མ་ཆོལ་དུ་འགྱུར། འཚོ་བའི་ཐབས་གཞན་མེད་པས་རྐུན་ཇག་དང་ཁྲམ་ལས་བྱེད་མཁན་མང་ནས་མང་དུ་འགྱུར་བར་གོར་མ་ཆག་མོད། དགེ་བཅུའི་ལུགས་སྲོལ་ལག་ལེན་དུ་བསྟར་བ་ནས་བཤས་ཚོང་བྱེད་མཁན་ཉུང་ནས་ཉུང་དུ་ཕྱིན་ཅིང་། དེའི་སྟོབས་ཀྱིས་ལྟོས་འཇོག་གི་ཆ་ནས་གསེར་རྟ་སོགས་སུ་ས་ཆ་གཞན་ལ་ལྟོས་ན་ནོར་ལུག་ཅུང་ཟད་གོང་འཕེལ་དུ་འགྲོ་བཞིན་ཡོད། འོན་ཀྱང་ཁ་ཅིག་གིས་བསམ་བཞིན་སྙོན་འཛུགས་ཀྱིས་གླེང་བཀལ་ཏེ་དགེ་བཅུའི་ཁྲིམས་ཀྱི་ནང་ན་གྲྭ་གྲོང་མེད་པར་ཚང་མས་ཤ་ཟ་མི་ཆོག་ཅེས་བཤད་ཡོད་པ་རེད་ཟེར་བ་ནི་བསམ་བཞིན་དུ་བཤད་ཡམ་བཟོ་བ་མིན་ན་གོ་ནོར་རེད།
༢༽དགེ་བཅུའི་ལུགས་སྲོལ་ཐད་ཀྱི་གོ་ནོར་འགའ།
བཤས་ཉོ་བཤས་ཚོང་བྱེད་མི་ཉན་པ་རེད་མ་གཏོགས་གྲོང་པ་རྣམས་ཀྱིས་ཤ་ཟ་མི་ཉན་ཞེས་ཁྲིམས་སུ་བཅས་མེད། དགེ་བཅུའི་ལུགས་སྲོལ་དང་པོ་སྤེལ་སྐབས་ཀྱང་། སྡེ་པ་དེར་དང་པོ་འདེམས་ཤོག་འཕངས་ནས་བརྒྱ་ཆ་བདུན་ཅུ་ཡན་གྱིས་མོས་མཐུན་བྱུང་ན་ལག་ལེན་དུ་བསྟར་ཆོག་པ་དང་། ཡང་དེའི་ནང་གི་མི་གཅིག་དང་གཉིས་ཀྱིས་སོ་སོའི་ངོས་ནས་དགེ་བཅུའི་ལུགས་སྲོལ་ལག་བསྟར་ཐུབ་ས་མ་རེད། དེའི་ཁོངས་སུ་ཞུགས་ཀྱི་མིན་ཟེར་ན་ཡང་ཁོ་རང་གིས་རང་བསམ་གྱི་འཚོ་བ་སྐྱེལ་ཆོག་པ་སོགས་ཁ་གསལ་བྱས་ནས་གསུངས་ཡོད་པ་མ་གཏོགས། ཁྱོད་དགེ་བཅུའི་ཁྲིམས་ལ་མ་ཞུགས་ན་ས་ཆ་དེར་འདུག་མི་ཆོག་ཟེར་བ་དང་། དཔལ་འབྱོར་གྱི་ཆད་པ་ཡོད་པ་སོགས་གང་ཡང་ལབ་མེད།
དགེ་བཅུའི་ལུགས་སྲོལ་ལག་ལེན་བྱེད་པའི་ཁྱབ་ཁོངས་སུ་ཞུགས་ཕྱིན་ཤྭ་རྒྱན། བཤས་ཉོ་བཤས་ཚོང་། མཚོན་འཛིང་། རྔོན་རི་དྭགས་སོགས་ཀྱི་ལས་བྱས་ན་ཆད་པའི་ལས་ཡོད་མོད། དེར་ཡང་དཔལ་འབྱོར་གྱི་ཆད་པ་གཅོད་མི་དགོས་པ་གཙོར་འདོན་བྱ་རྒྱུ་དང་། གལ་ཏེ་ངེས་པར་དུ་ཆད་པ་གཅོད་དགོས་བྱུང་ན་ཡང་། དེ་དག་དགོན་པ་དང་དགེ་འདུན་པའི་ཆེད་དུ་དང་། ཚོགས་དང་རྟེན་བཞེངས་སོགས་ཀྱི་ཆེད་དུ་མི་གཏོང་བར་སྤྱི་ཚོགས་རང་གི་བདེ་དོན་སློབ་གྲྭ་དང་སྨན་ཁང་ལྟ་བུའི་ཐེབས་རྩ་ཁོ་ནར་གཏོང་ཐུབ་པ་ཞིག་ངེས་པར་དུ་དགོས་པ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཡང་ཡང་ནན་བཤད་གནང་བ་ལྟར་དང་། དེ་ཡང་གཙོ་བོ་ཆོས་ཀྱི་བཤགས་པ་བྱེད་པ་ཉིད་ཁོ་ན་གལ་ཆེན་དུ་གསུངས་ཡོད།
༣༽དགེ་བཅུའི་ལུགས་སྲོལ་ལག་ལེན་དུ་བསྟར་བའི་སྔ་རྗེས།
དགེ་བཅུའི་ལུགས་སྲོལ་ལག་ལེན་དུ་མ་བསྟར་སྔོན་རང་རེའི་ས་ཕྱོགས་འདིར་མཚོན་ན་ཁམས་བྲག་མགོ་དང་དཀར་མཛེས་བར་གྱི་ལ་དང་། ཧོར་ཙོ་ཟླ་ལ། མི་ཉག་དམུ་རྗེ་ལ་སོགས་སུ་རླངས་འཁོར་བཅོམ་འཕྲོག་བྱེད་པ་དང་། མི་གསོད་རྒྱུ་འཕྲོག་གི་སྡིག་ལས་བྱེད་མཁན་ཧ་ཅང་མང་པོ་ཡོད་པར་མ་ཟད། འབྲོག་པའི་ནོར་ལུག་བརྐུས་ནས་རླངས་འཁོར་དུ་བཞག་སྟེ་བཤས་རར་སྡེབ་འཚོང་བྱེད་པ་སོགས་ཀྱི་དོན་རྐྱེན་མང་པོ་ཡོད་པ་དང་། དེའི་རྐྱེན་གྱིས་སྡེ་པ་དང་སྡེ་པའི་བར་ལ་ནང་ཐུག་གི་འགལ་བ་ཚབ་ཆེན་འབྱུང་བཞིན་པ་དག་ཀྱང་དགེ་བཅུའི་ལུགས་སྲོལ་ལག་ལེན་དུ་བསྟར་ནས་རེ་ཟུང་ལས་མེད་པར་གྱུར།
ཡང་དེ་སྡོན་མི་མང་པོ་ཞིག་གིས་ཤྭ་རྒྱན་བཞག་ནས་ཁྱིམ་ཚང་སྤྲང་པོར་གྱུར་ཅིང་། འཛིངས་རྩོད་བྱས་ནས་མི་གསོད་ནང་རྨེ་སོགས་བོད་ནང་ཁུལ་གྱི་མཐུན་འགྲིལ་དང་དཔལ་འབྱོར་གོང་འཕེལ་སོགས་སྤྱི་ཚོགས་ལ་གནོད་པའི་ཚབ་ཆེན་བྱེད་བཞིན་པ་དག་ཀྱང་དགེ་བཅུའི་ལུགས་སྲོལ་ལག་ལེན་དུ་བསྟར་བ་ནས་ཇེ་ཉུང་དུ་ཕྱིན་ཡོད།
དེ་ལས་གཞན་འབྲོག་པ་རྣམས་ཀྱིས་བུ་དང་བུ་མོ་སློབ་གྲྭར་མི་གཏོང་བས་སློབ་གྲྭར་འགྲོ་དགོས་ཚེ་གཞན་གྱི་ཕྲུ་གུ་གླས་ནས་རང་གི་ཕྲུ་གུའི་ཚབ་ཏུ་གཏོང་བ་སོགས་བྱེད་པ་དང་། བུ་དང་བུ་མོ་རང་ངོས་ནས་ཀྱང་རིག་གནས་ཤིག་སྦྱོང་དགོས་བསམ་པ་གཏན་ནས་མེད་པ་དག་ཀྱང་། དགེ་བཅུའི་མི་སྣ་རྣམས་ཀྱིས་སློབ་གསོ་མང་དུ་བཏང་རྗེས་འབྲོག་པ་རྣམས་ཀྱིས་བུ་ཕྲུག་སློབ་གྲྭར་འཇོག་པ་ཇེ་མང་དང་། འབྲོག་ཁུལ་རྣམས་སུ་སྒེར་བཙུགས་ཀྱི་སློབ་གྲྭ་ཇེ་མང་དུ་ཕྱིན་པ་སོགས་སྔོན་དང་བསྡུར་ན་གནས་སྟངས་ཇེ་ལེགས་སུ་ཕྱིན་ཡོད།
འོན་ཀྱང་། ས་ཁུག་དང་ལུང་ཁུག་གི་དགོན་པ་དང་སྡེ་པ་ཚོས་སྔོན་ནས་ད་བར་བཙན་ཤུགས་ལྟ་བུས་དཔལ་འབྱོར་གྱི་ཉེ་ཆད་འགེལ་བ་སོགས་ལག་ལེན་ཐད་ཀྱི་ནོར་འཁྲུལ་ཅི་རིགས་བྱུང་ཡོད་སྲིད་མོད། དེ་ཐམས་ཅད་དགེ་བཅུའི་ཁྲིམས་བཞག་པས་ལན་པ་རེད་ཟེར་ནས་ནས་རྫུན་གླེང་འགེལ་བ་ནི་གཏན་ནས་མི་རིགས་པས་དོན་དངོས་ལ་ཞིབ་འཇུག་བྱ་འོས། ཁྱད་པར། ལས་འབྲས་དཔང་བོར་བཞག་པའི་སྐད་ཆ་བཤད་རྒྱུ་ལས་ལྡོག་སྟེ། དགེ་བཅུའི་ལུགས་སྲོལ་གྱི་ངོ་བོ་དང་ཕན་ནུས་ལག་ལེན་གྱི་རང་བཞིན་ཁ་ཕྱོགས་སོགས་ཅི་བཞིན་མ་གོ་བར་སྟོང་འུར་བྱ་བ་ནི་ཧ་ཅང་མི་འོས་པས་དོན་དངོས་ལ་རྒྱུས་ལོན་བྱས་ནས་སྐད་ཆ་བཤད་རྒྱུ་ནི་རང་གཞན་ཐུན་མོང་གི་དོན་ཡིན་ནོ།།
སྤྱི་ལོ་༢༠༡༢ ཟླ་༥ ཚེས་༡ལ་ཁམས་གསེར་རྟ་བ་ཡེ་ཤེས་དོན་རྟོགས་ནས།
ཡེ་ཤེས་དོན་རྟོགས་གིས་གསུང་པ་ལ་མངོན་པར་བསྟོད་དོ། འདི་ན་ཕྱི་ཕྱོགས་སུ་བཤད་ཡམ་བཟོ་མཁན་དེ་རྒྱ་གར་ལྷ་ཕྱོགས་གྲྭ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་རེད་དོ། དེ་མིན་གཞན་སུ་ཅིག་གོ་ནོར་ཐེབ་མེད་དོ།།
མཁན་པོ་ཡེ་ཤེས་དོན་རྟོགས་མཆོག་གིས་གནད་དང་ལྡན་པ་ཞིག་གསུང་འདུག དགེ་བ་བཅུའི་ཁྲིམས་ལ་མངོན་པར་བསྟོད་དོ།
ཡག་པོ་འདུག རྒྱབ་སྐྱོར་ཡོད།
མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གཙོས་མནའ་དེང་གི་མཁྱེན་རྒྱ་ཟབ་པའི་སྐྱེས་བུ་རྣམ་པའི་ཞབས་ཀྱི་པད་མོ་རྣམ་པ་བཞད་པའི་དྲུང་དུ་ཞུ་བའི་སྙིང་པོར།
དགེ་བཅུའི་ཆོས་ཁྲིམས་དེ་དང་སྤྱི་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་དང་ལྷིང་འཇག་ལ་ཕན་པའི་ཕྱགས་ལས་སམ་མཛད་པ་དེ་དག་ཆོས་རྒྱུད་ས་ཁུལ་གང་ཡིན་དང་སྲིད་འཛིན་ས་ཁུལ་གང་ཡིན་ལ་མ་ལྟོས་པར་གསེར་རྟའི་ནུབ་ཕྱོགས་སུ་རྒྱ་གང་ཆེ་དང་རྒྱང་གང་རིང་ལ་སྐྱེད་ཐབས་སུ་འབད་པ་གནང་རོགས་ཞེས་སོར་བཅུ་སྙིང་གར་སྦྱར་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་སོ། ཐུགས་རྗེས་གཟིགས་རོགས།
ཁམས་གསེར་རྟ་བ་ཡེ་ཤེས་དོན་རྟོགས་ཀྱིས་གནད་ཐོག་ཏུ་ཁེལ་བ་ཞིག་གསུངས་འདུག་པའི་དགའ་ཡོད།
ཁྱེད་ཀྱི་གསུངས་ལ་བརྒྱ་ཆ་བརྒྱ་མོས་མཐུན་ཡོད། དེ་དེ་བཞིན་ནོ་ཁྱེད་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།
མཁན་པོ་ཁོང་གིས་གསུངས་པ་དངོས་གནས་རེད། མ་གཞི་ཆེད་དུ་དཀྲོགས་གཏམ་བཟོ་མཁན་གྱི་རིགས་ནི་རྒྱུ་མཚན་གྱི་ར་བ་ལས་རྒལ་ཟིན་པས་དེ་ཚོར་བཤད་འདོད་མེད། ཁ་ཤས་ཀྱིས་དངོས་གནས་དགེ་བཅུའི་ལུགས་སྲོལ་དེས་གདོད་མའི་འཚོ་གནས་ལ་འགྱུར་བ་འགྲོ་བའི་རྒྱུ་རྐྱེན་ཞིག་མིན་ནམ་བསམ་ན་དེ་ནི་མ་ཡིན་ཏེ། སྤྱིར་བོད་ཡུལ་སྟོད་སྨད་ཀུན་ཏུ་འཚོ་གནས་ལ་འགྱུར་བ་འགྲོ་བཞིན་པ་ནི་སུས་ཀྱང་འགོག་མི་ནུས་པ་ཞིག་རེད། ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་ལ། རླངས་འཁོར་དང་པར་ཆས་ལག་འཕྲིན་འཕྲུལ་རྟ་སོགས་དེང་རབས་ཀྱི་ཡོ་བྱད་བེད་སྤྱོད་བྱེད་འགོ་བརྩམས་པ་ན་དེ་དག་རིན་མེད་དུ་མི་ཐོབ་པས། སྒོ་ཕྱུག་བཙོང་ནས་རིན་སྤྲོད་ཀྱི་ཡོད་པ་དང་། དེ་དང་མཉམ་དུ་རྒྱ་གཞུང་གི་ཆེད་དུ་འབྲོག་སྡེ་ཆེ་ཤོས་དང་འབྲེལ་པའི་ས་ཚུགས་དང་ཐ་ན་དགོན་པའི་འཁྲིས་སོགས་སུ་བཤས་ཁང་གསར་རྒྱག་དང་ཕྱུག་གི་རིན་གོང་ཅུང་ཟད་ཇེ་མཐོར་བཏང་རྐྱེན་གྱིས་འབྲོག་པས་སྒོའི་ཕྱུག་བཤས་རར་ཕབས་པའི་གྲངས་འབོར་ཧ་ཅང་འཕར་ཏེ་མཐོང་ན་ཤ་རྩ་འདར་བ་ཞིག་བྱས་པས་འདི་ལྟར་མུ་མཐུད་འཇོག་ཐབས་མེད་པ་ཞིག་བྱས་རྐྱེན་གྱིས་སེམས་ཅན་ལ་སྙིང་རྗེ་དང་བོད་མི་རིགས་ལ་ལྷག་བསམ་མངའ་བ་དག་གིས་བོད་ཀྱི་ས་ཕྱོགས་ཀུན་ཏུ་བཀག་སྡོམ་བྱས་པ་ཞིག་རེད།། གལ་སྲིད་དགེ་བཅུའི་ལུགས་སྲོལ་མེད་ན་གདོད་མའི་འབྲོག་པའི་འཚོ་གནས་ནི་ལོ་ཤས་རྗེས་ནས་དྲན་ཡུལ་ཙམ་དུ་འགྱུར་ངེས་པ་ཞིག་རེད།།
འབྲི་གཡག་ཅེས་པའི་སྒོ་ཕྱུགས་འདི་ནི་འཛམ་བུ་གླིང་ན་ཡང་བོད་མ་གཏོགས་གཞན་གྱི་ས་ཆར་ཕལ་ཆེར་མེད་ཅིང་། གྲངས་ཀའི་ཆ་ནས་ཀྱང་ཁྲི་གཅིག་སྟོང་སུམ་བརྒྱ་ཡས་མས་ལས་མེད་པར་བཤད། གསུངས་པ་ལྟར་སྒོ་ཕྱུགས་སེམས་ཅན་དང་། རི་དྭགས་གཅན་གཟན་སོགས་ཀྱི་གྲངས་ཚད་ལྷག་ལུས་ཀྱི་གྲངས་ཚད་ལོ་རེར་གསལ་སྟོན་ཐུབ་ན་ཕན་ཐོགས་ཆེ།
རྫ་བཀྲ་ཤིས་ཚེ་རིང་ལགས་སུ། གསེར་རྟ་བ་ཞེས་པའི་མགོ་ལ་”ཁམས་”ཞེས་བྲིས་འདུག་པ་དེ་ཁྱེད་ཀྱིས་གསར་བཟོ་བྱས་པ་ཡིན་ནམ། ཡང་ན་རྩོམ་པ་པོ་རང་ཉིད་ཀྱིས་བྲིས་བཞག་པ་ཞིག་རེད། འདི་དྲི་བ་ཙམ་ཡིན། དེ་མིན་གསེར་རྟ་ས་ཁུལ་འདི་མདོ་ཁམས་ཀྱི་རྩོད་གཞིའི་གནས་ཡིན་པས་གང་བྱུང་དུ་སྦྱར་ན་ཡག་པོ་མེད། དོགས་པ་ཙམ་ཡིན།
ཁམས་གསེར་རྟ་འདི་དེང་སང་ཆོས་ཚུགས་ཀྱིས་ཡུལ་དབུས་གཉིས་པ་ལྟ་བུར་ཆགས་ཡོད་པ་ངོ་མའི་དགའ་འོས་པ་ཅིག་རེད། ཁོང་རྣམས་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བ་ལགས་སོ།།
གསེར་རྟ་འདི་བོད་ཡིན་ན་དེའི་ཆོག་གི།། མཁན་ཆེན་ཁོང་སྐུ་ཚེ་རིང་ན་ངེད་བོད་པ་ཚང་གི་བུ་ཞིག་ཡིན
ཕུག་རོན་ལགས། དྲི་བ་གནང་བར་ཐུགས་རྗེ་ཆེ། ཁམས་གསེར་རྟ་ཞེས་པ་འདི་རྩོམ་པ་པོ་རང་གིས་ང་ལ་ལ་རྩོམ་ཡིག་སྐུར་གནང་སྐབས་ཀྱི་མཇུག་གི་ཚིག་སོར་བཞག་ཡིན།
ཁོང་ནི་གསེར་རྟ་བ་ཞིག་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཡོད་པའི་མི་ཞིག རང་ཉིད་ལ་གཏོགས་པའི་བསམ་བློ་ཡོད་མཁན་གྱི་མི་ཞིག ད་དུང་ཕ་ཡུལ་གཞིས་བཞུགས་ཀྱི་མི་ཞིག་རེད།
ངས་ཁོང་གི་རྩོམ་ཡིག་གི་མཇུག་རྩོམ་ལ་བཅོས་ལྷད་མ་བྱས་པ་ཙམ་ཡིན།
༼སྤྱི་ལོ་༢༠༡༢ ཟླ་༥ ཚེས་༡ལ་ཁམས་གསེར་རྟ་བ་ཡེ་ཤེས་དོན་རྟོགས་ནས།
༽འདི་ཁོང་གིས་བྲིས་པའི་རྩོམ་གྱི་སྦྱར་བྱང་རེད།
འདི་ལ་ང་སྒེར་གྱི་ལྟ་གྲུབ་གང་ཡང་མེད་ཞུ།
ཕུག་རན་ལགས། གསེར་རྟ་ནི་མདོ་ཁམས་ཀྱིས་རྩོད་གཞི་གང་ཡང་མ་རེད། མནའ་ནས་ཁམས་གསེར་ཐའམ་ཁམས་གསེར་རྟ་ཞེས་ལོ་རྒྱུས་སུ་ཡོངས་སུ་གྲགས་ནས་ཡོད། འོན་ཀྱང་། ཕྱི་སུ་བཙན་བྱོལ་དུ་རྩ་འཛིན་གྱིས་བོད་ཁྱོན་དུ་ཆོལ་ཁ་གསུམ་ཞེས་པ་དེས་བོད་མི་རྩོད་གཞི་ཅན་དང་། ཡང་དགོས་སུ་བཙན་བྱོལ་དུ་མདོ་སྨད་པ་མི་འབོར་གྲངས་ཉུང་བས་སྐབས་འཚོལ་བ་ཁག་གཅིག་གིས་ལྟོ་རྒྱབ་ཀྱི་ཆེད་དུ་ཁམས་དང་ཨ་མདོའི་བར་དུ་རྩོད་གཞི་བཟོས་པ་རེད། དེའི་གྲལ་ནས་དགའ་ཤ་གྲྭ་གཟུགས་ཚུལ་ཁྲིམས་འོད་ཟེར་ཞུ་བ་གསེར་རྟ་རྫུན་མས་ཨ་མདོ་རྫུན་མ་བཟོས་པས་དེ་དག་རེད། ཁམས་དང་ཨ་མདོའི་བར་གྱི་ས་མཚམས་ནི་དམར་ཆུ་ཁུབ་པ་ཞེས་པའི་ས་ཆ་དེ་རེད། དེས་ན་ཁམས་དང་ཨ་མདོའི་བར་གྱི་ས་མཚམས་གླེང་འདོད་ན། དམར་ཆུ་ཁུབ་པ་ཞེས་པའི་ས་ཆ་དེ་འཚོལ་དགོས། དེང་སྐབས་བོད་ནང་གི་བཤད་ཚུལ་ལ་དམར་ཆུ་ཁུབ་པ་ནི་དམར་ཆུ་རྫོང་དང་མགོ་ལོག་རྫོང་གང་སར་ངེས་འཛིན་གྱི་འདུག་གོ།
འབྲི་གཡག་ཅེས་པའི་སེམས་ཅན་ནི་བོད་ཙམ་མ་ཟད། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རྣམས་ཀྱི་སྒོ་ཕྱུགས་གཙོ་བོའི་གྲལ་ཞིག་རེད།
རྒྱ་གར་ལ་དགས་དང་ཁུ་ནུ། འབྲུག་རྒྱལ་ཁབ། བལ་ཡུལ་གྱི་བྱང་རྒྱུད་ཀྱི་ཡུལ་གྲུ། དོལ་པོ་དང། གློ་བོ། ཤར་པ། འོམ་ལོ་ལས་སོགས་ཐམས་ཅད་དུ་ཡོད་བསྡད་པ་ཞིག་རེད།
དམར་ཆུ་ཁུབ་པ་མ་རེད། རྨ་ཆུ་ཁུག་པ་དང་པོ་ཡན་ཆད་ཅེས་པ་རེད། འོན་ཀྱང་བཤད་སྟངས་དེ་ཡང་མཐའ་ཆོད་པའི་མཚམས་ཐིག་ཅིག་མ་རེད། ད་མི་བཤད།
འོ་རེད་་་སྐུ་ངོ་འཇུ་ཆེན་ལྟར་ན། གསེར་རྟ་དང་རྫ་ཆུ་ཁ་སོགས་ཁམས་ཡིན་པ་མ་ཟད་རྔ་བ་ཡང་ཁམས་ཡིན་ཚུལ་གསུངས་རབས་ཡོད། ཁོང་གིས་སྔར་ཁམས་ཀྱི་ས་བཀྲ་བཟོས་པ་དེའི་ནང་གསལ་འདུག དེང་སང་ཡང་འཇལ་རྒྱུ་འདུག ད་གང་ཡིན་ན་གང་ཡིན་ཁྱད་པར་དེ་ཙམ་མི་འདུག
དགའ་ཤར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཟེར་བ་དེ་སྐབས་འཚོལ་རིང་ལུགས་པ་རེད་།
ཡེ་ཤེས་དོན་རྟོགས་ནི་ཡ་ཆེན་སྒར་གྱི་མཁན་པོ་དྲག་ཤོས་ཤིག་རེད་འདུག ངོ་མ་འདི་འདྲའི་གནས་ལུགས་ཀྱི་གཏམ་བརྗོད་སྤེལ་བར་ཡི་རང་ཡོད།
མཁན་ཆེན་ཡེ་ཤེས་དོན་རྟོགས་ལགས་ཀྱི་གསུངས་པ་དེ་དོན་སྙིང་ལྡན་པ་ཞིག་དང་དངོས་ཡོད་གནས་ཚུལ་རེད་ཁམས་གསེར་རྟའི་ཡུལ་ཁམས་འདི་ལ་དགེ་བཅུའི་ལུགས་སྲོལ་ཚད་ལྡན་ཡོད་པ་ཆོས་རྗེ་ཡིད་བཞིན་ནོར་བུ་ཁོང་གི་སྐུ་དྲིན་ཁོ་ན་ཡིན་ནོ་་་་་་་་་་་་་་
༄༅།། དགེ་བཅུའི་ལུགས་སྲོལ་དེས་རླབས་ཆེན་གྱི་མཛད་རྗེས་དཔག་མེད་ཞིག་བཞག་ཡོད་པ་དངོས་མཐོང་ལག་ཟིན་རེད་ད་ལོ་གསར་འབྱོར་མང་པོ་ཞིག་བྱོན་ཡོད་པ་རེད་དེ་ཚོའི་ཁ་གཅིག་གྲག་རེད་མོད་ཡིན་ཡང་དཀྲུགས་ཤིང་རྒྱག་མཁན་མི་གཅིག་གིས་མིང་རྫུན་ཁུར་ནས་དཀྲོམས་གཏམ་སྣ་ཚོགས་སྤེལ་པ་དེ་ཚང་མའི་ཧ་གོ་གི་ཡོད་པ་རེད་ཁོ་རང་གི་ཞེན་འདོད་ལམ་ལྷུང་བྱུང་མེད་པའི་རྐྱེན་གྱིས་རེད་མོད་རྒྱུ་མཚན་པ་ཅི་ཡང་མེད་པར་ས་ལབ་རྡོ་ལབ་རྐྱང་རྐྱང་རེད་སྙིང་རྗེ་དགོས་པ་དང་ཤ་ཚ་དགོས་པ་ཞིག་ངོ་མ་རེད་བོད་རིགས་ཀྱི་ལར་ཞེན་མེད་པ་ཕྲག་དོག་ཚ་པོ་རེད་དེ་འདྲའི་མི་ངན་རེ་ཟུང་ཡོད་ན་མང་དྲག་པ་རེད་ད་ལྟར་ཁམས་གསེར་རྟའི་མཁན་པོ་ཡེ་ཤེས་དོན་རྟོགས་ཀྱིས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད་ཁོང་གི་རྩོམ་ཡིག་ལ་ཞིམ་མོ་རེ་གཟིགས་རོགས་་་་་་་་་་་་་་་་དྲྭ་གྲོགས་རྣམས་ཐུགས་ལ་འཇགས་རོགས་ཞུ་་་་་་་་་་་་་་་་་་་་་་་་་་་་་
མདོ་སྟོད་སྨད་ཀྱི་ས་མཚམས་བར་གྱི་དགོས་མེད་རྩོད་བསྙོགས་དེའི་སྐོར་ཐུང་ཙམ་ཞུ་ན། དེང་སང་མདོ་སྨད་པ་སྐབས་འཚོལ་བ་ཁ་ཤས་ཀྱིས་ཆེད་བཟོ་བྱས་པས་གསེར་རྟ་མདོ་སྟོད་སྨད་གཉིས་ཀྱི་ས་མཚམས་གླེང་བ་ནི་ལོ་རྒྱུས་མེད་པས་རྟོག་བཟོ་རང་རེད།
གོང་དུ་བསྟན་འཛིན་ལགས་ཀྱི་ཁམས་དང་ཨ་མདོའི་བར་གྱི་ས་མཚམས་གླེང་འདོད་ན། དམར་ཆུ་ཁུབ༼རྨ་ཆུ་ཁུག༽་པ་ཞེས་པའི་ས་ཆ་འཚོལ་༼་ཚོལ་༽དགོས། ཞེས་བཤད་འདུག་མོད།
རྨ་ཆུ་ཁུག་པ་ཞེས་པ་དེ་མདོ་སྟོད་སྨད་གཉིས་ཀྱི་ས་མཚམས་ཀྱི་ཚད་གཞི་ཡིན་པ་ལས་ཁམས་དང་ཨ་མདོའི་བར་གྱི་ས་མཚམས་སུ་ངེས་བཟུང་ཡོད་པ་མ་རེད། ཁམས་དང་ཨ་མདོའི་བར་ཀྱི་ས་མཚམས་ཞེས་པ་ཞིག་བོད་ཀྱི་ལོ་རྒྱུས་ནང་མེད།
རྫ་ཚེ་རིང་བཀྲིས་ལགས་ནས། དམར་༼རྨ༽ཆུ་ཁུག་པ་དང་པོ་ཡན་ཆད་ཅེས་པ་རེད། འོན་ཀྱང་བཤད་སྟངས་དེ་ཡང་མཐའ་ཆོད་པའི་མཚམས་ཐིག་ཅིག་མ་རེད། བཅས་བཤད་འདུག།
དེ་ཡང་ནོར་བ་རེད། རྨ་ཆུ་ཁུག་པ་དེ་རང་ལས། རྨ་ཆུ་ཁུག་པ་དང་པོ་དང་རྨ་ཆུ་ཁུག་པ་གཉིས་པ་བཅས་ཀྱི་ས་ཆ་གང་ཡང་མ་རེད། མདོ་སྟོད་སྨད་གཉིས་ཀྱི་ས་མཚམས་ནི། རྨ་ཆུ་ཁུག་པར་མཚམས་ཐིག་དེ་ཉིད་རེད། དེ་ཡང་བོད་ཀྱི་ལོ་རྒྱུས་ནང་ཐོག་མ་ཆོལ་ཀ་གསུམ་ཞེས་པ་དང་དེ་དག་གི་ས་མཚམས་སོགས་ཀྱི་དབྱེ་མཚམས་ནི་སོག་པོས་བོད་དབང་སྒྱུར་རྗེས་ས་སྐྱའི་འགྲོ་མགོན་ཆོས་འཕགས་ཀྱིས་བོད་ཀྱི་སྲིད་དབང་འཛིན་པའི་སྐབས་ནས་བྱུང་བ་ཞིག་རེད།
དེ་ཡང་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་དུ། སྟོད་མངའ་རིས་སྐོར་གསུམ་ནས་སོག་ལ་སྐྱ་བོ་ཡན་དམ་པ་ཆོས་ཀྱི་ཕྱོགས་ཁ། སོག་ལ་སྐྱ་བོ་མན་ནས་རྨ་ཆུ་ཁུག་པ་ཡན་མགོ་ནག་མིའི་ཕྱོགས་ཁ། རྨ་ཆུ་ཁུག་པ་མན་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་གྱད་གླིང་རྟའི་ཕྱོགས་ཁ། ཞེས་གསུངས་ཡོད་པས་འདི་ཉིད་ཁུངས་སུ་འཛིན་རྒྱུ་ནི་རྩ་བའི་ཆོལ་གསུམ་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེ་དེ་རང་ཡིན།
དེས་ན་གསེར་རྟ་ཁམས་དང་ཨ་མདོའི་བར་གྱི་ས་མཚམས་ཀྱི་རྩོད་གཞིར་ཡོང་དགོས་དོན་མེད་ལ། ལར་ནི་ཨ་མདོའི་ཆོལ་ཁ། ཁམས་པའི་ཆོལ་ཁ། ཞེས་པ་ཞིག་བོད་ཀྱི་ལོ་རྒྱུས་ནང་དུ་མེད་པས་མདོ་སྟོད་སྨད་ཀྱི་བར་དང་ཁམས་དང་ཨ་མདོའི་བར་གྱི་ཆེད་པ་ཡང་ཡོད་ཆོག་གོ།
༄༅།།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཙོས་པའི་ དགེ་བཅུའི་ལུགས་སྲོལ་དེས་རླབས་ཆེན་གྱི་མཛད་ལ་སྙིང་ཁོང་རུས་པའི་གཏིང་ནས་ཡིད་རང་ཞུ་ཞུ་།་གསེར་རྟ་ཚུལ་ཁྲིམས་འོད་ཟེར་བའི་གྲ་བ་དེ་དང་ཕུག་རོན་གཉིས་་དཀྲུགས་ཤིང་མ་རྒྱག་རོགས་།
ཚུལ་ཁྲིམས་བློ་གྲོས་ཚང་ལ་དཔའ་དར་འཐེན་པ།
[ བོད་བདུད་རྒྱལ། ] [ 2012-3-13 ]
ནང་བསྟན་སློབ་གླིང་བོད་ཀྱི་སློབ་གླིང་རེད།།
སྐད་ཡིག་གཉིས་པོ་བོད་ཀྱི་ངོ་བོ་རེད།།
ཚུལ་ཁྲིམས་བློ་གྲོས་བོད་ཀྱི་བུ་ཕྲུག་རེད།།
དེ་རིང་དཔའ་དར་འཐེན་པ་བོད་ཀྱི་དོན།།
གསེར་རྟ་བླ་རུང་ཚུལ་བློའི་གཞི་ཁྱིམ་རེད།།
ལྔ་རིག་ནང་བསྟན་ཚུལ་བློའི་རིག་གནས་རེད།།
གངས་ཅན་བོད་པ་ཚུལ་བློའི་མི་རིགས་རེད།།
ཚུལ་ཁྲིམས་བློ་གྲོས་ཚང་ལ་དཔའ་དར་འཐེན།།
སྐད་ཡིག་གཅིག་འགྱུར་བྱེད་པ་བོད་ཀྱི་དོན།།
སྐད་ཡིག་དར་སྤེེལ་བྱེད་པ་བོད་ཀྱི་དོན།།
ནང་བསྟན་མུ་མཐུད་སྤེལ་བ་བོད་ཀྱི་དོན།།
དེ་རིང་དཔའ་དར་འཐེན་པ་བོད་ཀྱི་དོན།།
ཤེས་བྱའི་གནས་ལུགས་ཁོག་ལ་འཁྱུད་པ་རེད།།
སྟོང་ཉིད་བརྗོད་བྱ་སེམས་ལ་འཁྱིལ་བ་རེད།།
སེམས་ཅན་ཡོངས་ལ་འདྲ་མཉམ་ཡོད་པ་རེད།།
ཚུལ་ཁྲིམས་བློ་གྲོས་ཚང་ལ་དཔའ་དར་འཐེན།།
ཚུལ་ཁྲིམས་བློ་གྲོས་སྤོབས་དཔའ་བོད་བོད་རེད།།
ཚུལ་ཁྲིམས་བློ་གྲོས་སྙིང་སྟོབས་སྙིང་སྟོབས་རེད།།
ཚུལ་ཁྲིམས་བློ་གྲོས་ཤྰཀྱའི་དགེ་སློང་རེད།།
ཚུལ་ཁྲིམས་བློ་གྲོས་ཚང་ལ་དཔའ་དར་འཐེན།།
སྐད་ཡིག་སྐྱེ་འཆི་བཤད་པ་བོད་ཀྱི་ཆེད།།
གསར་བྱུང་མིང་མཛོད་སྒྲིག་པ་བོད་ཀྱི་ཆེད།།
སེམས་ཀྱི་སྙིང་གཏམ་ལབ་པ་བོད་ཀྱི་ཆེད།།
ཚུལ་ཁྲིམས་བློ་གྲོས་ཚང་ལ་དཔའ་དར་འཐེན།།
བོད་ནང་གི་རྩོམ་པ་པོ་ཞིག་གིས་་་
ངོ་མ་དེང་སང་གི་དགེ་བཅུ་ལ་ཁ་གཡར་བའི་བཙན་དབང་གི་ཁྲིམས་དེ་བོད་པ་སང་ལ་བཀའ་དྲིན་ཆེན་པོ་རེད། དེའི་བཀའ་དྲིན་གྱིས་དེང་སང་གསེར་རྟ་ཚང་ལ་ཀྲུང་དབྱང་གིས་ཀྱང་བསྔགས་བརྗོད་ཚད་མེད་བྱེད་བཞིན་འདུག་པ་འདི་རེད། འདི་ཡང་ཚུལ་བློའི་བཀའ་དྲིན་རེད། གྲོགས་པོ་ཚོས་མང་པོ་བཤད་དགོས་ས་མ་རེད། དྲ་ཚིགས་འདིར་ལྟོས་དང་ད་གསལ་པོ་རེད
http://ti.tibet3.com/news/tibet/sc/2011-10/19/content_399250.htm
མཁན་པོ་ཡེ་ཤེས་དོན་རྟོགས་ཟེར་བ་དེས་ཀྱང་མཁན་མིང་ཁུར་ཏེ། བདེན་པ་མིན་པའི་ལོག་བཤད་དེ་ཚོ། སྙིང་རྗེ་བླ་རྒན་དེ་ཤ་རེ་ཚ། ཤ་མ་ཟ་ཟེར་ནི་བླ་མ་རེད། ཤ་ཚོན་པོ་ཟ་ནི་བླ་མ་རེད། དྲང་བདེན་ཁོ་ན་དགོས་ཟེར་མཁན་བླ་མ་རེད། མི་དྲང་པ་ཁོ་ན་བྱེད་མཁན་བླ་མ་རེད། ཆོས་པའི་མིང་ཁུར་ཏེ། རྫུན་བཤད་པ་རྫུན་ཐམས་ཅད་ཀྱི་སྡུག་ཤོས་དེ་རེད། ནམ་ནམ་ཞར་ཞར་ལ་རང་གི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་མིག་བལྟས་བསྡད་ཡོད་པ་ང་ཚོའི་རིགས་ཀྱི་བོད་སྤྱི་ནང་གི་དངོས་ཡོད་གནས་ཚུལ་ཡོངས་རྫོགས་རྟོགས་ཟིན་པ་རེད། དྲ་འབུ་རེས་རྫུན་གཏམ་གྱིས་ང་ཚོ་ནམ་ཡང་མགོ་སྐོར་གཏང་མི་ཐུབ། དཔེར་ན་བོད་ནང་གི་སང་རྡོར་དྲ་ཚིགས་འདི་ལ
http://www.sangdhor.com/blog_c.asp?id=4974&a=3་ལྟོས་དང་། གནས་ཚུལ་ཆ་ཚང་གསལ་ཡོང་གི།
གསེར་རྟ་ཚུལ་ཁྲིགས་འོད་ཟེར་ལགས་ནི་རང་ཚུགས་ཐུབ་རྣམ་དཔྱོད་ལྡན་པའི་སྐྱེས་བུ་ཞིག་ཡིན་པ་ཁོང་གི་གསུང་རྩོམ་དག་ལས་ཤེས། འགའ་རེས་ཨ་མདོའི་ཐ་སྙད་སྐོར་ལ་འགྲེལ་བཤད་བྱས་ན་ཨ་ཆེན་གངས་རི་ནས་མདོ་ལ་རིང་བར་ལ་ཨ་མདོ་ཟེར། བདེན་མིན་མི་ཤེས་དེ་བདེན་པའི་དབང་དུ་བཏང་ན་བླ་བྲང་སོགས་གང་གི་ཁུངས་སུ་གཏོགས། རྨ་ཆུའི་ཁུག་པ་དང་པོ་ཡན་ཆད་མདོ་སྟོད་ལ་གཏོགས་ན་རྨ་ཆུ་རྫོང་གི་ཡན་ཆོད་མདོ་སྟོད་དུ་ཡིན་དགོས་པས་དེ་ལྟར་འདོད་མཁན་སུ་ཡང་ཡོད་ཚོད་མི་འདུག སྐུ་ངོ་འཇུ་ཆེན་ཞལ་བཞུགས་ཡོད་ན་ཁོང་གིས་ཏན་ཏན་མཁྱེན་གྱི་རེད།
རྫ་ཆུ་ཁའི་འགོ་ཚ་དགོན་ཀྱིས་སྤྲུལ་ཕུར་པ་གིས་བུ་།།་འགོ་ཚ་སྐུ་ཆེན་ཟེར་བ་ཞིག་གིས་ཧ་་ཅང་གི་ཞབས་འདྲེན་ཞུས་ཡོད་སྐད་འདུག་།གོ་ཐོས་ལ་ལོ་སྔོན་མ་རྒྱ་ནག་ཁྲིན་ཏིའུ་གྲང་ཁྱེར་ནས་ཕྲུ་གུ་ཞིག་བཙན་ཕྲིད་བྱས་ནས་དེ་རྗེས་ཉེས་རྟོག་པས་ཧ་གོ་ནས་།་ལོ་ངོ་གཅིག་ཙམ་ཁྲིམས་ཆད་གཏོང་།དེ་མ་གློད་གྲོད་ཐོབ་ནས་ཡར་ཕ་ཡུལ་ལ་ལོག་རྗེས་།ཁོས་བུ་ལོན་མང་པོ་ཞིག་དགོས་པ་ལ་རྟེན་ནས་ཁོས་ཕ་ཡུལ་ལུང་ཁུག་མི་མང་ལ།་བཙན་བཀའ་གྱིས་དུད་ཚང་གཅིག་གིས་མི་་རེས་་རྒྱ་གོར་༥༠༠༠རེ་བླང་ཡོད་ས་རེད་།འདི་སྐོར་ཞིབ་ཕྲ་བ་ཞིག་ཤེས་མེད་།འོན་ཀྱང་ས་གནས་དེས་མི་མང་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་ས་རེད་། འདི་ལྟར་བུ་ཞིག་གིས་སྤྲུལ་མིང་ཁྱེར་ན་མུ་འོས་པ་ཞིག་རེད་སྙམ་།་
གླིང་ཕྲུག་ལག དེའི་སྐོར་ཞིབ་ཕྲ་ཤེས་མེད་ན། དེའི་སྐོར་མི་ལ་ཞིབ་ཕྲ་ཁྱབ་སྒྲག་བྱེད་རྒྱུ་ཡོད་ནི་མ་རེད། མ་གཞི་དེ་འདིར་གླེང་དགོས་དོན་ཡང་མེད་རེད།
བོད་པ་ཚོ་ནི་ཁྱད་མཚར་བ་ལ།ས་ཆ་ཡུལ་སྡེ་དང་བཅས་པ་རྒྱ་དམར་གྱིས་འཕྲོག་ཡོད་ནའང་།ད་དུང་ཤུལ་མེད་ཀྱི་གསེར་རྟ་དང་རྫ་ཆུ་ཁ་སོགས་མདོ་སྟོད་སྨད་གང་ཡིན་རྩོད་ཁུལ་བྱེད།ང་ཡིན་ན་འབྱུང་འགྱུར་བོད་ལ་རང་དབང་ཅིག་འཐོབ་ཡིན་ན་བོད་འདི་ས་རྒྱ་ཆེ་བས་མངའ་སྡེ་བཅུ་གྲངས་ཤིག་ཏུ་བགོས་ན་ཡག་ཤོས་རེད།མདོ་སྟོད་སྨད་དབུས་གཙང་སོགས་ཆོལ་ཁ་བྱས་ཏེ་བགོས་ན་བོད་མི་ནང་ཁུལ་མི་འཆམ་པ་དང་རྙོག་བྲ་ཆེན་པོ་ཡོང་གཞི་རེད།
འོན་ཀྱང་ལོ་རྒྱུས་བཤད་ཡོང་དུས་དྲང་བདེན་གྱིས་འབྲི་དགོས་པ་ལས་རང་འདོད་ཁོ་ན་བྱས་ཏེ་ལོ་རྒྱུས་རྫུན་བཟོ་བྱས་ན་དེ་དེང་སང་གི་རྒྱ་དམར་གྱི་བྱེད་སྟངས་དང་གཅིག་པ་རེད།
དབལ་ཤུལ་གསེར་རྟ་དེ་མཆེད་ཁུངས་ར་རྒྱ་ཆུ་ཁའི་ལྡོང་དཔལ་ཆེན་སྐྱབས་ཀྱི་མི་བརྒྱུད་ཡིན་ལ།ཁམས་ཕྱོགས་ཀྱི་མཁས་པ་ནམ་མཁའ་ནོར་བུ་དང་ཛེ་སྨད།རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་ནས་མདོ་སྨད་རང་ལ་ངོས་འཛིན་བྱས་པ་ཡང་ཡང་གསུངས་འདུག་པ།དཔེར་ན།རྫོང་གསར་མཁྱེན་བརྩེས་༧སྐྱབས་རྗེ་སེ་ར་ཡང་སྤྲུལ་ངོས་འཛིན་སྐབས།ཐོས་བསྒོམ་རང་དོན་མཐར་ཕྱིན་ནས།།གཞན་དོན་རླབས་ཆེན་མཛད་པ་ཡི།།སྨོན་པའི་འབྲས་བུ་མདོ་སྨད་དུ།།གསེར་སྟོད་སྙི་མོའི་ཉེ་འདབས་སུ།།ཞེས་གསུངས་ཡོད་ཅིང་།ཡང་གསེར་རྟར་འཁྲུངས་པ་འགྲོ་འདུལ་པད་རྒྱལ་གླིང་པ་དང་གྲུབ་དབང་པདྨ་ལུང་རྟོགས།སྤྲུལ་དཀོན་མཆོག་སྙན་གྲགས།དེང་དུས་ཀྱི་སྟོན་པ་༧ཆོས་རྗེ་ཡིད་བཞིན་ནོར་བུ།གསེར་རྟའི་དཔོན་པོ་དབལ་ཤུལ་ལུ་གུ་སོགས་བླ་དཔོན་མང་པོས་གསེར་རྟ་ཨ་མདོ་ཡིན་པ་ཐེངས་མང་གསུངས་འདུག་པ་ལོ་རྒྱུས་ཀྱི་དོན་དངོས་རེད།ཡིན་ནའང་།ད་ལྟའི་ཆར་ཁོང་ཚོ་མིང་སྟོང་པ་དེའི་ཆ་ནས་ཁམས་དང་ཨ་མདོ་གང་གི་ཁོངས་སུ་འགྲོ་བ་གསེར་རྟ་བ་ཚོའི་འདོད་པ་རེད།
༄༅།། ཞེན་འགོག་རྐྱང་རྐྱང་གི་ཞེ་འདོད་དམར་རྗེན་རེ་ས་ལབ་རྡོ་ལབ་བྱས་པའི་ག་རེ་ཕན་གྱི་ཡོད་དམ་་་་་་་གསེར་རྟ་རྫུན་མ་གསེར་རྟ་ལབ་ན་ཁེ་ཕན་གང་ཡོད་དམ་་་་་་་་་