ལྷ་སྡེ་གནམ་ལོ་ཡག
དགེ་བཤེས་དོན་གྲུབ་བཀྲ་ཤིས་མཆོག་ཕེབས་ཏེ་༼ཁ་བརྡ་དྲ་ཚིགས༽བརྒྱུད་ནས་སློབ་སྟོན་དང་དགག་བཞག་གནང་བར་བཀའ་དྲིན་ཆེ། ངས་ཁྱེད་རང་དགེ་བཤེས་གང་རུང་ཞིག་ཡིན་ངེས་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་ཁྱེད་ཀྱིས་གསུངས་པ་ནང་བཞིན་ང་རང་ནི་ཁ་སྐད་ལྟར་བཤད་ན་ཧམ་པ་ཚ་བོ་ཅན་ཞིག་དང་། ཞེ་སའི་ལམ་ནས་བརྗོད་ན་སྤོབས་པ་མཐོ་དྲགས་པའི་མི་ཞིག་ཡིན། དེ་བས། རྒྱ་ནག་པ་ཚོར་འབྲེལ་འདྲིས་བྱེད་པའི་ཆ་རྐྱེན་དང་པོ་ནི་༼རང་ཐག་རང་གཅོད༽ངོས་ལེན་ཡོད་མེད་ཡིན། གལ་ཏེ་ངོས་ལེན་མེད་ན་ཁ་བརྡ་བྱེད་པའི་གཞི་འཛིན་ས་ཡོད་པ་མ་རེད་ཅེས་ལབ་ཀྱི་ཡོད་ལ། ལག་ལེན་ནང་དུའང་དེ་ག་ཡོང་གི་ཡོད། དེའང་ང་རང་ལ་ཁྱད་འཕགས་ཀྱི་ཡོན་ཏན་ཞིག་ཡོད་པ་ཞིག་མ་ཡིན་པར་༼དམངས་གཙོའི་སྲོག་ཤིང༽ནི་༼རང་ཐག་རང་གཅོད༽རེད། གལ་ཏེ་༼རང་ཐག་རང་གཅོད༽ལ་ངོས་ལེན་མེད་མཁན་ཞིག་ཡིན་ན། ངས་ཁོང་ངམ་ཁོ་མོར་ཁྱེད་རང་ནི་རྒྱ་ནག་གི་དབང་ཆ་གཅིག་སྡུད་གསར་བ་ཞིག་ཡོང་བར་རེ་བ་རྒྱག་མཁན་ཞིག་ཡིན་པས། ང་ཚོའི་བར་དུ་ཁ་བརྡ་མི་འདུག་ཅེས་ལབ་རྐྱང་བྱེད་ཀྱི་ཡོད། དེ་ག་ནང་བཞིན་བོད་པའི་སེར་མོ་བ་ཚོར་རྩོད་པ་རྒྱག་སྐབས་ཀྱང་མ་མཐར་བཀའ་བཅུ་དགེ་བཤེས་ཤིག་ཡིན་ན་བསམ་གྱི་ཡོད་ལ། ཉུང་མཐར་ལོ་ཤས་རྗེས་ནས་དགེ་བཤེས་ཤིག་ལོན་པར་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་ངེས་པར་དུ་དགོས་ཀྱི་ཡོད། དེ་ལྟ་མིན་ན་༼ང་རིན་པོ་ཆེ༽ནི་གཞན་གྱིས་མཐོང་མིན་གང་ལྟར་ཡང་རང་ཉིད་ལ་ཧ་ཅང་རྩ་ཆེན་རེད། དཔེར་ན། ངས་གྲོགས་བོ་ཚོར་༼ང་གཟིམས་མེད༽ཡང་ན། ༼ངས་བཞེས་ཚར་མ་ཐག་ཡིན༽ལྟ་བུའི་ཞེ་སའི་ཚིག་བཀོལ་ནས་རང་ཉིད་ཀྱི་ཟ་ཉལ་འགྲོ་སྡོད་ངོ་སྤྲོད་བྱེད་ཀྱི་ཡོད། རྒྱུ་མཚན་ཡང་རང་ཉིད་ནི་རང་ཉིད་ཀྱི་རིན་པོ་ཆེ་ཡིན་པ་ངོ་འཕྲོད་ཡོད་པས་ཡིན། དེ་གཅིག་ཡིན།
ཁྱེད་རང་ལའང་ཁག་མི་འདུག རྒྱལ་བ་རིན་པོ་ཆེ་མཆོག་ནི་དགེ་ལུགས་པའི་དབུ་ཁྲིད་དང་བོད་རྒྱལ་མཐའ་མ་དེ་རེད། ཁྱེད་རང་གཙོས་པའི་གདན་ས་ཁག་ལ་དབང་ལུང་མན་ངག་མང་བོ་གནང་མཁན་གྱི་བླ་མ་ཡིན་པའི་ཁར། དབང་ལུང་ཞུ་མཁན་ཚོར་ཞེན་ཁོག་ཡོད་པ་དང་བླ་མར་དད་གུས་ཆེ་བ་ནི་གཟི་བརྗིད་དུ་བརྩི་ཆོག་པ་ཞིག་ཀྱང་རེད། འོན་ཀྱང་། སངས་རྒྱས་ཆོས་ལུགས་དང་ཆབ་སྲིད་གཉིས་མེ་ཆུ་ལྟ་བུ་རེད། དཔེར་ན། སངས་རྒྱས་ཆོས་ལུགས་ཀྱི་འདུལ་ཁྲིམས་ནང་རྫུན་གཅིག་ལབ་ན་སྡོམ་པ་ཤོར་ཚར་བ་ཡིན་མོད། ཆབ་སྲིད་པས་རྫུན་གཅིག་ལ་བརྟེན་ནས་རྒྱལ་ཁམས་བདེ་ལ་འགོད་ཐུབ་པ་བྱུང་ཚེ་གཟི་བརྗིད་རེད་ལ། བསྐལ་བ་མ་སྟོང་བར་དུ་ལོ་རྒྱུས་ནང་གླེང་ཡང་སྲིད་པ་རེད། གང་ལྟར། ད་ལྟ་ཚང་མ་དེང་རབས་པ་ཡིན་པས། སྡོམ་པ་དང་སེམས་ཚོར་གཉིས་ལས་གང་གཙོ་གདམ་པ་ནི་རང་དབང་རེད། མ་གཞི་རྒྱལ་བ་རིན་པོ་ཆེ་མཆོག་ནི་སྲིད་དོན་གྱི་དབུ་ཁྲིད་ཟུར་བ་ཞིག་དང་ཆོས་ལུགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པས། ངས་ཐོག་མཐའ་བར་གསུམ་དུ་ཁོང་དང་བོད་ནང་གི་མེར་བསྲེག་ངོ་རྒོལ་ལས་འགུལ་བར་འབྲེལ་བ་མི་འདུག་ཅེས་བཤད་ཀྱིན་ཡོད། དེའང་སེམས་ཚོར་མ་ཡིན་པར་ཞིབ་འཇུག་བརྒྱུད་ནས་མེར་བསྲེག་ལས་འགུལ་འབྱུང་རྐྱེན་དེབ་གཟུགས་སུའང་བཀོད་ཡོད།
ཅུང་ཧང་སངས་དགོས་པ་ནི་ཁྱེད་རང་ལྟ་བུའི་གདན་སའི་དགེ་བཤེས་ཤིག་གིས་མེར་བསྲེག་ལས་འགུལ་ནི་རྒྱལ་བ་རིན་པོ་ཆེ་ཡི་དོན་དུ་རེད་ཅེས་ལབ་ན། གུང་ཁྲན་ཏང་ལ་དགོས་པ་ནི་དེ་ག་རང་རེད། དཔེར་མཚོན་ཡག་ཤོས་ཤིག་ནི། མག་པ་ཝང་ལི་ཞོན་ལགས་ཀྱིས༼མེར་བསྲེག་ལས་འགུལ་ནི་ཚད་མཐོ་བའི་འཚེ་བ་རེད༽ཅེས་བསྡོམས་བརྒྱབ་པར་བསྟུན་ནས་རྒྱ་དམར་གཞུང་གིས་མེར་བསྲེག་ལས་འགུལ་ནི༼དྲག་སྤྱོད་ལས་འགུལ་རེད༽ཅེས་ཕྱི་བསྒྲགས་བྱས་ཡོད་པར་མ་ཟད། ད་དུང་དེ་ག་རང་ཡིན་ཤག་བྱེད་ཀྱིན་ཡོད།
གཅིག་བྱས་ན་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཁྱེད་རང་ལ་བདག་པོ་རྒྱག་སྲིད། དེ་དུས་སྤོབས་པ་མཐའ་ཡས་ཅན་དང་གནམ་ལོ་ཡག་ཅན་ཞེས་པའི་ཞེ་ས་དེ་འགྱུར་ནས་སེར་རའི་དགེ་བཤེས་དོན་གྲུབ་བཀྲ་ཤིས་ཅན་དུ་འགྱུར་སྲིད་པས། སྐབས་དེར་དགེ་བཤེས་མཆོག་གིས་ག་རེ་གནང་རྩིས་ཡོད་དམ།
ད་དུང་ངེས་པར་དུ་ཤེས་དགོས་པ་ཞིག་ནི། བོད་དང་ང་ཚོའི་འབྲེལ་བ་རེད། ཉུང་མཐར་བོད་ཅེས་པའི་མིང་གི་ཐ་སྙད་འདི་བཞིན་ལོ་ངོ་སྟོང་ཕྲག་གཉིས་ལྷག་བརྒྱུད་ཡོད་པའི་ཁར། བོད་ཅེས་པའི་མིང་འོག་ཏུ་བྱུང་བའི་རླབས་ཆེན་གྱི་སྐྱེས་བུའམ། མི་སེར་ཕལ་བ་སུ་ཡིན་ཡང་ལོ་ངོ་བརྒྱ་དང་ཉི་ཤུ་བརྒལ་མཁན་བྱུང་ཡོད་པ་མ་རེད། ངག་རྒྱུན་ལྟར་ན་ལྷ་ཐོ་ཐོ་རི་གཉན་བཙན་ལོ་བརྒྱ་དང་ཉི་ཤུར་བཞུགས་པ་རེད་དེ། བདེན་དཔང་ད་དུང་བརྙེད་ཡོད་པ་མ་རེད། དེ་བས། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ། ཁྲི་སྲོང་སྡེ་བཙན། ས་སྐྱ་གོང་མ་རིམ་བྱོན། ཕག་གྲུ་སྡེ་སྲིད་རིམ་བྱུང་། གཙང་བ་སྡེ་སྲིད། དགའ་ལྡན་ཕོ་བྲང་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་སུ་ཡིན་ནའང་། བོད་ཅེས་པའི་མིང་འདིའི་འོག་ལས་བརྒལ་ཐུབ་ཡོད་པ་ཞིག་མ་རེད་ལ། མཛད་པ་འཕྲིན་ལས་ཆ་ཚང་ཡང་བོད་ལ་གཅིག་པུར་བརྟེན་ཡོད། གལ་སྲིད་བོད་ཟེར་བའི་རྒྱལ་ཁབ་ཅིག་གིས་རྒྱལ་བ་རིན་པོ་ཆེ་ཞེས་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅིག་བསྐྱེད་བསྲིངས་གནང་མེད་པར་ཆོས་ལུགས་ཁོ་ནའི་དབུ་ཁྲིད་ཅིག་ཡིན་ན། དཔལ་རྒྱལ་བ་ཀརྨ་པ་སྐུ་གོང་མ་དང་བསོད་རྒྱལ་རིན་པོ་ཆེ་ལྟ་བུའི་མཛད་འཕྲིན་ལས་གཞན་ཆེར་མེད། དེ་བས། ཚང་མས་སྐྱབས་འགྲོ་འདོན་སྐབས། ༼བོད་ལ་སྐྱབས་སུ་མཆི༽ཞེས་པ་འདི་ཐད་ཀར་སྐྱབས་འགྲོ་ཚིག་བཞིའི་ཁ་བསྣན་ནས་ཚིག་ལྔ་ལ་བཟོ་གནང་ཡོང་རོགས།
དེ་མིན་དོགས་གནས་གསུམ་པ་ནི་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐུ་ཕྲེང་གོང་མ་ཞིག་གིས་རྗེ་རིན་པོ་ཆེར་དོགས་སློང་གནང་བ་ནི་ཡིད་ལ་ཤོང་དཀའ་བ་ཞིག་ཡིན་པ་བདེན་ན། སྟོན་པ་ཤཀྱ་ཐུབ་པའི་བསྲེག་བཅད་བརྡར་གསུམ་དོར་ཟིན་པའི་མོད། རྗེ་ཙོང་ཁ་བའི་ཡབ་ཀྱི་ཡང་སྤྲུལ་ཨ་ཀྱཱ་རིན་པོ་ཆེ་སུ་ཡིན་མི་ཤེས་དོན་འདུག་གམ། ཨ་ཀྱཱ་རིན་པོ་ཆེ་ནས་ཕལ་ཆེར་ཕྱི་ལོ་༢༠༠༣ ལོ་ཡས་མས་ཤིག་ལ་སེ་ར་དགོན་པ་ནས་ཁྲི་སྟོན་བཤམས་ནས་མང་ཇ་བསྐོལ་ཡོད་པས། ཏྲེ་ཧོར་ཁང་ཚན་སྐབས་དེར་ཞུགས་མེད་ཅེས་ན་ཧ་ཅང་གི་བཤད་མི་བདེ་བ་ཞིག་མ་རེད་དམ།
དེའང་ཨ་ཀྱཱ་རིན་པོ་ཆེ་རང་འདོད་བཞིན་ཕེབས་པ་ཞིག་མ་ཡིན་པར་སེ་ར་དགོན་པས་བརྩོན་ལེན་གནང་བ་ཞིག་ཡིན་པས་ཡིན། དེ་བས། གདན་ས་ཁག་ལ་མཚོན་ན། རྗེ་ཙོང་ཁ་བའང་སུ་ཡིན་ཧ་གོ་གི་མེད་པ་འདི་སུ་ལ་ཞུའམ།
ངལ་གསོ་བའི་ཚིགས་བཅད་དེ།
མི་འདི་འཇིག་རྟེན་འདི་ནས་མ་འཛད་ན།།
སྣ་མང་དྲི་བ་འབྱུང་བར་འཛད་མཐའ་མེད
རླུང་ལངས་མི་བདེ་བྱེད་ཡུལ་མ་ཡིན་ཏེ།།
འདི་རུ་བསྲེག་བཅད་བརྡར་གསུམ་ཤིན་ཏུ་ལྕི།།
བླ་མ་དོར་ནས་སྒོར་མོར་འཐམ་མམ།།
སྒོར་མོ་དོར་ནས་བླ་མ་སྲུང་ངམ།།
སྡོམ་པ་དོར་ནས་སྲིད་ལ་ཞུགས་སམ།།
བྱང་སེམས་བསྒོམ་སྟེ་མར་གྱུར་སྐྱོབ་བམ།།
ཕྱི་ལོ་ ༢༠༡༤ལོའི་ཟླ་ ༥ཚེས་ ༧།ཉིན།
ལྷ་སྡེ་མཆོག་གི་རྩོམ་འདིའི་ཆ་ཤས་འགའ་གོ་བ་ལེན་ཐུབ་ཀྱི་མིན་འདུག འགྲེལ་བརྗོད་ཡོད་པ་ཞུ།
དཔེར་ན།
“དེ་ག་ནང་བཞིན་བོད་པའི་སེར་མོ་བ་ཚོར་རྩོད་པ་རྒྱག་སྐབས་ཀྱང་མ་མཐར་བཀའ་བཅུ་དགེ་བཤེས་ཤིག་ཡིན་ན་བསམ་གྱི་ཡོད་ལ། ཉུང་མཐར་ལོ་ཤས་རྗེས་ནས་དགེ་བཤེས་ཤིག་ལོན་པར་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་ངེས་པར་དུ་དགོས་ཀྱི་ཡོད། དེ་ལྟ་མིན་ན་༼ང་རིན་པོ་ཆེ༽ནི་གཞན་གྱིས་མཐོང་མིན་གང་ལྟར་ཡང་རང་ཉིད་ལ་ཧ་ཅང་རྩ་ཆེན་རེད། དཔེར་ན། ངས་གྲོགས་བོ་ཚོར་༼ང་གཟིམས་མེད༽ཡང་ན། ༼ངས་བཞེས་ཚར་མ་ཐག་ཡིན༽ལྟ་བུའི་ཞེ་སའི་ཚིག་བཀོལ་ནས་རང་ཉིད་ཀྱི་ཟ་ཉལ་འགྲོ་སྡོད་ངོ་སྤྲོད་བྱེད་ཀྱི་ཡོད། རྒྱུ་མཚན་ཡང་རང་ཉིད་ནི་རང་ཉིད་ཀྱི་རིན་པོ་ཆེ་ཡིན་པ་ངོ་འཕྲོད་ཡོད་པས་ཡིན།”
ཞེས་པའི་དོན་ཤེས་མ་སོང་།
དེ་བཞིན།
“སངས་རྒྱས་ཆོས་ལུགས་དང་ཆབ་སྲིད་གཉིས་མེ་ཆུ་ལྟ་བུ་རེད། དཔེར་ན། སངས་རྒྱས་ཆོས་ལུགས་ཀྱི་འདུལ་ཁྲིམས་ནང་རྫུན་གཅིག་ལབ་ན་སྡོམ་པ་ཤོར་ཚར་བ་ཡིན་མོད།”
དེ་བདེན་པ་ཨེ་ཡིན། སངས་རྒྱས་ཆོས་ལུགས་ཀྱི་འདུལ་ཁྲིམས་སྐོར་ལ་ཅུང་ཞིབ་འཇུག་དགོས་ཀྱི་འདུག
དེ་བཞིན།་”དེ་བས། ཚང་མས་སྐྱབས་འགྲོ་འདོན་སྐབས། ༼བོད་ལ་སྐྱབས་སུ་མཆི༽ཞེས་པ་འདི་ཐད་ཀར་སྐྱབས་འགྲོ་ཚིག་བཞིའི་ཁ་བསྣན་ནས་ཚིག་ལྔ་ལ་བཟོ་གནང་ཡོང་རོགས།”
ཅེས་པ་འདི་གང་ལ་གོ་དགོས་སམ།
དཔྱོད་ལྡན་གནམ་ལོ་ཡག་ལགས་ཀྱིས། ལྗགས་ལན་ཞིག་བྲིས་པར་ལེགས། ཀརྨ་པ་སྐུ་གོང་མ་ཞིག་གིས་རྗེ་རིན་པོ་ཆེན་ལ་དོགས་སློང་གནང་བའི་སྐད་ཆ་འདི་དག་རྩ་བའི་བརྗོད་དང་འབྲེལ་བ་མེད་པའི་སྐད་ཆ་རེད། གླེང་དགོས་དོན་དེ་ཙམ་ཡོད་མ་རེད།
དགེ་བཤེས་དོན་བཀྲ་ལགས་ཀྱིས་སྐད་ཆ་ཁྱད་མཚར་དེ་འདྲ་གསུངས་ཡོད་པ་ནི་འདི་དག་རེད།
༡ བོད་དོན་ནི་༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་ཐུབ་མིན་ཁོ་ནར་རག་ལས་ཡོད།
༢ ད་ལྟའི་ཆར་བོད་ཀྱི་འཕེལ་རྒྱས་ནི་ཆོས་བྱེད་དགེ་འདུན་གྱི་སྡེར་བརྟེན་ཡོད་ཅིང་མ་འོངས་པར་ཡང་དུས་ཡུན་ངེས་ཅན་ཞིག་ནང་བོད་ཀྱི་འཕེལ་ཕྱོགས་ནི་ནང་ཆོས་ལ་རག་ལས་པར་ངེས།
༣ གཅིག་བྱས་ན་དེང་སང་ནང་ཆོས་ཀྱིས་རྒྱལ་སྤྱིར་བཞག་པའི་དགེ་མཚན་འདི་ལ་བལྟས་ན་བོད་ནི་ནམ་ཡང་ནང་ཆོས་དང་ཁ་བྲལ་མི་ཐུབ་པའི་ཡུལ་ལུང་ཞིག་ཏུ་འགྱུར་སྲིད། དེ་ནི་ནང་ཆོས་ལ་རིན་ཐང་ཇི་ཙམ་ཡོད་མེད་ཁོ་ན་ལ་རག་ལས་ཡོད།
༤ ངོས་ན་བལྟས་ན་ནང་ཆོས་ངོ་མ་དེ་ནི་ནང་བསམ་བློའི་དག་ཞིང་ཞིག་ཡིན་པས་དེར་བློ་སྦྱོང་བརྡར་གྱི་ངོ་མཚར་ཆེ་བའི་ས་ཁྲ་ཞིག་ཡོད་པར་མ་ཟད་མ་ལག་ཚང་བའི་སྒོམ་གྱི་ཞིབ་འཇུག་གི་བརྒྱུད་རིམ་ནས་སྤྱིར་བཏང་གི་གནས་ཚད་ལས་ཡོངས་སུ་འདས་པའི་འཇིག་རྟེན་གཞན་ཞིག་སྙེག་འདུག་པས་ནང་ཆོས་ནི་འགྲོ་བ་མི་ཡོངས་ཀྱིས་ཆེས་མཐའ་འཇུག་གི་བབ་སྟེགས་དེ་ཡིན་སྲིད།
༥ མ་མཐར་ཡང་མ་འོངས་པའི་མི་རབས་གང་འཚམ་བར་ནང་ཆོས་ཀྱིས་བོད་མིའི་བསམ་བློ་ལ་ཚོད་འཛིན་བྱེད་ངེས་པས་བོད་དོན་ནི་བསྟན་པའི་དོན་དུ་གྱུར་ཡོད། མ་ཟད་༸གོང་ས་མཆོག་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱིས་བསམ་བློ་བཀན་ས་ཉག་གཅིག་དེ་ཡིན་སྟབས་གལ་ཏེ་༸གོང་ས་མཆོག་བོད་དུ་ཕྱིར་ཕེབས་ཚེ་བོད་ནང་གི་ཆོལ་ཁ་གསུམ་ཀའི་བོད་མི་གནད་ཡོད་ཡོངས་ཀྱི་བསམ་བློ་འདུན་པ་ཕྱོགས་གཅིག་ཏུ་སྤུངས་ཐུབ་པས་དེས་བོད་ཀྱི་མ་འོངས་པར་ཁ་པྱོགས་དང་གསོན་ཤུགས་འགྲན་ཟླ་བྲལ་བ་ཞིག་སྦྱིན་ཐུབ།ཅེས་གསུངས་འདུག
དགེ་བཤེས་ལགས་ཉོན་ཨ། དྲི་བ་ཡོད།
༡ བོད་དོན་གྱི་མཚན་ཉིད་ཤིག་གམ་འགྲེལ་བཤད་ཤིག་གནང་རོགས།
༢ ད་ལྟའི་ཆར་བོད་ཀྱི་འཕེལ་རྒྱས་ནི་ཆོས་བྱེད་དགེ་འདུན་གྱི་སྡེར་བརྟེན་ཡོད་ཅེས་བཤད་འདུག་པས་བོད་ཀྱི་འཕེལ་རྒྱས་ངོས་འཛིན་དང་ཆོས་དགེ་འདུན་གྱི་སྡེ་ལ་ཇི་ལྟར་བརྟེན་ཡོད་མེད་ཀྱི་ཐོག་ཏུ་གསལ་བཤད་ཤིག་གནང་རོགས།
༣ དེང་སང་ནང་ཆོས་ཀྱིས་རྒྱལ་སྤྱིར་བཞག་པའི་དགེ་མཚན་གང་ཡིན་གསལ་བཤད་གནང་རོགས།
༤ སྤྱིར་བཏང་གི་གནས་ཚད་ལས་ཡོངས་སུ་འདས་པའི་འཇིག་རྟེན་གཞན་ཞིག་སྙེག་འདུག་ཅེས་པའི་འཇིག་རྟེན་གཞན་དེར་ངོས་འཛིན་དང་གསལ་བཤད་གནང་རོགས།
༥ བོད་དོན་ནི་བསྟན་པའི་དོན་དུ་གྱུར་ཡོད།ཅེས་གསུངས་འདུག་པས་བོད་དོན་ནི་བསྟན་པའི་དོན་དུ་གྱུར་ཡོད་ཚུལ་ཞིག་གསུང་རོགས།
དྲི་བ་འདི་དག་ལན་ཁ་གསལ་བྱུང་ན་མུ་མཐུད་ནས་བགྲོ་གླེང་བྱེད་ཆོག ལན་ཁ་གསལ་མེད་ན་ཁྱོད་ཀྱིས་སུ་གང་ལ་བློ་བསྐྱེད་སྤྲོད་ཐུབ་མ་རེད།
རྟགས་ཆོས་དོན་གསུམ་གྲུབ་མཁན་གྱི་ལན་གནང་རོགས་བྱོས། ཚུལ་གསུམ་མ་གྲུབ་པའི་སྐད་ཆ་བཤད་བྱུང་ན་གྲྭ་སར་བསྡད་པར་དོན་མེད་རེད་ཟེར་གྱི་ཡིན་ད། མཚན་ཉིད་འཇོག་དུས་ཁྱབ་པ་སྒོ་བརྒྱད་གྲུབ་མཁན་དེ་འདྲ་འཇོག་རོགས་བྱོས། དེ་མེད་ན་དགེ་བཤེས་རིག་ལམ་མེད་མཁན་ཟེར་ནས་འབོད་ཀྱི་ཡིན་ད།་་་ཧཧཧ
སྤོབས་མཐའ་ཅན་དང་གནམ་ལོ་ཡག་ཅན་ཟེར་བའི་ཅན་སྒྲ་སྦྱར་བ་དེ་སྲོལ་རྒྱུན་ལྟར་ན་ཧ་ཅང་ཚབ་ཆེན་པོ་རེད། སྔོན་མ་བསྐལ་པ་བཟང་པོ་སྡེ་པ་གཞུང་གི་དུས་སུ་བཀའ་ཤོག་གི་སྟེང་དུ་ཅན་སྒྲ་སྦྱར་ཚར་ནས་བཟུང་སྟེ་ཕལ་ཆེར་སྲོག་ཐོག་གི་ཉེས་ཆད་མ་མཐའ་ཡང་རྟ་ལྕག་གིས་བྲབས་ནས་བཙོན་ཁང་དུ་སྐྱེལ་རན་པ་རེད། དོན་བཀྲ་མཆོག་གིས་ཚིག་རྩུབ་སྨྲས་པའི་ཉེས་པ་ཚབ་ཆེན་ཞིག་བསགས་འདུག དེ་ཀུ་རེ་ཡིན།
དངོས་གནས། ང་ཚོས་དྲ་ཐོག་ཏུ་བགྲོ་གླེང་བྱེད་སྐབས་སུ་ཚིག་སྦྱོར་ལ་ཚིག་རྩུབ་དང་གཞན་ལ་དམའ་འབེབས་ཁྱད་གསོད་ཀྱི་ཚིག་ཡོད་མེད་ལ་དོ་སྣང་བྱེད་དགོས་ཀྱིན་འདུག འདི་གནའ་བོའི་དུས་ཀྱི་ཤེས་རིག་སངས་རྒྱས་ཆོས་ལུགས་ཀྱི་ངག་གི་ཉེས་པ་ཡིན་ཞིང་། དེང་དུས་སུ་ཡང་media དང་academic གཉིས་ཆར་ལ་དོ་སྣང་ཧ་ཅང་དགོས་ས་ཞིག་རེད་འདུག རྣམ་པ་ཚང་མས་བརྗོད་བྱ་ཅི་ཡིན་ལ་མ་ལྟོས་པར་བརྗོད་ཚིག་ལ་གུས་ཞབས་ཡོད་པ་བྱེད་དགོས་རྒྱུ་དེ་གལ་ཆེན་རེད་འདུག
དེ་རིང་གནམ་ལོ་ཅུང་བཟི་ཡོད་པ་འདྲ།
སྤོབས་མཐའ་འདི་ཡང་ཉམ་ཆུང་འདྲ་ཞིག་ཆགས་འདུག
ཧ་ཧ་ཧ། དགེ་བཤེས་ཀྱིས་གཤེ་གཤེ་ཅུང་ཙམ་བཏང་བས་ལན་པ་མིན་འགྲོ ཧེ་ཧེེཧ
ང་སྤོབས་པ་ལགས་ཀྱི་མཆན་༤པ་དེར་རྒྱབ་སྐྱོར་ཡོད། རྩོད་གླེང་སྐབས་ལ་གང་ཟག་ལ་གུས་ཞབས་བྱེད་རྒྱུ་དེ་བཟང་སྤྱོད་དང་། རྒྱུ་མཚན་ཡང་དག་རེད། ལྷག་པར་དུ་རི་བོ་དགེ་ལྡན་པར་མིག་དཔེ་ཤིན་དུ་ལེགས་པའི་བླ་ཆེན་མང་པོ་ཡོད་དེ། རྗེ་རིན་པོ་ཆེས་བོད་སྔ་མའི་དབུ་མ་པ་རྣམས་འགོག་དུས། ལྟ་བའི་གནད་ལུགས་དང་རིགས་པའི་རྣམ་དཔྱོད་ཀྱི་གཏིང་ཚད་ཞིབ་ཚགས་ལ། ཕ་རོལ་ཁ་གཏད་ཀྱི་མིང་ནས་རྩ་བ་ནས་འདོན་པར་མི་མཛད། དེར་བརྟེན། རབ་བྱུང་ན་མིང་འདོན་མི་དགོས་པར། འདོད་པ་བཏོན་ནས་སྨྲོས་ཀྱང་མི་འགྲིགས་པ་མིན་འདུག ཅི་སྟེ་མིང་འདོན་བྱ་དགོས་རུང་། གུས་ཞབས་ཀྱིས། སྤོབས་པ་མཆོག་གམ། སྐུ་ཞབས་སྤོབས་པ་མཐའ་ཡས་ལྟ་བུ་དང་། དེ་བཞིན་བཀུར་འོས་སྤོབས་པ་ལགས་ལྟ་བུ། དེ་མིན། དྲ་གྲོགས་སྤོབས་པ་ལྟ་བུ་བཀོལ་ན་ལེགས་ཆ་ཆེ།
ངས་བལྟས་ན། དྲ་གྲོགས་ལ་ལས། རང་སྲེག་དེ་རྒྱལ་བ་རིན་པོ་ཆེའི་དབུ་ཐོག་ལ་ཚུར་དཀྲི་བ་དེ་ཉེན་ཁ་ཤིན་དུ་ཆེ་བའི་རྩེད་མོ་ཞིག་རེད། དེ་རང་གི་ཁའི་ནང་ལ་དུག་བླུགས་ནས་རྐུབ་ནས་ཨེ་འཐོན་ལྟ་བའི་སྲོག་གཏད་རླུང་རྟར་བཅོལ་བའི་འཕྲིན་ལས་ཅིག་ཏེ། ལེགས་ན་རྒྱ་མིས་ཁ་གཡོག་དེ་བཀོལ་ནས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་འཛུགས་ཅིག་དང་། སྟབས་མི་ལེགས་ན། རྒྱལ་བ་ལ་མི་དགའ་མཁན་གྱི་ཁ་གཏད་ཚང་མར་ལག་ཆ་རྣོན་པོ་ཞིག་སྤྲད་ནས། དེ་རྒྱལ་བའི་དབུ་ལ་རྒྱག་བྱེད་ཀྱི་རང་རིགས་ཕུང་བའི་གཉིས་གནོད་ཀྱི་ལག་ཆ་ཞིག་ལས་མ་འདས་པས། ཅུང་བསམ་བློ་ཞིབ་ཙམ་གཏོང་རོགས།
ཤུགས་ལྡན་ཚོགས་པའི་ལས་འགུལ་བ་དེ་ཚོས་ད་ལྟ་གོང་ས་མཆོག་ལ་རང་སྲེག་ཐོག་ནས་བསུན་པོ་བཟོ་བཞིན་པ་དེར། ད་ཆ་ཤུགས་ལྡན་གྱི་འཕྲིན་ལས་ལྟ་བུར་བརྟེན་ནས། ཁོང་ཚོར་རྒྱབ་སྐྱོར་བྱེད་པའི་ཚིག་ནག་པོ་ཤིན་དུ་ནས་ཐོབ་དཀའ་བ་ཞིག་ཁ་བརྡ་རིན་པོ་ཆེའི་སྟེང་ནས་ཁོང་ཚོར་སྤྲོད་སྲིད།
ངའི་ཁ་ཞེ་གཉིས་མེད་ཀྱི་སྨོན་འདུན་ལ། ལི་ཐང་ཨ་དར་དང་། བསྟན་འཛིན་རྒྱ་མཚོ་ཟེར་བའི་དམངས་ཁྲོད་ཁ་བརྡའི་མི་སྣ་རྣམས་ཀྱིས་སྤོབས་པ་དང་གནམ་ལོ་ཡག་གི་མིང་ནས་སྨྲོས་ནས་གོང་ས་མཆོག་ལ་མཚན་སྨད་ཞུས་ན། ཁོང་གཉིས་ཀྱི་མདུན་ལམ་དང་ཀུན་སྤྱོད་ལ་བོད་པ་མང་པོས་དྭོགས་པ་ཤར་སྲིད་པས། མི་འགྱངས་པར་ལྟ་བ་འདི་དག་ག་ལེར་དྲ་གྲོགས་ནང་ཁུལ་ཞི་འཇམ་དང་གོ་བ་ལོན་ཐུབ་ན་ལེགས། ཤུགས་ལྡན་ཚོགས་པའི་གོང་གི་མི་སྣ་དེ་ཚོས་སྤོབས་པ་དང་གནམ་ཡག་གི་མིང་ནས་སྨྲོས་ནས། ཁོང་གཉིས་ཀྱིས་ཀྱང་རང་སྲེག་དང་རྒྱལ་བ་རིན་པོ་ཆེ་འབྲེལ་བ་འདུག་ཟེར་དུས། སྤོབས་པ་མཆོག་དང་གནམ་ལོ་ཡག་མཆོག་གི་མི་ཚེ་གཅིག་གི་མདུན་ལམ་ལ་ནག་ཐིགས་ཆེན་པོ་ཞིག་ཐེབས་སྲིད་པས་ཀུན་ནས་ཡིད་གཟབ་ཡོད་པ་ཞུ།
་་་་་་་་་་་ མ་གཞི་རྒྱལ་བ་རིན་པོ་ཆེ་མཆོག་ནི་སྲིད་དོན་གྱི་དབུ་ཁྲིད་ཟུར་བ་ཞིག་དང་ཆོས་ལུགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པས། ངས་ཐོག་མཐའ་བར་གསུམ་དུ་ཁོང་དང་བོད་ནང་གི་མེར་བསྲེག་ངོ་རྒོལ་ལས་འགུལ་བར་འབྲེལ་བ་མི་འདུག་ཅེས་བཤད་ཀྱིན་ཡོད། ་་་་་་་་་་་་་
མ་གཞི་ཚང་མས་བགྲོ་གླེང་གནང་བ་ཡག་པོ་རེད། ཡིན་ནའང་། ལ་ལ་ཞིག་གིས་ཤེས་ཀྱང་མ་ཤེས་ཁུལ་བྱས་ནས་རྒྱུ་འབྲས་གོ་ལྡོག་གི་སྐད་ཆ་བཤད་ཀྱིན་འདུག དཔེར་ན། མེར་བསྲེག་ལས་འགུལ་རྒྱལ་བ་རིན་པོ་ཆེ་ཡི་ཆེད་དུ་རེད་ཅེས་སེ་རའི་དགེ་བཤེས་དོན་གྲུབ་བཀྲ་ཤིས་ཀྱིས་ལབ་ཀྱིན་པ་མི་མཐོང་དོན་ཅི། རྩོམ་ཡིག་ཞིབ་ཀློག་མི་གནང་དོན་ཅི།
ད་ཡིན་ན་དགེ་བཤེས་ལགས་ལ་ལན་རྒྱག་ཡ་མང་པོ་བང་བསྒྲིགས་འདུག སེ་རའི་དགེ་བཤེས་ངར་ནས་ཡོང་བ་འཕྲོ་བརླག་ཏུ་བཏང་མི་འདུག་ལ། ཞུམ་ནས་མི་འགྲོ་བ་གནང་དགོས་ལེ་རེད་ད།
༼ མཛད་པ་འཕྲིན་ལས་ཆ་ཚང་ཡང་བོད་ལ་གཅིག་པུར་བརྟེན་ཡོད། ༽ ཚིག་འདི་༼མཛད་པ་འཕྲིན་ལས་ཆ་ཚང་ཡང་བོད་གཅིག་པུར་བརྟེན་ནས་བྱུང་ཡོད་༽ལ་བཅོས་རོགས།
འོ་ཡ་ད་ཡིན་ན་་་་རྩོད་རྙོབ་ལུང་པ་གང་བཟོས་ཤག
ལྷག་དོན་དུ་མེར་སྲེག་དིན་རྐྱེན་སྐོར་དེ་རེད།
ངས་བལྟས་ན་དེའི་སྐོར་གནས་ཚུལ་ངོ་མ་དེ་གང་ཡིན་མིན་བརྟག་དཔྱད་རྩ་ནས་མ་གནང་བར་
འདི་འདྲ་ལབ་ན་ཡག་པོ་མི་འདུག་འདི་འདྲ་ལབ་དགོས་ས་རེད་ཟེར་ཡ་དེ་ཚོ་
རང་ཉིད་རང་གིས་མགོ་སྐོར་བཏང་པ་རང་དུ་མངོན།
མ་ཟད་ང་ཚོ་བོད་ཟེར་ཡ་མི་ཚེ་ཧྲིལ་པོ་རྨོངས་དད་ཀྱི་ལམ་ནས་འཇུག་ཡ་རེད་པས་་་ཨ།
དབང་དང་ལུང་།
ཁྲིད་མན་ངག་དང་བཅས་པ་ཞུ་དུས། དད་པ་དང་། དམ་ཚིག་ལ་ངེས་པར་དུ་བརྟེན་དགོས། ཆབ་སྲིད་ཀྱི་ལམ་དུ་འགྲོ་ཚེ་མི་མང་ལ་ཁེ་ཕན་དང་། རྒྱལ་ཁབ་ལ་དགོས་མཁོར་བལྟ་དགོས། ཆོས་དང་ཆབ་སྲིད་སོ་སོར་དབྱེ་ན་ལེགས་ཆ་ཆེ།
གནམ་ཡག་གིས་སྔ་ཕྱི་བར་ལ། མེར་སྲེག་འདི་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་བཟོས་ན་སྐྱོན་ཇི་ཡོད་ཤོད་ཀྱི་འདུག སྤོབས་པ་ཁོང་གཉིས་ཀྱི་འདིའི་ཐོག་གི་ལྟ་བ་རྦད་དེ་ཁག་ཁག་རེད་སྙམས།
རིགས་པ་སྨྲ་བ་དེ་དག་གི་ནང་ནས་བློ་ཅུང་ནང་ལ་བསྐོར་མཁན་གཅིག་གནམ་ལོ་ཡག་རེད། སྔ་ཕྱིར་རྩོམ་ཡིག་མང་པོ་བལྟས་པ་ཡིན།
མེར་བསྲེག་ནི་གོང་ས་མཆོག་གི་ཆེད་དུ་རེད་ཟེར་མཁན་བཙན་བྱོལ་སྒྲིག་འཛུགས་རེད། ལན་འདི་སྒྲིག་འཛུགས་ཀྱིས་རྒྱག་དགོས་སམ། གོང་ས་མཆོག་གི་ཡིག་ཚང་ནས་རྒྱག་དགོས། ང་ཚོས་མུ་མཐུད་ནས་འདྲི་ཡ་རེད།
སེ་ར་ཁུར་ནས་སླེབས་པའི།
དགེ་བཤེས་དོན་བཀྲ་བོར་ཐལ།
རྩ་བའི་དམ་བཅའ་གང་ཡིན།
སུ་ལའང་གསུང་རྒྱུ་མི་འདུག
སྤོབས་མཐའ་ཅན་དང་གནམ་ཡག་ཅན་ཟེར་བ་ལ་ཁྱེད་གཉིས་ཀྱིས་གོ་བ་མི་འདྲ་བ་རྒྱག་བཞིན་འདུག འོན་ཀྱང་ངས་གོ་ཚོད་ལ་ཅན་ནི་སྐབས་འདིར་མིང་ཅན་ལ་གོ་བཞིན་ཡོད།
བཀྲ་དོན་ནི་ཁྱོད་ཚོ་ལྟར་དུས་ཚོད་མི་འཁྱོལ་བ་དང་ལས་མེད་དེ་འདྲ་མིན་པས་སློབ་གཉེར་དང་ཉམས་ལེན་བྱེད་བཞིན་ཡོད། ཁྱེད་གཉིས་ལ་ལན་རྒྱག་རིན་འདུག་ན་རྗེས་སུ་ཐོན་ངེས་རེད། སེམས་འཕྲལ་མེད་པར་ཞུ།
ད་ཡིན་ན་བསགས་ཤག དགེ་བཤེས་བཀྲ་དོན་ལགས་བཙན་བྱོལ་བར་བརྫུས་ནས་སླེབས་འདུག གདན་ས་ཁག་གི་དགེ་བཤེས་ཀྱང་འདི་ལྟར་རྫུན་འོག་ཏུ་འགྲོ་ཆོག་ན་གཞན་དག་བཤད་དགོས་ཡ་མི་འདུག འདིའི་རིགས་ལ་སྡོམ་པ་ཡོད་དམ་མེད། ཡོད་ན་ཡོད་པའི་རྒྱུ་མཚན་དང་མེད་ན་མེད་པའི་གནས་ལུགས་དྲངས་ཤོག ད་རེས་བརྗོད་གཞི་ཡག་པོ་ཞིག་སླེབས་འདུག
ད་སུས་ཤེས་ཆོས་པ་རྣམ་དག་ཅིག་གིས་ལན་ཞིག་རྒྱག་རན་འདུག དགེ་བཤེས་དོན་བཀྲས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནི་དགོས་དབང་གིས་སྲོག་གཅོད་ཆོག་པའི་ཆོས་ལུགས་ཤིག་ལ་སྒྲུབ་ཅི་ཐུབ་དང་། བླ་མ་ནི་དོགས་སློང་བྱེད་མི་ཆོག་པའི་རྟག་བརྟན་ཞིག་ལ་བསྒྱུར་བཞིན་འདུག ཡིན་ནའང་། ཁག་ཅིག་གིས་བཤད་སྟངས་འདི་དང་མེར་བསྲེག་ངོ་རྒོལ་གཉིས་བསྲེས་འདུན་གྱི་སྐད་ཆ་བཤད་ཀྱིན་འདུག་མོད། དེ་གཉིས་ལ་འབྲེལ་བ་གང་ཡང་མི་འདུག་ཅེས་གསལ་བོར་ཞུ་འདོད་བྱུང་སོང་།
ལྷ་སྡེ་གནམ་ལོ་ཡག་ལགས། བླ་མ་ལ་དོག་དཔྱོད་མི་ཆོ་ག་ཟེར་བ་ཞིག་ན་པ་སངས་རྒྱས་པའི་ཆོས་ཀྱི་ལུགས་ལ་མེད། སྤྱིར་ན་བླ་མ་བརྟེན་སྟངས་ཐད་ལ་དོག་ཟོན་དང་གཟབ་ནན་ཧ་ཅང་བྱེད་དགོས་ཚུལ་གསུངས་ཡོད། དང་པོ་བླ་མ་བརྟགས་ལ་མཁས་པ། ཞེས་བླ་མ་བརྟག་དཔྱད་བྱེད་པ་ནི་ཧ་ཅང་གལ་ཆེན་ཡིན་པར་གསུངས་ཡོད། དེ་བཞིན་དུ་གལ་སྲིད་བླ་མ་ལ་བླ་མའི་མཚན་ཉིད་མ་ཚང་ལ་བླ་མར་བཀུར་མི་དགོས་ཞེས་གསུངས་ཡོད། དཔེར་ན། ས་སྐྱ་པན་ཌི་ཏས་སྡོམ་གསུམ་རབ་དབྱེ་ལས། སངས་རྒྱས་གསུངས་བཞིན་མི་བྱེད་པའི། །བླ་མ་ཡིན་ཡང་བཏང་སྙོམས་བཞག །ཅེས་གསུངས་ཡོད། དེའི་དོན་ནི་འཇམ་མགོན་ཀོང་སྤྲུལ་གྱིས། སྔོན་བླ་མར་འབྲེལ་ནའང་བཏང་སྙོམས་སུ་བཞག་ཅིང་། མ་འབྲེལ་ན་ཐོག་མ་ནས་བསྟེན་པར་མི་བྱ་ཞེས་གསུངས་ཡོད།
སྤྱིར་ན། བླ་མ་ཞེས་པ་དེ་ནི་དབང་བསྐུར་བ་ཐོབ་དགོས། དབང་བསྐུར་མ་ཐོབ་པར་བླ་མ་ཞེས་པའི་མིང་ཡང་མི་ཐོབ་ཚུལ་ཡང་སྡོམ་གསུམ་རབ་དབྱེ་ལས། དཔེར་ན་རབ་བྱུང་མ་བྱས་ན།།མཁན་པོའི་ཐ་སྙད་མི་ཐོབ་བཞིན།།དེ་བཞིན་དབང་བསྐུར་མ་ཐོབ་ན།།བླ་མའི་ཐ་སྙད་མི་འབྱུང་ངོ།།ཞེས་གསུངས་ཡོད། དབང་བསྐུར་བ་ཐོབ་པ་ཞེས་པའི་དོན་ཡང་མགོ་ལ་བུམ་པ་བཞག་པ་ཙམ་གྱི་དོན་མ་ཡིན་པར་དབང་བཞི་པའི་དོན་ལྷན་སྐྱེས་བདེ་བ་ཆེན་པོ་ཞེས་པ་སློབ་མའི་རྒྱུད་ལ་སྦྱར་ནུས་པ་ཞིག་དགོས། སྔགས་རྙིང་མའི་ཆོས་སྐད་ལ་རིག་སྟོང་ཆོས་སྐུའི་གནས་ལུགས་རང་ངོ་སྤྲོད་མཁན་ཞིག་དང་། སྔགས་གསར་མའི་ཆོས་སྐད་ལྟར་ན་ལྷན་སྐྱེས་བདེ་བ་ཆེན་པོ་རྒྱུད་ལ་སྦྱར་བའི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པ་ཞིག་དགོས། བླ་མའི་མིང་ཡོད་པ་ཙམ་གྱིས་དེ་ལ་གུས་བཀུར་བྱེད་མི་དགོས་ཏེ། དུས་འཁོར་བསྡུས་རྒྱུད་ལས། ང་རྒྱལ་དང་ལྡན་ཁྲོ་བས་ཟིལ་མནན་དམ་ཚིག་རྣམ་བྲལ་རྫས་ལ་བསྐམས་ཤིང་ཐོས་པ་དག་ཀྱང་མེད།།སློབ་མ་རྣམས་ནི་བསླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་སེམས་ཉམས་དབང་མ་བསྐུར།།ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་བཅས་ཤིང་དབང་པོའི་དོན་དུ་འདོད་ལྡན་པ།།དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུར་རྒྱུར་ནི་སྤངས་པར་བྱ།།ཞེས་བསྟན་ཡོད།
བོད་ནང་གི་མི་མང་པོས་རྒྱལ་བ་རིན་པོ་མཇལ་ཙམ་མ་མྱོང་བཞིན་དུ་རྩ་བའི་བླ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སོགས་ཟེར་ནས་དེའི་དོན་ལ་འཆི་ཡང་ཐུབ་ཟེར་བའི་དད་པ་དེ་བཟང་ངན་ཅི་ཡིན་མི་ཤེས་མོད་ནང་བསྟན་གྱི་གཞུང་ནས་བཤད་པའི་རྩ་བའི་བླ་མ་ནི་མིན། རྩ་བའི་བླ་མ་ཞེས་པ་དེ་ནི། དབང་བསྐུར། རྒྱུད་བཤད། མན་ངག་གནང་བ་ཞིག་དགོས། དེ་ཡང་སྤྲེའུས་གར་འཁྲབ་པ་ལྟ་བུ་དང་ནེ་ཙོས་མ་ཎི་བཏོན་པ་ཙམ་མ་ཡིན་པར་རྟོགས་པས་རང་རྒྱུད་གྲོལ་ཞིང་ཐུགས་ཐུགས་རྗེས་གཞན་རྒྱུད་གྲོལ་ནུས་པ་ཞིག་དགོས། སྔགས་སྤྱིའི་ཆོས་སྐད་ལྟར་ན་ལྷན་སྐྱེས་བདེ་བ་ཆེན་པོའི་དོན་ནམ། དུས་འཁོར་སོགས་ཀྱི་ཆོས་སྐད་ལྟར་ན་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་དེ་ཉིད་སློབ་མའི་རྒྱུད་ལ་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་ནུས་པ་ཞིག་དགོས་ཞེས་བསྟན་ཡོད།
སྤྱིར་ན་བླ་མ་ངན་པ་ལ་དད་པ་འཇོག་ཁུལ་བྱས་ན་ཉེན་ཁ་ཧ་ཅང་ཆེ་ཞེས་བསྟན་ཡོད། རྗེ་ས་པཎ་གྱིས། བླ་མ་ངན་ལ་དད་པ་དང་།།ཆོས་ངན་པ་ལ་མོས་པ་དང་།།བསྒོམ་ངན་པ་དགའ་བ་ནི།།མ་དག་པ་ཡི་དད་པ་ཡིན།།ཞེས་ཀྱང་གསུངས་ཡོད་པ་དྲན་སོང་།།
སྐུ་ཞབས་སྤོབས་པ་མཐའ་ཡས་ལགས་ཀྱིས་བླ་མ་བརྟེན་སྟངས་དང་བླ་མའི་ཁྱད་ཆོས། བླ་མ་ཞེས་འབོད་པའི་གོ་རིམ་མཛུབ་མོ་རི་བསྟན་གནང་འདུག་པས། ཐུགས་རྗེ་ཤིན་ཏུ་ཆེ། ད་དུང་བཀའ་འདྲི་ཞུ་ཡ་གཅིག་འདུག དྲ་ཞུགས་པ་རེ་གཉིས་ཤིག་གིས་ད་ལྟ་བོད་ནང་རྡོག་རྩ་གཅིག་གྱུར་བྱུང་བཞིན་པ་ནི་གོང་ས་མཆོག་གི་ཐུགས་རྗེ་ཉག་གཅིག་རེད་ཟེར་བ་དེ་བདེན་པ་ཡིན་ནམ།
སྤོབས་པས་བླ་མར་འགྲེལ་གནང་བར་བཀའ་དྲིན་ཆེ། ཀརྨའི་དྲི་བ་འདིའང་གནད་འགག་ཅན་ཞིག་རེད།
མཆན་གཞན་ཞིག་ཏུ་སྤོབས་པ་ལགས་ཀྱིས་བོད་དང་གོང་ས་མཆོག་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བ་རེད་ཅེས་བརྗོད་པ་ནི་ངའི་དོགས་གཞི་སེལ་བྱེད་དུ་གྱུར་འདུག་པས། དྲི་བ་འདིར་ལན་མ་བཏབ་ཀྱང་འགྲིག་ས་རེད།
དྲང་པོར་ཞུས་ན། བོད་མི་རྣམས་གཉའ་གནོན་འོག་གནས་ཀྱིན་པ་དང་འཚོ་སྡོད་ཀྱི་ལམ་ཁ་འགག་ཀྱིན་པར་བསྟེན་ནས་གཅིག་སྒྲིལ་ཡོང་བཞིན་པ་ཞིག་ལས་གོང་ས་མཆོག་འདུ་བའི་མི་ག་གེ་མོ་ཞིག་གི་ཤུགས་རྐྱེན་འོག་གཅིག་སྒྲིལ་བྱུང་ཐུབ་པ་ཞིག་མ་ཡིན་པ་ནི་འདས་པའི་ལོ་རྒྱུས་ལས་ར་འཕྲོད་ཡོད་པ་ཞིག་རེད།
རེད་ཡ། བོད་འདི་དང་པོ་རྒྱལ་ཁབ་ཤོར་དུས་ད་དུང་སད་མི་འདུག རྗེས་སུ་བླ་མ་དང་དཔོན་པོ་ཚོ་བཙོན་ལ་འཇུག་སྐབས་གཞི་ནས་སད་པ་རེད་ལ། དེ་དུས་འཕྱི་ཟིན་པ་རེད།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་ཚུགས་མཚམས་ནས་ཡུལ་སྲོལ་གོམས་གཤིས་སླར་གསོ་བྱེད་དུ་བཅུག་པ་རེད་ལ། དེའི་ནང་གི་དོན་དག་གཙོ་བོ་གཅིག་ནི་ཆོས་སྒོ་འབྱེད་པ་རེད། སྐྱ་སེར་གཉིས་ཀས་གུང་ཁྲན་ཏང་ལ་བསྟོད་གླུ་བླངས་པ་ནི་སྐབས་དེའི་དུས་དེབ་དང་ཚགས་ཤོག དཔེ་དེབ་སོགས་ལས་མཐོང་ཐུབ་ཀྱི་འདུག་ལ། མི་ལུས་རང་དབང་ཆེར་མེད་པ་མ་གཏོགས་འཚོ་སྡོད་དཀའ་ངལ་ད་དུང་སླེབས་མི་འདུག
ལོ་རབས་བརྒྱད་ཅུའི་དུས་དཀྱིལ་ནས་བོད་ཁུལ་ཡོངས་སུ་གཏེར་ཁ་ཞིབ་བཤེར་གྲུབ་ནས་ཤུགས་ཆེན་པོས་བརྐོ་བསྔོག་གི་ལས་སུ་ཞུགས་ཡོད་ཅིང་། དེ་དུས་ད་དུང་འཛུགས་བསྐྲུན་ལ་ཁ་གཡར་ནས་གཏེར་ཁ་བསྔོག་པར་མེད་དུ་མི་རུང་བའི་ཆུ་གློག་ས་ཚིགས་མང་བོ་བསྐྲུན་རིམ་པས་བསྐྲུན་ཡོད། དེ་བཞིན་དུ་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་ཇེ་ཆེ་ནས་ཇེ་ཆེར་གྱུར་ནས་ཐད་ཀར་ཞིང་འབྲོག་མང་ཚོགས་འཚོ་སྡོད་བྱེད་སའི་ས་ཆའི་འཕྲོག་རྩོད་བར་སླེབས་པས། སྔར་གྱི་འདང་ངེས་ཡོད་པའི་འཚོ་སྡོད་འཇིག་ཉེན་ལ་འཕྲད་དེ་གཞི་ནས་འཚོ་སྡོད་སྲུང་ཐབས་ལ་བསམ་བློ་འཁོར་ཡོད་ཅིང་། ངོ་རྒོལ་བྱེད་པ་ནས་མེར་བསྲེག་ངོ་རྒོལ་གྱི་རིམ་པར་སླེབས་པ་རེད་ལ། བོད་མི་རང་ཉིད་ལ་རང་གི་རྒྱལ་ཁབ་མེད་ཕྱིན་ལབ་ཚད་སྟོང་བ་རེད་ཅེས་པའི་ལྟ་བ་ཞིག་གི་འོག་ཏུ་བོད་མི་ཚོར་ཆིག་སྒྲིལ་བྱུང་བཞིན་པ་ཞིག་རེད། དེའི་ནང་རྒྱལ་བ་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་བཙན་བྱོལ་སྤྱི་ཚོགས་ནང་ཡུན་རིང་བསྒྲགས་པའི༼བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག༽ཅེས་པའི་ཤུགས་རྐྱེན་ཡང་ཡོད་སྲིད་མོད། དེ་ནི་བྱེ་བྲག་གམ་ཆ་ཤས་ཤིག་ལས་སྤྱི་ཡོངས་ནས་ཚིག་སྒྲིལ་ཡོང་བྱེད་ནི་འཚོ་སྡོད་ཀྱི་འཇིག་ཉེན་ལས་དད་པ་མ་རེད། དཔེར་ན། སྔར་ལོ་རབས་དྲུག་ཅུ་ནས་བརྒྱད་ཅུ་བར་གྱི་ལོ་ཉི་ཤུའི་རིང་ཆོས་ལུགས་ཁག་རྩ་མེད་ལ་བཏང་ཚར་ཡང་བོད་པ་ཚོས་འདི་ལྟ་བུའི་ངོ་རྒོལ་བྱས་ཡོད་པ་མ་རེད།
རྒྱལ་བ་རིན་པོ་ཆེ་ལ་དད་པ་འཇོག་མཁན་གྱི་ཁྱུ་ཚོགས་དེ་གྲངས་ག་ཚོད་མང་དུ་གྱུར་རུང་རྒྱལ་བ་རིན་པོ་ཆེའི་འཁོར་ཚོགས་རྗེས་འབྲངས་གོང་དུ་འཕེལ་བ་མ་གཏོགས་བོད་སྤྱི་ཚོགས་གོང་འཕེལ་དུ་གྱུར་པ་མ་རེད། དེ་མི་ཤེས་རྒྱུ་ཅི་ཡང་མི་འདུག
རྒྱལ་བ་རིན་པོ་ཆེའི་རྗེས་འབྲངས་གོང་དུ་འཕེལ་བས། བོད་མིའི་སྤྱི་ཚོགས་གོང་འཕེལ་དུ་གྱུར་པ་ལ་ཕན་མི་སྲིད་དམ། ཆོས་གྲོགས་དང་དྲྭ་གྲོགས་སྤོབས་པ་མཐའ་ཡས་ལགས།
ཀ་རྡོ་ལགས། བོད་མི་རིགས་ལ་ཕན་ཐོགས་མི་ཐོགས་ཀྱི་ཆ་ནས་གླེང་ན་རྒྱལ་བ་རིན་པོ་ཆེའི་སློབ་ཚོགས་གོང་འཕེལ་དུ་འགྲོ་བ་ལས་བྱ་བྱང་ཁའི་འབྲོག་པ་ཞིག་གི་ལུག་ཁྱུ་གོང་འཕེལ་དུ་སོང་ན་ཕན་ཐོགས་ཆེ་བ་ཡོད་རེད་ལགས།
ལུག་ཁྱུ
ད་ང་ཡང་མཐོ་སློབ་བཞག་ནས། བོད་ལ་ལུག་རྫིར་འགྲོ་ན་བོད་ལ། བོད་པར་ཕན་པ་ཡོད་ས་རེད། སྤོབས་མཐའི་བསླབ་བྱ་ཡག་ལོས་འདུག ཅིག་གཟིགས་དང་། དྲ་གྲོགས་ཚོ།
ཀ་རྡོ་ལགས། བྱང་ཁར་ལུག་འཚོ་བར་ཕེབས་མ་འདོད་ན་ཡང་འགྲིགས། ཁྱེད་རང་ཉིད་རྒྱལ་བ་རིན་པོ་ཆེ་ཚང་གི་་ལུག་ཅིག་ཏུ་འགྱུར་མ་འཇུག་དང་དེ་ཡང་བོད་མི་རིགས་ལ་ཕན་པའི་བྱ་བཞག་ཅིག་རེད།
རྒན་ཀརྡོ་ལགས་རང་ཉིད་ཀྱིས་རང་ཉིད་ལུག་རྫིར་བཟོ་རྒྱུའི་དགོངས་པ་མ་བཞེས་ན་མ་རེད་པ། རང་ཉིད་ཀྱིས་རང་ཉིད་ལ་སྤོབས་པ་བསྐྱེད། རང་གིས་རང་ལ་ནུས་ཤུགས་ཐོན། རང་གིས་རང་དམའ་སར་བསྐྱལ་ན་གང་ཡོང། དེ་ལས་སྤོབས་མཐའི་སྤོབས་པ་ལྟ་བུར་རང་གིས་བསྐྱག སྣང་བས་རིག་པ་བསྐྱག་དང་ལས་རླུང་སྐུ་བསོད་ཅུང་ཆེ་རུ་འགྲོ་སྲིད། དགོངས་དག་ཡང་ཁ་རུལ་འདི་ནས་ཁ་རྩེད་འདྲ་ཤོར་སོང།
ཧཧཧཧ།། །།
སྐུ་རྩེད་ཞེ་དྲག་བྱུང་འདུག གོང་ས་མཆོག་གི་རྟ། གོང་ས་མཆོག་གི་ལུག གོང་ས་མཆོག་གི་གཡག གོང་ས་མཆོག་གི་ཁྱི། གོང་ས་མཆོག་གི་སྤྱང་ཀི གོང་ས་མཆོག་གི་ཝ་མོ་སོགས་སུ་གྱུར་ཟིན་པ་དག་ལ་དབྱེ་ཞིབ་གནང་ཆོག་པས། སྤོབས་པ་ལགས་ཀྱིས་ཉམས་ཞིབ་གསར་པ་ཞིག་གི་དབུ་བཙུགས་ཤག
ད་དུང་གཅིག་ལྷག་ཤག དགེ་བཤེས་ཀ་རྡོ་ལགས་ལུག་ཅིག་ནས་དམག་མི་ཞིག་ཏུ་འགྱུར་ཚར་བ་མིན་འགྲོ ཧ་ཧ་ཧ། སྐུ་རྩེད་ཡིན་ད།
ཀ་རྡོ་ལགས། བཟང་པོའི་ཞོར་ལ་ཇ་ཆང་། ངན་པའི་ཞོར་ལ་རྒྱུག་པ་ཟེར་བ་ལྟར། རྒྱལ་བ་རིན་པོ་ཆེ་མཉམ་དུ་འདུས་ན། ཞར་དང་ཞོར་ལ་སྤྱི་སྒེར་གཉིས་ལ་ཁེ་ཕན་ཡོད་པ་ཤོད་མི་དགོས། ངན་པ་བཀུར་འོས་སྤོབས་པ་ལྟ་བུ་མཉམ་དུ་རྒྱལ་བ་རིན་པོ་ཆེར་ཁ་འདྲ་བཏང་། བོད་མི་དམངས་ཀྱི་སྙིང་ལ་གྲི་འདྲ་བཙུགས་ནས་བསྡད་ན། དོན་མེད་གདོང་ལ་མཆིལ་མ་དང་རྣབ་ལུད་ཕོག་རྒྱུ་རེད། བྱས་ཙང་ཐེངས་འདིར་བཀུར་འོས་སྤོབས་པ་མཆོག་དང་རྒྱང་རིང་ཙམ་བསྡད་ནས། ཞར་དང་ཞོར་ལ་རྒྱལ་བ་རིན་པོ་ཆེའི་གསུང་འདྲ་ཉན། སེམས་བཟང་པོ་འདྲ་བགྱིད། གཞན་ལ་ཕན་པ་འདྲ་སྒྲུབ་ནས་སྡོད་རྒྱུ་ལགས།
སྤོབས་པ་ཡི་ཚིག་ལ་གནས་ལུགས་འདུག
ཨ་ལེ། བསམ་ཤེས་ལགས་༧རྒྱལ་བ་རིན་པོ་ཆེན་ཕྱོགས་ནས་ཇ་ཆང་གི་ཁེ་ཕན་རེག་མཁན་རེད་འདུག་ག ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེན་རྒྱབ་རྩ་ལངས་བ་ཡིན་མདོག་མདོག་བྱས་ནས་མང་པོ་བཤད་སོང་། དེ་འདྲ་ཡིན་པར་རེད། སྔོན་མ་ཞིག་ལ་ཁང་གསར་རྡོ་རྗེ་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེན་སྲུང་མ་ཞེས་པའི་རྩོམ་ཡིག་ཞིག་བྲིས་སོང་། ཁྱོད་ཡང་རྩོམ་དེའི་་བསྟན་བྱ་གྱུར་པའི་སྲུང་མ་ཇ་ཆང་རེག་མཁན་ཞིག་ཡིན་པར་འདྲ།་་ཧཧཧ སྤོབས་མཐའ་པ་ཡས་ལགས་ཀྱི་བཤད་པའི་སྐད་ཆ་ཡིས་བོད་མི་དམངས་ཀྱི་སེམས་ལ་སྨན་ལྟ་བུ་རེད་མ་གཏོགས་གྲི་བཙུགས་ལྟ་བུའི་ན་ཚ་བཏང་དགོས་དོན་མི་འདུག ཇ་ཆང་གི་ཁེ་ཕན་རིང་ལུགས་ཉུང་ཤོས་ལ་ན་ཚ་ཡོད་ནའང་བོད་མི་དམངས་ལ་ཡོད་ཟེར་ན་ཅང་འགྲིག་གི་མ་རེད་འདོད།
ཁ་ཐུག བོད་མི་དམངས་ཀྱིས་རྒྱལ་བ་རིན་པོ་ཆེ་ལས་སྤོབས་པ་བདམ་གྱི་མ་རེད། བྱས་ཙང་སྤོབས་པའི་རྒྱབ་ལ་རྐུན་ཇག་ངན་བསྒྲིགས་ན་བྱེད།
ཁྱོད་ཚོས་སྔོན་མ་ལི་ཐང་ཨ་ཐར་གདམ་གྱི་ཡིན་ནམ་༧རྒྱལ་བ་རིན་ཆེན་གདམ་གྱི་ཡིན་ཟེར་ནས་ཚོགས་འདུས་འཚོགས་བསྡད་པ་རེད། དེང་སང་སྤོབས་པ་མཐའ་ཡས་གདམ་གྱི་ཡིན་ནམ་༧རྒྱལ་བ་རིན་ཆེན་གདམ་གྱི་ཡིན་ཟེར་ནས་འདྲི་གི་ཡོད་པེ། ཡིན་ན་སྤོབས་པ་མཐའ་ཡར་གདམ་གྱི་ཡིན་ད། བོད་མི་རིགས་ལ་སུ་ཡིས་ཕན་ཐོགས་ན་དེར་གདམ་གྱི་ཡིན།
ང་ཚོས་༧རྒྱལ་བ་རིན་པོ་ཆེན་ལ་བརྩི་བཀུར་བྱས་བྱས་ཤིག་སྤོབས་མཐའ་ལ་བྱེད། རྒྱལ་བ་རིན་པོ་ཆེན་ལ་ཞབས་ཞུ་ཞུས་ཞུས་ཤིག་སྤོབས་མཐའ་ལ་ཞབས་ཞུ་ཞུས་ན་བོད་མི་རིགས་ལ་རང་བཙན་འཐོབ་སྲིད་པ་རེད་ད། གལ་སྲིད་རང་བཙན་གནས་སྐབས་རིང་མ་ཐོབ་པའི་དབང་དུ་བཏང་ཡང་བོད་མི་རིགས་ཀྱི་བོད་དོན་འཐབ་རྩོད་ཀྱི་མདུན་ལམ་མེད་པ་བཟོ་གི་མ་རེད་འདོད་དོ།
སྤོབས་མཐའ་ལགས་ལ། དགག་པ་ལན་མང་བརྒྱབ་མྱོང་། ཁོང་གི་རྩོམ་རྩལ་ལ་ང་རང་དགའ་པོ་ཡོད། ཁོང་གི་སྐྱོན་བརྗོད་མང་ཆེ་བ་ལ་དགའ་པོ་ཡོད། འོན་ཀྱང་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་དུ་༸གོང་ས་མཆོག་ལ་ཟུར་ཟ་དང་། མཚན་དམོད་སུས་བྱས་ན་ཡང་། དེ་ནི་ངས་དགྲ་རུ་ལྟ་བཞིན་ཡོད་པས་་་་་་་་ ཀུན་གྱིས་མཁྱེན་ཆུབ་ཡོང་བར་མཁྱེེེན།། །།
ཁ་ཐུག་གི་མཆན་༣༨ལ་བྲིས་པའི་ལན།
“ཨ་ལེ། བསམ་ཤེས་ལགས་༧རྒྱལ་བ་རིན་པོ་ཆེན་ཕྱོགས་ནས་ཇ་ཆང་གི་ཁེ་ཕན་རེག་མཁན་རེད་འདུག་ག”
ལན། ལགས་ཡིན། གོང་ས་ཆེན་པོའི་དྲུང་ནས། ཇ་ཆང་མ་ཟད། ཚེ་འདི་ཕྱི་གཉིས་དང་། བོད་ཆོལ་ཁ་གསུམ་ལ་ཕན་པའི་བཀའ་དྲིན་གསབ་དཀའ་བ་ཐོབ་བྱུང་། བཀའ་དྲིན་བཀའ་དྲིན་ལ་གོ་བའི་འདུ་ཤེས་འདི་བསུབས་ཀྱང་ཟུབ་རྒྱུ་མེད་པའི་སྙིང་ཁའི་རི་མོ་ཞིག་ཆགས་སོང་།
“ཁྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེན་རྒྱབ་རྩ་ལངས་བ་ཡིན་མདོག་མདོག་བྱས་ནས་མང་པོ་བཤད་སོང་། དེ་འདྲ་ཡིན་པར་རེད།”
ལན། རྒྱལ་བ་རིན་པོ་ཆེ་ང་རང་སྒེར་དང་བོད་སྤྱི་ལ་བཀའ་དྲིན་ཤིན་དུ་ནས་ཆེ་བ་ཡིན་པའི་རྒྱུ་མཚན་གྱིས། ངས་ཁོང་གི་རྒྱབ་ལ་ལངས་པ་ཡིན། ཡིན་མདོག་མདོག་ལས་ལྷག་པ་དངོས་སུ་ཡིན། ཁྱེད་རང་ལ་འདི་ལས་ལྷག་པའི་དཔང་པོ་དགོས་ན། ཁ་པར་ཨང་ཀི་ཞིག་གནང་རོགས། ངས་ཁ་པར་ནང་ནས་ཁྱེད་ལ་གསལ་པོ་ཁྱབ་བསྒྲགས་ཞུས་ཆོག
“སྔོན་མ་ཞིག་ལ་ཁང་གསར་རྡོ་རྗེ་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེན་སྲུང་མ་ཞེས་པའི་རྩོམ་ཡིག་ཞིག་བྲིས་སོང་། ཁྱོད་ཡང་རྩོམ་དེའི་་བསྟན་བྱ་གྱུར་པའི་སྲུང་མ་ཇ་ཆང་རེག་མཁན་ཞིག་ཡིན་པར་འདྲ།”
གོང་ལ་ཞུས་པ་ཡིན། ཇ་ཆང་རེག་མཁན་མ་ཟད། འདི་ཕྱི་གཉིས་ལ་ཕན་པའི་བཀའ་སློབ་མང་པོ་ཐོབ་བྱུང་། ངས་རྒྱལ་བ་རིན་པོ་ཆེ་སྲུང་དགོས་པ་དང་སྲུང་ཐུབ་པའི་ཡོན་ཏན་ལྟ་ཅི། ཁོང་གི་བཀའ་སློབ་དང་ལམ་སྟོན་གྱིས་ང་རང་སྡིག་སྡུག་གི་གཡང་ས་ནས་ཁ་སྒྱུར་བ་ཡིན་སྟབས། ཁོང་ངའི་སྲུང་མ་རེད་ཟེར་ན་ཅུང་འཚམས་པ་འདུག བྱས་ཙང་། ཁྱེད་ཀྱིས་ང་ལ་རྒྱལ་བ་རིན་པོ་ཆེས་སྡིག་སྤྱོད་ལས་སྲུང་སྐྱོབ་བྱས་པའི་འཁོར་ཇ་ཆང་རེག་མཁན་ཚོ་ཟེར་ན་འཚམ་པོ་མིན་འདུག་གམ།
“ཧཧཧ སྤོབས་མཐའ་པ་ཡས་ལགས་ཀྱི་བཤད་པའི་སྐད་ཆ་ཡིས་བོད་མི་དམངས་ཀྱི་སེམས་ལ་སྨན་ལྟ་བུ་རེད་མ་གཏོགས་གྲི་བཙུགས་ལྟ་བུའི་ན་ཚ་བཏང་དགོས་དོན་མི་འདུག”
ལན། རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ཡིད་ལ་བཅངས་ནས། འདི་ཕྱི་གཉིས་ཀྱི་མགོན་སྐྱབས་ལ་རྩི་མཁན་གྱི་བོད་མི་ཚོར་མཚོན་ན། རྒྱལ་བ་ཁོང་ལ་ཟུར་ཟ་བྱེད་པ་འདི་ཁོང་ཚོའི་སེམས་ལ་སྨན་ལྟ་བུ་རེད་ཟེར་ན། ངས་འདི་ལ་གོ་བ་ལེགས་པོ་ཞིག་ལེན་ཐུབ་ཀྱི་མིན་འདུག
ངས་གོང་དུ་ཞུས་པ་བཞིན། རྒྱལ་བ་རིན་པོ་ཆེ་ནི་ང་དང་ངའི་གྲོགས་དང་དགྲ་ཚང་མར་བཀའ་དྲིན་ཆེན་པོ་ཡིན། རྒྱལ་བ་རིན་པོ་ཆེས། གཞན་ལ་སེམས་བཟང་གྱིས། བཟོད་པ་སྒོམས། གྱོང་རང་གིས་ཁྱེར། ཁེ་བཟང་གཞན་ལ་སྤྲོད་གསུངས་པའི་དྲིན་གྱིས་ངའི་འཇིག་རྟེན་འདིའི་རྙོག་ཁྲ་མང་པོ་ཞིག་སེལ་ཐུབ་སོང་། ངས་ཀྱང་འདི་ལྟར་བྱེད་པའི་སྡོམ་པ་ཞིག་ཀྱང་བླངས་པ་ཡིན།
དཔེ་ཞིག་དགོས་ན། ངས་Anonymous Swift Entrance དང་VPNབརྒྱུད་ནས་ཁ་བརྡའི་ནང་ལ་ཁྲིམས་འགལ་བྱས་ནས་འཛུལ་ནས། (ང་རང་ལ་ཁ་བརྡའི་ནང་ལ་འཛུལ་བའི་ཐོབ་ཐང་མེད་ལ་ད་བར་འཛུལ་ཡང་མ་མྱོང་། སླད་འཛུལ་རྩིས་ཀྱང་མེད།)IP locator དང་ARIN མཉེན་ཆས་བརྒྱུད་ནས་བལྟས་ན། ཁྱེད་རང་གི་ས་ཆ་དང་ཁྱིམ་ཚང་སོགས་གསལ་པོར་མཐོང་ཐུབ། རྒྱུ་མཚན་ནི་ངས་གློག་ཀླད་དང་དྲ་རྒྱའི་སྐོར་ཅུང་ཤེས། དེ་བཞིན་ང་ལ་དེང་སང་མཐུན་རྐྱེན་འདི་ཚོ་ཡོད། ༼རྒྱ་ནག་གི་དྲ་རྒྱའི་ཐོག་ཕྱིན་ནས། IP Locator མཉེན་ཆས་སྤུས་ལེགས་མང་པོ་ཕབ་ལེན་བྱེད་ཐུབ།༽ཡིན་ནའང་། ངས་རྒྱལ་བ་རིན་པོ་ཆེའི་བཀའ་ལ་རང་གིས་སྲོག་ལས་གཅེས་པར་འཛིན་ནས། འདི་ལྟར་བྱེད་ཀྱི་མེད་ལ། གཞན་ལ་ཡང་སློབ་ཁྲིད་བྱེད་མ་མྱོང་། རྒྱུ་མཚན་འདིར་བརྟེན་ནས། རྒྱལ་བ་རིན་པོ་ཆེ་ནི། ང་དང་ངའི་དགྲ་གྲོགས་ཚང་མར་བཀའ་དྲིན་ཆེ་བ་ཡིན་ནོ།
དཔེར་ན།
” Pairing of IP address to a geographical location is called geolocation. There are times when you need to identify where your web visitors are coming from. …………Or, you might want to fight against illegal spammers and hackers, and would like to locate source of a problem.
there are tools available…………… ARIN Whois database provides a mechanism for finding contact and registration information for IP resources registered with ARIN.
ཧ་ལམ་བཙན་བྱོལ་ནང་དེང་གི་བར་དུ་འདི་ལྟ་བུའི་རྒྱལ་བ་རིན་པོ་ཆེ་བརྗོད་གཞིར་བཟུང་བའི་ཡོངས་གྲགས་བགྲོ་གླེང་ཞིག་བྱུང་མྱོང་མེད་པར་སྣང་། འདི་ནི་དམངས་གཙོའི་དག་ཐེར་ལ་མཐུན་པ་དང་སངས་རྒྱས་ཆོས་ལུགས་ཀྱི་བསྲེག་བཅད་བརྡར་གསུམ་ལ་ཡོངས་སུ་མཐུན་པ་ཞིག་ཀྱང་ཡིན་པས། དོན་དག་བཟང་བོ་ཞིག་རེད། ཡང་ཅིག་བཤད་ན། རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་ཐོག་འདི་ལྟར་བགྲོ་གླེང་བྱས་ན་དེ་བས་ཀྱང་དགེ་མཚན་ལྡན་ཞིང་། ལོ་ལགས་སོ་དུང་ཕྱུར་མང་བོ་ལས་ཀྱང་ཐུགས་ཕན་གསོ་ཐུབ་པ་ནི་གསལ་བོ་ཡིན།
ངས་མཆན་གཞན་དག་ལས་ཀྱང་མང་བོ་འབྲི་མྱོང་། གལ་སྲིད་བོད་ཅེས་པའི་རྒྱལ་ཁབ་འདི་ཤོར་མེད་ན། རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་འདིའང་སྐུ་གོང་མ་དག་གི་ལྷག་ཅིག་བྱུང་མི་སྲིད་པ་དང་། ང་ཚོ་མང་ཆེ་བའང་ཕ་ཡུལ་གཅིག་པུ་ལས་འཛམ་གླིང་མཐོང་སར་སླེབས་མི་ཐུབ་པའང་གསལ་བོ་རེད། དེ་བས། རྒྱལ་བ་རིན་པོ་ཆེ་ཚུད་པའི་ང་ཚོ་ཚང་མ་བོད་ཀྱི་མི་རེད་ལ། བོད་རྒྱལ་ཁབ་ཤོར་བར་གཞིར་བྱས་འཛམ་གླིང་གི་སྐྱབས་བཅོལ་བ་རེད། དྲིན་ཆེན་ངོ་མ་དེ་སུ་རེད་དམ། བོད་རེད་དམ་དབུ་ཁྲིད་རེད། དེ་ནས་འཛམ་གླིང་མི་དམངས་ཀྱི་རོགས་དངུལ་གང་དུ་འཇོག་གམ། བོད་མི་སྐྱབས་བཅོལ་བ་མ་རྫོགས་པར་དུ་རོགས་དངུལ་ཡོང་གི་ཡོད་པ་རེད། འདིའི་ངོས་ནས་བཤད་ན། ང་ཚོ་འཛམ་གླིང་མི་དམངས་ཀྱི་བུ་དང་བུ་མོར་གྱུར་ཡོད་པ་རེད་ལ། འཛམ་གླིང་མི་དམངས་ནི་ང་ཚོའི་ཕ་མར་གྱུར་ཡོད།
གོ་ཐོས་ལྟར་ན། སྔར་མུ་སི་ཐང་ནས་རྒྱ་དམར་ལ་དམག་རྒྱག་སྐབས། ཨ་རིས་བོད་ཀྱི་འཇབ་དམག་ལ་ཨ་རི་རང་གི་དམག་ཕོགས་སྤྲད་པ་རེད་ཟེར། ཡིན་ནའང་། ཚུར་དབུ་ལས་ཚོའི་ལག་པར་འབྱོར་འཕྲལ་འཇབ་དམག་རེར་ཟླ་རེར་བལ་སྒོར་བརྒྱ་ལས་སྤྲད་ཀྱི་མེད་པས། ཡར་ལ་དཀའ་ངལ་ཞུ་སྐབས། མར་ལ་སྡིགས་མོ་བསྐུལ་ནས་རྒྱལ་བ་རིན་པོ་ཆེར་དངུལ་སློང་བར་ངོ་མི་ཚའམ་ཞེས་མགོ་བསྐོར་བཏང་ཡོད་ཚོད་འདུག དེང་སྐབས་དུས་ཚོད་དེ་ཡོལ་ཚར་བས། དུས་རབས་ཉེར་གཅིག་པར་ད་དུང་ཡང་མགོ་བསྐོར་གཏོང་འདུན་འཆིང་བ་ནི་རྨི་ལམ་རང་་ཡིན་པས། རྒྱལ་བ་རིན་པོ་ཆེ་ལ་བོད་ཀྱི་དབུ་ཁྲིད་ཟུར་བ་ཞིག་དང་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཡིན་པར་ལོ་རྒྱུས་ཀྱིས་ཚད་ཤིང་གི་རྒྱག་གི་རེད་མ་གཏོགས་དམིགས་ཡུལ་གང་རུང་བཅངས་ནས་འུད་བསྟོད་ཀྱིས་ཡོང་བ་ཞིག་མ་རེད་འདོད།
མ་གཞི་བོད་འདི་རྒྱ་མ་ཡོང་གོང་ལ་འབྱོར་ལྡན་གྱི་རྒྱལ་ཁབ་ཅིག་རེད། བླ་མ་དང་སྐུ་དྲག་དག་ནི་བོད་ཀྱི་དངུལ་ཁང་ཡིན། ཞིང་འབྲོག་ནི་རང་བཞིན་གྱི་བཟོ་གྲྭ་ལྟ་བུའོ། སྒོར་ལྡོག་རེ་འགའ་སུས་ཟས་དང་མ་ཟས་ལ་ཁྱད་པར་ཡོད་པ་མ་རེད། སྒོར་ལྡོག་ཟ་ཤེས་ལེན་ཤེས་བ་དེ་ཡང་རྒྱལ་ཁབ་ཅིག་གི་སྔོན་ཐོན་དང་དཀར་བོ་དགེ་བ་ཞིག་ཡིན་པའི་ཁྱད་ཆོས་ཡིན་པ་དང་ཟ་མ་ཤེས་ན་ཀླ་ཀློ་རྒྱལ་ཁབ་ལྟ་བུར་གྱུར། དེའི་ཕྱིར་ཇི་ལྟ་ཇི་ལྟར་༧རྒྱལ་བའི་འཁོར་ཚོགས་དང་བོད་ནང་གི་ལས་བྱེད་ཀྱི་ཕོགས་འཕར་ན་དེ་ལྟ་དེ་ལྟར་རང་བཙན་ལ་ཐ་ཉེ་ཞིང་བདེ་སྐྱིད་རེག་པ་མགྱོགས།
འདིར་ལྷ་སྡེ་གནམ་ལོ་ཡག་ཟེར་བས་མགོ་ཁྲིད་ནས་ལས་འགུལ་སྤེལ་མཁན་ཁ་ཤས་འདུག ཁ་སྔོན་དོན་གྲུབ་བཀྲ་ཤིས་ལགས་ནས་སྤོབས་པ་མཐའ་ཡས་དང་ལྷ་སྡེ་གནམ་ལོ་ཡག་གཉིས་མི་གཅིག་ཡིན་པའི་སྐད་ཆ་བྱུང་སོང་། དེ་ལ་ཁྱད་པར་མི་འདུག དོན་དངོས་ཀྱིས་ལྷ་སྡེ་གནམ་ལོ་ཡག་ཟེར་བ་འདི་ཞིབ་འཇུག་པ་ཞིག་ཡིན་པའི་ཟོལ་བཅོས་ཀྱི་ཡོད་པ་རེད། ཡིན་ཡང་། ཞིབ་འཇུག་པ་ཞིག་ཡིན་ན་མི་ལ་མགོ་སྐོར་གཏོང་བ་དང་། རང་ཁེ་ལ་སྙེགས་ནས་མགོ་སྐོར་གཏོང་མཁན་ཞིག་ཡིན་ན་ཡག་པོ་ཡོད་ཀྱི་མ་རེད།
ང་ཚོ་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ནང་ལ་ཕྱི་ནང་གི་ཆ་རྐྱེན་གང་འདྲ་བྱུང་ཡོད་མེད་དེ་གནད་དོན་ལོག་ཁ་ཞིག་རེད། གང་ལྟར་བྱས་རྗེས་ཅན་གྱིས་སྐྱེས་མཆོག་ལ་༧རྒྱལ་དབང་བཅུ་བ་ལས་བྱུང་མྱོང་མེད།
བོད་ཤོར་མེད་ན་༧རྒྱལ་བ་རིན་པོ་ཆེ་འདི་ལྟར་སྐད་གྲགས་ཆགས་ཀྱི་མ་རེད་ཟེར་ནས་བཤད་འདུག ལྷ་སྡེ་གནམ་ལོ་ཡག་གིས་༧རྒྱལ་དབང་རིན་པོ་ཆེའི་མཚན་སྙན་འཕེལ་བར་ཟུག་ངུ་བྱེད་ཀྱི་ཡོད་པ་རེད་བས། ཧ་ཧ་ཧ་
མེར་བསྲེགས་ལས་འགུལ་བ་ཁ་ཤོས་སམ་མང་ཤོས་ཀྱིས་སྐད་འབོད་དུ་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། ཡང་ན་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་རྒྱག་བཞིན་ཡོད་པ་འདི་སུས་ཆེད་དུ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་མི་འདུག་ཞུས་ན་ཡོད་པ་རེད། མི་དེ་འདྲའི་མང་པོས་ཁོང་ལ་མཇལ་བའི་དགོས་འདུན་ཞུ་གི་ཡོད་པ་རེད། ལྷ་སྡེ་གནམ་ལོ་ཡག་ཟེར་བས་བཤད་པའི་མགོ་སྐོར་ལྟ་བུའི་རང་ཐག་རང་གཅོད་ཀྱི་༼རང་ཐག་ར྄ང་གཅོད་ཀྱི་གོ་དོན་དངོས་གནས་པ་ནི་མི་སྒེར་གྱི་འདོད་མོས་ཐག་གཅོད་བྱེད་ཕྱོགས་ཙམ་ལ་གོ་བ་ལེན་མཁན་ཆབ་སྲིད་ཚན་རིག་ནང་བྱུང་མེད།༽གོ་དོན་དེ་ལྟ་ན་༧རྒྱལ་བ་རིན་པོ་ཆེ་ལ་འབྲེལ་བ་ཅི་ཡང་ཡོད་པ་མ་རེད།
གང་ལྟར་ནུབ་ཕྱོགས་པས་༧རྒྱལ་བ་རིན་པོ་ཆེ་ལ་་༼བོད་ཀྱི་མཚོན་དོན་༽་དང་༼བོད་ཀྱི་ལྷན་སྐྱེས་ཀྱི་དབུ་ཁྲིད་༽ཞེས་ངོས་འཛིན་ཞིག་བྱེད་ཀྱི་ཡོད། དོན་འདི་ཨ་རི་སོགས་ཀྱི་དཔོན་རིགས་ཚོས་གཏམ་བཤད་དུ་ཡང་ཡང་སླེབས་ཀྱི་ཡོད། འདི་བོད་ཀྱི་བཅའ་ཁྲིམས་གསར་བཅོས་སྔོན་ལ་བྱུང་བ་རེད། རྗེས་ནས་ཀྱང་བྱུང་བ་རེད། ཕྱི་རྒྱལ་བས་གང་ལ་བལྟས་ནས་བོད་ཀྱི་མཚོན་དོན་ཡིན་པར་ངོས་བཟུང་བ་རེད་དམ། འདི་ལ་གཞི་རྩ་ཡོད་པ་རེད། ཞིབ་འཇུག་པ་ཡིན་ན་འདི་འཚོལ་ཅིག
མཆན་གོང་མའི་ནང་དུ་༼༧རྒྱལ་དབང་བཅུ་བ་ལས་བྱུང་མྱོང་མེད།༽ ཅེས་པ་༧རྒྱལ་དབང་བཅུ་བཞི་བ་ལས་བྱུང་མྱོང་མེད།ཅེས་བཅོས་རོགས།
་་་་་་ ངས་གོང་དུ་ཞུས་པ་བཞིན། རྒྱལ་བ་རིན་པོ་ཆེ་ནི་ང་དང་ངའི་གྲོགས་དང་དགྲ་ཚང་མར་བཀའ་དྲིན་ཆེན་པོ་ཡིན། རྒྱལ་བ་རིན་པོ་ཆེས། གཞན་ལ་སེམས་བཟང་གྱིས། བཟོད་པ་སྒོམས། གྱོང་རང་གིས་ཁྱེར། ཁེ་བཟང་གཞན་ལ་སྤྲོད་གསུངས་པའི་དྲིན་གྱིས་ངའི་འཇིག་རྟེན་འདིའི་རྙོག་ཁྲ་མང་པོ་ཞིག་སེལ་ཐུབ་སོང་། ངས་ཀྱང་འདི་ལྟར་བྱེད་པའི་སྡོམ་པ་ཞིག་ཀྱང་བླངས་པ་ཡིན། ་་་་་་
རྒྱལ་བ་རིན་པོ་ཆེས་ནོ་རྦེལ་ཞི་རྟགས་བཞེས་པ་དེ་ནི་བོད་ལ་ཕན་པའི་དཔེ་མཚོན་ལས་ལྡོག་སྟེ་རྒྱལ་བ་རིན་པོ་ཆེའི་མཚན་སྙན་གྱིས་བོད་མི་མང་ལ་ཕན་མི་ཐོགས་པའི་དཔེ་མཚོན་ཡག་ཤོས་སུ་གྱུར་འདུག ཞི་བདེའི་རྟགས་མ་བཞེས་ན་ཡང་བོད་ལ་ཞི་བདེ་ཏིལ་འབྲུ་ཙམ་མེད་པས་གསལ་པོར་ཤེས་ནུས།
ད་སྤོབས་མཐསའ་འདི། མགོ་མཇུག་ལྡོག་ནས། ཛམྦུ་གླིང་ལ་བསྐོར་བ་བརྒྱབ་ཙང་། ད་མགོ་བོ་འཁོར་ནས་སྨྱོ་ལ་ཁད་ཡོད་བཟོ་འདུག ཧཧཧཧཧཧཧ།། །།
དགེ་བཤེས་ཀརྡོ་ལགས་ཁ་སང་ལུག་ཅིག་ནས་དམག་ཅིག་ལ་འགྱུར་གྲབས་གནང་སོང་། དེ་རིང་ཡང་སེམས་པ་འགྱུར་འདུག ད་ཞེ་དྲག་ལྟ་ཡ་མི་འདུག ཉེན་ཁ་མེད་ས་གཅིག་པུར་སྙེག་གིན་པ་དག་ནི་ཅི་ཡང་གནང་མི་ཕོད་པའི་གྲས་རེད།
སྤོབས་པ་མཐའ་ཡས་རང་རེད། ཧ་ཧཧ
ཞི་བདེའི་གཟིངས་རྟགས་ཐོབ་ནས་བོད་པ་ཕན་པ་ལྟ་ཅི་དེ་ལས་ལྡོག་སྟེ་སྐུ་མདུན་གྱིས་རང་དོན་བོད་དོན་མ་འགྲུབ་པའིསྔོན་ལ་རྒྱལ་སྤྱིིའི་དཀའ་རྙོག་ནང་ཚུད་དེ། བོད་དོན་སྔ་བཞིན་ཐུགས་འཁུར་བཞེས་ཁོམ་མེད་པའམ། བཞེས་བ་ཡིན་ན་གུ་དོག་ཏུ་ལྟ་བའི་འགན་འཁུར་སྤྲད་པས། སྐུ་མདུན་ཙམ་མ་ཟད་བོད་པ་ཐམས་ཅད་ཀྱིས་རྒྱལ་སྤྱིའི་གནད་དོན་ལས། བོད་དོན་ལ་དེ་ཙམ་སྒེར་སེམས་མི་བྱེད་མཁན་གྱི་མྱི་བཟང་དང་། ལྷག་པར་དུ་དྲག་པོའི་ལས་དོན་ལ་རྒོལ་ཞིག་ཏུ་བཏང་བཞིན་ཡོད། མྱི་བཟང་བྱས་ན་བཟང་མོད་ཀྱང་། མྱི་བཟང་དང་མཚན་མཐོང་གི་ཆེད་དུ་རང་དོན་ཤོར་ན་ཀླད་མེད་རེད། སྐྱ་སྟོང་རེད།
སྤོབས་མཐའ་དང་ཨ་ནུ་གཉིས་ནས་ད་ལན་ཡིན་ན་ག་རབས་ཅིག་བཤད་སོང། དེ་ལ་ལན་གནད་ལ་ཕོག་པའི་གཏམ་དེ་འདྲ་ཤོད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་འདུག་ངས་ནི་ཆབ་སྲིད་ཀྱི་སྐོར་ལ་ཇུས་གཏོགས་དེ་འདྲ་བྱེད་ཀྱི་མེད་བྱས་ཙང་བསམ་ཚུལ་ཀྱང་བཤད་མེད། མ་གཞི་ནས་དེང་ཚོགས་སྡེ་ཁག་ནས་གཟེངས་རྟགས་གཟེངས་བསྟོད་ཀྱི་རྟགས་མ་མང་པོ་ཞིག་འབུལ་སྲོལ་ཡོད་པ་དེ་ལ་རྒྱབ་མདུན་གྱི་རྒྱུ་མཚན་མང་པོ་འདུག་སེམས། རྒྱ་གར་བལ་ཡུལ་སོགས་སོགས་གཟེངས་རྟགས་དེ་ཚོ་ནི་སྤྱི་ཚོགས་ལ་ཕན་པ་བསྒྲུབ་མཁན་དང་བྱས་རྗེས་ཡིན་མིན་གང་ལྟར་ཚོགས་སྡེ་དེར་ཞལ་འདེབས་ཆེ་ཙམ་སྤྲད་ན་ལམ་སང་གཟེངས་རྟགས་ཞིག་འབུལ་གྱི་འདུག དེ་ནས་ཕྱི་རྒྱལ་ནུབ་ཕྱོགས་ཀྱི་གཟེངས་རྟགས་དེ་ཚོ་ནི་ཆབ་སྲིད་དང་འབྲེལ་བའི་རྒྱབ་ལྗོངས་ཞིག་ལས་སྤྱི་ཚོགས་ལ་ཕན་པ་དང་གཞན་ཕན་ཡ་རབས་སྤྱོད་བཟང་གོང་འཕེལ་དུ་གཏོང་ཕྱིར་ཕུལ་བ་ཞིག་ཡིན་མིན་ཤོད་ཚོད་དཀའ་བ་ཞིག་རེད། དཔེར་ན། ཨུ་རུ་སུའི་སྲིད་འཛིན་གྷོ་ཝར་ཅོག་ལ་ནོར་ཝེའི་ཞི་བདེའི་གཟེངས་རྟགས་ཕུལ་ནས་ཁོས་ཨུ་རུ་སུ་དུམ་བུ་ཁ་གཏོར་དུ་བཏང་ནས་ནུབ་ཕྱོགས་པའི་དམིགས་ཡུལ་ཞིག་གྲུབ་པ་རེད། དེ་བཞིན་ཨབ་རི་ཁའི་མི་ནག་གི་སྲིད་འཛིན་ནལ་སེན་མཎ་ཌལ་ལ་གཟེངས་རྟགས་སྤྲད་ནས་ཨབ་རི་ཁ་དམངས་གཙོར་གྱུར་ནས་ནུབ་ཕྱོགས་པའི་དམིགས་ཡུལ་ཞིག་གྲུབ་པ་རེད། དེ་བཞིན་མང་པོ་འདུག ལོ་ཤས་སྔོན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་ཞི་བདེའི་གཟེངས་རྟགས་ཞིག་སྤྲད་ནས་ཁོས་གཟེངས་རྟགས་ཀྱི་དམིགས་ཡུལ་ལ་མོས
མཐུན་མེད་ནས་ཨབ་གྷན་ལ་དམག་མང་དུ་བཏང་ནས་གཟེངས་རྟགས་ཀྱི་མངོན་འདོད་མ་གྲུབ་པ་རེད། སྤྱིར་སྟངས་བྱས་ན་ཨབ་གྷན་ལ་དམག་རྒྱབ་པ་དེར་ནུབ་ཕྱོགས་པས་རྒྱབ་སྐྱོར་ཡོད་མོད། ཞི་བདེའི་གཟེངས་རྟགས་སྤྲོད་དགོས་པའི་རྒྱུ་མཚན་སྐབས་དེར་མི་ཚོས་ཨབ་གྷན་ལ་དམག་རྒྱབ་པ་དེར་ངོ་རྒོལ་མང་པོ་བྱས་པར་རྟེན་ཁ་འགོག་བྱེད་ཙམ་དུ་སྤྲད་པ་རེད། དེ་བཞིན་མི་ཚོས་བཤད་ན་༧ གོང་ས་མཆོག་ལ་ནོར་ཝེའི་གཟེངས་རྟགས་ཕུལ་བ་དེའང་རྒྱ་ནག་དམངས་གཙོར་འགྱུར་བྱེད་དང་རྒྱ་ནག་ལ་ཁོང་ཁྲོ་སློང་བྱེད་ཙམ་དུ་ཡིན་ཚུལ་ཀྱང་བཤད་པར་ཐོས། དེར་ངས་ལྟས་ན་དེ་ཙམ་ཞིག་ཡིན་མདོག་མེད། ༧ གོང་ས་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་ཆོས་ལུགས་ནང་ཕན་ཚུན་མཐུན་ལམ་དག་སྣང་སྦྱོང་དགོས་ཀྱིས་བཀའ་སློབ་མང་དུ་གནང་བ་ལ་བརྟེན་ནས་ཕུལ་བ་ཡིན་སྲིད། དེ་ནས་རྒྱ་ནག་གིས་གཟེངས་རྟགས་སྤྲོད་པའི་དམིགས་ཡུལ་ནི། རྒྱ་ནག་རང་ཉིད་ཀྱི་རྒྱལ་ཁབ་ལ་ཤ་ཞེན་གྱིས་ནུ་་ཕྱོགས་པ་ཚོར་དགྲར་འཛིན་གྱི་འདུ་ཤེས་ཅན་གྱི་མི་དེ་ཚོར་སྤྲོད་སྲོལ་ཡོད་འདུག
ནུབ་ཕྱོགས་པ་
ཨ་ཡག་ལགས། རྒྱལ་བ་རིན་པོ་ཆེས་བོད་ཀྱི་མཚོན་རྟགས་ཤིག་ག་ལ་ཡོང་། རྒྱལ་བ་རིན་པོ་ཆེས་ལུགས་སྲོལ་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བླ་དཔོན་ཞིག་མཚོན་ཐུབ་གྱི་རེད།
ཚང་མར་དགའ་བསུ་ཡོད། ལྷག་པར་དུ་ནའོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་དོན་ལ་བསྐྱར་ཞིབ་འདི་དགོས་ངེས་ཅན་ཞིག་དང་དུས་སུ་བབས་པ་ཞིག་ཡིན། དཔེར་ན། ན་ནིང་ནའོ་བྷེལ་རྩོམ་རིགས་རྟགས་པ་རྒྱ་དམར་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ལ་ཕུལ་བ་རེད། ཚོགས་གཞོན་ལགས་ཀྱི་བརྩམས་ཆོས་བསྒྱུར་མཁན་ནི་རྩོམ་རིགས་རྟགས་མ་སུ་ལ་འོས་མིན་གདམ་ག་བྱེད་མཁན་གཙོ་བོ་གཅིག་གི་ལྕམ་མོ་རེད། བསྒྱུར་གླ་ས་ཡ་མང་བོ་དང་དེབ་དེ་ཚོང་རར་བརྒྱ་ཕྲག་ཁ་ཤས་ལས་འགྲིམས་མི་འདུག དོན་རྐྱེན་འདིའི་ནང་དུ་དཔལ་འབྱོར་གྱི་ཁེ་ཕན་དང་ཆབ་སྲིད་ཀྱི་དམིགས་ཡུལ་གཉིས་ཀ་ཡོད་པ་རེད། འདི་དཔེར་མཚོན་ཙམ་ཡིན།
མ་གཞི་ཨ་ཡག་ཅེས་འབོད་སྐབས། ཡག་པོ་ཞིག་ཡིན་འོས་མོད། དོན་དངོས་སུ་མི་ཡག་གི རྒྱལ་བ་རིན་པོ་ཆེ་ལ་དངོས་ནས་དད་པ་ཡོད་ན་ཉུང་མཐར་རང་མིང་འགོད་ཐུབ་དགོས་ཀྱི་ཡོད་པ་རེད། དེང་སྐབས་དྲ་ཐོག་ཏུ་རྒྱལ་རིན་པོ་ཆེར་བསྟོད་པ་རྒྱག་མཁན་བརྒྱ་ཆའི་གོ་དགུར་གཟུགས་ཡོད་པ་མ་རེད། མི་སུ་ཡིན་ཤེས་ཀྱི་མ་རེད། ཡིག་རྩ་དང་མྱོང་ཐོས་མེད་མཁན་རྐྱང་རེད། མཚམས་མཚམས་སུ་མི་རེ་གཉིས་ཤིག་གི་སྤྲུལ་བ་ཡིན་བཟོ་ཐོན་གྱི་འདུག རྒྱུ་མཚན་ཅི་ཞིག་གི་དབང་གིས་སྣང་ཚུལ་འདི་འདྲ་ཞིག་བྱུང་བཞིན་པ་རེད་དམ། རྡ་སའི་ནོར་གླིང་གཡས་གཡོན་དུ་ཚོགས་ཆུང་ཞིག་ལ་འགྲོ་གྲོན་དགའ་ལྡན་ཕོ་བྲང་གིས་གཏོང་བཞིན་པའི་བཤད་ཚུལ་ཞིག་ཡོད་པ་དེ་བདེན་པ་རེད་དམ། ཡང་ན། རྒྱལ་བ་རིན་པོ་ཆེ་ལས་ཁེ་བཟང་ཟ་ཆེད་མི་སྐོར་ཞིག་གིས་དང་བླངས་བྱས་པ་རེད་དམ། གང་ལྟར་བྱ་སྤྱོད་འདི་དག་ནི་རྒྱབ་བསྐྱོར་ངོ་མ་ཞིག་མ་རེད་ལ། བསྟོད་པ་ངོ་མ་ཞིག་ཀྱང་མ་རེད། ལོ་ཤས་ཀྱི་རྗེས་ནས་གཟུགས་མེད་པ་ཚོས་བཏབ་པའི་མཆན་ཚང་མ་གད་སྙིགས་རེད། དེ་ལས་ནས་མིང་ཡོད་པ་དང་མི་དངོས་སུ་ངོས་འཛིན་ཐུབ་པ་དག་གི་མཆན་ནི་དུས་རིམ་དེའི་ལོ་རྒྱུས་ངོ་མ་དེ་ཆགས་ཀྱི་རེད།
དེ་ལས་ལྡོག་ནས་མིང་ཡོད་པ་དང་མི་དངོས་སུ་ངོས་འཛིན་ཐུབ་པ་དག་ཅེས་བཅོས་གནང་ཡོད་པ་ཞུ།
བསམ་ཤེས་ཀྱིས་ཁ་ཐུག་ཟེར་བའི་སྤོབས་པ་མཐའ་ཡས་ཀྱི་སྤྲུལ་སྐུ་དེ་ཕྱིར་བཏོན་ཟིན་སོང་། ད་དུང་བསམ་ཤེས་ལགས། གནམ་ཡག་གི་སྤྲུལ་པ་དེ་ཕྱིར་བཏོན་གནང་རོགས།
ད་དུང་ཁ་གསབ་གཅིག་ཡོད། ཨ་ཡག་ལྟར་ན། ༼ གང་ལྟར་ནུབ་ཕྱོགས་པས་༧རྒྱལ་བ་རིན་པོ་ཆེ་ལ་་༼བོད་ཀྱི་མཚོན་དོན་༽་དང་༼བོད་ཀྱི་ལྷན་སྐྱེས་ཀྱི་དབུ་ཁྲིད་༽ཞེས་ངོས་འཛིན་ཞིག་བྱེད་ཀྱི་ཡོད། དོན་འདི་ཨ་རི་སོགས་ཀྱི་དཔོན་རིགས་ཚོས་གཏམ་བཤད་དུ་ཡང་ཡང་སླེབས་ཀྱི་ཡོད། ༽ འདི་ལ་མི་མང་བོ་ཞིག་གིས་གོ་བ་ལོན་གྱི་མེད་པར་ཁག་མེད། དོན་དངོས་སུ་འདི་ནི་སྲིད་དོན་གྱི་འགྲོ་སྟངས་ཤིག་གམ། རྩེད་མོ་བརྩེ་སྟངས་ཤིག་རེད། འབོད་སྟངས་འདིའི་འབྱུང་ཁུངས་ངོ་མ་ནི་རྒྱ་དམར་གྱིས་བཙན་འཛུལ་བྱེད་སྐབས་སམ། ༼གྲོས་མཐུན་དོན་ཚན་བཅུ་བདུན༽ལ་མིང་རྟགས་མ་བཀོད་པའི་ཡར་སྔོན་ནས་ཨ་རིས་སྡེ་བ་གཞུང་ལ་རྒྱལ་བ་རིན་པོ་ཆེ་ལ་བོད་ཀྱི་དབུ་ཁྲིད་ཀྱི་ངོས་ལེན་ཡོད་པའི་ཐོག་ནས་སྐྱབས་བཅོལ་ལ་ཕེབས་པར་བསྐུལ་འདེད་བྱས་པ་ཡོད་པ་རེད་ལ། སྲིད་ཇུས་དེ་ད་ལྟའང་འགྱུར་ཡོད་པ་མ་རེད། ཡིན་ནའང་། གནད་འགག་གཙོ་བོ་ནི་དབུ་ཁྲིད་སུ་ཡིན་ཡང་ཚེ་ཚད་ཡོད་པས། ཆུ་ཚོད་ཀྱི་ཆ་ནས་དཀའ་ངལ་དུ་འགྱུར་གྱི་མ་རེད། གལ་ཏེ་གཞུང་གི་ཚབ་ངོས་ལེན་གནང་བ་ཡིན་ན་དུས་ཚོད་ཡུན་རིང་བསྲིངས་ཐུབ་པས། རང་ཉིད་ཀྱི་ཁེ་ཕན་ལ་དཔག་པའི་རོགས་པ་རྒྱག་སྐབས། འགོག་རྐྱེན་དུ་འགྱུར་མི་སྲིད་པ་མིན་པས། བོད་ཀྱི་དབུ་ཁྲིད་ལས་གཞུང་ངོས་ལེན་གནང་ཡོད་པ་མ་རེད་ལ། ཐ་ན་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ངོས་ལེན་ཐོབ་ཟིན་པའི་བཙན་བྱོལ་གཞུང་ཡང་མེད་པར་གཏོང་དུ་བཅུག་པ་མ་རེད་དམ། དེ་བས། འབོད་སྟངས་འདི་དག་ནི་སྲིད་དོན་གྱི་དགོས་དབང་ལས་དམིགས་བསལ་ཡ་མཚན་དགོས་པ་དེ་འདྲ་མ་རེད། གནས་ཚུལ་འདི་དག་བོད་དང་ཐེ་ཝན་གཉིས་ཀྱི་སྟེང་ནས་གསལ་བོར་མཐོང་ཐུབ་པ་ཞིག་རེད།
རྒྱལ་བ་རིན་པོ་ཆེ་བོད་ཀྱི་ལྷན་སྐྱེས་དབུ་ཁྲིད་དུ་གྱུར་པ་དེ་བཟང་རྟགས་ཤིག་མ་རེད། པུ་གུ་ལོ་བཅུ་དྲུག་ཅན་བསྡུས་གྲྭ་སྦྱངས་ནས་བསྡད་ཡོད་མཁན་ཞིག་ལ་རྒྱལ་ས་གད་པ་དེ་མ་འགྲིགས་པ་རེད། གླང་ཆེན་གྱི་ཁལ་ཙི་ཙི་་བཀལ་བ་རེད།
སྤོབས་པ་མཐའ་ཡས་ལགས།
བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པས། བོད་དེ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པ་དང་། དེ་ཡང་བཙན་པོ་སྲོང་བཙན་དང་། རྗེའི་དངོས་སློབ། རྗེ་དགེ་འདུན་གྲུབ་ནས། ༸སྐུ་ཕྲེང་བཅུ་བཞི་བར། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་ནས། ད་བར་བོད་དང་བོད་མིར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་མ་རེད་པ་རེད་དམ།
ལགས།
སྤོབས་མཐའ་ཁོ་རེ།
མཆན་62པ་འདི་ཨ་ཡག་མཆོག་ལ་ཕུལ་བ་ཡིན།
༸གོང་ས་༸སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་འཁྲུལ་མེད། ལྷ་མོ་དོན་གྲུབ་རྒྱལ་བ་རིན་པོ་ཆེ་བོད་ཀྱི་ལྷན་སྐྱེས་དབུ་ཁྲིད་དུ་གྱུར་པ་དེ་བཟང་རྟགས་ཤིག་རེད། པུ་གུ་ལོ་བཅུ་དྲུག་ཅན་བསྡུས་གྲྭ་སྦྱོང་ནས་བསྡད་ཡོད་མཁན་ཞིག་ལ་རྒྱལ་པོར་བསྐོར་པ་དེ་ཡང་འགྲིགས་པ་རེད། གླང་ཕྲུག་དང་། ཙི་ཙིའི་ཕརྭ་གུ་གཉིས་འགྲན་བཟོད་བྱེད་མཁན་སྨྱོན་པ་རེད། ཧཧཧཧཧཧཧ།། །།
ཀ་རྡོ་ལགས། སྤྱན་རས་གཟིགས་ནི་དབང་ཕྱུག་ཆེན་པོ་རེད། གངས་རིན་པོ་ཆེ་དབང་ཕྱུག་གི་བཞུགས་གནས་སུ་ཡིན་ཆེས་བྱེདཔའི་ཧིན་ནྷུའི་ལྟ་སྟངས་འདི་ཙམ་ཞིག་ནིབོད་མི་དང་བོད་ཡུལ་་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པའི་ལྷ་སྒྲུང་འདྲ་བོའི་འབྱང་ཁུངས་སུ་གྱུར་པ་ཙམ་རེད། རྟག་ཞི་བ། འཇིག་རྟེན་དབང་ཕྱུག གངས་རིའི་མགོན་པོ་སོགས་དབང་ཕྱུག་དང་སྤྱན་རས་སོགས་ལྷ་གཅིག་གི་མིང་གི་རྣམ་གྲངས་རེད
རེད་ཡ། ཀ་རྡོ་ལགས། འུ་ཚང་གི་གླང་ཕྲུག་གིས་ང་ཚོ་ཁུར་ས་ཞིག་ལ་ཁུར་ནས་སླེབས་འདུག་ག
ཀ་རྡོ་ལགས། སྤྱན་རས་གཟིགས་ནི་དབང་ཕྱུག་ཆེན་པོ་རེད། གངས་རིན་པོ་ཆེ་དབང་ཕྱུག་གི་བཞུགས་གནས་སུ་ཡིན་ཆེས་བྱེདཔའི་ཧིན་ནྷུའི་ལྟ་སྟངས་འདི་ཙམ་ཞིག་ནིབོད་མི་དང་བོད་ཡུལ་་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པའི་ལྷ་སྒྲུང་འདྲ་བོའི་འབྱང་ཁུངས་སུ་གྱུར་པ་ཙམ་རེད། རྟག་ཞི་བ། འཇིག་རྟེན་དབང་ཕྱུག གངས་རིའི་མགོན་པོ་སོགས་དབང་ཕྱུག་དང་སྤྱན་རས་སོགས་ལྷ་གཅིག་གི་མིང་གི་རྣམ་གྲངས་རེད
ལན་དུ།
སྤོབས་པ་མཐའ་ཡས་ལགས། སྤྱན་རས་གཟིགས་ནི་དབང་ཕྱུག་ཆེན་པོ་མ་རེད། གངས་རིན་པོ་ཆེ་དབང་ཕྱུག་གི་བཞུགས་གནས་སུ་ཡིན་ཆེས་བྱེདཔའི་ཧིན་ནྷུའི་ལྟ་སྟངས་འདི་དང་། ཕོ་བྲང་ཕོ་ཏལ་སྤྱན་རས་གཟིགས་ཀྱི་གནས་ཡིན་པ་གསུངས་པ་ཡང་ཡོད་རེད།
འཇིག་རྟེན་དབང་ཕྱུག གངས་རིའི་མགོན་པོ་སོགས་ལྷ་དབང་ཕྱུག་དང་སྤྱན་རས་སོགས་ལྷ་གཅིག་གི་མིང་གི་རྣམ་གྲངས་རེད།
འོནད་ཀྱང་། རྟག་ཞི་བ། འདི་སྤྱན་རས་གཟིགས་ཀྱི་མིང་གི་རྣམ་གྲངས་ཡིན་པ་ཁུངས་བཙན་ཁུངས་ལུང་མེད།
བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
སྤྱན་རས་གཟིགས་ཀྱི་མིང་གི་རྣམ་གྲངས་ལ།
གྲུ་འཛིན་བདག
འཇིག་རྟེན་མགོན།
འཇིག་རྟེན་དབང་ཕྱུག
སྙིང་རྗེའི་ལྷ།
ཐུགས་རྗེ་ཆེན་པོ།
ཕྱག་ན་པད་མ།
སྤྱན་རས་གཟིགས་ལ་མདོ་རྒྱུད་ཉེར་གཅིག་ནང་ལ། ཡི་གེ་དྲུག་པའི་མདོ་དང་། མཚན་བརྒྱ་རྩ་བརྒྱད་པ་སོགས་གསུངས་འདུག་པས་་་་་་་་་
སྤྱན་རས་གཟིགས་ལ། བཅུ་གཅིག་ཞལ། ཕྱག་སྟོང་སྤྱན་སྟོང་། ཕྱག་བཞི་པ་སོགས་མང་། ད་དུང་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ཞེས་ཡུམ་བཅས་ཀྱང་ཡོད་རེད། སྤོབས་མཐའ་ལགས།
ཀེ་ཏ་ཀ
རྒན་ཀ་རྡོ་ལགས་ཁྱེད་རང་ལ་ལྷ་བླ་མ་ལས་སོགས་མི་མངོན་པའི་འཇིག་རྟེན་ལ་ཡིད་ཆེས་ཆེ་ཙམ་འདུག་པས་དེ་ལ་རྗེས་སུ་ཡི་རངས་ཡོད། འོན་ཀྱང་ལུང་སྦམ་པོ་དང་ཚིག་སྐམས་པོས་ཕ་རོལ་གྱི་འདོད་པ་འགོག་མི་ནུས་པར་མ་ཟད་རང་ལའང་ངེས་ཤེས་རྣམ་དག་ཅིག་འབྱུང་རྒྱུ་དཀའ་སེ་རེད་། མ་ཎི་ཡིག་དྲུག་དེ་ཚོ་ལའང་དང་པོ་ཁུངས་ཡང་དག་ཅིག་འཚོལ་དགོས། ཤཀྱའི་རྒྱལ་པོ་སྐུ་མྱ་ངན་ལས་འདས་རྗེས་བོད་འདི་མཚོ་ལས་འཕྲི་ནས་བོད་ཡུལ་གྱི་སྣོད་བཅུད་རྣམས་རིམ་གྱིས་ཆགས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་འགྱུར་བའི་སྨོན་ལམ་བཏབ་ཚུལ་གསལ་བ་ལྟར་ན་་་་་་དེ་དག་ནི་ད་ལྟ་ཚན་རིག་པས་བརྟགས་འབྲས་སུ་ཤོད་རྒྱུར་ངོ་ཚའི་སྒྲུང་གཏམ་ཞིག་ཏུ་གྲུབ་ཟིན་པ་རེད།
འགའ་ཞིག་གིས་རྟག་ཞི་བ་དེ་སྤྱན་རས་ལ་འཁྲུལ་གཞི་ནི།
འཕགས་བསྟོད་ལས།
དོན་ཡོད་ཞགས་དང་མགྲིན་སྔོན་ལ་སོགས་རྣམ་པ་དུ་མའི་ཆོ་འཕྲུལ་འགྱེད། །
འདིར་མགྲིན་སྔོན་དུ་སྤྲུལ་ཡང་གསུངས་ཡོད་ཀྱང་།
སི་ཏུ་འགྲེལ་ཆེན་ལས། རྟག་ཞི་བ་དེ་ཕྱི་རོལ་པའི་ལྷ་ཡིན་ན་ཡང་། འདིར་མཆོད་པར་བརྗོད་དགོས་དོན་ནི། ཡི་གེའི་བྱེད་པོ་དབང་ཕྱུག་ཡིན་པར་སྟོན་པའི་གཏམ་བརྒྱུད་དང་བསྟུན་པ་ཡིན་ཚུལ། ཁ་གསལ་གསུངས་ཡོད་པས། སྤོབ་མཐའ་ཁྱོད་ལ་དུས་ཚོད་ཅིག་ཡོད་ན། སླར་ཡང་འགྲེལ་ཆེན་ཁ་ཕྱེ་ནས་ཀློགས་དང་། མཁྱེན་པར་འགྱུར་རོ།། །།
་་་་་ ཤཀྱའི་རྒྱལ་པོ་སྐུ་མྱ་ངན་ལས་འདས་རྗེས་བོད་འདི་མཚོ་ལས་འཕྲི་ནས་བོད་ཡུལ་གྱི་སྣོད་བཅུད་རྣམས་རིམ་གྱིས་ཆགས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་འགྱུར་བའི་སྨོན་ལམ་བཏབ་ཚུལ་གསལ་བ་ལྟར་ན་་་་་་དེ་དག་ནི་ད་ལྟ་ཚན་རིག་པས་བརྟགས་འབྲས་སུ་ཤོད་རྒྱུར་ངོ་ཚའི་སྒྲུང་གཏམ་ཞིག་ཏུ་གྲུབ་ཟིན་པ་རེད། ་་
ཞེས་པའི་ལན་དུ།
འདི་ནི། བོད་པ་མིའི་འགྲོ་བ་བྱུང་བར་བསྟན་པ་མིན་པར། བོད་རིགས་ཐོག་མར་བརྒྱ་ཕྲག་བདུན་པའི་སྐབས་སུ་ལྷ་སའི་གཡས་གཡོན་ཆུ་རྣམས་བྲི་བའམ། སྐམ་ནས་ནང་ཆོས་སྤེལ་མཁན་སྲོང་བཙན་སོགས་འཁྲུངས་པར་ལུང་དུ་བསྟན་པ་རེད་དོ།། །།
དགེ་བཤེས་ཀརྡོ་ལགས། བོད་ཀྱི་ལུང་པ་གཞན་འོག་ཏུ་ཤོར་བར་ལུང་བསྟན་འདྲ་ཡོད་དམ།
བསམ་ཤེས་ལགས་་་ང་ནི་མྱི་སྡར་མ་ཞིག་ཡིན། བཙལ་ནས་གསོད་མ་བཞག་རོགས་བྱོས།་་ཧཧཧ
གོང་དུ་ཀརྨ་བློ་གསལ་ཟེར་བ་ཞིག་སླེབས་འདུག་པས་ཚར་གཅོད་རྒྱུ་ལ། ཁྱེད་ནས། (དགེ་བཤེས་བཀྲ་དོན་ལགས་བཙན་བྱོལ་བར་བརྫུས་ནས་སླེབས་འདུག ) ཅེས་བྲིས་པ་དེར་སེམས་པ་ཐང་ཐང་མེ་དཔ་འདྲ། ངས་གོང་དུ་ཁ་བྱང་གསལ་པོར་སྤྲད་ཡོད་པས་ང་བརྩད་གཅོད་བྱེད་འདོད་ན་སེ་རར་ཁང་ལེན་ ༢༠༧ ནང་ཤོག ཡང་ཁྱེད་ཚོས་བོད་སྤྱི་པའི་དགྲ་རུ་ལངས་དགོས་བསམ་གྱིན་མེད་དམ། ངས་བལྟས་ཚེ་ཁྱེད་རང་མཚུར་ཕུ་བླ་མ་ལ་དགའ་ཞེན་བྱེད་ཁུལ་ཡང་བྱེད་མི་ཤེས་པའི་ལྐུགས་པ་ཞིག་ཏུ་མཐོང་། མཚུར་ཕུ་ཀརྨ་ལ་ང་རང་གིས་ཀྱང་ཡིད་སྨོན་ཡོད་ཀྱང་། ཁྱེད་ཚོས་ལྐུགས་དྲག་ནས་གང་དྲག་བསམ་པ་འདུག མཚུར་ཕུ་ཀརྨ་དེ་ལམ་དུ་མི་གཏོང་མཁན་ཚང་མ་ཁྱེད་ཚོས་བྱས་ཡོད། སེ་རར་ཡོང་དུས་ངོ་ཚ་པོ་ཞེ་པོ་བྱུང་བ་མཁྱེན་གསལ་རེད། xxxx
# 76 ཀརྨ་བློ་གསལ་ལགས།
བོད་སྐོར་ལུང་བསྟན་ལ། འཇམ་དཔལ་རྩ་རྒྱུད་ལས།
དེ་བཞིན་གཤེགས་པའི་བསྟན་འདི་ལ། །
་ ་ ་་་་་་་་་་་་་་་་་་
འོད་ལྡན་ཉིད་ནི་ཕྱི་མ་ཡིན། །
ཐ་མར་འཆར་རྒྱལ་ངང་ཚུལ་ཏེ། །
ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །
དེ་འོག་ལུགས་ནི་རྣམ་ཞིག་ཅིང་། །
ཕྱི་རོལ་སྐྱེ་དགུས་ཉེ་བར་སྤྱོད། །
ཞེས་གསུངས་ཡོད་ཀྱང་། འདི་དགེ་ཆོས་སོགས་ཕྱིས་ཀྱི་མཁས་དབང་ཚོས། འདི་བལ་པོའི་རྒྱལ་རྒྱུད་ལུང་བསྟན་པ་ལས་བོད་རྒྱལ་མིན་ཞེས་ཟེར་བགྱིད་འདུག ངས་ནི་རྒྱ་དཔེ་ཐད་ཀར་ཀློག་ཐབས་བྲལ་བས། དཔྱད་པར་འཚལ།
ཡ་ཡ། བགྲོ་གླེང་ཡག་པོ་གནང་འདུག ལུང་བསྟན་ཡང་སླེབས་འདུག གང་ལྟར་ད་དུང་བགྲོ་གླེང་མད་བོ་བྱེད་དགོས་ངེས་རེད།
དགེ་བཤེས་ཀརྡོ་ལགས་ཀྱིས་ལུང་བསྟན་མང་པོ་ཞིག་འདིར་ཁུར་ཡོང་བར་ཐུགས་རྗེ་ཆེ། ལུང་བསྟན་འདི་དག་ལ་ཡིད་ཆེས་ག་ཚོད་ཅིག་བྱེད་ཆོག་གམ།