ཀླུ་སྨྱོན།
ཚང་མས་མཁྱེན་གསལ་ལྟར་མཁས་དབང་དགེ་འདུན་ཆོས་འཕེལ་ནི་མི་ཚེ་གང་བོར་རྒྱལ་ཁམས་པ་སྤྲང་པོ་ཞིག་ཏུ་བཞུགས་པ་རེད། དེ་ནི་ཁོང་དཔལ་འབྱོར་འཚོལ་སྒྲུབ་ལ་མགོ་རྨོངས་ནས་སྤྲང་པོར་ལུས་པ་ཞིག་ཕལ་ཆེར་རེད་མི་འདུག ཁོང་དང་ཁོང་གི་རིགས་སུ་གཏོགས་པའི་བོད་ཀྱི་མཁས་པ་མང་ཆེ་བའི་སྐུ་ཚེའི་ལོ་རྒྱུས་བསྔོགས་ན་སྤྲང་པོའི་རྐང་ལམ་ཕྲ་མོ་རེ་རེ་རྙེད་ཡོང་། འོན་ཀྱང་། དགེ་འདུན་ཆོས་འཕེལ་གྱིས་ཁོང་གི་གྲོགས་པོ་ཨ་མདོ་སྣང་ར་དགེ་འདུན་བཟོད་པར་ཕྱུག་འགྱུར་གྱི་མན་ངག་ཅིག་གསུངས་འདུག་ཅིང་། སྣང་ར་དགེ་འདུན་བཟོད་པས་མན་ངག་དེ་ལག་ལེན་དུ་བསྟར་ཡོད་མིན་མི་ཤེས་ཀྱང་། ངས་ནི་དགེ་ཆོས་ཀྱི་ཕྱུག་འགྱུར་མན་ངག་དེ་ལག་ལེན་དུ་བསྟར་པས། ང་ནི་གྲོགས་པོ་ཚོའི་ཁྲོད་དུ་ཅུང་ཕྱུག་པོ་ཞིག་ཆགས་སོང་། མན་ངག་དེ་ནི་འདི་ལྟ་སྟེ། “སྒོར་མོ་ལྔ་ལོར་ཅན་དེ་ཚོ་དགོས་པ་ཁྱད་པར་ཅན་མེད་ན་ལྔ་ལོར་རང་དུ་ཉར་ཚགས་བྱེད་དགོས། ལྔ་ལོར་ལ་མཐོང་ཆུང་བྱས་ནས་ཅ་ལག་ཙག་ཙིག་ཉོས་ནས་སིལ་མར་བསྒྱུར་ན། རྗེས་སུ་བཅུ་ལོར་ལ་ཡང་མཐོང་ཆུང་བྱེད་ཡོང་། དེ་ནས་ཉི་ཤུ་ལོར་ཡང་མཐོང་ཆུང་གིས་སིལ་མ་བཟོ་ཡོང་། དེ་ལྟར་བྱས་ན་ནམ་ཡང་དངུལ་གསོག་མི་ཐུབ།”*
*དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མའི་ཤོག་ངོས་༢༠༩།
ཕྱུག་གྱུར་གྱི་མན་ངག་རེད་མི་འདུག ཡི་དྭགས་སུ་འགྱུར་བའི་མན་ངག་རེད་འདུག་ག ད་བྱེད་དུས་སྐུ་ཞབས་ཀླུ་སྨྱོན་གྱི་རྩོམ་ཡིག་ཇེ་ཐུང་ཇེ་ཐུང་དུ་གྱུར་པ་དེ་ཡི་དྭགས་ཀྱི་མན་ངག་དེས་ལན་པ་འདྲ། ཧཧཧ
ཀླུ་སྨྱོན་གྱིས་གསུངས་པ་ཤིན་ཏུ་བདེན་པ་རེད། ངའི་གྲོང་ཁྱེར་འདིའི་ནང་དུ་རྒྱ་མི་མང་བོ་ཡོད། ཁོང་ཚོའི་ཚོང་ཁང་གང་དུ་སོང་ཡང་སྐར་མ་གཅིག་ཀྱང་སྣང་མེད་དུ་མི་གཏོང་། ཚོང་ཁང་དེ་དག་ཏུ་སྔོ་ཚོད་དང་ཤིང་ཏོག་ཉོ་དུས་གལ་ཏེ་ཨ་སྒོར་གསུམ་དང་སྐར་ཆ་གཅིག་ཡིན་ན། ཨ་སྒོར་བཞི་ངེས་པར་དུ་སྟེར་དགོས། ཚུར་སྐར་མ་གོ་དགུ་སྤྲད་རྒྱུ་ཐང་མི་ཆད། དེ་ནི་ཁོང་ཚོས་སྐར་ཆ་གཅིག་ཀྱང་སྣང་མེད་དུ་མི་གཏོང་བའི་གཤིས་ཀ་གཅིག་ཀྱང་ཡིན། དེས་ཁོང་ཚོའི་ཕྱུག་པོ་ཆག་པ་རེད།།
བླ་མ་ཀླུ་སྨྱོན་གྱིས་ཕན་སེམས་ཀྱིས་བྲིས་པ་ཞིག་ཡིན་འདུག ད་དུང་སྣོན་ཀ་བོད་རིགས་དག་གིས་བྱ་འོས་པ་ཞིག་ནི། བོད་རིག་གཞུང་མིང་ཚིག་གི་དག་ཆ་ཀུན་ང་བཞིན་སྲུང་སྐོབ་བྱེད་ཐུབ་ན། ང་བཞིན་རང་གཞན་ལ་ཕན་འདོགས་བྱེད་ཐུབ་མཁན་ཞིག་ཏུ་འགྱུར་བ་གདོན་མི་ཟ། ཀླུ་སྨྱོན་གྱི་དག་ཆ་འགའ་ཞིག་ཁ་སྐད་དབང་གིས་འཆལ་ཆོལ་ཏུ་གྱུར་པ་དག་ལ་དོ་སྣང་མཛད་དེ། བོད་རིག་གཞུང་སྐད་དང་མཐུན་པར་གང་བོར་ལ་གང་པོར་དང་། ཅ་ལག་ལ་སྤྱད་ལག། ཡོང་ལ་འོང་དང་། ཉར་ཚགསལ་གཉེར་ཚགས་སོགས་བྱེད་ཐུབ་ན། །འབྱུང་གྱུར་ཙམ་གྱིས་ཕྱུག་པོར་མ་ཟད་བོད་ཀྱི་རིག་གཞུང་སྐད་ལ་ཡང་ཕྱུག་པོར་ཆགས་པ་འདོན་མི་ཟའོ།
ཨ་རིའི་ཚོང་ཁང་རྣམས་སུ་ཉོ་ཚོང་བྱེད་པ་ན། སྐར་ཆ་གོ་དགུ་རིན་འབབས་ཀྱི་དངོས་པ་ཞིག་ཉོ་ན། ཚོང་བདག་གིས་སྐར་ཆ་གཅིག་ཟློག་པ་ལ་བཏང་སྙོམས་སུ་མི་མི་གཞག་པ་དེ། ཕྱུག་པོ་ཡིན་པའི་རྟགས་སོ།
ཧ་ཧ་ཧ་
གང་བ་བཟང་བོའི་ཡིག་ནོར་ལ་ལྟོས་དང་།
གཞན་ལ་བཤད་པའི་ལྕེ་འདུག་གམ
གྲྭ་གྲོགས་ཚོ།
སྐུ་ཞབས་ཀླུ་སྨྱོན་ལ་ཆུ་ཚོད་འགྲོ་གི་་མེད་པ་འདྲ།ཧཧཧ
བླུན་ཚང་བླུན་སྨྱོན་སྨྱོ་གི་འདུག
དང་པོ་དགེ་ལུགས་བརྟེན་ནས་ཚད་ཉིད་སྦྱང་།
བར་དུ་རྙིང་མ་ལ་བརྟེན་ནས་བླ་མ་བཟོས།
མཐའ་མ་ཨ་རི་སོང་ནས་སྨྱོ་གཏམ་བཤད།
དེ་ལ་དངུལ་བསགས་ཞིག་རེད་པ
འདི་ངོ་མ་ཉམས་སུ་ལེན་ཤེས་ན་མན་ངག་རེད། ཁྱེད་པར་དུ་ཆོས་དང་རིགས་གཞུང་ལ་སྦྱར་ཤེས་ན་མཆོག་གྱུར་མན་ངག་ཞིག་རེད། ས་སྐྱའི་པཎ་ྜིཏ་ཀུན་དགའ་རྒྱལ་མཚན་གྱིས། རང་ལ་དགོས་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་བཟུང་། ། གང་ཞིག་ཉིན་བརྒྱ་སོང་བས་ན། །ཚིག་བརྒྱ་མ་ལུས་ཁོང་དུ་ཆུད། །ཅེས་གསུངས་པ་དང་དོན་གཅིག་པ་འདྲ་པོ་འདུག །
དཔལ་འབྱོར་སྒྲུབ་སྟངས་མ་ཤེས་པར་བསགས་པ་རྐྱང་བས་ཕྱུག་པོར་ཆགས་ན་བྲེ་གསོག་ཕུལ་གསོག་ལ་གོམས་པའི་རྒྱ་གར་གྲོང་གསེབ་པ་མང་ཆེ་བ་སྔ་ས་ནས་འབར་ཚར་ཡོད་ཀྱི་རེད།
རྩོམ་པ་པོ་ལ་གུས་པས་དག་སྣང་དང་།། བརྩམ་བྱའི་གཞུང་ལ་བསགས་བཅད་བརྡར་གསུམ་གྱིས།།
འདི་མཁས་པ་སྔོན་མ་དག་གིས་ཉམས་ལེན་ནམ་ལག་ལེན་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པ་འདྲ།
མཆན་འདེབས་མཁན་ཚང་མ་གྲ་བ་དང་གྲ་ལོག་སྨྱོན་པ་དག་དག་རེད།ཕྱུགས་པོ་ཆགས་དགོས་ན་མན་ངག་ཅི་ཞིག་དགོ་གི་རེད་།ཕྱུགས་ཆགས་ཡ་ལ་སློབ་སྦྱོང་ཡོད་མེད་གྱི་དབྱེ་བ་གཅིག་གྱང་ཡོད་མ་རེད་།ཁ་ཤས་ཞིག་གོ་སྐབས་ཀྱི་ཕྱུགས་པོ་ཆགས།དཔེར་ན་བླ་རྫུན་གྲ་རྫུན་གྱིས་ཆོས་ཙོང་ནས་ཕྱུགས་པོ་ཆགས་པ། ཡང་བཙོང་སྟངས་མ་ཤེས་ན་ཕམ་ཁ་ཉོ་མཁན་ཡང་ཡོད། གཞུང་ཞབས་ཀྱི་ནང་ན་མི་རིགས་ཀྱི་མིང་འཁུར་ནས་ཕྱུགས་པོ་ཆགས་པ་མང་པོ་ཡོད། རང་རང་ལ་ཟ་སྐལ་ཡོད་ན་ཕྱུགས་པོ་ཆགས་ན་མན་ངག་མི་དགོས་།
དགེ་འདུན་རྒྱ་མཚོ། ཁྱོད་ཀྱིས་བོད་སྤྱི་སྐད་དང། བོད་རིགས་རྣམས་སྐད་ཡིག་གིས་སྒོ་ནས་གཅིག་སྒྲིལ་དགོས་ན། མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྗེས་སུ་འབྲང་དགོས། ངའི་མིང་གི་ཡི་གེའི་དག་ཆ་ཡང་འབྲི་མི་ཤེས་པར་བཟང་པོ་ལ་བཟང་བོ། ཞེས་བྲིས་པ་དེ་ཁྱོད་ཀྱིས་ཁ་སྐད་བཙན་པར་རྩིས་པ་མ་ཡིན་ནམ། ཁྱོད་ཅི་ལྟར་ཡིན་རུང་། དགེ་ཆོས་ཀྱི་གསུང་འབུམ་པོད་གཉིས་པ། ༡༩༩༠་ ལོར། མི་རིགས་དཔེ་སྐྲུན་ཁང་ནས་སྤར་པ་ཤོག་གྲངས་༢༡༥ན། བཟང་པོ། ཞེས་པ་ཚིགས་བཅད་གཅིག་ན། ལན་བཞི་ཙམ་བྲིས་པ་མཆིས་སོ།
འདི་ལ་གྲོན་ཆུང་དང་བསྲི་ཚགས་ཟེར། གནའསྔ་མོ་ནས་ཡོད་པ་རེད། དབུལ་བོ་ཚོ་མ་གཏོགས་ཕྱུག་པོ་ཡིན་ན་ཡང་བསྲི་ཚགས་ནི་ཐབས་མཆོག་ཡིན་པར་མ་ཟད་བཟང་སྤྱོད་ཅིག་ཀྱང་ཡིན། དེ་ལས་ལྡོག་པ་དཔེར་ན། རྒྱ་དཔོན་ཚོས་ཟ་ཁང་དུ་རྒྱས་བཟའ་རྒྱས་སྤྲོས་བྱེད་སྟངས་དེས་ཅི་ཞིག་མཚོན་ནམ།
སེར་སྣ་ཅང་བྱས་ན་ཕྱུག་པོ་མི་ཆགས་ཀྱང་ཕྱུགས་ལ་སྐྱེ་རྒྱུར་ཉེན།
བསྲི་ཚགས་ཅང་བྱས་ན་འདྲེ་སྡོམ་གྱུ་ལོ་རྒྱུས་བཞིན་འགྲོ་ཉེན་ཆེ་བས། སྦྱིན་པ་གཏིང་དང་ཕྱུགས་པོ་ཆགས་ཡོང་ཀླཡ་སྨྱོན་ཀླུ་ལྟར་རྒྱུ
ཕྱུགས་ཌོ་ལར་ཆར་བབས་ཤོག
ཁྱོད་ཅི་ལྟར་ཡིན་རུང་། ཞེས་པ་ ཁྱོད་ཇི་ལྟར་ཡིན་རུང་། ཞེས་བཅོས། མདང་མཚན་མོར་ཉལ་ཡོད་དུས་སུ།
་
སྙེད་སྲིད་ལྟར་བཞིན་སྐད་ལ་ཇི།
་
ཞེས་དབྱངས་ཅན་གྲུབ་པའི་རྡོ་རྗེས་གསུངས་པ་དྲན་ཏོ།
ཡིག་ནོར་གྱི་ཕ་རྒན་གང་བ་བཟང་བོ་ལགས། ཁྱོད་འདི་ངོ་མ་གླེན་པ་གླེན་ནག་ཅིག་རེད། ཁྱོས་རང་གི་མིང་ཡང་འབྲི་མི་ཤེས་སམ། ཚིག་བཞི་ལས་གྲུབ་པའི་མིང་གང་བ་བཟང་པོ་ཟེར་བའི་”གང་བ”ལ་བ་ཐོབ་ན་”བཟང་པོ་”ལ་བོ་མི་ཐོབ་པའི་རྒྱུ་མཚན་ཅི་རེད། གཉི་གའི་གོང་ན་རྗེས་འཇུག་ང་ཡོད་པ་གཅིག་མཚུངས་རེད། གླེན་པ། རྗེས་ཕྱོགས་ནས་ནང་འགལ་ཅན་གྱི་མིང་མ་འབྲི།