དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཀ་ཤོད་སྲས་འཇམ་དབྱངས་ཆོས་རྒྱལ་ལགས་ཀྱི་གསལ་བཤད། Posted on 2010-02-192010-02-19 By namkha 12 Comments on དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཀ་ཤོད་སྲས་འཇམ་དབྱངས་ཆོས་རྒྱལ་ལགས་ཀྱི་གསལ་བཤད། འབྲེལ་ཐག་འདི་ནས་གསན་རོགས། http://streamer1.rfa.org/archive/TIB/tibcallin0600UTC.php tib-2010-0219-0600 གསར་འགྱུར།, བཅར་འདྲི།
ཁ་བརྡ་དྲ་དེབ་བརྒྱུད་ནས་བསྟན་ནོར་ལགས་སུ་འདྲི་རྒྱུ་ལ། ༡ དགེ་འདུན་ཆོས་འཕེལ་གྱིས་ རོལ་རིག་དང་ལྷན་དུ་ནང་ཆོས་དང་སྨན་གཞུང་བསྒྱུར་བའི་ཁུངས་དེ་གསུངས་རོགས། ༢ དགེ་འདུན་ཆོས་འཕེལ་དབྱིན་ཇིའི་སྐད་ཡག་པོ་ཡོད་རེད་གསུངས་སོང་། དགེ་འདུན་ཆོས་འཕེལ་གྱིས་ ངས་དབྱིན་ཇིའི་སྙན་ངག་ཡག་པོ་འབྲི་ཐུབ་གི་མི་འདུག་ཅེས་གསུངས་འདུག ཁྱེད་ཀྱི་ཁུངས་དེ་གསུངས་རོགས། དེ་ནས་གསལ་བཤད་ཅིག་ཞུ་རྒྱུ་ལ། བོད་ཀྱི་གསར་འགོད་པ་ཚོས་དྲི་བ་ཐུང་ཐུང་གཏོང་མི་ཤེས་པ་འདི་གང་ཡིན་ནམ། གཅིག་བྱས་ན། འདི་ང་ཚོའི་གཤིས་ཀ་ཞིག་ཡིན་པ་འདྲ། དྲི་བ་དང་ལྷན་དུ་ལོ་རྒྱུས་རིང་པོ་གསུངས་གི་འདུག འདི་ཡག་པོ་ཁྱོན་ནས་མི་འདུག དྲི་བ་མདོར་བསྡུས་རེ་གནང་ན་ གསུང་མཁན་དེ་ཚོས་ལན་གནང་རྒྱུའི་གོ་སྐབས་ཡོད་པ་རེད་བསམས་ཀྱི་འདུག དེ་ནས་ གསུངས་མཁན་གྱི་ཐོག་ནས་གང་གསུངས་གསུངས་ལྟ་བུ་མ་ཡིན་པར་དྲི་བ་དང་ལན་ལ་སྟངས་འཛིན་གནང་ན་ལེགས་པ་མཐོང་བྱུང་། དེ་ནས་ “ལའོ་ལེགས་སོ་” ཞེས་དྲི་བ་ཚབ་ཏུ་གསུངས་སོང་། དེ་ཡང་ཁྱད་མཚར་ཞིག་མཐོང་བྱུང་། གཞན་སྙན་པོ་བྱུང་། དགེ་འདུན་ཆོས་འཕེལ་རྒྱ་གར་ནས་བོད་དུ་ཕེབས་ཤོག་ཅེས་ཀ་ཤོད་པས་གདན་འདྲེན་ཞུས་རབས་འདྲ་ཞིག་གསུངས་སོང་། འདི་ང་ལ་སྐད་ཆ་གསར་པ་འདྲ་ཞིག་ཡིན་དྲན་གི དེ་ནས་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་མཐའ་མའི་པར་ཡོད་གསུངས་པ་དེ་ཡང་མཐོང་མྱོང་བ་ཞིག་མི་དྲན། བཙོན་ཁང་ནས་གློད་གྲོལ་བཏང་མ་ཐག་ཀ་ཤོད་པའི་ཤག་ཏུ་ཕེབས་སྐབས་ཀ་ཤོད་པས་དགེ་འདུན་ཆོས་འཕེལ་ལ་བཤགས་པའི་ཕྱག་ཕུལ་བ་རེད་གསུངས་པ་དེ་ཡང་གཞན་ན་འཁོད་ཡོད་མེད་མ་དྲན། དེ་ནས། དགོངས་པ་མ་རྫོགས་གོང་གི་ཉིན་སྔོན་མ་དེ་ལ་དགེ་འདུན་ཆོས་འཕེལ་གྱིས། གོང་གི་པར་དེ་རྒྱག་གྲབས་ཀྱི་སྐབས་ཞབས་སྟེགས་སྟེང་བཞུགས་ཏེ། དབྱིན་སྐད་དུ་ “Now I want to see what the dead is like.” ཞེས་གསུངས་ལུགས་ཀྱང་གསུངས་སོང་། གང་ལྟར་སྙན་པོ་བྱུང་།
ངས་གོང་གི་དྲ་ཐག་དེའི་སྒོ་ཕྱེ་སྐབས་གསར་འགྱུར་མང་པོ་ཞིག་བཤད་ཀྱིན་འདུག དེ་ནས་རྒྱུགས་རྟགས་དེ་ཅུང་མར་འཐེན་ནས་གསར་འགྱུར་རྫོགས་མཚམས་ལ་སླེབས་སྐབས་ཁང་རོགས་ཀྱིས་སྒོ་བརྡུང་ནས་བར་ཆད་ཅུང་བཟོས་སོང་། དེ་ནས་ནང་ལ་ཡོང་དུས་མི་ཞིག་གིས་ཅིག་བཤད་ཀྱིན་འདུག ངས་ཧ་གོ་མ་སོང་། མི་ཞིག་གིས་བཀའ་སློབ་བམ་གཏམ་བཤད་བྱེད་ཀྱི་ཡོད་པ་འདྲ། སྐར་མ་གསུམ་བཞི་ལ་ཉན་དུས་གཞི་ནས་དྲི་བ་འདོན་མཁན་དེའི་དྲི་བ་མ་བཏོན་གོང་ལ་ལོ་རྒྱུས་ཀྱི་ཁ་བརྡ་རིང་པོ་ཞིག་བྱེད་ཀྱི་ཡོད་པ་ཤེས་སོང་། དངོས་གནས་ཡིན། ང་ཚོའི་གསར་འགྱུར་ཀྱི་ལས་ཀ་བྱེད་མཁན་ཚོའི་ནང་ལ་དྲི་བ་འདོན་ཤེས་མཁན་རེ་ཟུང་ལས་ཡོད་པ་མ་རེད། ཕར་བལྟས་ན་དྲི་བ་མ་བཏོན་གོང་ལ་ཆབ་སྲིད་སོགས་ལ་མཁས་མདོག་དང་ལོ་རྒྱུས་མང་པོ་ཤེས་མདོག་གིས་སྐད་ཆ་ཉག་ཉོག་ལུང་པ་གང་བགྲངས་དགོས་པ་རེད།
ཀ་ཤོད་སྲས་ཀྱིས་དགེ་ཆོས་སྐོར་ཕྱེ་ཐུབ་མ་སོང་། དགེ་རབ་ལགས་ཀྱིས་དྲི་བ་འདོན་སྟངས་ལ་བལྟས་ན་གསར་པ་མང་པོ་ཅིག་ཡོད་པ་འདྲ། གོང་གི་དྲི་བར་ལན་གང་མྱུར་ཡོང་བར་མཁྱེན།
གནའ་བོའི་ལྷ་སའི་དམངས་གཞས། ཀ་ཤོད་ཌ་རུ་ངོ་གཉིས། །ཕུ་དཀྲུག་བྱས་སོང་། །སྟ་ཆེན་ངར་མ་བྱུང་བ། །ར་ཕོའི་གདོང་ལ་ཐེབས་ཤག ། རྩེད་མཚར་རོ། །
ལྷ་སའི་དམངས་གཞས། ཀ་ཤོད་ཌ་རུ་ངོ་གཉིས། །ཕུ་དཀྲུག་མདའ་དཀྲུགས་བྱས་སོང་། །སྟ་ཆེན་ངར་མ་བྱུང་བ། །རྭ་ཕོའི་གདོང་ལ་ཐེབས་ཤག ། འདི་ནི་གནའ་སྔ་བོའི་ཀ་ཤོད་པ་ཟེར་མཁན་ཞིག་ལ་བཤད་པ་འདྲ། གོང་གི་ཀ་ཤོད་ཅེས་པའི་མིང་དེ་མཐོང་ནས་དྲན་བྱུང་། ལྷ་སྲས་ཁོང་ལ་འབྲེལ་བ་ག་ལ་ཡོད། གང་དྲན་དཔྱད་པ་མ་བྱས་པར་ཁ་སྐྱགས་ལང་དུ་ཤོར་ནས་བྲིས་པས་དགོངས་འགལ་མེད་པར་འཚལ། །
ད་ཀ་ཤོད་ཚང་ལ་དགེ་ཆོས་ཀྱི་སྐོར་ནས་གསལ་བཤད་གནང་རྒྱུ་མེད་པར་མཐོང་། གལ་སྲིད་དགེ་ཆོས་ཀྱི་སྐོར་ལ་འདྲ་ཆགས་པོ་བཤད་རྒྱུ་ཡོད་དུ་ཆུགས། ཡིན་ནའང་ལུང་ཤར་བའི་སྐོར་ལ་གསལ་བཤད་ཅི་ཡོད། ཀ་ཤོད་པ་ཟེར་བ་དེས་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་བདེན་པའི་དཔའ་བོ་གཉིས་འཕྲོ་ལྷག་ཏུ་བཏང་ཡོད་པ་ནི་དགེ་ཆོས་དང་ལུང་ཤར་བ་གཉིས་ཡིན། ཁོང་གཉིས་ལ་མ་རུང་བའི་རུ་བཙུགས་པ་ནི་ཉེ་རབས་ཀྱི་ལོ་རྒྱུས་དང་དཔྱད་གཞི་དག་ན་གསལ་བོ་ཡིན།
ལྷག་བསམ་རྒྱ་མཚོ་ལགས། འབྲེལ་ཐག་འདི་ནས་གསན་རོགས་ཞེས་གོང་དུ་བཀོད་ཡོད་པ་དེའི་འབྲེལ་སྣེ་ཨང་གྲངས་ tib-2010-0219-0600 འདིའི་ཐོག་ལ་བསྣུན་ན་ཉན་ཐུབ་ཀྱི་འདུག
ཁ་བརྡ་དྲ་དེབ་བརྒྱུད་ནས་བསྟན་ནོར་ལགས་སུ་འདྲི་རྒྱུ་ལ།
༡ དགེ་འདུན་ཆོས་འཕེལ་གྱིས་ རོལ་རིག་དང་ལྷན་དུ་ནང་ཆོས་དང་སྨན་གཞུང་བསྒྱུར་བའི་ཁུངས་དེ་གསུངས་རོགས།
༢ དགེ་འདུན་ཆོས་འཕེལ་དབྱིན་ཇིའི་སྐད་ཡག་པོ་ཡོད་རེད་གསུངས་སོང་། དགེ་འདུན་ཆོས་འཕེལ་གྱིས་ ངས་དབྱིན་ཇིའི་སྙན་ངག་ཡག་པོ་འབྲི་ཐུབ་གི་མི་འདུག་ཅེས་གསུངས་འདུག ཁྱེད་ཀྱི་ཁུངས་དེ་གསུངས་རོགས།
དེ་ནས་གསལ་བཤད་ཅིག་ཞུ་རྒྱུ་ལ། བོད་ཀྱི་གསར་འགོད་པ་ཚོས་དྲི་བ་ཐུང་ཐུང་གཏོང་མི་ཤེས་པ་འདི་གང་ཡིན་ནམ། གཅིག་བྱས་ན། འདི་ང་ཚོའི་གཤིས་ཀ་ཞིག་ཡིན་པ་འདྲ། དྲི་བ་དང་ལྷན་དུ་ལོ་རྒྱུས་རིང་པོ་གསུངས་གི་འདུག འདི་ཡག་པོ་ཁྱོན་ནས་མི་འདུག དྲི་བ་མདོར་བསྡུས་རེ་གནང་ན་ གསུང་མཁན་དེ་ཚོས་ལན་གནང་རྒྱུའི་གོ་སྐབས་ཡོད་པ་རེད་བསམས་ཀྱི་འདུག དེ་ནས་ གསུངས་མཁན་གྱི་ཐོག་ནས་གང་གསུངས་གསུངས་ལྟ་བུ་མ་ཡིན་པར་དྲི་བ་དང་ལན་ལ་སྟངས་འཛིན་གནང་ན་ལེགས་པ་མཐོང་བྱུང་། དེ་ནས་ “ལའོ་ལེགས་སོ་” ཞེས་དྲི་བ་ཚབ་ཏུ་གསུངས་སོང་། དེ་ཡང་ཁྱད་མཚར་ཞིག་མཐོང་བྱུང་།
གཞན་སྙན་པོ་བྱུང་། དགེ་འདུན་ཆོས་འཕེལ་རྒྱ་གར་ནས་བོད་དུ་ཕེབས་ཤོག་ཅེས་ཀ་ཤོད་པས་གདན་འདྲེན་ཞུས་རབས་འདྲ་ཞིག་གསུངས་སོང་། འདི་ང་ལ་སྐད་ཆ་གསར་པ་འདྲ་ཞིག་ཡིན་དྲན་གི དེ་ནས་དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་མཐའ་མའི་པར་ཡོད་གསུངས་པ་དེ་ཡང་མཐོང་མྱོང་བ་ཞིག་མི་དྲན། བཙོན་ཁང་ནས་གློད་གྲོལ་བཏང་མ་ཐག་ཀ་ཤོད་པའི་ཤག་ཏུ་ཕེབས་སྐབས་ཀ་ཤོད་པས་དགེ་འདུན་ཆོས་འཕེལ་ལ་བཤགས་པའི་ཕྱག་ཕུལ་བ་རེད་གསུངས་པ་དེ་ཡང་གཞན་ན་འཁོད་ཡོད་མེད་མ་དྲན། དེ་ནས། དགོངས་པ་མ་རྫོགས་གོང་གི་ཉིན་སྔོན་མ་དེ་ལ་དགེ་འདུན་ཆོས་འཕེལ་གྱིས། གོང་གི་པར་དེ་རྒྱག་གྲབས་ཀྱི་སྐབས་ཞབས་སྟེགས་སྟེང་བཞུགས་ཏེ། དབྱིན་སྐད་དུ་ “Now I want to see what the dead is like.” ཞེས་གསུངས་ལུགས་ཀྱང་གསུངས་སོང་། གང་ལྟར་སྙན་པོ་བྱུང་།
ངས་གོང་གི་དྲ་ཐག་དེའི་སྒོ་ཕྱེ་སྐབས་གསར་འགྱུར་མང་པོ་ཞིག་བཤད་ཀྱིན་འདུག དེ་ནས་རྒྱུགས་རྟགས་དེ་ཅུང་མར་འཐེན་ནས་གསར་འགྱུར་རྫོགས་མཚམས་ལ་སླེབས་སྐབས་ཁང་རོགས་ཀྱིས་སྒོ་བརྡུང་ནས་བར་ཆད་ཅུང་བཟོས་སོང་། དེ་ནས་ནང་ལ་ཡོང་དུས་མི་ཞིག་གིས་ཅིག་བཤད་ཀྱིན་འདུག ངས་ཧ་གོ་མ་སོང་། མི་ཞིག་གིས་བཀའ་སློབ་བམ་གཏམ་བཤད་བྱེད་ཀྱི་ཡོད་པ་འདྲ། སྐར་མ་གསུམ་བཞི་ལ་ཉན་དུས་གཞི་ནས་དྲི་བ་འདོན་མཁན་དེའི་དྲི་བ་མ་བཏོན་གོང་ལ་ལོ་རྒྱུས་ཀྱི་ཁ་བརྡ་རིང་པོ་ཞིག་བྱེད་ཀྱི་ཡོད་པ་ཤེས་སོང་། དངོས་གནས་ཡིན། ང་ཚོའི་གསར་འགྱུར་ཀྱི་ལས་ཀ་བྱེད་མཁན་ཚོའི་ནང་ལ་དྲི་བ་འདོན་ཤེས་མཁན་རེ་ཟུང་ལས་ཡོད་པ་མ་རེད། ཕར་བལྟས་ན་དྲི་བ་མ་བཏོན་གོང་ལ་ཆབ་སྲིད་སོགས་ལ་མཁས་མདོག་དང་ལོ་རྒྱུས་མང་པོ་ཤེས་མདོག་གིས་སྐད་ཆ་ཉག་ཉོག་ལུང་པ་གང་བགྲངས་དགོས་པ་རེད།
ཀ་ཤོད་བུ་འཇམ་དབྱངས་ཆོས་རྒྱལ།
ཕ་ཤི་ན་ཡང་བུས་གཏམ་ངོ་ཤེས།
ཁྲི་བྱང་ཕ་བོང་ཁ་བའི་བྱ་རྗེས་རོ་ལང་བཞག
ཀ་ཤོད་སྲས་ཀྱིས་དགེ་ཆོས་སྐོར་ཕྱེ་ཐུབ་མ་སོང་། དགེ་རབ་ལགས་ཀྱིས་དྲི་བ་འདོན་སྟངས་ལ་བལྟས་ན་གསར་པ་མང་པོ་ཅིག་ཡོད་པ་འདྲ། གོང་གི་དྲི་བར་ལན་གང་མྱུར་ཡོང་བར་མཁྱེན།
དགེ་ཆོས་ཀྱི་སྐོར་གཏམ་གསར་པ་མང་པོ་ཞིག་གོ་བྱུང་ཐུགས་རྗེ་ཆེ།
དེ་རེད་ད་ལེན་མགྱོགས་པ་མཁྱེན་་་་་
གནའ་བོའི་ལྷ་སའི་དམངས་གཞས། ཀ་ཤོད་ཌ་རུ་ངོ་གཉིས། །ཕུ་དཀྲུག་བྱས་སོང་། །སྟ་ཆེན་ངར་མ་བྱུང་བ། །ར་ཕོའི་གདོང་ལ་ཐེབས་ཤག ། རྩེད་མཚར་རོ། །
ལྷ་སའི་དམངས་གཞས། ཀ་ཤོད་ཌ་རུ་ངོ་གཉིས། །ཕུ་དཀྲུག་མདའ་དཀྲུགས་བྱས་སོང་། །སྟ་ཆེན་ངར་མ་བྱུང་བ། །རྭ་ཕོའི་གདོང་ལ་ཐེབས་ཤག ། འདི་ནི་གནའ་སྔ་བོའི་ཀ་ཤོད་པ་ཟེར་མཁན་ཞིག་ལ་བཤད་པ་འདྲ། གོང་གི་ཀ་ཤོད་ཅེས་པའི་མིང་དེ་མཐོང་ནས་དྲན་བྱུང་། ལྷ་སྲས་ཁོང་ལ་འབྲེལ་བ་ག་ལ་ཡོད། གང་དྲན་དཔྱད་པ་མ་བྱས་པར་ཁ་སྐྱགས་ལང་དུ་ཤོར་ནས་བྲིས་པས་དགོངས་འགལ་མེད་པར་འཚལ། །
ད་ཀ་ཤོད་ཚང་ལ་དགེ་ཆོས་ཀྱི་སྐོར་ནས་གསལ་བཤད་གནང་རྒྱུ་མེད་པར་མཐོང་།
གལ་སྲིད་དགེ་ཆོས་ཀྱི་སྐོར་ལ་འདྲ་ཆགས་པོ་བཤད་རྒྱུ་ཡོད་དུ་ཆུགས། ཡིན་ནའང་ལུང་ཤར་བའི་སྐོར་ལ་གསལ་བཤད་ཅི་ཡོད། ཀ་ཤོད་པ་ཟེར་བ་དེས་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་བདེན་པའི་དཔའ་བོ་གཉིས་འཕྲོ་ལྷག་ཏུ་བཏང་ཡོད་པ་ནི་དགེ་ཆོས་དང་ལུང་ཤར་བ་གཉིས་ཡིན། ཁོང་གཉིས་ལ་མ་རུང་བའི་རུ་བཙུགས་པ་ནི་ཉེ་རབས་ཀྱི་ལོ་རྒྱུས་དང་དཔྱད་གཞི་དག་ན་གསལ་བོ་ཡིན།
ཀ་ཤོད་ལྷ་སྲས་གསུང་དེ་ཉན་ཐུབ་གི་མི་འདུག ག་འདྲ་བརྒྱུད་དགོས་པ་ཡིན་ནམ།
རྒན་རབ་གསལ་གྱིས་གསུངས་པ་ལྟར་འདྲི་བ་ཤིན་དུ་རིང་བས། དུས་ཚོད་ཚང་མ་དེའི་ཐོག་ལ་འགྲོ་བཞིན་འདུག
ལྷག་བསམ་རྒྱ་མཚོ་ལགས།
འབྲེལ་ཐག་འདི་ནས་གསན་རོགས་ཞེས་གོང་དུ་བཀོད་ཡོད་པ་དེའི་འབྲེལ་སྣེ་ཨང་གྲངས་ tib-2010-0219-0600 འདིའི་ཐོག་ལ་བསྣུན་ན་ཉན་ཐུབ་ཀྱི་འདུག