བོད་ལ་ཞེན།
དེང་སང་རྩོམ་ཡག་པོ་ཞིག་འབྲི་ཤེས་མིན་ལ་མ་ལྟོས་པ། སྙན་ངག་སྙན་མོ་ཞིག་རྩོམ་ཤེས་མིན་ལ་མ་ལྟོས་པར་སྨྱུག་གུ་གཡུག་མི་ཕལ་ཆེ་བ་ཞིག་གིས་དགེ་འདུན་ཆོས་འཕེལ་ནི་ཅི་འདྲའི་མཁས་པ་ཞིག་དང་། དེ་འདྲའི་རྣམ་དཔྱོད་ཅན། ཧང་སངས་དགོས་པའི་ལྷག་བསམ་ཅན། ཧོན་ཐོར་དགོས་པའི་གསར་བརྗེ་ཅན། ཀུན་དང་མི་འདྲ་བའི་བློ་སྟོབས་ཅན་ཞིག་ཡིན་པ་བརྗོད་ཀྱི་ཡོད། འོན་ཀྱང་ལེགས་པར་བརྟགས་ཚེ་དེ་ནང་བདེན་རྫུན་སྣ་ཚོགས་པ་ཞིག་ཡོད། ཁོང་གི་མི་ཚེའི་ལོ་རྒྱུས་དང་གསུང་རྩོམ་ཁག་ལ་མཇལ་ནས་དཔྱད་པ་ཞིབ་མོ་ཞིག་བྱེད་ནས་དང་པོ་ཡོན་ཏན་གྱི་ཆ་ནས་གཞལ་ན།
༡ དགེ་ཆོས་ཁོང་ནི་ནང་ཆོས་དང་། ཚད་མ། སྙན་ངག བརྡ་སྤྲོད། རི་མོ། ལོ་རྒྱུས། གནའ་བོའི་ཡིག་གཟུགས་བཅས་ལ་ཤིན་ཏུ་ནས་ཀྱང་མཁས་པ་དང་ཞིབ་འཇུག་པ་ཞིག་ཡིན་པ་དང་།
༢ ལེགས་སྦྱར། རྒྱ་གར་སྐད་ཧིན་རྡི། དབྱིན་སྐད་བཅས་བྱང་ཆུབ་པ་ཞིག་མཁྱེན་ངེས་རེད།
༣ བོད་མི་རིགས་དང་རྒྱལ་ཁབ། རིག་གཞུང་བཅས་ལ་ཞེན་པ་དང་ལྷག་བསམ་ཅན་ཡིན་པའང་ཐེ་ཚོམ་མི་དགོས།
༤ ཁ་ཅིག་གིས་དགེ་ཆོས་ཀྱི་སྤྱོད་པའམ་བྱེད་སྟངས་འགའ་ཞིག་ལ་དཔག་ནས་དེང་སང་གི་ཆོས་ཁས་མི་ལེན་པ་འགའ་ཞིག་དང་འདྲ་བར་ཆོས་ཁས་མི་ལེན་པའི་གྲས་སུ་སྨྲ་བ་ནི་བདེན་པ་མ་ཡིན་ཏེ། དགེ་ཆོས་ཁོང་གིས་རྩོམ་གནང་བའི་ནང་ཆོས་སྐོར་དང་། དཀོན་མཆོག་ལ་བསྟོད་པའི་སྐོར། གནས་ཡིག བསྒྱུར་རྩོམ་རྣམས་ལ་གཟིགས་དང་ཁོང་ནི་ཆོས་དད་ཤིན་ཏུ་ཆེ་བ་དང་། དེ་ཡང་རྨོངས་དད་ཙམ་མིན་པར་རྒྱུ་མཚན་ཤེས་ནས་མི་ལྡོག་པའི་དད་པ་ཅན་ཡིན་པ་ཤེས་ནུས།
༥ ཁོང་ནི་བོད་མི་ཕྱིའི་རྒྱལ་ཁམས་འགྲིམ་མཁན་སྔ་ཤོས་གྲས་ཤིག་ཡིན།
༦ དགེ་ཆོས་ཀྱིས་བོད་ཀྱི་ཆབ་སྲིད་ལ་བསྒྱུར་བཅོས་གཏོང་འདོད་ཡོད།
༧ ཐོབ་དང་གོ་ས། རྒྱུ་དང་སྙན་གྲགས་ལ་དེ་ཙམ་ཞེན་པ་མེད་པ་བཅས་ཡིན་པ་མཐོང་ཐུབ།
གཉིས་པ་སྐྱོན་གྱི་ཆ་ནས་གཞལ་ན།
༡ ཆོས་ཕྱོགས་ནས་བསམ་ན་སྡོམ་པ་ཉམས་པའི་གྲྭ་ལོག་ཞིག་ཡིན་པ་མ་ཚད་འཇིག་རྟེན་ཆ་ནས་བཤད་ནའང་བུད་མེད་མང་པོ་ལ་བརྟེན་པའི་འཆལ་པོ་ཞིག་རེད།
༢ ལྷག་བསམ་ཡོད་ཀྱང་དགེ་ཆོས་ལ་སྙིང་སྟོབས་རྩ་བ་ནས་མེད། གང་ཡིན་ཞེན་ན་འཛམ་གླིང་གི་ལོ་རྒྱུས་ཐོག་རླབས་ཆེ་བའི་གསར་བརྗེ་ཅན། ལྷག་བསམ་ཅན། མི་རིགས་ཀྱི་ཆེད་དུ་མདུན་དུ་ཐོན་མི་ཕལ་ཆེ་བ་བཙོན་དུ་ལོ་བཅུ་ཕྲག་མང་པོ་ཚུད་མ་མྱོང་བ་ཕལ་ཆེར་མེད། འོན་ཀྱང་དེ་དག་བཙོན་ནས་ཐར་རྗེས་སླར་ཡང་སྔར་ལས་ལྷག་པའི་སྙིང་སྟོབས་བསྐྱེད་ནས་ཕྱག་ལས་གནང་གི་ཡོད། ཡིན་ནའང་དགེ་ཆོས་བཙུན་དུ་ལོ་ཤས་བཅུག་རྗེས་མི་གཉིས་པ་ཞིག་ཏུ་བསྒྱུར་ནས་དུ་བ་དང་ཆང་རག་ཁོ་ན་ལ་སྤྱོད་པའི་མི་ཐ་ཤལ་བ་ཞིག་ཆགས་པ་རེད། བཙོན་ཁང་ལ་བསམ་ན་དགེ་ཆོས་གདན་ས་ཁག་གི་མཁན་པོ་སོགས་དང་སྐུ་དྲག་རྣམས་དང་མཐུན་པོ་ཡོད་ཙང་རྒྱལ་ཁབ་གཞན་གྱི་བཙོན་ཁང་དང་བསྡུར་ན་བཟང་བཙོན་ཙམ་རེད།
༣ དུ་བ་དང་ཆང་རག་ལ་བརྟེན་དྲག་པས་སྤྱིར་བཏང་གི་མི་སྤྱོད་པ་བཟང་པོ་ཞིག་ཀྱང་ཆགས་མེད་པ་རེད།
དེ་རིང་ཡང་འདི་ན་སྦལ་བ་ཞིག་ཁྲོམ་པའི་ནང་དུ་བསྡད་དེ་རང་ཉིད་ཁོ་ནའི་མིག་གི་མཐོང་ཚུལ་ཞིག་དང་རྣ་བའི་གོ་ཚུལ་ཅིག་འཇིག་རྟེན་འདི་དང་འདི་ལས་རྒྱང་ཐག་གི་ཆོད་ཡོད་པར་སྙམ་ཀྱིན་འདུག། སྙིང་རྗེ་་་་་་་་་་་ཁྱོད་ཁྭ་ཏའི་གཤོག་པ་ཅི་འདྲའི་རིང་ཡང་ནམ་སྔོན་པོ་གནམ་འཕང་གཅོད་མི་ཐུབ།
དགེ་འདུན་ཆོས་འཕེལ་ལ་སྙིང་སྟོབས་མེད་ན་བོད་གངས་ཅན་ལྗོངས་ལ་སྙིང་སྟོབས་ཅན་གྱི་མི་གཞི་མ་གྲུབ་པ་ངས་དམ་བཅའ་བ་ཡིན། སྔ་མོའི་སྤྱི་ཚོགས་དང་ད་ལྟའི་སྤྱི་ཚོགས་མི་འདྲ་ཞིང་། བོད་པའི་སྤྱི་ཚོགས་དང་རྒྱལ་ཁབ་གཞན་གྱི་སྤྱི་ཚོགས་མི་འདྲ། སྔ་མོའི་སྤྱི་ཚོགས་ནི་ཧ་ཅང་སྡུག་རྩུབ་ཅན་གྱི་སྤྱི་ཚོགས་ཡིན་ཞིང་། བོད་པའི་སྤྱི་ཚོགས་ནི་རྒྱལ་ཁབ་གཞན་དང་སྡུར་ན་ཧ་ཅང་མཁྲེགས་འཛིན་ཅན་ཞིག་རེད། དགེ་ཆོས་ཀྱི་དུས་སུ་བོད་ཀྱི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་པར་བསམ་ཕོད་མཁན་དང་། བཤད་ཕོད་མཁན། སྒྲུབ་ཕོད་མཁན་ནི་ཁོང་དང་ཁོང་ལྟ་བུ་རེ་ཟུང་ལས་བྱུང་མེད་པ་འདིའི་སྟེང་ནས་ཀྱང་ཁོང་གི་སྙིང་སྟོབས་མཐོང་ཐུབ། དགེ་ཆོས་ཐུགས་ཕམས་ཤིང་ཡི་ཆད་ས་ནི་ཁོང་བརྩོན་ལ་ཚུད་པ་ཙམ་མིན་པར་བོད་མི་སྤྱི་ཡོང་གི་གོ་རྟོག་ལ་ཐུག་ཡོད། ཨ་རྐྱང་རྐྱང་། དུས་དེང་སང་དུས་རབས་ཉེར་གཅིག་པའི་ནང་ལ་ཡང་བོད་པ་ཚོའི་བསམ་བློའི་གོ་རྟོག་འདི་ཙམ་ཡིན་ན། ཁོང་གི་དུས་སུ་ཡི་ཐང་ཆད་པ་ནི་བཤད་ཅི་དགོས།
དུས་བབ་དྲ་རྒྱ་ལས།
དགེ་འདུན་ཆོས་འཕེལ་རྗེས་དྲན་ཁང་བཟོ་རྒྱུ་ཡིན།
འདོན་སྤེལ། ༢༠༡༣/༠༦/༠༣
དེ་རིང་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་ལྷ་ས་གྲོང་ཁྱེར་མཁར་རྙིང་སྲུང་སྐྱོབ་ལས་གཞིའི་ཁྲོད། མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་གཤེགས་ཡུལ་དེ་ཡང་ཉམས་གསོ་བྱས་ཏེ། དགེ་འདུན་ཆོས་འཕེལ་རྗེས་དྲན་ཁང་དུ་བཟོ་སྐྲུན་བྱེད་འཆར་ཡོད་འདུག
ད་ལོར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མཐའ་འཁོར་གཙོས་པའི་ལྷ་ས་གྲོང་ཁྱེར་གྱི་གནའ་བོའི་གཞིས་ཀ་དང་ལྷ་ཁང་། ཁང་རྙིང་མང་པོ་ཞིག་ལ་ཉམས་གསོའི་མིང་ཐོག་ནས་དེང་རབས་ཡུལ་སྐོར་སྤྲོ་འཆམ་པའི་ལྟ་སྐོར་དང་སྤྲོད་སྐྱིད་གཏོང་ས་ལྟ་བུ་འཛུགས་སྐྲུན་མགོ་འཛུགས་བྱས་ཡོད་པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ངོ་རྒོལ་བྱེད་བཞིན་ཡོད།
རླུང་འཕྲིན་དྲ་བའི་སྟེང་བཀོད་དོན། “ མཁས་དབང་དགེ་འདུན་ཆོས་འཕེལ་ནི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཐད་མཛད་རྗེས་ཆེན་པོ་བཞག་པའི་མཁས་པ་ཆེན་པོ་ཞིག་ཡིན། རྒྱུས་ལོན་པ་ལྟར་ན། མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་གཤེགས་ཡུལ་དེ་སྲུང་སྐྱོབ་བྱེད་ཆེད། ལྷ་ས་གྲོང་ཁྱེར་མཁར་རྙིང་ཁུལ་སྲུང་སྐྱོབ་ལས་གཞིའི་ཁྲོད་མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་གཤེགས་ཡུལ་ཞིག་གསོ་བྱ་རྒྱུ་ཡིན་པ་དང་། དེ་ཉིད་དགེ་འདུན་ཆོས་འཕེལ་རྗེས་དྲན་ཁང་དུ་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་རེད།
མཁས་དབང་ཁོང་ཉིད་ལོ་ན་གཞོན་དུས་བློ་རིག་ཤིན་ཏུ་བཀྲ་ཞིང་ས་ཆ་མང་པོར་སློབ་གཉེར་བྱས་མྱོང་། 1945 ལོར། ཁོང་རྒྱ་གར་ནས་བོད་ལྗོངས་སུ་སླེབས་རྗེས《དེབ་ཐར་དཀར་པོ》བརྩམས་ཤིང་། 1946ལོའི་ཟླ4བའི་ནང་བཀའ་ཤག་དང་དབྱིན་ཇི་བའི་མ་ཉེས་ཁ་གཡོག་གི་དབང་གིས་བཙོན་ དུ་བཟུང་སྟེ་ལོ་གསུམ་ཙམ་ལ་སྡོད་དགོས་བྱུང་། དེའི་རིང་ལ་ལུས་སེམས་གཉིས་ཀྱི་ཐད་ནས་མནར་གཅོད་མྱངས། 1950ལོར་བཙོན་གྲོལ་བྱུང་མོད་ཐུགས་རབ་ཏུ་སྐྱོ་སྟེ་ཆང་རག་སོགས་ཚད་མེད་དུ་ བཏུང་ཞིང་། མཐར1951ལོར་ཚེ་ལས་འདས། དེར་བརྟེན། མཁས་དབང་ཁོང་སྐུ་གཤེགས་ཡུལ་ལ་རྗེས་དྲན་ཞུ་བར་གནས་དེར་དགེ་འདུན་ཆོས་འཕེལ་ རྗེས་དྲན་ཁང་བསྐྲུན་རྒྱུ་ཡིན་པ་རེད།
ཁོང་ཉིད་སྐུ་གཤེགས་ཡུལ་དེ་སྔ་གཞུག་ཏུ་ཐེངས་གཉིས་ལ་ཞིག་གསོ་གནང་མྱོང་ནའང་། རྨང་གཞིའི་སྒྲིག་ཆས་རྗེས་ལུས་སུ་སྣང་བས་བདེ་འཇགས་ཀྱི་ཉེན་ཁ་ཆེ་བ་དང་འཛུགས་སྐྲུན་གྱི་ཆ་རྐྱེན་དང་མི་འཚམ་པ་རེད། རྗེས་དྲན་ཁང་འདིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་ ༡༢༦༩ དང་གྲངས་ཆུང་ཐིག་གསུམ་དང་། ཐོག་བརྩེགས་གསུམ་ཡོད་ཅིང་། འཛུགས་སྐྲུན་གྱི་བཟོ་བཀོད་ནི་བོད་མི་རིགས་ཀྱི་ཁྱད་ཆོས་དང་གནའ་བོའི་བཟོ་བཀོད་མཐུན་སྦྱོར་བྱས་ཡོད། ལས་གཞི་དེ་ད་ལོའི་ཟླ་ ༥ བར་འཛུགས་སྐྲུན་གྱི་འགོ་བརྩམས་པ་དང་ཟླ་ ༧ པར་ལེགས་འགྲུབ་འབྱུང་ངེས་པ་རེད།”ཅེས་སོགས་བསྟན་འདུག
ལུང་རྟོགས་ལགས། ངས་ཟེར་བ་ད་ག་རང་རེད། ༡བོད་མི་ཚང་མ་གོ་རྟོགས་ཅན་དང་རྣམ་དཔྱོད་ཅན་དེང་སང་གི་ཡར་ཐོན་ཅན་གྱི་རྒྱལ་ཁབ་བཞིན་ཡིན་ན་གསར་བརྗེ་བ་དགོས་དོན་མེད།༢ དགེ་ཆོས་མ་གཏོགས་དེ་སྐབས་བོད་མི་ཡོངས་རྫོགས་ལྐུགས་པ་དང་གླེན་པ། མཐོང་རྒྱ་གང་ཡང་མེད་པ་རེད་ཟེར་ནས་ཁ་མཚམས་བཅད་ན་ཐལ་དྲགས་པ་མ་རེད་དམ། ༣བོད་མི་ཐམས་ཅད་ལྐུགས་དྲགས་ནས་དགེ་ཆོས་ཡིད་ཆད་པ་བདེན་པ་ཡིན་ཆུག་ཀྱང་རང་ཉིད་ཆང་རག་དང་དུ་བས་མི་ཚེ་ལ་རྫོགས་ཚིག་དགོས་པ་ནི་བྱབ་ཆུང་མ་རེད་དམ། ༤ངྲང་མོ་བཤད་ན་དེང་སང་དགེ་ཆོས་ལ་མཐོང་དང་བརྩི་བཀུར་བྱེད་མི་མང་པོ་ཡོད་པ་དེ་ཡང་སྔ་མོའི་དགེ་ཆོས་སྐབས་ཀྱི་དགེ་ཆོས་ལ་མོས་པའི་རྒན་རབས་རྣམས་ཀྱིས་བཀའ་དྲིན་ལས་ཡིན་པས་དེ་ལ་དཔག་ཀྱང་སྔ་མོ་དགེ་ཆོས་ཡིད་ཆད་ནས་སྨྱོ་བ་ལྟ་བུ་བྱེད་དགོས་པའི་ཚད་ལ་སླེབས་མེད་པ་རྟོགས་ཐུབ། གལ་སྲིད་སྔ་མོའི་མི་ཐམས་ཅད་དགེ་ཆོས་ལ་མི་མོས་པ་ཞིག་ཡིན་ན་དེང་སང་ཡང་ཐམས་ཅད་ཀྱིས་སྨད་བཞིན་པ་ཡིན་པ་ཐེ་ཚོམ་མེད། དཔེར་ན་བཙན་པོ་གླང་དར་མ། ཧོར་གུར་དཀར། ཧ་ཤང་བདུད་མོ་ལ་སོགས་པ་བཞིན་རེད།
ཐོ་རངས་སྐར་ཆེན་ལགས། ཡོན་ཏན་དང་རྣམ་དཔྱོད་ལ་བསམ་ནས་ང་དགེ་ཆོས་དང་བསྡུར་ན་ཁ་ཏྭས་ནམ་འཕང་གཅོད་མི་ནུས་པ་བཞིན་ཡིན་པ་ཁྱེད་ཀྱིས་མ་བཤད་ཀྱང་ཤེས་ཀྱི་ཡོད། འོན་ཀྱང་སྤྱོད་པ་ལ་བསམ་ན་དགེ་ཆོས་ལས་ཀྱང་ང་རང་དྲགས་པ་ཐག་བཅད་ནུས། ཁྱད་པར་དུ་ཐ་མག་དང་ཨ་རག་གིས་ཤི་བར་བྱེད་པ་ནི་ཐ་ཤལ་རང་རེད། ང་ཚོ་བོད་མི་ལ་སྐྱོན་ཞིག་ཡོད་པ་ནི་སོ་སོ་དགའ་སར་སྐྱོན་སྤུ་ཙམ་མེད་པ་འཛིན་པ་དེ་རེད།
བོད་ལ་ཞེན་ལགས། ༡བོད་མི་ཚོར་གོ་རྟོག་དང་རྣམ་དཔྱོད་མེད་དྲག་པའི་རྐྱེན་གྱིས་ཁོང་ཡི་ཆེད་བློ་ཕམས་བྱུང་བ་རེད་ཟེར་གྱི་ཡོད། ༢དགེ་ཆོས་ལས་གཞན་པའི་བོད་མི་ཚང་མ་ལྐུགས་པ་ཅི་ཡང་མི་ཤེས་མཁན་རེད་ཟེར་བ་མིན་ཡང་། སྤྱི་ཚོགས་དེང་རབས་ཅན་ལ་བསྒྱུར་རྒྱུའི་ཐད་ནས་དགེ་ཆོས་ཀྱི་མཐོང་རྒྱ་ལྟ་བུ་ཡོད་མཁན་དེ་དུས་ཀྱི་བོད་པའི་ཁྲོད་ཉིན་མོའི་སྐར་མ་ལྟ་བུ་རེད། འདི་ནི་མཁས་མི་མཁས་ཀྱི་གནད་དོན་གཅི་པུ་མིན་པར་དགེ་ཆོས་ཀྱིས་ཕྱིའི་ཡུལ་གྲུ་མང་པོ་ཞིག་འགྲིམ་ཟིན་པའི་དབང་གིས་ཀྱང་རེད། ༣མི་ཞིག་ཡི་ཐང་ཆད་དུས་མི་ཚེ་ལ་རྫོགས་ཚིག་འགོད་པ་ནི་དགེ་ཆོས་གཅིག་པུ་མ་རེད། རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཧེ་རྩི་དང་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་དོན་འགྲུབ་རྒྱལ་ལ་སོགས་པ་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་མང་པོ་ཞིག་ལམ་ཁ་འདི་ལ་ཆས་སོང་བ་རེད། ཕྱོགས་གཞན་ཞིག་ནས་བྱེད་སྟངས་འདི་ནི་མ་འོང་པའི་མི་རབས་ཚོར་ཐ་མའི་སློབ་གསོ་སྤྲོད་སྟངས་ཞིག་ཀྱང་རེད། ༤དགེ་ཆོས་ཀྱི་དུས་སུ་དགེ་ཆོས་ལ་མོས་མཁན་ནི་ཧོར་ཁང་བསོད་ནམས་དཔལ་འབར་དང་། རག་ར་སྤྲུལ་སྐུ་སོགས་མཛུབ་མོའི་སྟེང་ལ་རྩིས་གྲངས་ཐེབ་པ་ཙམ་ཞིག་ལས་མེད་པ་རེད་ལ། དེང་སང་མི་མང་པོ་ཞིག་ཁོང་ལ་མོས་པ་འདི་ཡང་གཙོ་བོ་ཁོང་ཚོའི་སྐུ་དྲིན་མ་ཡིན་པར། རིན་ཐང་བྲལ་བའི་ཁོང་གི་བརྩམ་ཆོས་དེབ་གསུམ་པོ་འདིའི་བཀའ་དྲིན་རེད་ལ། དེང་སང་མི་མང་པོ་ཞིག་འཛམ་གླིང་ཕྱི་ལོགས་དང་འབྲེལ་བ་བྱུང་ནས་གོ་རྟོག་སད་པའི་དབང་གིས་རེད།
སྡོམ་པ་ཉམས་ཟེར་བ་དེ་ནི་མ་བརྟགས་པའི་གཏམ་ཞིག་རེད། གལ་སྲིད་དགེ་ཆོས་ཀྱིས་སྡོམ་པ་འབུལ་ཆོག་བཞིན་ཕུལ་ཡོད་ན་སྡོམ་པ་ཉམས་པ་མིན།
རྩོམ་གྱི་ཁ་བྱང་དེ་ནོར་འདུག དགེ་ཆོས་ལ་སྙིང་སྟོབས་མེད་ན་བོད་མི་སུ་ལ་སྙིང་སྟོབས་ཡོད་དམ། གྲི་མདུང་གནམ་ལ་འཕྱར་ནས་ནང་དམེ་བྱེད་མཁན་དེ་ཚོར་སྙིང་སྟོགས་ཡོད་པར་འདོད་དམ།
བོད་མི་རིགས་རང་ཉིད་མ་གཏོགས་འཛམ་གླིང་གཞན་མི་མཐོང་བའི་སྐབས་སུ། སྐབས་དེ་དུས་བོད་མི་ཕལ་ཆེར་ཀླད་རྙིང་ཁྲེགས་བཟུང་གི་ལྟ་བ་ཤུགས་ཆེན་པོ་ཡོད་པའི་སྐབས་སུ་དགེ་ཆོས་ཀྱིས་དེང་རབས་ཀྱི་སློབ་གསོ་སྤྲོད་དགོས་རབས་ཀྱི་སློབ་གྲྭ་འཛུགས་རྒྱུའི་བསམ་འཆར་བཤད་ཡོད། ཐོབ་དང་གོ་གནས་དབང་ཤུགས་ཤིན་ཏུ་ཆེ་ཞིང་ཀླད་རྙིང་མཁྲེག་བཟུང་བྱེད་པའི་གདན་སའི་འདུ་ར་ཆེན་མོ་ནས། དགེ་ཆོས་ཀྱིས་ཚད་མའི་རིག་པ་གསར་དུ་རྩལ་དུ་བཏོན་ཡོད། སྐབས་དེ་དུས་བོད་མི་རྣམས་ནི་ཨ་མ་མ་གཏོགས་མི་ངོ་མི་ཤེས་མཁན་རང་ས་མ་གཏོགས་ས་ངོ་མི་ཤེས་མཁན་གྱི་གནས་སྟངས་ཀྱི་སྐབས་སུ། དགེ་ཆོས་ཀྱིས་མཐའ་ཡི་རྒྱལ་ཁམས་འགྲིམས་ཏེ་མི་ཡི་སྤྱི་ཚོགས་གཞན་ཞིག་གིས་འགྲོ་ལུགས་འདུག་སྟངས་ཤེས་ཡོད། སྐབས་དེ་ཤེད་དུ་ཆོས་སྤྱོད་སློབ་གཉེར་བ་དང་ལོ་རྒྱུས་སོགས་ལ་མཁས་པ་ང་ཡིན་ཟེར་མཁན་སྦལ་དོང་ནང་གི་སྦལ་བ་བཞིན་རང་ཉིད་ལས་བདེན་པ་གཞན་མི་མཐོང་བའི་སྐབས་སུ། དགེ་ཆོས་ཀྱིས་བོད་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་ཆེས་ཟབ་པ་དང་ཆེས་ལོ་རྒྱུས་ཡུན་རིང་དུ་བཏང་ཡོད་པ་ལས་སོགས་ད་ལྟ་རྒྱལ་ཕྱི་ནང་ཀུན་གྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཀུན་གྱིས་ཚད་འཛིན་བྱེད་ས་ཞིག་ཏུ་གྱུར་དང་འགྱུར་བཞིན་པའི་སྐབས་སུ། མི་བུ་འགའ་ཞིག་གིས་དགེ་ཆོས་ཀྱིས་ཉེས་པའི་ཆ་ཅུང་ཟད་ཙམ་ཅིག་གིས་རྐྱེན་ལ་བརྟེན་ནས་་་་་དགེ་ཆོས་ནི་སྙིང་སྟོབས་མེད་པ་ཞིག་ཅེས་སྨྲ་བ་ནི་ཕོ་རོག་དཀར་པོར་འཐོན་འདོད་རང་རེད། དགེ་ཆོས་ཀྱིས་མཛད་པའི་རྒྱལ་རབས་དེབ་ཐེར་གཅིག་གི་རིན་ཐང་ལ་ད་ལྟ་རིན་གོང་གཏམ་ཚད་གསེར་སྲང་བརྒྱ་ཕྲག་གིས་ཀྱང་ཁུགས་པར་མི་འགྱུར་རོ།
དགེ་ཆོས་ཀྱི་མི་གཞི་དང་ལྷག་བསམ་རྣམ་དཔྱོད་བཅས་འགྲན་ཟླ་མེད་པ་ཞིག་ཡིན་པ་ནི་ཁོང་གི་ལོ་རྒྱུས་དང་རྩམས་ཆོས་རྣམས་ཡག་པོ་ཞིག་ཀློག་ན་ཤེས་ཀྱི་རེད། དེ་མིན་ལ་བཤད་ལུང་བཤད་མང་པོ་བྱས་ནས་དགོས་པ་ཅངེས་པ་རེད། མི་ལ་སྐྱོན་གཏན་ནས་མེད་པ་ཞིག་གང་ནས་ཀྱང་རྙེད་ཀྱི་མ་རེད།
བོད་ལ་ཞེན་ཟེར་བ་འདིས་བཤད་པའི་སྐད་ཆའི་ནང་ནས་བརྒྱ་ཆ་དགུ་བཅུ་གོ་དགུ་བདེན་པ་རེད། ཚང་མ་གྲུབ་ཟིན་གྲུབ་པ་ཤ་སྟག་རེད།
གཅིག་བདེན་པ་མ་རེད། གཅིག་དེར་ཁོས་དཔྱད་པ་འཇུག་མི་འདུག དགེ་ཆོས་ལ་སྙིང་སྟོབས་རྩ་བ་ནས་མེད་ཟེར་བ་དེ་རེད། ཕྱོགས་གཅིག་རྐྱང་བ་ལ་ལྟ་མཁན་ཚོར་ནོར་འཁྲུལ་དེ་འདྲ་ཡོང་སྲིད་པ་རེད། བོད་ལ་ཞེན་ལ་ཁག་མི་འདུག་བསམ་སོང་།
དགེ་ཆོས་ལ་སྙིང་སྟོབས་རྩ་བ་ནས་མེད་དགོས་དོན་ཅི་ཡིན་ནམ། དེ་དྲི་བ་ཞིག་རེད། དེ་ལ་རྩ་བ་ནས་དཔྱད་པ་གནང་མི་འདུག སངསརྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བདེན་པ་གསུངས་པའི་རྗེས་ལ་དེ་རྒྱུ་ཀུན་འབྱུང་གསུངས་ཡོད། རིགས་པའི་འགྲོས་དེ་གཞན་ལ་ཡོད་མེད་གོ་མ་མྱོང་ཡང་ནང་བ་ཡོངས་ལ་གྲགས་ཟིན་པ་ཡིན།
དགེ་ཆོས་བཅུག་ས་དེ་བཟང་བཙོན་དང་ནག་བཙོན་གང་ཡིན་ཡང་ཕྱིར་སླེབས་དུས་ནད་པར་ཆགས་པ་མ་ཟད་སྨྱོན་པ་ལྟ་བུར་གྱུར་ཡོད། དེའི་རྒྱུ་རྐྱེན་ག་རེ་རེད་དམ། བདེན་མིན་མི་ཤེས་ཀྱང་གྲུབ་ཆེན་ཟེར་བ་དེ་ཚོའི་ལོ་རྒྱུས་ན་དུག་སྦྱངས་པའི་བསྐོར་གོ་ཡ་འདུག དགེ་ཆོས་གྲུབ་ཆེན་ཡིན་མིན་གང་ལྟར་ཡང་དུག་ཁ་ནས་དཔའ་བོ་དང་སྙིང་སྟོབས་ཅན་ཞིག་ཡོང་ཁག་པོ་རེད་སྙམ། ནད་པ་དང་སྨྱོན་པ་ལྟ་བའི་མིཞིག་ལ་རེ་བ་ཆེན་པོ་དེ་ཙམ་བརྒྱག་རྒྱུ་ཅང་ཨེ་ཡོད་སྙམ། མང་བོ་བཤད་ན་ཁོས་གོ་མིན་མི་ཤེས། ང་ཡང་ཉལ་རན་བྱ། བདེ་མོ།
ངའི་སེམས་ཁུང་གི་དམ་པ་དགེ་ཆོས།
བུ་ཕས་སྟོད་མི་དགོས་དགྲ་ཡིས་སྟོད་བཞིན་ཡོད་ལ་བུ་མོ་མས་སྟོད་མི་དགོས་གནད་ཀྱིས་སྟོད་བཞིན་ཡོད།
ཁྱེད་ཀྱི་སྙན་ངག་རེ་རེ་ངའི་ཟུགས་ཁྲག་དང་འདྲེས་ནས་ཡོད་ལ་ཁྱེད་ཀྱི་ཀ་རྩོམ་རེ་རེ་ངའི་རུས་རྐང་དང་མཐུད་ནས་ཡོད།
ཁྱེད་ཀྱི་དེབ་ཐེར་རེ་རེ་ངའི་ཀླད་པའི་ནང་དུ་འཁྱིལ་ནས་ཡོད།
ཁྱེད་ནི་ངའི་མི་ཚེའི་མདུན་ལམ་གྱི་ཤེས་བྱའི་ཐང་ཆེན་གཅོད་དུས་ཅང་ཤེས་ཀྱི་རྟ་ཕོ་ཡིན་ལ་རྟོགས་དཀའ་བ་དུས་ཀྱི་སྐལ་བའི་ལོ་རྒྱུས་ཀྱི་བདེན་དཔང་འཚོལ་དུས་ཤེས་རབ་ཀྱི་རལ་གྲི་ཡིན།
ཁྱེད་ཀྱིས་བོད་མི་རིགས་ལ་རྒྱལ་ཞེན་གྱི་འདུ་ཤེས་བསྐྲུན་ཡོད་ལ་གསར་གཏོད་ཀྱི་བློ་སྒོ་ཕྱེས་ཡོད།
དམ་པ་ཁྱེད་ཀྱི་སྐུ་དཔར་གྱི་མདུན་དུ་རྒི་ཆང་དམར་པོ་ཤེལ་ཕོར་གང་ཕུལ་ནས་སྐྱབས་འཇུག་ཞུ་བཞིན་ཡོད།
ཁྱེད་ཀྱི་ལ་རྒྱ་བཅངས་སའི་བོད་རྒྱལ་ཁབ་ནི་མཉམ་འབྲེལ་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་བྱས་ཐུབ་མེད་ལ་ཁྱེད་དགའ་སའི་ཕུ་ནུ་ཚོའི་རང་ས་ཤོར་ཡོད།
བུ་དཔའ་བོ་གང་མང་མེ་ལ་མཆོངས་སོང་ལ་བཙོན་དུ་བཅུག་ཡོད།
དམ་པ་ཁྱེད་ཀྱི་རྣམ་ཤེས་ཀྱིས་གཟིགས་ཀྱིས་ཡོད་ན་ང་ཚོ་ལ་ཐབས་ཇུས་ཤིག་གནང་རོགས།
སྐུ་མཁྱེན་་་དམ་པ་མཆོག
འུར་ཟིང་གཅིག་བརྒྱབས་ན་རང་ཉིད་ནམ་མཁར་འཕགས་མི་ཡོང་ངམ་སྙམ་པ་ཨེ་རེད། དགེ་ཆོས་ར་བཟི་བའི་བཟི་གཏམ་དུམ་ཚན་གཅིག་གིས་ཁྱོད་ཀྱིས་མི་ཚེ་གཅིག་གི་སྦྱངས་སྟོབས་འགྲན་ཡ་ཐུབ་ནི་མ་རེད། དེ་ལས་འུར་མ་བརྒྱབས་པར་དགེ་ཆོས་ཆང་བཏུང་གིས་ཆང་གཞས་དང་དབྱིན་མོ། རྒྱ་མོ། བོད་མོ་སོགས་རིགས་འདྲ་མིན་གྱི་མཛེས་མའི་བྷ་གའི་བདེ་དྲོད་མྱང་བའི་འདོད་བསྟན་དེ་ཚོ་ཞིབ་མོར་ཀློགས། ཧ་ཧ།
བོད་ལ་ཞེན་མཆོག་གིས་རྩོམ་ཡིག་རང་བཞིན་བརྗོད་པ་ལྟ་བུ་ལེགས་པར་བྲིས། འོན་ཀྱང་།
ཡོན་ཏན་ཀུན་ལྡན་དཀོན་པ་སྟེ།
ཡོན་ཏན་ཅི་ཡང་མེད་པ་དཀོན།
སྐྱོན་དང་ཡོན་ཏན་འདྲེས་པ་ལས།
ཡོན་ཏན་གཙོ་ཆེ་མཁས་པས་བསྟེན།།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཡོན་ཏན་དེ་རྣམས་བོད་ཙམ་དུ་མ་ཡིན་པར་ཛམ་གླིང་གི་མིའི་རིགས་ལ་ཕན་པའི་ལེགས་བཤད་མང་དུ་མཆིས་སོ།།
བོད་ལ་ཞེན་གྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །
ཁ་ལ་སྒོ་ལྕགས་མེད་པའི་དགེ་ཆོས།
མཇེ་ལ་བདག་བཟུང་མེད་པའི་དགེ་ཆོས།
ཐུགས་ལ་དྲེན་ཚོད་མེད་པའི་དགེ་ཆོས།
དགེ་ཆོས་ལ་དགེ་སྐྱོན་མང་།
དགའ་ནི་ཚོས་དགོང་ལ་བསྟོད།
སྡུག་ནི་ཚོས་སྐྱོན་འབྲུ་བྱེད།
དགེ་ཆོས་ལ་སྤྲུལ་སྐུ་མེད།
མཇལ་ཐུབ་པའི་ལས་དབང་མེད།
དེ་ལ་མཆན་བུ་བ་རྩོམ་ཆ་ཚང་ཀློག་མི་དང་ཁ་བྱང་ཙམ་ཀློག་ནས་མུན་ནག་ནང་མདའ་མོ་འཕེན་མཁན་ཀུན་ལ་ཞུ་རྒྱུ། ཁྱེད་རྣམས་པས་བརྒྱ་བཤད་དང་སྟོང་བཤད་ག་ཚོད་བྱེད་ཀྱང་ངས་བཤད་པའི་དགེ་ཆོས་ཀྱི་ཡོན་ཏན་དེ་དག་སྐྱོན་ཡིན་པ་དང་། ངས་བཤད་པའི་དགེ་ཆོས་ཀྱི་སྐྱོན་དེ་དག་ཡོན་ཏན་ཡིན་པར་བསྒྲུབ་ནུས་ན་འཇམ་དཔལ་དབྱངས་ཁ་བརྡའི་ནང་ཕེབས་པར་ངོས་ལེན་ཞུ་ཆོག
ཡང་འདིར་མཁས་ཉམས་འདོན་མཁན་ཀླེན་པ་ཞིག་འདུག
ཧཧཧ་་་ཨུ་ཚུག་རྒྱབ་ནས་རང་ཉིད་སེམས་སྐྱིད་པོ་འདྲ་ཡོང་ན་ལས་གཞན་གྱི་རྣ་ལ་འགྲོ་མི་སྲིད་པ་རེད་ལ། དེས་ནི་རྩོམ་འདྲིའི་དགོས་པ་ཡང་མ་བྱུང་བ་རེད། ཁོང་ལ་ད་ཕན་སྐྱོན་བརྗོད་བྱེད་མཁན་ཁག་ཅིག་བྱུང་ཡོད་པ་དེ་དག་ནི་ཕྲག་དོག་ཅན་དང་ཕྱོགས་ཞེན་ཅན་ཁག་ཅིག་རེད།
མཁས་པའི་དབང་པོ་དགེ་ཆོས་ལགས་ནི། བོད་ཀྱི་དིང་དུས་མཁས་པའི་ཕ་རྒན་དང་པོས་གོ་ས་འཛིན་ནས་བཞུགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ལགས།
མཁས་དབང་དགེ་ཆོས་ཀྱི་སྙིང་སྟོབས་དེ་ཅི་ལྟར་མེད་པར་ཆགས་པ་ལ་བོད་ལ་ཞེན་ནས་བསམ་གཞིགས་བཏང་ཨེ་མྱོང་། ད་དུང་བཙོན་དུ་ཇི་ལྟར་ཚུད་པ་དང་ཇི་ལྟར་སྐུ་གཤེགས་པ་བཅས་ལ་བསམ་གཞིགས་བཏང་ཨེ་མྱོང་། བཤད་བཤད་ཀྱི་ཁར་རྒྱུགས་པའི་བོད་ལ་ཞེན་ཁྱོད་ཀྱིས་བསམ་བློ་ཞིབ་ཏུ་བཏང་ནས་སྐད་ཆ་ཤོད་དང་།
མཁས་དབང་དགེ་ཆོས་ཞེས་གྲགས་པ་ཆེ། འོ་ན་མིའི་མཁས་པའི་རྣམ་དཔྱོད་དེ་ཕྱིའི་སྐད་སྒྲ་ཙམ་མམ་གཞན་ལ་བཤད་ཆོས་ཙམ་ལ་ངེས་འཛིན་ཞུ་ན་འགྲིག་གམ། མཁས་པའི་རྣམ་དཔྱད་ངོ་མ་དེ་རང་ཉིད་མི་ཚེའི་མདུན་ལམ་བཟང་སྤྱོད་ཀྱིས་གཞན་ལ་ཡར་འདེབས་གནང་རྒྱུ་དེ་རེད། སྐབས་དེར་དགེ་ཆོས་ལགས་ཀྱི་མཁས་རྣམ་དང་ཁོང་གི་སྤྱོད་ཚུལ་དེས་གཞན་ལ་ཡར་འདེབས་ཞུས་ཐུབ་མེད་ལ། རང་ཉིད་ཀྱང་རང་མགོ་ཐོན་མེད།
དེང་སང་མི་ཚང་མས་མཁས་དབང་དགེ་ཆོས་ཟེར་དགོས་པ་འདི་གང་ལ་རྟེན་ནས་བྱུང་བ་རེད། ཁོང་གི་ཡོན་ཏན་གྱིས་ཡིད་འཕྲོག་ནས་བྱུང་བ་རེད། གོང་ས་མཆོག་གིས་ཀྱང་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞིས་པའི་ཕྱག་དེབ་དེའི་གླེང་བརྗོད་ནང་དགེ་ཆོས་ལ་གདེང་འཇོག་ཇི་ཙམ་གནང་མི་འདུག རང་གིས་ཅི་ཡང་མི་ཤེས་པར་ཁོང་ལྟ་བུའི་མཁས་དབང་ཞིག་ལ་ཁ་འདྲ་ཞིག་བཏང་ཁུལ་བྱེད་པ་ནི་གད་མོའི་གནས་རེད།
རང་དགའ་བའི་མི་གཅིག་ལ་མཚོན་ན་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་ཡོང་མི་སྲིད་པ་ཞིག་རེད།
དེ་ལས་ཡོན་ཏན་ཕྱོགས་ནས་གླེང་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོད། གཞན་དབུ་འཕོག་དོ་འཕོག་མང་པོ་མི་
དགོས་པ་རེད།སྤྱིར་”དྲང་བདེན་གྱིས་སླུས་པའི་སློང་མོ་བ་”ཞེས་པའི་དཔེ་དེབ་ཧོར་ཙང་འཇིགས་མེད་
ལགས་ནས་བྲིས་པ་ཞིག་ཡོད་དེར་གཟིགས་ན་དགེ་སྐྱོན་ཚང་མ་ཕལ་ཆེར་ཁ་གསལ་འདུག མི་གཤིས་ཚུན་
ནས་འགྲེལ་བཤད་རྒྱབ་ཡོད། ཡིན་ཡང་ཁོང་ལ་ཡོན་ཏན་ཕྱོགས་མང་བ་ཡོད། དེའི་ཐོག་ནས་བསམ་དགོས།
དགེ་ཆོས་ལགས་ནི།
ཤེས་འཆལ་ཡིན་མིན་མི་ཤེས་ཀྱང་། ཚུལ་འཆལ་ཡིན་པ་ཁོང་རང་གིས་འདོད། མཁས་པའི་དབང་པོ་ཡིན་པར་ངས་ཀྱང་འདོད།
ཧོར་གཙང་འཇིག་མེད་རྩོམ་འབྲི་མཁས་ཀྱང་གཟུ་བོར་གནས་པ་ཞིག་མ་རེད། མདོ་སྨད་ལོ་རྒྱུས་ལ་ལྟས་ན་ཤེས་ཀྱི་རེད།
དགེ་འདུན་ཆོས་འཕེལ་སྤྱོད་པ་འཆལ་མིན་དེ་ཁོ་སྒེར་གྱི་གནད་དོན་རེད། ཁོའི་སྡོམ་པ་ཉམས་ནའང་འདྲ་ཆང་རག་སྤྱད་ནའང་འདྲ། ནང་ཆོས་ཀྱི་ངོས་ནས་བཤད་ན་དེའི་ཉེས་པ་ཁོ་རང་གིས་ཁུར་བ་ལས་གཞན་སུ་ཞིག་གི་སྐེ་ལའང་གཡོགས་མེད་པས། ཕྱོགས་དེ་ནས་ཐེ་གཏོགས་བྱེད་པ་ནི་སྐལ་མེད་སར་སྐེ་བསྲིངས་པ་རང་རེད། མི་ཆོས་ཀུན་སྤྱོད་ཀྱི་ངོས་ནས་བཤད་ན། ཆང་འཐུང་བ་དང་བུད་མེད་སྤྱོད་པ་ནི་རྒྱུན་ལྡན་ཞིག་ཡིན་པ་ལས་ཧང་སང་དགོས་པ་དེ་འདྲ་གང་ཡང་མིན། མ་གཞི་ངེས་དོན་གྱི་སྙན་ངག་པ་ཞིག་ལ་ཀུན་སྤྱོད་དང་སྒྲིག་སྲོལ་གྱིས་ཚད་ཐིག་འཇལ་བ་ནི་སྒྲོ་སྐུར་ལས་ཅི་ཡང་མིན་ཏེ། སྙན་ངག་པས་རང་ཉིད་ཀྱི་རྒྱུ་འབྲས་ཀྱི་རྒྱ་མ་དེ་རང་སེམས་སུ་ཉར་བ་ལས་བཅོས་མའི་སྒྲིག་སྲོལ་དང་ལམ་སྲོལ་གང་གི་དབང་དུ་ཡང་གཏོང་མི་སྲིད་པས་སོ།།
སྤྱོད་ངན་ག་རེ་བྱས་ནའང་ཁོ་རང་སྒེར་གྱི་དོན་རེད་གཞན་ལ་ཇུས་གཏོགས་ཡོད་མ་རེད་ཟེར་བ་ནི་ཁ་མ་ཚད་རྐུབ་ཀྱང་དགད་མོ་ཤོར་བའི་སྐད་ཆ་རང་རེད། འཇིག་རྟེན་འདི་ན་ཁྲིམས་དང་སྒྲིག་ལམ། བསླབ་བྱ་དང་སློབ་སྟོན་སོགས་ཐམས་ཅད་མི་དགོས་པ་ཆགས་ཀྱི་རེད། ལྷག་པར་དུ་ཁྱེད་རྣམས་པས་དགེ་ཆོས་ནི་བོད་མི་ཡོངས་ཀྱི་སློབ་སྟོན་པ། མིག་དཔེར་འོས་པ། ལམ་བཟང་སྟོན་པ་པོ། རྒྱལ་ཁབ་སྐྱོབ་པ་པོར་འདོད་པ་མ་རེད་དམ། སྤྱོད་ལམ་ཙམ་ཡང་ཡག་གྲས་མ་སླེབས་ན་གོང་གི་ཁྱད་ཆོས་དེ་དག་གང་འདྲ་ལྡན་དགོས། རེད་བུད་མེད་བརྟེན་པ་དང་ཆང་འཐུང་བ་ཙམ་སྐྱེས་པ་ལ་མི་རུང་བ་མེད་ཀྱང་། བུད་མེད་ཚད་ལས་བརྒལ་བ་དང་ཆང་རག་ཚད་ལས་བརྒལ་བར་སྤྱོད་པ་ནི་འཛམ་གླིང་གང་དུ་སོང་ཡང་མི་ཐ་ཤལ། ཡིད་བརྟན་མི་རུང་བར་བརྩི་བ་ཚང་མས་ཤེས་གསལ་རེད།
ནོར་བུ་ལག་ན་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཤེས། །ནོར་བུ་ལག་ནས་ཤོར་དུས། །འགྱོད་ཀྱང་ཕན་པ་ཅི་ཡོད། །དགེ་འདུན་ཆོས་འཕེལ་ལ་བརྣག་མང་པོ་ཞིག་བསྟན་ནས་བཙོན་དུ་དཀའ་ངལ་གང་ཞིག་བྱུང་ཡོད་ནའང་དེའི་འབྲས་བུ་དེའི་ཚོད་ཀྱིས་རང་ཅག་ལ་མྱོང་བཞིན་པ་དེ་ཡིན།
ཨ་ཁ་ཡང་འདི་ན་ལས་མེད་སྐད་ཆ་ཞིག་བཤད་འདུག་ ལས་ཀ་མེད་ནས་ཁྱི་སྣོད་བཀྲུ་ཞེས་པའི་དཔེར་ལྟར་ དགེ་འདུན་ཆོས་འཕེལ་ནི་
མི་རྣམས་དཔྱོད་དང་ལྡན་པ་ཞིག་ཡིན་པ་ཡང་གྲགས་རེད་ དེ་ལ་ཁྱེད་ཀྱིས་ར་བཟི་དང་འཆལ་པོ་ཟེར་་ཧཧཧ་་་་་