༼བཅར་འདྲི་འདི་ནི་་ དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གློག་བརྙན་བཟོ་མཁན་སྐུ་ཞབས་ལཱུག་(Luc Schaedler)ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་རེད། ཁོང་གི་གློག་བརྙན་གྱི་སྐོར་འདི་ན་གསལ།༽
༡ ཨ་ལགས་ཙ་ཡུས་མཆོག་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི་ཞུས་པ།
AlakTsayulTib
༢ དགུ་རོང་རྒྱལ་སྲས་མཆོག་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་པ།
GurungGyalsayTib
༣ ཨ་ལགས་ཁྱུང་སྲས་༼མཚན་འདི་ཡིག་སྣོད་ཀྱི་མིང་ནས་བཏགས་པ་ཡིན༽ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་པ།
AlakChongsayTib
༤ ཧོར་ཁང་སྲས་བྱམས་པ་བསྟན་དར་ལགས་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་པ།
HorkhangTib
༥ བློ་བཟང་བསམ་གཏན་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་པ།
LobsangSamtenTib
༦ ཐུབ་བསྟན་དབང་པོ་ལགས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་པ།
ThuptenWangpoTib
༧ གཡང་དྲུང་རྒྱལ་ལགས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་པ།
YudrungGyaTib
༨ གླིང་རྒྱའི་བླ་མ་ཚེ་རིང་ལགས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་བཅར་འདྲི་ཞུས་པ།
AkhuLamaTseringTib
༩ ཨ་ལགས་ཡོངས་འཛིན་ཚང་ལ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི་ཞུས་པ།
AlakYontsinTib
༡༠ ཚེ་བརྟན་གཡུ་སྒྲོན་ལགས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི་ཞུས་པ།
TsetenYudronTib
༡༡ འཇུ་སྐལ་བཟང་ལགས་སུ་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་བཅར་འདྲི་ཞུས་པ།
JuKesangTib
མཆན། དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་གློག་བརྙན་བཟོ་གནང་མཁན་སྐུ་ཞབས་ལཱུག་(Luc Schaedler)ལགས་ཀྱིས་བཅར་འདྲི་འདི་དག་ཁ་བརྡ་བརྒྱུད་སྤེལ་རྒྱུའི་ཆོག་མཆན་གནང་བ་ལ། གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་ཆེ་ཞུ།
དགེ་འདུན་རབ་གསལ་ལ་ཐུགས་རྗེ་ཆེ་ཞུ། བཅཪ་འདྲི་དེ་དག་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་རེད། བཅར་འདྲི་ཞུ་ཡུལ་གྱི་མི་སྣ་རྣམས་ནི་ས་ཕྱོགས་ངེས་མེད་ནས་རེད་འདུག་པས་དེ་བས་ཀྱང་གལ་འགངས་ཆེན་པོར་གྱུར་འདུག བཅར་འདྲི་དེ་དག་ཞུས་གྲུབ་ནས་ལོ་ཤས་འདས་ཚར་ན་ཡང་། ད་རེབ་བཅར་འདྲི་དེ་དག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བར་ཁ་བརྡ་དྲ་རྒྱ་བརྒྱུད་ནས་ཆོག་མཆན་གནང་འདུག་པར། བཅར་འདྲི་ཞུ་མཁན་སྐུ་ཞབས་ཁོང་ལ་ཡང་ཐུགས་རྗེ་ཆེ་ཞུས་པ་ཡིན།
དགེ་ཆོས་སྐོར་རིམ་སྤེལ་གནང་བར་བཀའ་དྲིན་ཆེ་ཞུ། ཁོང་གི་སྐོར་གྱི་གློག་བརྙན་དེར་ཐེངས་གཉིས་གསུམ་ཙམ་བལྟས་པ་ཡིན། ཁ་སྔོན་བཅར་འདྲི་ཁག་དྲ་ངོས་འཇོག་འགོ་བཙུགས་པས་མདང་དགོང་ཡང་གློག་བརྙན་དེར་ཚར་གཅིག་བལྟས་པ་ཡིན། བཅར་འདྲི་མང་པོ་བྱས་པའང་ཧ་ཅང་ཡག་པོ་འདུག འོན་ཀྱང་འགའ་ཤས་ཀྱི་དྲིས་ལན་ནི་ས་བཅད་མ་སྟོང་ཙམ་རེད་མོད། སྤྱིའི་ཆ་ནས་རྒྱུ་ཆ་མང་ཐག་ཆོད་འདུག་པས་བསྔགས་པར་འོས།
ད་དུང་དྲ་གྲོགས་རྙིང་པ་མགོན་ཕྱག་ལགས་ཀྱིས་ཕ་རྒན་ལ་ཁ་པར་བཏང་སྟེ་ཚིགས་བཅད་མ་མཐོང་བ་མང་པོ་ཁ་སྣོན་བྱས་པ་ནི་དེ་བས་ཀྱང་བསྔགས་པར་འོས། དམིགས་ཀྱིས་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
ད་ཐེངས་དགེ་ཆོས་སྐོར་གྱི་བཅར་འདྲི་མང་པོ་ཡིག་ཐོག་ནས་དྲ་བར་བཀོད་པ་འདི་ནི་རང་ག་བའི་ཤེས་ལྡན་པ་ཞིག་གིས་བསྒྲུབས་མོ་ཕོད། རྒྱུ་མཚན་ནི་ང་ཚོའི་རྩོམ་པ་པོ་དང་ཞིབ་འཇུག་པར་རློམ་པ་མང་པོ་ཞིག་གིས་རང་གིས་མི་འཇོན་ཁར་རྒྱུ་ཆ་ཚང་མ་གསང་ཉར་བྱས་སྡོད་ཀི་རེད།
འདིའི་ཐད་ནས་བཀུར་འོས་དགེ་རབ་ལགས་ལའང་བཀའ་དྲིན་ཆེ་ཆེ་ཟེར་འདོད་བྱུང་།
བྱ་བ་འདི་དངོས་གནས་དགའ་འོས་པ་ཞིག་རེད། དགེ་ཆོས་ནི་ང་ཚོ་ཁ་བ་ཅན་གྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་སུ་མི་སྣ་གལ་ཆེན་ཞིག་ཆགས་ཡོད། ཁོང་གི་འགྲན་ཟླ་མེད་པའི་རྣམ་དཔྱོད་དང་། ཞུམ་པ་མེད་པའི་སྙིང་སྟོབས། མི་རིགས་ལ་བཅང་བའི་དགའ་ཞེན་སོགས་ནི་ངོ་མ་ང་ཚོ་ཕྱི་རབས་པའི་མིག་དཔེར་ཡག་ཤོས་ཤིག་རེད། བྱ་བ་འདིས་ཁོང་ལ་བཀའ་དྲིན་རྗེས་དྲན་ཞིག་ཏུ་འགྱུར་བ་སྨོས་མ་དགོས། ད་དུང་ཁོང་ལྟ་བུའི་མི་ང་ཚོ་བོད་ལ་མང་པོ་མི་འདུག དེས་ན་ང་ཚོས་ཁོང་ལ་བཀལ་བའི་ཉེས་ཆད་དང་ནོར་འཁྲུལ་ལ་གནོང་འགྱོད་དང་། མཐོལ་བཤགས་ཆེད་ང་ཚོའི་རླབས་ཆེན་གྱི་མི་སྣ་གཞན་དག་ལ་གུས་བཀུར་འོས།
འདི་འདྲའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་དག་སེར་སྣ་མེད་པར་དྲ་ཐོག་ཏུ་བརྒྱུད་འགོད་གནང་བར་ཐུགས་རྗེ་ཆེ་ཞུ།
བོད་མི་གཅིག་གང་དུ་སོང་ཡང་སྟག་ཡིན། རྒྱ་མི་གཅིག་གང་དུ་སོང་ཡང་ཁྱི་ཡིན། བོད་མི་མང་བོ་འདུས་ཚེ་ཁྱི་རུ་འགྱུར་འགྲོ རྒྱ་མི་མང་བོ་འདུས་དེ་འོང་དུས་སྟག་ལ་འགྱུར་འགྲོ་བ་ཡིན།
དྲ་ཐོག་གི་སྤུན་ཟླ་ཚོ། ཁྱེད་ཅག་གིས་སྐད་ཆ་འདི་འདྲ་ཞིག་སྔོན་ཆད་གོ་མྱོང་ཡོད་དམ། ང་ཚོས་འདི་ལ་བསམ་གཞིགས་ནན་གྱིས་བྱེད་དགོས་པའི་དུས་ཚོད་མ་རེད་དམ།
དགེ་ཆོས་ལགས་ནི་ང་ཚོའི་ཉེ་རབས་ལོརྒྱུས་ཁྲོད་ཀྱི་དཔེ་མཚོན་མཁས་དབང་ཞིག་ཆགས་ཡོད་སྟབས། འདི་ལ་ཉམས་ཞིབ་བྱ་རྒྱུ་དེ་དགོས་ངེས་ཤིག་ཅི་ལ་མིན་ཏེ་ཡིན། འོན་ཀྱང་བོད་པའི་ཉམས་ཞིབ་པ་ཞིག་གིས་ཉམས་ཞིབ་གྱི་དཔྱོད་ཤེས་འདི་ལྟར་བརྒྱུད་ནས་མ་ཐོན་པ་ནི་བློ་ཕམ་དགོས་པ་ཞིག་རེད། སྤྱིར་ང་ཚོའི་སྤྱི་ཚོགས་ནང་དགེ་ཆོས་ཉམས་ཞིབ་ལ་དགའ་མཁན་མང་ཙམ་ཡོད་པ་མ་ཡིན་ནམ།
ཐུགས་རྗེ་ཆེ། དགེ་འདུན་རབ་གསལ།
འཇུ་སྐལ་བཟང་དང་འཇིགས་མེད་ཐེག་མཆོག་གཉིས་མ་གཏོགས་གོང་གསལ་རེ་རེ་བཞིན་དགེ་ཆོས་སྐོར་སྐད་ཆ་གསར་པ་བཤད་རྒྱུ་འདུག
དགེ་ཆོས་ལགས་ནི། དེང་དུས་མཁས་པའི་འགོ་འདྲེན་ཕ་རྒན་གྱི་མཚན་གནས་ཐོབ་འོས་པའི་མི་སྣ་ཞིག་ལ་ངོས་འཛིན་བྱ་དགོས་མི་འདུག་གམ། ཁོང་གི་གསུང་ཚད་མ་རྣམས་སྲིད་མཐར་གནས་འགྱུར་ཅིག
ཐུགས་རྗེ་ཆེ། སྐུ་ཞབས་ LUC ལགས།
ཁྱེད་ཀྱིས་སྐུ་ལས་ཞེ་དྲག་སྐྱོན ཤག ཁྱོད་མིན་རྒྱུ་ན་དངོས་ཡོད་ཀྱི་ངག་རྒྱན་གསོན་པོ་དེ་འདྲ་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུ་བའི་འགན་ཁྲག་ཏུ་བླངས་བ་ནི་དངོས་ནས་སྐམ་སའི་ཉ་མོ་ཆུ་དང་འཕྲད་པ་དང་ཅིས་མི་མཚུངས་། དེས་ན་ཁ་སྐམ་པོའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཙམ་མ་ཡིན་པར་སེམས་ཁོངས་ནས་གུས་འདུད་ཞུ་འོས་པ་རང་རེད།
དེ་མཚུངས་རབ་གསལ་ལགས་སུའང་འདིར་བཀོད་པ་ཧ་ཅང་ལེགས་ཞེས་ཞུ་དགོས་པ་རེད། ཀློག་མཁན་མི་ཉུང་བ་ཞིག་གི་སེམས་ལ་ཏན་ཏན་དགའ་ཚོར་རྒྱས་ཡོད་པ་རེད། བཅར་འདྲི་ཁག་ཚང་མ་འདིར་བཀོད་པའི་དབང་གིས་དཀའ་ལས་རྒྱག་མ་དགོས་པར་དེ་སྔོན་སེམས་ནང་གི་དོགས་སློང་ཚང་མ་རྐུབ་སྟེགས་བདེ་བོ་གཅིག་གི་ཐོག་ནས་ཉིན་མ་གཅིག་ལ་ཀློག་རྒྱུ་བྱུང་བ་རེད། ཀློག་མཁན་ཡོད་ཚད་གི་སེམས་ནང་འདོད་པ་ཁེངས་ནས་ཧ་ཅང་ཧྲ་གི་བསམས་གི་ཡོད་པ་རེད།
དགེ་ཆོས་སྐོར་གྱི་གནས་ཚུལ་དྲི་ལན་དྲ་ཐོག་ཏུ་བཀོད་པ་ལེགས། སྐད་ཆ་གསར་པ་མང་པོ་འདུག ལྷག་པར་དགེ་ཆོས་ཀྱི་གསང་ཡུམ་ཚེ་བརྟན་གཡུ་སྒྲོན་གྱི་སྐད་ཆ་ཁ་ཐུག་བཤད་ཡོང་གི་འདུག ང་ཚོ་དགེ་ཆོས་ཀྱི་སྐོར་ལ་ལྐོག་གྱུར་དང་དོགས་པ་ཞིག་ཡོད་པ་ནི། མཁས་དབང་དགེ་ཆོས་ལགས་ཅིའི་ཕྱིར་བཙོན་དུ་ཚུད་མིན་དེ་རེད། ད་རེས་དྲི་བ་འདྲི་མཁན་གྱིས་ཀྱང་དེའི་སྐོར་ནས་རེ་རེ་བཞིན་དྲི་གིན་འདུག་ཀྱང་སུས་ཀྱང་གསལ་པོ་བཤད་མ་ཐུབ་པ་འདྲ། གཡུ་སྒྲོན་གྱིས། བལ་ཡུལ་གྱི་ལྷ་སྡོད་ཚོང་པ་ཞྭ་མོ་དཀར་པོ་ཟེར་བའི་ཚོང་ཁང་ནས་དངུལ་ཞིག་ལེན་བཞིན་པའི་གནས་ཚུལ་གསར་པ་ཞིག་གསང་ཡུམ་ལགས་ཀྱིས་བཤད་ཀྱིན་འདུག དགེ་ཆོས་བཙོན་ལ་བཟུང་བའི་རྒྱུ་རྐྱེན་ཀྱང་དངུལ་དེ་ལ་ཐུག་འགྲོ་གི་མི་འདུག་གམ། འོ་ན་དངུལ་དེ་སུས་གཏོང་ཡོང་བ་རེད། ཅིའི་ཕྱིར། དམིགས་ཡུལ། དེའི་སྐོར་ལ་ཡང་སྐྱར་མགོ་འཐོམ་སོང་།